མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གང་དུ་བཞུཊ་ན་ལེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་
ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་བྷི་བྷི་སི་(BBC)གསར་འགོད་པའི་དྲི་བའི་ལན་དུ། “ བོད་ནང་གི་བོད་མི་རྒན་པ་རྣམས་ནས་ཁོང་ཚོ་མ་འཆི་གོང་ངོས་རང་བོད་དུ་ཡོང་ཐུབ་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་བོད་མི་མང་པོ་ཞིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་ངོས་རང་མུ་མཐུད་རང་དབང་ལུང་པར་བསྡད་ན་བཟང་བའི་ཡིད་ཆེས་བྱེད་ཀྱི་ཡོད” ཅེས་གསུངས་འདུག

ཡང་ཁོང་གིས། “ རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་གནས་ཚུལ་དེ་ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་དོན་རྐྱེན་ཞིག་ཡིན་སྟབས། ད་ཆ་ངོས་རང་ཆབ་སྲིད་ནས་རྒན་ཡོལ་བྱས་ཟིན་སྟབས། གནད་དོན་དེའི་སྐོར་ངོས་ཀྱིས་གང་ཡང་བརྗོད་འདོད་མེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེ་དག་གི་འབྱུང་རྐྱེན་གང་ཡིན་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད” ཅེས་སོགས་བསྩལ་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༨ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 13

  1. འཁྱམ་པོ། says:
    ལོ་ 14 སྔོན།

    ཆབ་བྲག་མིང་ཅན་ལགས་གོང་ས་མཆོག་གང་དུ་ཕེབས་མིན་གནད་འགག་མིན་ཞེས་པ་དེར་གསལ་བཤད་ཞིག་གནང་རོག་ གཞིས་བཞུགས་དཔའ་བོ་བཅུ་ཁྲག་བཞི་ཙམ་གྱིས་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐུ་ལུས་མེ་ལ་སྒྲོན་ནའང་ད་དུང་དེ་གནད་འགག་མིན་ཞེས་པ་གང་ཟེར་རམ་ དཔའ་བོ་དེ་ཙམ་ཞིག་གིས་བོད་ལ་རང་དབང་དགོས་ཞེས་པ་ལས་རང་བཙན་དགོས་ཞེས་བརྗོད་མེད་མོད་ དེ་ནི་ཁོང་ཚོ་རང་བཙན་ལ་མ་དགའ་བ་མིན་ནའང་རེ་བ་དེ་ཙམ་མེད་པའི་རེད་ འདི་ནི་ད་དུང་གོང་ས་མཆོག་བོད་ཕེབས་ན་འཇུག་འབྲས་ཡག་པོ་མེད་ཚུལ་སོགས་འཁྱོག་བརྗོད་ཁོ་ན་བྱེད་པ་མ་ཟད་ལོ་ངོ་ལྔ་བཅུའི་རིང་འབྲས་བུ་གང་ཡང་མ་སྨེན་པས་རང་བཙན་ཚོགས་པ་གསར་འཛུགས་བྱེད་པ་འདི་གཞིས་ལུས་དཔའ་བོ་གང་མང་ཞིག་མེ་མདའི་ཁ་རུ་གཡུག་པ་དང་གཉིས་སུ་མ་མཆེས།།

    Reply
  2. བློ་འཕེལ། says:
    ལོ་ 14 སྔོན།

    གོང་ས་མཆོག་བོད་དང་རྒྱ་ནག་ཏུ་ཕེབས་ཐུབ་ན་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་པ་རེད། དེའི་ཕྱིར་གལ་ཏེ་ཕེབས་ཐུབ་པའི་དབང་དུ་བཏང་ན་ཡིན་གཅིག་ཕེབས་དགོས་བསམ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཡིད་བཞིན་ནོར་བུ་གང་དང་གང་ལ་ཕེབས་བཞུགས་དགོས་མིན་ཁོང་གིས་སྔ་ས་ནས་གསལ་བོར་མཁྱེན་ཡོད།
    གང་དུ་བཞུགས་མིན་དང་ཕེབས་མིན་དེ་གནད་དོན་མིན། གནད་དོན་ངོ་མ་ནི་ཁོང་གི་མཛད་འཕྲིན་སྔར་ལས་རྒྱས་དགོས་པ་དེ་རེད། དེས་ན་བཞུགས་ས་ངེས་མེད་དང་ཕེབས་ས་ངེས་མེད་ཡིན་ན་ལྷག་པར་བཟང། གར་འཕུར་རང་གི་ལག་དང་གར་འབབ་རང་གི་ལག་ཡིན་དགོས།

    Reply
  4. འཁྱམ་པོ། says:
    ལོ་ 14 སྔོན།

    བསམ་བྷོ་ལགས་ཀྱིས་གསུང་པ་དེ་ག་རང་རེད། གལ་སྲིད་བཙན་བྱོལ་གཞུང་ནས་གོང་ས་མཆོག་བོད་ལ་ཕེབས་རྒྱུ་ཆར་གཞི་ཡོད་ན་ལོ་མང་སྔོན་ཕེབས་ཚར་བ་རེད་ གཞིས་ལུས་དཔའ་བོས་དཀའ་སྡུག་དེ་ཙམ་མ་འཕྲད་གོང་ གྲ་བཙུན་མང་ཕོ་བཙོན་ལ་མ་གྱར་གོང་བོད་རྒྱ་ཞི་སྒྲིགས་བྱེད་འདོད་ཡོད་ཚེ་གོ་སྐབས་མི་ཉུང་བ་ཞིག་ཆུད་ཟོས་ཕྱིན་ཚར་ དོན་དངོས་ཐོག་གཞིས་ལུས་མི་དམངས་ལ་བསམ་བློ་གཏོང་མཁན་མེད་ལ་ བོད་སྤྱི་ཡི་རང་དབང་ཞེས་པ་ཞིག་ཁག་པོ་རེད་ ད་ནི་གཞིས་ལུས་དཔའ་བོས་ཚེ་སྲོག་གྲངས་ཀ་རྒྱབ་སྟེ་སྡད་རྒྱུ་ལས་གཞན་གང་ཡང་མ་མཐོང་།།

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    གསུང་ཚིག་འདི་ཚོ་ངག་གི་རླབས་ཚིག་ཅིག་ཡིན་འདུག་པས་ཀློག་གིན་ཀློག་གིན་འདྲི་རྟགས་མང་པོ་འཁོར་གྱིན་འདུག

    སྐུ་ཚེ་བསྲིངས་ཤིང་མཛད་འཕྲིན་མཁའ་ཁྱབ་ཤོག

    Reply
  6. ནད་པ says:
    ལོ་ 14 སྔོན།

    ༸ གོང་ས་མཆོག་གང་དུ་བཞུགས་ས་བཟང་དང་ངན་གྱི་སྐད་ཆའི་ཐོག་བགྲོ་གླེང་དང་། སེམས་ཕྲལ། རྣམ་རྟོགས་སོགས་ཅི་ཡང་བྱེད་དགོས་མེད། ངས་འདིར་སྔོན་མའི་སྒྲུང་ཐུང་ཐུང་ཞིག་བཤད་འདོད་བྱུང་།

    སྔོན་མ་བོད་རང་བཙན་ཡོད་པའི་སྐབས་བོད་ཀྱི་སྤྲང་པོ་ཟླ་བ་བཟང་པོ་ཟེར་བའི་ཁྱིམ་ཚང་ཞིག་ལྟོ་སློང་བར་ས་ཆ་གང་སར་འགྲོ་བཞིན་ཡོད། མཚན་གཅིག་ཟླ་བ་བཟང་པོར་སྟོང་བསམས་འདྲ་མི་འདྲ་ཡིད་ལ་འཁོར། དེ་ནས་གང་ཙམ་བསམ་བློ་བཏང་རྗེས་ཟླ་བ་བཟང་པོས་ང་ཚོས་སང་ཉིན་ལམ་བར་དུ་གསེར་རྡོག་རྡོག་ལག་པ་ཙམ་ཞིག་རྙེད་ན་ཡག་པོ་ག་ཚོད་མིན་འགྲོ་ཞེས་སྐད་ཆ་ཤོར།

    དེ་ནས་ཁོས་ཨོ་རེད་རེད་ཏག་ཏག་རེད། གསེར་དེ་བཙོང་ནས་རྟ་མོ་ཡག་པོ་ཉོ་ཐུབ་ངེས་པར་བྱེད་དགོས་ཟེར། དེ་ནས་ཨ་མ་དེས་རེད་རེད། ངས་རྟ་ལ་གཡོགས་པོ་བྱས་ན་རྟ་མོ་དེར་རྟེའུ་ཡག་པོ་ཞིག་སྐྱེ་རྒྱུ་ཡིན་ཟེར།

    དེ་ནས་ལོ་བརྒྱད་ལ་སླེབས་པའི་ཟླ་བ་ཟང་པོའི་ཕྲུ་གུས་རྟེའུ་དེ་ངའི་ཡིན། གང་ཡིན་ཟེར་ན་ལམ་བར་དུ་འགྲོ་དུས་ང་རྟེའུ་ཆུང་ཆུང་དེར་བཞོན་ནས་འགྲོ་ཡི་ཡིན་ཟེར་ལབ་མ་ཐག་ཟླ་བ་བཟང་པོ་ཁྲོང་ཁྲོ་དྲག་པོ་ལངས།

    དེ་ནས་ཟླ་བ་བཟང་པོས་རྟེའུ་ཆུང་ཆུང་དེ་འདྲ་གཅིག་ལ་བཞོན་རྟེའིུ་རྐེད་པ་ཆག་འགྲོ་ཡི་རེད་ཅེས་ཕྲུ་གུ་དེར་འགྲམ་ལྕག་ཚ་ཐག་ཆོད་བཞུས་པ་རེད། དེ་མ་ཐག་ཨ་མ་དེ་རླུང་དྲག་པོ་ལངས་ན་ཕ་སྤྲང་པོ་ཟླ་བ་བཟང་པོའི་ངོ་དོང་ལ་ཕོར་པའི་ནང་པའི་ཇ་ཚ་པོ་དེ་ཤོད་པ་རེད།

    དེར་བརྟེན་ཟླ་བ་བཟང་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཡར་ལངས་ནས་ཨ་མ་དེར་རྡོག་རྫིས་བཏང་ནས་སྐྲ་ཡར་འཐེན་ནས་འཁྲུགས་འཛིང་བྱས་པ་རེད།

    དེ་ནས་སང་ཉིན་དེ་ཉིན་ཤར་རྗེས་ཁོང་ཚོ་ལུང་པ་གཞན་དག་གཅིག་ཏུ་ཕྱིན་པ་རེད། དེ་ནས་ལམ་བར་དུ་ཟླ་བ་བཟང་པོས་ཨ་ཁ་མདང་དགོང་ང་ཚོས་རྒྱག་རེས་བརྒྱབ་པ་དེ་རྦད་དེ་ནོར་ཤག་དངོས་གནས་བྱས་ན་ཨ་ཙི་་་་་ཨ་ཙི་་་་་་

    Reply
  7. བསམ་བྷོ། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་ངེས་པར་དུ་བོད་ལ་ཕེབས་དགོས། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་རེ་བའང་འདི་རེད། ཡག་ཤོས་བྱུང་ན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་བོད་དུ་ཕེབས་དགོས་ལ། གལ་སྲིད་དེ་ལྟར་མ་བྱུང་ཡང་། གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཀྱང་༧གོང་ས་མཆོག་བོད་དུ་ཕེབས་རྒྱུ་བྱུང་བ་ཡིན་ན། བོད་རྒྱའི་གནད་དོན་འདི་ཚ་ཚ་འུར་འུར་ཞིག་ཆགས་འགྲོ་བ་རེད། དབྱིན་སྐད་ཀྱིས་བཤད་ན་ refresh ཆགས་འགྲོ་བ་རེད།
    གཞིས་བཞུགས་བོད་རྒྱ་ཆེའི་མི་དམངས་ཙམ་མ་ཟད། རྒྱ་རིགས་དུང་ཕྱུར་མང་པོས་འགུལ་དཀྱོག་རྒྱག་གི་རེད། རྒྱལ་སྤྱིའི་ཐོག་ནས་ཀྱང་བཤད་མ་དགོས་པ་རེད། དམངས་གཙོའི་འགྲོ་སྟངས་ལྟར་བཤད་ན་བོད་མི་མང་ཆེ་བ་བོད་ནང་དུ་ཡོད། བོད་ནང་གི་བོད་མི་བརྒྱ་ཆ་ % 99 ལྷག་གི་འདོད་པ་༧གོང་ས་མཆོག་བོད་དུ་ཕེབས་རྒྱུ་དེ་རེད།
    ༧གོང་ས་མཆོག་བཙན་བྱོལ་ནང་ནས་བཟུང་བསྡད་ན་འདོད་མཁན་ཚོ་གངས་ཅན་སྐྱིད་གཤོང་གི་སྐུ་དྲག་གསར་རྙིང་གཉིས་ཀ་དང་། ཨ་རི་དང་ཡུ་རོབ་གཙོས་པའི་ཕྱི་རྒྱལ་ལུང་པ་ཁག་ཏུ་ཕྱུག་པོ་ཆགས་ཡོད་པའི་བོད་མི་ཚོང་པ་རྒྱག་པ་ཚོ་རེད། ཁོང་ཚོས་༧གོང་ས་མཆོག་བོད་དུ་ཕེབས་འཇུག་རྒྱུར་འདོད་པ་མེད་པ་མ་ཟད། བོད་རྒྱའི་གནད་དོན་འགྲིག་འཇགས་ཡོང་རྒྱུར་ཡང་འདོད་པ་རྩ་བ་ཉིད་ནས་ཡོད་པ་མ་རེད། འདི་བོད་མི་དཀྱུས་མ་དཀའ་ལས་རྒྱག་མཁན་ཚོས་ཤེས་དགོས་པ་རེད།

    Reply
  8. མི་རབས་གསར་པ་ says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེེགས།

    Reply
  9. རེབ་ཐོག་མདའ says:
    ལོ་ 14 སྔོན།

    གོང་ས་མཆོག་གང་དུ་བཞུགས་ན་ལེགས་སམ་ཞེས་དྲི་བ་ཞིག་བཏང་ཡོངས་དུས། དེ་ལ་དྲི་ལན་ཞིག་སྟེར་བར་ཡང་དཀའ་ངལ་མང་པོ་ཞིག་དང་འགན་མང་པོ་ཞིག་ཡོད་ནི་རེད། གང་ཡིན་ཟེར་ན་དང་པོ་ང་ཚོས་བསམ་བློ་གཏོང་དགོས་བ་ནི་གོང་ས་མཆོག་སྐུའི་བདེ་འཇགས་གི་སྐོར་རེད།
    སྤྱིར་ཡིན་ན་གོང་ས་མཆཽག་བོད་ལ་ཕེབས་པ་དེ་ནི་བོད་མི་རྩམ་གཟན་ཞིག་ལ་མཚོན་ན་སེམས་ནང་གི་རེ་བ་ཉག་ཅིག་རེད། ཡིན་ཡང་ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱ་མའི་ཆབ་སྲིད་གི་གནས་སྟངས་ལ་བལྟས་ན། གལ་སྲིད་མ་འོངས་བར་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་མ་སོང་བར་ད་དུང་འདི་ལྟར་མཁྲེག་པོ་ཞེས་ནས་བསྡད་ན་གོང་ས་མཆོག་བོད་ལ་ཕེབས་པ་ལས་འདིར་བཞུགས་ན་བཟང་།
    གལ་སྲིད་རང་དབང་ལོངས་པའི་ནང་དུ་བསྡད་པ་ཡིན་ན་གོང་ས་མཆོགས་སྐུ་བདེ་འཇགས་གཙོ་བྱས་གཞན་ཕྱག་ལས་ག་རེ་གནང་དགོས་ཀྱང་སྟབས་བདེ་བ་ཡོད་པར་འདོད།
    གལ་སྲིད་མ་འོངས་རྒྱ་ནག་གི་སྲིད་ཅུས་ལ་འགྱུར་བ་བྱུང་ནས་ཆབ་སྲིད་གི་གནས་སྟངས་ལེགས་པོ་བྱུང་ནས་ད་གཟོད་གོང་ས་མཆོག་བོད་ལ་ཕེབས་ན་ཡང་འགྲིག་པར་འདོད།

    Reply
  10. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲི་བ་དེ་བོད་མི་ཡོངས་ཀྱི་སེམས་ལ་དེ་སྔོན་ནས་ཡོད་དགོས་པ་ཞིེག་ཆགས་ཡོད།
    རེད་དེ་ད་ལྟ་བར་དེའི་སྐོར་དྲི་བ་དྲི་ལན་དང་བགྲོ་གླེང་སོགས་གང་ཡང་བྱུང་མེད།
    དེང་རིང་གོ་སྐབས་དེ་བརྒྱུད་ནས་རྒྱ་སྤྱིའི་ཐོག་བོད་ཀྱི་གནས་བབས་དང་རྒྱ་དམར་གཞུང་གིས་བོད་དོན་ལ་འཛིན་པའི་སྲིད་བྱུས་། བོད་ནང་གི་བོད་མིའི་ད་ལྟའི་གནས་སྟངས་སོགས་ལ་གཞི་བཅོལ་ནས་བོད་ཀྱི་སྨྱུག་ཐོགས་པ
    རྣམས་དང་རྒྱུན་དུ་དྲ་ཐོག་ལ་ཕེབས་མཁན་ཚོས་བགྲོ་གླེང་ལྷུགས་པོ་ཞིག་གནང་ན་དགེ་མཚན་
    ཡོད་པ་མཐོང༌༎
    བོད་མི་རིགས་ནང་ཁུལ་ལ་སྐྱོན་བརྗོད་དང་ངན་སྨྲ། དམའ་འབེབ་དང་ཉེས་འཛུགས།
    མཚང་སྒྲུབ་དང་བརྙས་བཅོས། དགྲ་དགའ་དང་གཉེན་སྡུག།ཆགས་སྡང་དང་ཕྱོགས་ལྷུང་གི་རྩོམ་འཆལ་སྤེལ་བའི་ཆེད་དུ་གཉིད་སད་གནམ་ལངས་ལྟ་བུའི་གོམས་གཤིས་ངན་པ་འདི་འོ་ཅག་གི་གཅོང་ནད་དང་པོ་དེ་རེད།
    དེང་སང་གངས་ཕྲུག་ཁྲོད་ཀྱི་སྨྱུག་ཐོགས་པས༎
    བདེན་གཏམ་སྨྲ་བའི་རྭ་བའི་ཕྱི་རོལ་ནས༎
    ཚུལ་མིན་གཏམ་འཆལ་སྨྲ་བ་མང་མཐོང་སྟེ༎
    རེ་བའི་དྲང་ཚིག་མདའ་མོ་འདི་ན་འཕེན༎

    Reply
  11. བློ་བཟང་ཡར་འཕེལ། says:
    ལོ་ 14 སྔོན།

    ཁ་བྱང་འདིས་ང་རང་ཁུ་སིམ་མེར་བཞག་སོང་། དངོས་གནས་ང་ཚོས་འདིའི་ཕྱོགས་ལ་བསམ་བློ་ཞིབ་ཚགས་གཏོང་དགོས་ཀྱི་འདུག

    Reply
  12. ལུང་རྟོགས། says:
    ལོ་ 14 སྔོན།

    ༧གོང་མཆོག་ཡིན་གཅིག་བོད་ལ་ཕེབ་དགོས། འདི་ནི་བོད་མི་རྒྱ་ཆ་གོ་དགུའི་རེ་བ་ཡིན་ལ། ད་བར་རང་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་རེ་འབོད་ཀྱང་ཡིན།

    Reply
  13. གྲགས་པ། says:
    ལོ་ 14 སྔོན།

    གསར་འགྱུར་འདི་བརྒྱུད་ལམ་གཞན་ནས་ཀྱང་གོ་སོང་། ཡིན་ནའང་༼ ༧གོང་ས་མཆོག་གང་དུ་བཞུགས་ན་ལེགས་སམ ༽ཞེས་པའི་དྲི་བ་འདིར་བོད་མི་ཚང་མས་བསམ་བློ་ཞིབ་ཚགས་གཏོང་དགོས་པའི་ཧ་ཅང་གནད་འགག་ཅན་གྱི་དྲི་བ་ཞིག་དང་། དྲིས་ལན་འདེབས་དཀའ་བ་ཞིག་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese