མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་ལཎ་གཞིས་ཆཊ་ཀྱིས་རེག་དུག་ནད་པ་ཚོར་མཐོང་ཆུང་བྱེད་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

སོ་ལཎ་བོན་པོའི་འགན་འཛིན་ལྷན་ཚོཊ་ཀྱིས། རེག་དུག་ནད་པ་བློ་བཟང་དམ་ཆོས་ཀྱིས་སོ་ལཎ་གཞིས་ཆཊ་ནང་ཁོང་ལ་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་འདུག་ཟེར་བ་བདེན་པ་མིན་ཚུལ་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་སོ་ལཎ་གཞིས་ཆཊ་ནང་གློག་བརྙན་བཟོ་འཆར་བྱས་པ་དེས་གཞིས་ཆཊ་ཀྱི་མཚན་མཐོང་ལ་གནོད་སྐྱེལ་ཡོད་སྐོར་བརྗོད་འདུག

དབུས་བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ༢༠༡༡ ལོའི་ཕྱི་ ༡༢ ཚེས་ ༡ཉིན་དྷ་སར་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་གཙི་སྐབས། སོ་ལཎ་གཞིས་ཆཊ་སུ་གནས་སྡོད་རེག་དུག་ནད་པ་བློ་བཟང་དམ་ཆོས་ལགས་ཀྱིས། ཉིན་དེའི་མཛད་སྒོའི་ཐོག་ཁོང་ལ་གཞིས་ཆཊ་ནང་མང་ཚོགས་ཀྱིས་མཐོང་ཆུང་བྱེད་ཀྱི་ཡོད་ཚུལ་གནས་ཚུལ་ངོ་སྤྲོད་དང་། ད་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ ༣ སོ་ལཎ་གཞིས་ཆགས་སུ་རེག་དུག་གློག་བརྙན་བཟོ་སྐྲུན་བྱེད་དུ་ཡོང་བ་བཅས་ཀྱི་ཐད། ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་སོ་ལཎ་བོན་པོའི་ཚོཊ་པའི་འགན་འཛིན་ལྷན་ཚོགས་ཀྱིས། འདི་ག་གསར་ཁང་ལ་གནས་ཚུལ་དེའི་ཐོག་ངོས་ལེན་གནང་ཐབས་མེད་པའི་གསལ་བཤད་ཡི་གེ་ཞིག་བསྐུར་འདུག

བོན་པོའི་ཚོཊ་པའི་འགན་འཛིན་ལྷན་ཚོགས་ཀྱི་གསལ་བཤད་ཡི་གེ་དེར། ༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་༼བོད་ཀྱི་དུས་བབ་༽དང་༼བོད་ཀྱི་བང་ཆེན་༽དྲ་རྒྱའི་སྟེང་། རེག་དུག་ནད་པ་བློ་བཟང་དམ་ཆོས་བཟའ་ཟླ་གཉིས་ལ་གཞིས་ཆགས་ནང་མཐོང་ཆུང་བཏང་སྟེ། དཀའ་ངལ་འདྲ་མིན་འཕྲད་ཀྱི་ཡོད་སྐོར་སོགས་བདེན་པ་མིན་པའི་གནས་ཚུལ་མང་དག་ཅིག་བཀོད་ཡོད་སྐོར་དང་། ལྷག་པར་དུ་ད་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་གསུམ་སོ་ལཎ་གཞིས་ཆཊ་སུ་ཡོང་སྟེ། བློ་བཟང་དམ་ཆོས་བཟའ་ཟླ་གཉིས་ཀྱི་ཆེད་གློག་བརྙན་བཟོ་འཆར་བྱས་པ་སོགས་བདེན་པ་མིན་པའི་བྱེད་སྟངས་དེར། གཞིས་མི་ཚོས་བཟོད་སྒོམ་ཐུབ་ཐབས་བྲལ་ཏེ་གསལ་བཤད་བྱས་པ་ཡིན་ཚུལ་འཁོད་འདུག

དོན་ཚན་ལྔ་ཅན་གྱི་གསལ་བཤད་ཡི་གེའི་ནང་བློ་བཟང་དམ་ཆོས་ལགས་ཀྱི་སྐོར་ལ། ཁོ་རང་སོ་ལཎ་གཞིས་ཆཊ་ཀྱི་མི་མིན་པ་དང་། ༢༠༠༡ ལོར་བཟའ་ཟླའི་ཨ་མ་ཡོད་ས་སོ་ལཎ་གཞིས་ཆཊ་སུ་ཡོང་སྟེ་ཨ་མའི་ཟ་ཁང་ནང་ལས་ཀ་བྱས་ཡོད་ཀྱང་། རིང་པོ་མ་སོང་བར་ཟ་ཁང་དང་ཁྱིམ་ནས་ཕྱིར་ཕུད་བྱ་དགོས་བྱུང་བ་དང་། ཁོ་རང་མ་ཆེན་ལས་ཀ་ན་ཕུད་དུས་ ༢༠༠༣ ལོ་ཡིན་པ།  དེའི་རྗེས་སོ་ལན་གཞིས་ཆཊ་ནང་ཁོང་བཟའ་མི་གཉིས་ལ་མི་གྲངས་ ༥ ཡི་ཐོབ་སྐལ་ས་ཞིང་དང་ཁང་པ་གནང་སྟེ།ལས་དོན་ཆེད་སྒོར་ ༢༥༠༠༠ གཡར་ཡོད་ནའང་ལས་དོན་གང་ཡང་མ་བྱས་པར་དངུལ་སྐྱིན་ཡང་མ་ཕུལ་བ་སོགས། བློ་བཟང་དམ་ཆོས་བཟའ་མི་གཉིས་ལ་རེག་དུག་ན་ཚ་མ་བྱུང་བའི་སྔོན་ལའང་། ས་གནས་གཞིས་གྲོང་གིས་ཁོ་ཚོར་ལྟ་རྟོག་རོགས་སྐྱོར་བྱས་སྐོར་བཀོད་འདུག

གཞན་ཡང་། གསལ་བཤད་དེའི་ནང་། བློ་བཟང་དམ་ཆོས་ཀྱི་བཟའ་ཟླ་ལ་རེག་དུག་ན་ཚ་བྱུང་ཡོད་པ་ ༢༠༠༧ ལོའི་ཟླ་ ༢ ནང་ཤེས་རྟོཊ་བྱུང་བ་དང་། ཁོ་རང་ལ་རེག་དུག་ན་ཚ་ཡོད་པ་དེ་ ༢༠༠༩ ལོའི་ཟླ་ ༨ ནང་ཤེས་རྟོཊ་བྱུང་བ་ཞིག་ཡིན་པ་དང་། ཁོ་རང་གིས་ ༢༠༠༥ ནས་ ༢༠༠༨ བར་གཞིས་ཆཊ་ལས་ཁུངས་མདུན་དུ་ཟ་ཁང་ཞིག་བཟུང་མྱོང་ཡང་། ཟ་ཁང་སྒོ་རྒྱག་དོན་དང་རེག་དུག་འགོས་དོན་སོགས་མ་འོངས་པར་དགོས་དབང་བྱུང་ན་མ་གཏོགས་གསལ་བཤད་བྱ་རྒྱུ་མིན་སྐོར་དང་། དེ་བཞིན། ཁོའི་བཟོས་པའི་ཁ་ལག་ཟ་རྒྱུ་མིན་ཞེས་བཤད་པ་དང་། མི་མང་པོ་གཡོལ་ནས་འགྲོ་བ་སོགས་བརྗོད་པ་རྣམས་བདེན་པ་རྩ་བ་ནས་མིན་པར། མི་མང་སོ་སོར་སྐྱིད་སྡུག་ཞུས་སྐབས་བློ་བཟང་དམ་ཆོས་ལས་རོགས་ལ་ཡོང་གི་ཡོད་པ། དེང་སྐབས་ཡང་ཁོ་རང་གིས་གླ་སྒོར་ ༦༠༠༠ བླངས་ཏེ་མི་མང་ལ་བརྡ་ལན་བྱས་མི་ཡིན་པ་མ་ཟད།  མི་མང་ཚང་མའི་ནང་ལ་འགྲོ་སྐབས་ཇ་དང་ཆུ་འཐུང་བཅུག་སྟེ་དགའ་མོས་བྱེད་བཞིན་པ་ལས། སོ་ལན་གཞིས་ཆཊ་སེར་སྐྱ་སུ་གཅིག་གིས་ཀྱང་། ཁོང་ལ་མཐོང་ཆུང་དང་ཁྱད་གསོད་རྩ་བ་ནས་བྱས་མེད་ཚུལ་གསལ་བཤད་དང་། སོ་ལན་གཞིས་ཆགས་ལ་དངོས་བདེན་མིན་པའི་མིང་ཆད་མ་བཟོ་རོགས་ཞེས་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གསར་འགོད་པས་ཁ་པར་བརྒྱུད་བློ་བཟང་དམ་ཆོས་ལཊ་སུ་བཅར་འདྲི་ཞུས་པར་ཁོས་བརྗོད་དོན། ༢༠༠༨ ལོར་ང་རང་གིས་སོ་ལཎ་ས་གནས་གཞིས་མགོ་ལ་ཧིན་སྒོར་ ༢༥༠༠༠ ཙམ་གཡར་ཏེ། སོ་ལཎ་གཏན་སློབ་ཀྱི་ཉེ་འགྲམ་དུ་ཟ་ཁང་ཞིག་ཟླ་ ༨ ཙམ་རིང་ཉར་བ་ཡིན། ཚོང་གི་ཡོང་སྒོའང་གང་མཚམ་ཡག་པོ་འདུག ཡིན་ནའང་། སྐབས་དེར་སློབ་གྲྭའི་མགོ་ཁྲིད་སུས་བཀའ་བཏང་མིན་མ་ཤེས་ཀྱང་། སློབ་མ་ཚོར་བློ་བཟང་བཟའ་ཟླ་གཉིས་ལ་རེག་དུག་ན་ཚ་ཡོད་པ་རེད། ཟ་ཁང་དུ་འགྲོ་ཉན་གི་མ་རེད་ཅེས་བཤད་སྟབས་མཐར་ཟ་ཁང་སྒོ་རྒྱག་དགོས་བྱུང་། ཟ་ཁང་མེད་ན་འཚོ་བ་འཁྱོལ་ཐབས་མེད་སྟབས། ང་རང་ངྷ་སར་ཡོང་སྟེ་ཚོཊ་པ་སྐྱིད་སྡུག་ཁག་ལ་ཞུ་བ་འཐེན་པ་ཡིན། གདམ་ཀ་དང་ཕ་མའི་ཚོཊ་པ།ཀུན་ཕན་ཚོཊ་པ་བཅས་ཀྱིས་ཧིན་སྒོར་ ༡༣༠༠༠ གནང་སོང་། ཞལ་འདེབས་དེའི་ཁྲོད་ཧིན་སྒོར་ ༡༠༠༠༠ ཙམ་བུ་ལོན་དུ་སྤྲད་པ་ཡིན ” ཞེས་བརྗོད།  

ཁོས་མུ་མཐུད་དུ། “སྐབས་དེར་ངའི་སྐྱེས་དམན་ལ་གཞིས་ཆཊ་དེའི་སློབ་མ་ཁག་ཅིག་གིས་ཨ་ཅག་དེར་རེག་དུག་ན་ཚ་ཡོད་པ་རེད། མོའི་མཉམ་དུ་འགྲོ་ཉན་གི་མ་རེད་ཅེས་བཤད་འདུག དེ་བཞིན། གཞིས་མི་ཚོས་ང་ལ་རེག་དུག་ན་ཚ་ཡོད་པ་ཤེས་རྗེས། གཞིས་ཆགས་མ་བྱན་ལས་ཀ་མི་སྤྲོད་པར་མ་ཟད། མི་ཁ་ཤས་ཀྱིས་བློ་བཟང་དམ་ཆོས་ལ་རེག་དུག་ན་ཚ་ཡོད་པ་རེད། ཁོས་ཁ་ལག་བཟོས་ན་ང་ཚོས་ཟ་རྒྱུ་མིན་ཞེས་བཤད་འདུག ངེད་གཉིས་ལ་དཀའ་ངལ་ཡོད་པ་ཤེས་ཏེ། སིམ་ལར་གནས་སྡོད་སྐུ་ཞབས་བསྟན་འཛིན་ལཊ་ཀྱིས་ཟླ་རེར་ཧིན་སྒོར་ ༥༠༠༠ རེ་དང་། སྨན་རྩིས་ཁང་གི་སྨན་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་ཟླ་རེར་ཧིན་སྒོར་ ༥༠༠ རེ་གནང་གི་ཡོད། དེའི་ཐོག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་རོཊ་རམ་གནང་བ་བཅས་ལ་བརྟེན་ད་ཆར་དཀའ་ངལ་ཆེན་པོ་མི་འདུག་ལ། གཞིས་ཆགས་ནང་དུའང་མཐོང་ཚུལ་དང་གནོན་ཤུགས་སྤྲོད་མཁན་མི་འདུག ” ཅེས་བརྗོད་སོང་།

བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལཊ་སུ་གནད་དོན་དེར་གཟིཊ་ཚུལ་ག་རེ་ཡོད་མེད་དྲིས་པར། འཕྲོད་བསྟེན་ལས་ཁུངས་ཀྱིས་བློ་བཟང་དམ་ཆོས་ལ་སྤྱི་ཚོགས་ནང་དཀའ་ངལ་འཕྲད་ཡོད་མེད་ཐོག་ཞིབ་འཇུག་བྱ་རྒྱུ་མ་བྱུང་ཡང་། རྩ་བའི་རེག་དུག་ནད་པ་ཚོར་རྒྱ་གར་ནང་མཐོང་ཚུལ་ཤུགས་ཆེན་པོ་ཡོད། བོད་པ་ཚོ་ཡང་རྒྱ་གར་དུ་བསྡད་ཡོད་དུས་རང་བཞིན་གྱིས་མཐོང་ཚུལ་ཡོད་པ་གསལ་པོ་རེད། ཁོང་གིས་བཤད་པ་བདེན་པ་རེད། ཕར་ཕྱོགས་དེ་རྫུན་མ་རེད་ཅེས་མཐའ་གཅིག་ཏུ་ལབ་མི་ཐུབ་ཀྱང་། དོ་བདག་རང་གིས་དཀའ་ངལ་འགྲེལ་བཤད་བརྒྱབ་ཡོང་དུས་གང་འཚམ་བདེན་པ་རེད་དྲན་གྱི་ཡོད། ཅེས་བརྗོད།

འཕྲོད་བསྟེན་ལས་ཁུངས་ཀྱི་རེག་དུག་གློག་བརྙན་དེའི་ལས་འཆར་སྐོར་དྲིས་སྐབས། ང་ཚོས་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་བ་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱིས་མང་ཚོཊ་ལ་རེག་དུག་གོ་རྟོཊ་སྤེལ་ཆེད། དེའི་ཐད་ཀྱི་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུ་བྱས་པ་རེད། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱིས་ལྡི་ལི་ནས་མི་ ༢ དང་འཕྲོད་བསྟེན་ནས་བློ་བཟང་དར་རྒྱས་ལགས་སོ་ལཎ་དུ་ཆེད་གཏོང་བྱས་པ་རེད། ཁོང་ཚོས་ས་གནས་གཞིས་མགོ་ལ་འབྲེལ་བ་བྱས་ཏེ་དོ་བདག་གི་སར་འགྲོ་སྐབས། མང་ཚོཊ་དང་མཉམ་དུ་དཀའ་ངལ་ཞིག་འཕྲད་དེ་ཕྱིར་ལོག་དགོས་བྱུང་བ་རེད། མ་གཞི་གློག་བརྙན་དེ་མང་ཚོཊ་ལ་རེག་དུག་སློབ་གསོའི་ལས་འགུལ་ལྟ་བུ་ཞིག་རེད། གློག་བརྙན་ནང་དམ་ཆོས་བཟའ་ཟླ་གཉིས་ལས་གཞན་པའི་རེག་དུག་ནད་པ་ཁག་ཅིག་ཀྱང་ཡོད། གློག་བརྙན་དེ་རེག་དུག་སྔོན་འགོག་ཆེད་ཡིན་པ་ལས། བོན་གཞིས་ལ་མཚན་ཤས་བཟོ་རྒྱུའི་གནས་ཚུལ་གང་ཡང་མ་རེད། བོན་གཞིས་མང་ཚོཊ་ཀྱིས་གཞིས་ཆགས་དེར་དོ་ཕོག་དང་མཚན་ཤས་ཡོང་རྒྱུར་ཐུཊ་འཚབ་གནང་གི་ཡོད་དུས། ང་ཚོས་སོ་ལཎ་གཞིས་ཆཊ་ནང་བློ་བཟང་དམ་ཆོས་བཟའ་ཟླ་གཉིས་དང་འབྲེལ་བའི་གློག་བརྙན་བཟོ་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱས་པ་ཡིན། མ་འོངས་པར་ཐབས་ལམ་གཞན་པའི་ཐོག་རེག་དུག་སྔོན་འགོག་གློག་བརྙན་བཟོ་རྒྱུར་བསམ་བློ་གཏོང་གི་ཡོད་ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 1

  1. ནད་པ says:
    ལོ་ 13 སྔོན།

    བོད་རང་བཙན་དང་། རང་སྲིད་རང་སྐྱོང་ཟེར་བའི་གནད་དོན་འདི་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་རྩོད་ལེན་ཐུབ་དང་མི་ཐུབ་ཇི་ལྟར་རུང་། བཙན་བྱོལ་ནང་དངོས་ཡོད་གནས་སྟངས་ཧ་ཅང་ཐབས་རྡུགས་པའི་རིགས་དེའདི་ཚོར་ཐད་ཀར་དཀའ་ངལ་སེལ་དངོས་ཤུགས་བརྒྱུད་གསུམ་ནས་སེལ་ཐུབ་པ་བྱེད་དགོས།

    ཉམ་ཆུང་མི་དམངས་དང་། ངལ་རྩོལ་མི་དམངས། ཉམ་ཐག་ནད་པ་སོགས་འདི་ཚོར་བལྟ་སྐྱོང་དང་གཅེས་སྤྲད་ལེགས་པོ་ཞིག་བྱེད་མ་ཐུབ་ན་ང་ཚོས་བཤད་བཞིན་པའི་རང་སྲིད་རང་སྐྱོང་ཟེར་བ་དེ་ཨ་ཁུ་སྟོན་པའི་སྒྲུང་ལྟ་བུ་ཞིག་ཆགས་རྒྱུ་རེད།

    བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་སྲ་ཐག་ཐག་བྱས་ཏེ་སྔོན་ལ་འདི་རང་སྲིད་རང་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པ་དགོས། དེ་ནས་ག་ལ་ག་ལེར་བོད་ནང་རང་སྲིད་རང་སྐྱོང་ཞིག་ཨེ་རག་བལྟ་ཆོག

    འདི་སྐྱོན་བརྗོད་ཙམ་མིན་པར་དོན་དངོས་གསལ་བཤད་དང་རེ་འདུན་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese