མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་མདོ་བྱམས་པ་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ལགས་སྐུ་གཤེཊ་ནས་ལོ་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་མདོ་སྨད་ཟི་ལིང་དུ་ཚོགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་ཚེས་ ༡༠ བར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ལགས་སྐུ་གཤེགས་ཏེ། ལོ་བཅུ་འཁོར་རྗེས་དྲན་ཚོགས་འདུ་ཞིག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཚོགས་ཡོད་ཅིང་། ཐེངས་འདིའི་ཚོགས་འདུའི་ཐོག་མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་ནམ། ལྷ་རིས་པ་ཆེན་མོ་བརྩོན་འགྲུས་རབ་རྒྱས་ལགས་དང་རི་མོ་བ་ཨ་མདོ་གསེར་བྲག་དོན་གྲུབ་ཚེ་བརྟན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་ཀྱི་ལྷ་རིས་སྒྱུ་རྩལ་མཁན་པོ་ བསྟན་པ་རབ་བརྟན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རི་མོ་མཁས་དབང་དཀོན་མཆོག་བསྟན་འཛིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན། བོད་ལྗོངས་བརྙན་འཕྲིན་ཁང་གི་ལྕགས་བྱམས་རྒྱལ། མང་ཚོགས་སྒྱུ་རྩལ་ཁང་གི་་གཙོ་སྒྲིག་པ་ཀརྨ་མཁའ་འབུམ། རྨ་ལྷོ་ཁུལ་ས་གནས་ལོ་རྒྱུས་ལས་ཤག་གི་འགོ་གཙོ་ཟུར་བ་ཚེ་རིང། བོད་ཀྱི་ཐང་ག་ཞེས་པའི་དཔེ་ཆ་རྩོམ་པ་པོའམ་དམངས་སྲོལ་རིག་པའི་རམ་འབྱམས་པ་ སྟོང་ཆོས་རྟ་ལོ། འབུམ་རམས་པ་རྨེ་རུ་ཡུལ་ལྷ་ཐར་བཅས་བོད་མདོ་དབུས་ཁམས་གསུམ་དང་རྒྱ་ནག་པེ་ཅིང་། ཁྲིན་འདུ་བཅས་ནས་ཕེབས་པའི་རི་མོ་བའམ་ལྷ་རིས་པ། བོད་རིག་པའི་མཁས་དབང་། སྤྱི་ཚོགས་ཞབས་ཞུ་བ་བཅས་མི་གྲངས་ ༡༣༠ ལྷག་འདུ་འཛོམས་བྱུང་འདུག  

ཚོགས་འདུའི་ཐོག་མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་ནམ་ལྷ་རིས་པ་ཆེན་མོ་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས། བོད་ཀྱི་རི་མོ་སྒྱུ་རྩལ་ལོ་རྒྱུས་ཀྱི་དུས་རབས་གསར་དུ་བསྐྲུན་པའི་དམ་པ་ཁོང་ལ་རྗེས་དྲན་དང་། ཁོང་ཉིད་ཀྱི་གསར་རྩོམ་གྱི་རིག་སྟོབས་དང་གསོན་ཤུགས་མ་ཉམས་གོང་སྤེལ་ཡོང་བ་དང་།  བོད་ཀྱི་རི་མོའི་མཚོན་སྟངས་དང་པིར་རྩལ་ཇེ་ལེགས་བཏང་སྟེ། བོད་མི་རིགས་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འཕྲིན་ལས་དར་འཕེལ་ཡོང་བར་དམིགས་ཏེ། རྗེས་དྲན་ཚོགས་འདུ་ཚོགས་པའི་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་མ་ཟད། རྗེས་དྲན་ཚོགས་འདུའི་ཐོག་མདོ་དབུས་ཁམས་གསུམ་ནས་ཡོང་བའི་ལྷ་བྲིས་པ་དང་རི་མོ་བ་ ༡༠ ལྷག་གིས་དམ་པ་ཁོང་གི་རྗེས་དྲན་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད་འདུག་ལ།  ཕྱི་ཚེས་ ༡ ནས་ ༡༠ བར་རྗེས་དྲན་ཚོགས་འདུ་དང་མཁས་དབང་དཀོན་མཆོག་བསྟན་འཛིན་ལགས་དང་། ལྷ་རིས་མཁན་པོ་བསྟན་པ་རབ་བརྟན། སྐལ་བཟང་ཡེ་ཤེས། སྤེན་པ་ཆུང་བདག་བཅས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག སི་ཁྲོན་སློབ་ཆེན་མཛེས་རྩལ་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་བཅས་སུ་ཚོགས་ཁྲིད་བཅས་གནང་བ་དང་། བོད་ཀྱི་རི་མོ་འགྲེམ་སྟོན་དང་ལྡེབས་རིས་ལྟ་སྐོར། རྗེས་དྲན་དུས་དེབ་སོགས་ཀྱི་བྱ་འགུལ་སྤེལ་ཡོད་འདུག      

བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ལགས་ནི། ༡༩༡༤ ལོར་མདོ་སྨད་གཅན་ཚ་མཚོ་དྲུག་གྲོང་སྡེ་རུ་སྐུ་འཁྲུངས་ཤིང་། ཆུང་དུས་ངང་རུང་དགོན་པར་ཞུགས་ཏེ་རབ་ཏུ་བྱུང༌རྗེས། དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྔ་རྗེས་སུ་ལ་མོ་བདེ་ཆེན་དགོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ། འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། ༡༩༥༥ ལོ་ནས་ཕོ་བྲང་པོ་ཏ་ལར་རི་མོ་བའི་འགན་བཞེས། ༡༩༥༦ ལོར་ནོར་བུ་གླིང་གའི་མི་འགྱུར་རྟག་བརྟན་ཕོ་བྲང་ནང་ལྡེབས་རིས་བཞེངས། སྟོན་པས་ཆོས་འཁོར་བསྐོར་བ་དང་། ཁམས་གསུམ་ཟིལ་གནོན་སོགས་ཕྱག་བྲིས་གནང༌། ༡༩༨༡ ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། བོད་རང་སྐྱོང་ལྗོངས་མཛེས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐབས་དང་པོའི་འགན་བཞེས། རྗེས་སུ་མཚན་འཛིན་ཀྲུའུ་ཞི་གནང་། ༡༩༨༡ ལོར་རྒྱ་གར་ནས༼བོད་ཀྱི་བཙན་པོ་རྣམ་གསུམ༽ཞེས་པའི་རི་མོ་ཕྱག་བྲིས་གནང་། ༡༩༩༩ ལོར་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས་པ་སོགས། ཕྱག་ལས་རབ་དང་རིམ་པ་མང་པོ་གནང་བ་ཡོད་འདུག་ལ། ལྷག་པར་དུ་ཁོང་གི་རི་མོ་དག་ལས་བོད་ཀྱི་ཆོས་ལུགས། ཁོར་ཡུག མི་སྣའི་ལས་དབང་བཅས་མངོན་སུམ་དུ་ཚོར་ཐུབ་པས་མི་རྣམས་ཀྱི་ཁོང་ལ་བོད་ཀྱི་པིས་ཁཱ་སོ་ཞེས་པའི་མཚན་སྙན་ཕུལ་ཡོད།  ༢༠༠༢ ལོའི་ཟླ ༣ པའི་ཚེས་ ༢༨ ཉིན་སྐུའི་སྙུང་གཞིའི་དབང་གི་དགོངས་པ་གཞན་དོན་དུ་གཤེགས་ཡོད།

ཨ་མདོ་བྱམས་པ་ལགས་ནི་དུས་རབས་ཉི་ཤུའི་ནང་གི་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། ཁོང་གི་མཚན་གཞུང་དེ་འཛམ་གླིང་མཁས་པའི་མིང་མཛོད་ནང་དུའང་འཁོད་ཡོད་འདུག་ལ། ཁོང་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བློས་ཐུབ་གྲོགས་པོ་ཞིག་ཀྱང་ཡིན་འདུག

གསར་འགོད་པ། དོན་གོ 

མཆན། 2

  1. ཨ་ལ་ལ says:
    ལོ་ 11 སྔོན།

    ཨ་མདོ་བྱམས་པ་ལགས་ནི་གནའ་དེང་གི་རི་མོ་མཁས་ཅན་ཞིག་རེད། གསར་འགོད་པས་མ་བཀོད་པའམ་མ་ཤེས་པ་གང་ཡིན་རུང་། རི་མ

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    རྒྱ་གར་ནས་བྲིས་པའི་བཙན་པོ་རྣམས་གསུམ་གང་ན་ཡོད་དམ། གང་འདྲ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist