མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུགས་འབྲས་རྩེ་ཕུད་༡༠ནང་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉམ་ཐག་རོགས་སྐྱོར་ཐོབ་པའི་བོད་རིགས་བུ་མོ་ཞིག་ལ་ལྡི་ལི་གཞུང་གི་སློབ་གྲྭ་ཤེག་ཤཱ་བྷ་རཱ་ཊེ་ཞེས་པའི་ནང་གི་ད་ལོའི་འཛིན་རིམ་ ༡༠ སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ཁྲོད། རྩེ་ཕུད་སློབ་མ་བཅུའི་གྲོས་སུ་བསླེབས་ཡོད་འདུག

དེ་རིང་གནས་ཚུལ་བཏང་འབྱོར་བྱུང་པ་ལྟར་ན། ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ཚོགས་པའི་ལྟ་སྐྱོང་འོག ལྡི་ལིར་ཡོད་པའི་ཤེག་ཤཱ་བྷ་རཱ་ཊེ་(Shiksha Barati Public School) གཞུང་གི་སློབ་གྲྭའི་ནང་སློབ་གཉེར་བྱེད་བཞིན་པའི་རང་ལོ་ ༡༦ ཡིན་པ་བོད་རིགས་བུ་མོ་ཚེ་རིང་དབྱིངས་སྐྱིད་ལགས་ད་ལོའི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་བརྒྱ་ཆ་ ༩༦ བླངས་ཏེ། སློབ་གྲྭ་དེ་གའི་འཛིན་རིམ་བཅུ་བའི་སློབ་མ་ཡོངས་ཀྱི་རྩེ་ཕུད་སློབ་མ་བཅུའི་གྲོས་སུ་བསླེབས་ཡོད་འདུག སློབ་གྲྭ་དེར་སློབ་ཕྲུག་༡༥༠༠ཙམ་ཡོད་འདུག

གསར་འགོད་པས་བུ་མོ་ཚེ་རིང་དབྱངས་སྐྱིད་ལ་སློབ་གྲྭའི་རྩེ་ཕུད་གྲོས་སུ་བསླེབས་པར་ཚོར་སྣང་གང་འདྲ་བྱུང་པ་དང་སློབ་སྦྱོང་ཇི་ལྟར་བྱས་པ་སོགས་དྲིས་པར། ཁོ་མོས་རང་ཉིད་ལ་བརྒྱ་ཆ་ ༩༦ རག་ཐུབ་པའི་རེ་བ་བཟུང་མེད་ཀྱང་། རྒྱུགས་འབྲས་དེ་འདྲ་ཐོབ་ཐུབ་པ་ནི། གཙོ་བོ་བྱམས་བརྩེ་བདེ་རྩ་ཚོགས་པས་རང་ཉིད་ལ་སློབ་ཚན་ཟུར་ཁྲིད་སོགས་ཀྱི་མཐུན་རྐྱེན་ཡག་པོ་སྦྱར་བ། དགེ་རྒན་རྣམ་པའི་འཛུབ་སྟོན་བཅས་ཀྱི་གྲུབ་འབྲས་ཤིག་ཡིན་པར་བརྗོད་བྱུང་ལ། ཁོ་མོས་ “ང་སློབ་གྲྭའི་རྒྱུགས་འབྲས་རྩེ་ཕུད་ནང་བསླེབས་པར་ཚོགས་པའི་འགན་འཛིན་གྲགས་པ་རིན་པོ་ཆེ་མཆོག་གིས་ང་ལ་རྔན་པ་ག་རེ་དགོས་ན་སྤྲོད་ངེས་ཡིན་གསུང་གི་འདུག་”ཟེར།

ཚོགས་པའི་འགན་འཛིན་གྲགས་པ་རིན་པོ་ཆེ་མཆོག་གིས་བརྗོད་པ་ལྟར་ན།  རང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ནས་བསླབ་པ་མཐར་ཕྱིན་རྗེས། རྒྱ་གར་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱོད་སྐབས་ཉམ་ཐག་ཅན་གྱི་བྱིས་པ་མང་པོ་ཞིག་མཐོང་པས་ཁོང་ལ་སེམས་འགུལ་ཆེན་པོ་བྱུང་སྟེ། ༧གོང་ས་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ་ལམ་སྟོན་དང་། ༧གོང་ས་མཆོག་གིས་བྱིས་པ་ཉམ་ཐག་ཚོར་རོགས་འདེགས་བྱ་རྒྱུའི་ལས་གཞི་མགོ་འཛུགས་ཆེད་ཧིན་སྒོར་འབུམ་གཅིག( ༡༠༠༠༠༠ ) གནང་པ་མ་རྩར་བཟུང་སྟེ། ད་ཆར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འབྲེལ་ལམ་ཐོག་ཚོགས་པ་ཞིག་གི་ངོ་བོར་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག

རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ཚོགས་པ་དེ་ ༡༩༩༧ ལོར་གྲགས་པ་རིན་པོ་ཆེ་ཡིས་གསར་འཛུགས་བྱས་པ་ཞིག་དང་། ཚོགས་པ་དེས་གཟིགས་པོ་བདེ་ཐང་མེད་པ། སེམས་ཁམས་བདེ་ཐང་གི་དཀའ་ངལ་ཡོད་པ། དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་སོགས་ཉམ་ཐག་བྱིས་པ་ཚོར་ལྟ་རྟོག་གིས་སློབ་སྦྱོང་དང་།  ཟས་གོས་སོགས་ཀྱི་མཐུན་འགྱུར་གནང་གི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 3

  1. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    བུ་ཚེ་རིང་དབྱངས་སྐྱིད་ལགས་བཀྲིས་བདེེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་ཏུ་ད་དུང་སྔར་ལྷག་འབད་བརྩོན་གནང་རྒྱུའི་རེ་བ་ཆེ།

    Reply
  2. བློ་འཕེལ། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད།
    ལྷོད་ཡངས་སུ་མ་གཏོང་བུ་རྒོད་མ། ད་དུང་སྔར་ལས་ལྷག་པ་ཞིག་ཤུགས་རྒྱོབས་དང་མདུན་ལམ་ཡག་པོ་འདུག།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གཏམ་བཟང་། གཏམ་བཟང་། གངས་ཕྲུག་ཚོ། ད་དུང་ཤུགས་རྒྱོབས་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese