མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་ཏེ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུར་མོས་མཐུན་རྒྱབ་སྐྱོར་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་འཚོགས་རྒྱུར་གོ་སྒྲིག་ཚོགས་ཆུང་ཞིག་ཀྱང་གསར་འཛུགས་གནང་སོང་།

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༧ དང་ཕྱེད་ཀའི་བར། དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་སོང་ལ། ཚོགས་འདུའི་སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱིས་གཙོས། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ནོར་བུ་ཚེ་རིང་། དགེ་བཤེས་ག་ཟི་ཚེ་རིང་པོ། བསྟན་པ་ཡར་འཕེལ། ཀརྨ་ཡེ་ཤེས། སྐལ་བཟང་རྒྱལ་མཚན། གསེར་རྟ་ཚུལ་ཁྲིམས། བློ་བཟང་ཡེ་ཤེས། འཇམ་དབྱངས་བཟོད་པ་བཅས་བོད་མི་མང་སྤྱི་འཐུས་ལས་ཐོག་ ༡༠ དང་། གཞན་ཡང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་། རྩོམ་པ་པོ། ཉམས་ཞིབ་པ། མི་སེར་དཀྱུས་མ་བཅས་རང་བཙན་ལྟ་འཛིན་མཁན་སྐྱ་སེར་ ༥༠ ཙམ་འཛོམས་འདུག 

ཚོགས་འདུའི་ཐོག་མར་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཤིང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་མྱ་ངན་ཆེད་ཆུ་ཚོད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་རྗེས། རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཚོགས་འདུའི་བྱུང་རིམ་ངོ་སྤྲོད་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས། ཚོགས་ཞུགས་པ་རྣམས་ཚོགས་ཆུང་གསུམ་དུ་བགོས་ཏེ་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་སྤེལ་ཐབས་དང་། ཕྱི་ལོ་ ༢༠༡༣ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབ་བསྐྱར་ནན་གྱིས་གསལ་བསྒྲགས་གནང་ནས། ལོ་ ༡༠༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་རང་བཙན་ཚོགས་ཆེན་གྲ་སྒྲིག་བྱེད་ཕྱོགས། བོད་རང་དབང་རང་བཙན་འཐབ་རྩོད་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལས་འགུལ་སྤེལ་ཕྱོགས། བོད་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱི་ནུས་པ་གཅིག་སྒྲིལ་ཡོངས་ཐབས་བཅས་བརྗོད་གཞི་ ༤ ཐོག་བགྲོ་གླེང་གྲོས་སྡུར་གནང་མཐར། མ་འོངས་པར་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཚུགས་རྒྱུར་རྒྱབ་སྐྱོར་མོས་མཐུན་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ཞིག་བསྐོ་འཛུགས་ཀྱིས་ཚོགས་མིར་སྤྱི་འཐུས་བློ་བཟང་ཡེ་ཤེས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཀརྨ་ཡེ་ཤེས། ཀླུ་མཁར་བྱམས། བསྟན་འཛིན་བརྩོན་འགྲུས། རྡོ་རྗེ་ཚེ་བརྟན། བུ་ཆུང་བསོད་ནམས། བསྟན་འཛིན་ཉིན་བྱེད། ཤེས་རབ་འོད་ཟེར་བཅས་འདེམས་སྒྲིག་གནང་སོང་།

ཐེངས་འདིར་དྷ་སར་ཚོགས་པའི་རང་བཙན་ཚོགས་འདུ་དེ་ནི། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ནས་ ༡༢ ཉིན་གཉིས་རིང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་པའི་རང་བཙན་ཚོགས་འདུའི་མཇུག་མཐུད་ཚོགས་འདུ་ཞིག་ཆགས་ཡོད་པ་དང་། ནེའུ་ཡོག་གི་ཚོགས་འདུ་དེའི་ཐོག་༼བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ (Tibetan National Congress)༽འཛུགས་རྒྱུར་གྲོས་མཐུན་ཐག་གཅོད་བྱུང་སྟེ། ལྷན་ཚོགས་དེའི་ཁྲིམས་སྒྲིག་དང་འཆར་འགོད་གནང་ཕྱོགས་ཐོག་ཚོགས་ཆུང་གསུམ་ཟུར་འཛུགས་བྱས་ཡོད་པ་ལྟར། ཚོགས་ཆུང་དང་པོ་ཆབ་སྲིད་ཚོགས་པ་ཚུགས་ཐུབ་ཀྱི་ཡོད་མེད་ཐད་ཀྱི་ཉམས་ཞིབ་དང་གྲོས་སྡུར་སྡེ་ཚན་ནང་འཇིགས་མེད་ཨོ་རྒྱན་དང་། སྐལ་བཟང་ཕུན་ཚོགས། བསྟན་པ་དགའ་བཞི། འཇམ་དབྱངས་ནོར་བུ། ཉི་མ། དེ་བཞིན་ཕྱི་རྒྱལ་བ་ཁག་ཅིག་བཅས་ཡོད་པ་དང་། ཚོགས་ཆུང་གཉིས་པ་བོད་རང་བཙན་འཐབ་རྩོད་མུ་མཐུད་ནས་རྒྱུན་གནས་ཐུབ་རྒྱུར་གྲ་སྒྲིག་དང་གྲོས་སྡུར་སྡེ་ཚན་ནང་ཞྭ་སྒབ་པ་དབང་ཕྱུག་དང་། བསོད་ནམས་དབང་འདུས་གཉིས་གཙོས་མི་ཁག་ཅིག་དང་། ཚོགས་ཆུང་གསུམ་པ་བོད་རང་བཙན་འཐབ་རྩོད་ཀྱི་དཔལ་འབྱོར་འདུ་འགོད་སྡེ་ཚན་ནང་སྒྲོལ་མ་ནོར་བུ་དང་། རྣམ་རྒྱལ་བཅས་འདེམས་སྒྲིག་གིས་ལས་གཞི་དབུ་འཛུགས་གནང་ཡོད་འདུག 

ཉེ་སྔོན་ཨ་རིའི་ནེའུ་ཡོག་ཏུ་ཚོགས་པའི་རང་བཙན་ཚོགས་འདུའི་ཐོག་གཏན་འབེབ་བཟོས་པའི་༼བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་དབུ་བརྙེས་པའི་གྲོས་ཆོད༽ཅེས་པའི་བརྡ་ཁྱབ་ཡིག་ཆའི་ནང་། ཚོགས་འདི་གསར་འཛུགས་དགོས་པའི་དམིགས་ཡུལ་ཐད། རྒྱལ་རབས་ལོ་རྒྱུས་ཀྱི་བདེན་པ་དང་། རྒྱལ་སྤྱིའི་ཁྲིམས། བདག་དབང་གནས་པའི་བོད་མི་དམངས་ཀྱི་ཐུན་མོང་གི་རེ་འདོད་བཅས་གཞི་ལ་བཞག་ནས། བོད་རང་བཙན་གྱི་བདག་དབང་ངོས་ལེན་བྱེད་རྒྱུ་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་༸གོང་ས་མཆོག་གི་ལྷག་བསམ་ཟོལ་མེད་ཀྱི་ཞི་འགྲིག་གི་འབད་བརྩོན་དེ་དག་ཡང་ནས་ཡང་དུ་བསམ་བཞིན་ནུས་མེད་བཟོས་སྟབས། བོད་མི་ཚོ་ལ་ད་ནི་རང་གི་སྐྱེས་ཐོབ་ཏུ་ཡོད་པའི་ཐོབ་ཐང་སྟེ་རང་ཐག་རང་གཅོད་འདི་ཡོང་སླད། རང་བཙན་རྩོད་རྒྱུ་ལས་གཞན་པའི་འདམ་ཀ་མེད་པའི་གནས་བབ་སོགས་གསལ་བཤད་གནང་འདུག

གཞན་ཡང་ཡིག་ཆ་དེའི་ནང་། དང་པོ། ཨ་མི་རི་ཀ་དང་རྒྱ་གར། དེ་བཞིན་ལྷོ་ཨ་ཧྥི་རི་ཀ་བཅས་སུ་བྱུང་བའི་རླབས་ཆེན་གྱི་རང་དབང་དང་རང་བཙན་འཐབ་རྩོད་ཀྱི་ལུགས་སྲོལ་ཇི་བཞིན་འདིར། གཤམ་གསལ་གྱི་དམིགས་ཡུལ་རྣམས་སྒྲུབ་པ་ལ་ཞུགས་པའི་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ཞིག་གི་ཚུལ་དུ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ (The Tibetan National Congress)ཞེས་པ་དབུ་བཙུགས་པ་ཡིན། ༡༽ བོད་རང་བཙན་གྱི་རྒྱལ་ཁབ་བདག་དབང་ཆ་ཚང་ཡོད་པ་ཞིག་སླར་གསོ་བྱེད་རྒྱུ། ༢༽ རང་དབང་ཅན་གྱི་འོས་འདེམས་དང་། ཁྲིམས་ཀྱི་དབང་བསྒྱུར། སྐྱེ་བོ་སྒེར་བའི་རང་དབང་གི་གཞི་རྩ་བཅས་ལ་བརྟེན་པའི་དམངས་གཙོའི་ལམ་སྲོལ་ཅན་གྱི་གཞུང་ཞིག་བོད་ནང་དུ་འཛུགས་རྒྱུ་ངེས་གཏན་བྱེད་རྒྱུ། ༣༽རང་དབང་ཅན་གྱི་བོད་ནང་དུ་ཚུལ་མཐུན་དང་ཁྲིམས་མཐུན་གྱིས་འདམས་པའི་བོད་མི་དམངས་ཀྱི་སྲིད་གཞུང་ཞིག་མ་བཙུགས་བར་དུ། བཙན་བྱོལ་བོད་གཞུང་དེ་མུ་མཐུད་གནས་རྒྱུ་དེ་ངེས་གཏན་བྱེད་རྒྱུ། ༤༽བཙན་བྱོལ་བོད་གཞུང་གི་གཡོལ་མེད་ཀྱི་འགན་འཁྲི་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགན་སྟེ། འདི་ནི་ཆོད་སེམས་དང་ལྷག་བསམ་གཡོ་བ་མེད་པ་ཞིག་གི་ཐོག་ནས་སྒྲུབ་རྒྱུ་དེ་ངེས་གཏན་བྱེད་རྒྱུ། ༥༽ བོད་ཀྱི་སྤྱི་ཚོགས་ཀྱི་གནའ་བོའི་རིག་གཞུང་དང་སྐད། རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་བཅས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་པ་དང་། ཐབས་མཁས་ཀྱི་འབད་བརྩོན་དྲག་པོ་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་ནང་དུ་དེ་དག་གི་གལ་ཆེའི་རང་བཞིན་དང་འཚོ་གནས་ཐུབ་པ་དེ་ངེས་གཏན་བྱེད་རྒྱུ། གཉིས་པ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཀྱིས་སྐབས་འདིར་རང་གི་དམིགས་ཡུལ་འདི་དག་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པ་དང་། ཚོགས་པའི་རྩ་ཁྲིམས་ལ་ཉན་འཇོག་བྱེད་འདོད་པའི་སྐྱེ་བོ་སུ་ཡིན་རྣམས་ཚོགས་པར་ཞུགས་རུང་ཞེས་ཁྱབ་བསྒྲགས་བྱས་པ་ཡིན། ཅེས་བཀོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 39

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་མིང་ཅན་ལགས།
    མི་ཆོག་པ་དང་མཐའ་འཁྱོང་གི་ཆ་རྐྱེན་དང་རང་བཙན་རྣམ་པ་དུ་མར་དབྱེ་གཞིའམ་མིང་འདྲ་མིན་བཏགས་ཡུལ་དེ། རང་སྐྱོང་མངོན་འདོད་ཀྱི་རྒྱ་ཡི་བཅའ་ཁྲིམས་འབྲུ་འདོན་བསམ་འཆར་ཡིག་ཆ་དེ་མིན་ན་ག་རེ་རེད། མ་ཟད་༧སྐུ་མདུན་ལ་འགྲུབ་མི་ནུས་པའི་ཆ་རྐྱེན་ཞིག་བཏོན་པ་ནི། ལོ་རྒྱུས་ཐོག་བོད་ཀྲུང་གོའི་ཆ་ཤས་སྙོན་མེད་ཞིག་ཡིན་པ་དང་ཐེ་ཝན་ཡང་ཀྲུང་གོའི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་མ་རེད་པས། དེ་ནི་འགྲུབ་ཏུ་མེད་པའི་ཆ་རྐྱེན་ཞིག་རེད། བྱས་ཙང་ཏཱ་ལའི་བླ་མས་རང་བཙན་དོར་མི་འདུག་ཟེར་གྱི་ཡོད་པ་རེད།
    མ་གཞི་ཁྱོད་དབུ་ལམ་པ་ཡིན་མདོག་སྨྲ་བ་ཚོས་ཁ་ནང་བལྟས་མ་གཏོགས་ཕྱི་འཁོར་མི་ཤེས་ཙང་དམངས་གཙོའི་སྤྱི་ཚོགས་ནང་ཁུལ་དུ་སོ་སོའི་ལྟ་གྲུབ་གླེང་མཁན་དང་སོ་སོའི་ལྷན་སྐྱེས་ཀྱི་ཐོབ་ཐང་གླེང་མཁན་ཞིག་ལ་འགལ་ཟླ་མེད་ས་ཞིག་ནས་འགལ་ཟླར་བཟོ་བ་ནི་ཁྱོད་ཚོར་དགོས་པ་དམིགས་བསལ་བ་ཞིག་ཡོད་རྒྱུ་རེད་པ།
    ཁ་བཤད་ལག་ལེན་ལ་བསྟར་དགོས་པ་དེ་ང་ཚོ་རེད་ཁོ་ཚོ་རེད།
    རྡ་ས་དང་པེ་ཅིང་གི་འཁྲབ་མཚན་ལེའུ་མཐའ་མའི་གྲུབ་དོན་དང་རྒྱ་བོད་འབྲེལ་མཐུད་སྐུ་ཚབ་ཀྱང་རྐུབ་བརྡབ་བརྡབ་བཏང་ནས་འགྲོ་དགོས་དོན་ནི། ཀྲུང་ནན་ཧེའེ་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འདུན་པ་ནམ་ཡང་མེད་པ་མ་ཟད་བོད་ཀྱི་གནད་དོན་ཟེར་བ་ནམ་ཡང་གླེང་གི་མེད་པ་དེས་མ་རེད་པས། ནང་ལོག་འགྲམ་ལྕག་ཞུམཁན་དེ་ཁྱོད་ཚོ་མ་རེད་པས། ཧ་ཧ་མི་འདི་ཚོས་ཕྱི་ནང་མི་ཤེས་ཁོ་ཐག་རེད། འོ་ན་ཅིའི་ཕྱིར་རང་སྐྱོང་མངོན་འདོད་ཀྱི་བསམ་འཆར་ཡིག་ཆ་དེ་ངོས་ལེན་མ་བྱས་པ་རེད།

    དེ་ནས་ཁྱོད་ཚོ་དབུ་ལམ་སྨྲ་བ་ཚོས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གིས་༢༠༠༤ལོར་སྤེལ་བའི་རྒྱབ་ཤ་དཀར་པོའི་དེབ་དེ་ཡིན་ཅིག་གཟིགས་དགོས་པ་རེད། དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་ལམ་དབུ་མའི་ཁ་གཏད་རེད་ལ་བོད་ལ་ཚད་ལྡན་གྱི་རང་སྐྱོང་ཞིག་ནམ་ཡང་མེད་པ་གསལ་པོ་བསྟན་འདུག། དེས་མ་ཟད་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ཟིན་བྲིས་པ་ཡེ་རྡོར་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་སྟེང་<ཏཱ་ལའི་བླ་མའི་དབུ་མའི་ལམ་ཞེས་པར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་>ཞེས་པའི་རྩོམ་ཡིག་ནང་གསལ་པོ་བཀོད་འདུག། བྱས་ཙང་ཡེ་རྡོར་སུ་ཡིན་ན་འདྲ་ཁོས་བློ་ཁོག་ཆེན་པོས་མདུན་དུ་ཐོན་ཡོང་བ་ནི་རང་ཉིད་ལ་རྒྱབ་དཔུང་ཆེན་པོ་ཞིག་ཡོད་པ་གདོན་མི་ཟའོ།

    གལ་ཏེ་བོད་མི་རིགས་ལ་འཐོབ་བྱ་ཞིག་ཡོད་ན་ཡིན་ཅིག་རང་སྐྱོང་ཡིན་པ་དང་རང་བཙན་མིན་པའི་རྒྱུ་མཚན་ཅིའི་ཕྱིར། ཅིའི་ཕྱིར་རང་བཙན་ལ་འཐོབ་བྱེད་ཀྱིས་ལམ་མེད་པ་རེད། འོ་ན་རང་སྐྱོང་འཐོབ་བྱེད་ཀྱི་ལམ་དབུ་མ་ཅིའི་ཕྱིར་གཟའ་རྒྱབ་པ་རེད། ཅིའི་ཕྱིར་ཏང་ཀྲུང་དབྱང་གིས་ངོས་ལེན་མ་བྱས་པ་རེད། ངོས་ལེན་མེད་བཞིན་དུ་ཅིའི་ཕྱིར་ལྐུགས་པའི་ཨུ་ཚུགས་རྒྱབ་པ་རེད། ཏང་ཀྲུང་དབྱང་གིས་རང་སྐྱོང་ཚད་ལྡན་ཞིག་ནམ་ཡང་སྤྲོད་ཀྱི་མ་རེད་ལ། གལ་ཏེ་སྤྲད་པའི་དབང་དུ་བཏང་ན་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་ནང་མ་ཐིམས་པའི་རྫུ་འཕྲུལ་ཞིག་ཁྱོད་ལ་བསྟོན་རྒྱུ་ཨེ་ཡོད། འོ་ན་རང་ཤི་རྒྱབ་པ་མ་རེད་པས།

    དེ་ནས་སྤྱང་ཀི་དང་འཕར་བ་གཉིས་ལ་ཁྱད་པར་ཞིག་ཨེ་ཡོད། ཧ་ཅང་གི་གཏུམ་དྲག་ཆེ་ལ་བྱམས་དང་སྙིང་རྗེ་མེད་པ་དང་ཤ་ལ་རྔམས་པའི་འདོད་རྔམས་ཅན་གཅིག་པ་རེད།
    དེ་གཉིས་ལ་ཁྱད་པར་གཅིག་ཡོད་པ་ནི་སྤྱང་ཀིས་ཕྱུགས་ཟོག་སྐེ་ནས་འཇུས་སྟེས་གསོད་པ་དང་འཕར་བས་རྐུབ་ནས་དྲུས་སྟེས་གསོད་པ་གཉིས་གསོད་སྟངས་མི་འདྲ་བའི་ཁྱད་པར་ཞིག་ལས་གསོད་མཁན་གཅིག་པ་རེད། ངས་ནི་འཕར་སྤྱང་གིས་ག་དུས་ཟས་ཡོང་བསམ་བསམ་ལས་བྱམས་སྐྱོང་བྱས་ཡོང་བསམ་བསམ་བློ་ཡུལ་ལ་ཡང་མེད།
    འོན་ཀྱང་ཁྱོད་ཚོ་འཕར་སྤྱང་ལ་ཡིད་ཆེས་བླ་ན་མེད་པ་ཞིག་འདུག་ལ་སྤྱང་ཚང་དང་འཕར་ཚང་ནང་ལོག་གི་ཡིན་ཟེར་ཤོར་ཤོར་རེད་འདུག། རེད་རེད་དང་པོ་འཕར་སྤྱང་ཚང་ནང་ལོག་ཐུབ་སོང་མ་སོང་བལྟ་ཆོག་ལ་གལ་ཏེ་ཐུབ་པའི་དབང་དུ་བཏང་ན་འཕར་སྤྱང་གིས་བྱམས་སྐྱོང་བྱས་སོང་མ་སོང་ག་ལེར་བལྟ་ཆོག།

    ངས་ཨ་རི་སོགས་སུ་ཚད་ལྡན་གྱི་རང་སྐྱོང་གནས་བབས་སྐོར་སྔ་ཕྱི་འགལ་བ་གང་དུ་བཤད་འདུག། ཁྱོད་ཀྱིས་མི་མཐོང་ན་མིག་འཕུར་འཕུར་བྱས་ནས་བལྟོས་དང་། ངས་འདི་ལྟར་ཁོ་ཚོ་ཤོག་ཁག་གཉིས་སུ་བྱས་ནས་འགའ་རེས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། ཡང་འགའ་རེས་རང་བཙན་མི་དགོས་མུ་མཐུད་རང་སྐྱོངབྱེད་ཀྱི་ཡིན་ཟེར་དུས་ཁོ་ཚོ་གྲངས་ཉུང་མི་རིགས་ས་ཁུལ་ནང་ལོག་བཤད་ཀྱི་ཡོད་པ་མ་གཏོགས་ཨ་རི་མི་དམངས་ཀྱི་རང་སྐྱོང་དགོས་དང་རང་བཙན་དགོས་ག་རེ་བྱས་ནས་ལབ་དགོས་རེད། བསམ་བློ་མཐོང་དང་དཔེར་ན་ང་ཚོ་ལྟ་བུ་རེད།
    མ་ཟད་གཞུང་གིས་ནང་ཁུལ་ཤོག་ཁག་གཉིས་སུ་བྱས་ནས་འོས་འཕེན་གྱི་ཐོབ་ཐང་ཆ་ཚང་སྤྲད་པ་མ་གཏོགས་ཨ་རི་རྒྱལ་ཡོངས་ཀྱིས་འོས་འཕེན་གྱི་ཡོད་པ་མ་རེད།
    དེས་ན་ཚད་མཐོའི་རང་སྐྱོང་དེ་ཚོའི་གནས་བབས་ལ་དཔེ་བལྟ་དགོས་པ་རེད་མ་གཏོགས་གཞན་རང་སྐྱོང་མང་པོ་ཡོད་པ་རེད། བོད་རང་སྐྱོང་ལྗོངས། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཡུན་ནན་ལ་སོགས་ནང་བོད་རིགས་རང་སྐྱོང་ཁུལ་༨.དང་སོག་རིགས་རང་སྐྱོང་ཁུལ་གཅིག་ལ་སོགས་པའི་རང་སྐྱོང་མང་པོ་ཡོད་པ་རེད། དེས་ན་ཕྱོགས་ཚང་མར་ལྟ་གིན་ལྟ་གིན་མ་ཕྱིན་པར་མིག་ཡ་གཅིག་བཙུམས་ནས་ཕྱིན་ན་སྐྱག་དོང་ནང་ཟག་ཉེན་ཡོད་པ་རེད་ད།

    རེད་རེད་རང་གི་འདོད་ཕྱོགས་དང་མི་མཐུན་པ་ཞིག་བྲིས་ཡོང་ན་དོན་སྙིང་མེད་པ་དང་ཉག་ཉོག་རྫབ་རྫོབ་ཏུ་མཐོང་བ་ཀློག་འདོད་མི་སྐྱེས་པ་ནི་ཀློག་པ་པོ་རང་ཉིད་ཕྱོགས་ལྷུངས་ཀྱིས་མྱོས་ཡོད་པ་གསལ་པོ་ལགས་ན་ཁག་ཡོད་པ་མ་རེད། དེ་ནི་སོ་སྐྱེས་ཕལ་པའི་རང་གཤིས་རེད་ན་ཞུ་ཡས་གང་ཡང་མེད་དོ།

    Reply
  2. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་མིང་ལགས།
    དམར་པོ་ཚང་བཙན་བྱོལ་ནས་བཏོན་པའི་བསམ་འཆར་ཡིག་ཆའི་ཤོག་ལྷེ་ཁ་ཤས་ལ་འདྲོགས་ནས་ཐ་ཚིག་དེ་བསྒྲགས་པར་ནམ་ཡང་དངོས་འཛིན་བྱེད་ཀྱིན་མེད། ཁོང་ཚོའི་འཆར་ཅན་གྱི་བསྡོམས་ཤིག་ལ། ་་་ཁ་ནས་བཤད་པ་ལས་ལག་ལེན་ལ་བལྟ་དགོས་་་་ཞེས་པ་འདི་རེད། ང་ཚོའི་ལག་པ་གཅིག་གིས་ལག་འབྲེལ་བྱས་ནས་གཅིག་གིས་འགྲམ་ལྕག་གཞུས་གི་ཡོད་ཙང་གྲོས་མོལ་དགུ་པའི་གྲུབ་དོན་དེ་བྱུང་བ་རེད།
    ཁྱོད་ཀྱི་དྲངས་པའི་ཀྲུང་ནན་ཧེའི་ཡི་སྐད་ཆ་དེའི་ཁོངས་གསལ་སྟོན་གནང་རོགས་དང་གཞི་ནས་ལན་ཞུ་ཆོག།
    ཡང་གལ་ཏེ་བོད་པ་ཚང་ལ་ཐོབ་བྱ་ཞིག་ཡོད་ན་དབུ་ལམ་གྱི་ཐོག་ནས་རང་སྐྱོང་ཞིག་ཐོབ་དགོས་པ་མ་གཏོགས་རང་བཙན་ནི་ཐོབ་བྱ་མིན་ཙང་ཐོབ་བྱེད་ཀྱི་ལམ་དེ་བས་མེད། ལམ་ཁ་མེད་བཞིན་ད་དུང་མུ་མཐུད་ལྐུགས་པའི་ཨུ་ཚུགས་བྱས་ན། མི་དང་། རྒྱུ། དུས་ཚོད་སོགས་ཡོད་ཚད་འཕྲོ་བརླག་དང་མཐའ་མ་མི་རིགས་འདི་ལག་པ་སྟོང་པར་ཤི་གི་རེད། འོན་ཀྱང་རྩོད་ཆོག་ལ། བཤད་ཀྱང་ལོས་ཆོག །བཤད་ན་སྙན་པོ་ཞིག་ཀྱང་ཡོད་པ་རེད།
    རེད། ཁྱོད་ཀྱིས་ཁ་སྔོན་ནས་ཡེ་རྡོར་དཀར་འདོན་གྱིས་ནག་ཉེས་ཀྲུང་ནན་གྱི་སྒང་ལ་གཡུག་སྟངས་ལ་གཞིག་ན་ཁྱོད་ཁོང་དང་སེམས་ཐག་ཉེ་ཙམ་ཡིན་སྒྲོ། ཁོང་ཤ་རུས་གཅིག་པ་ཞིག་ཡིན་ཙང་ཉེས་པ་མེད་ན་མེད་པར་སྨོན་ཅེས་ཟེར་རྒྱུ་ཡིན།
    གུང་ཁྲན་ཏང་གིས་བོད་མི་རིགས་ལ་འཕྲོག་བཅོམ་དང་བཙན་གནོན་ཚད་ལས་བརྒལ་བ་བྱས་པ་བདེན་མོད་དེས་རྒྱ་མི་རིགས་ཞེས་དབྱིག་པ་ལེབ་བརྡུང་བྱས་ན་དཔྱོད་ལྡན་དང་གཟུར་གནས་རྣམས་ཀྱིོ་བལྟས་ན་བྱབ་ཆུང་དུ་མཐོང་བས་དེས་ནི་བོད་ཀྱི་གདུང་ཞེན་དང་། ལ་རྒྱ། སྙིང་སྟོབས་སོགས་འཕྲོ་བརླག་ཏུ་གཏོང་ཉེན་ཆེ་བས་ཅུང་གཟབ་ན་ལེགས།
    ཡང་ཨ་རི་དང་ཁ་ན་དྲའི་ནང་ག་འདྲ་ཡིན་མིན་རྒྱུས་མེད། ཡིན་ཡང་ཁྱོད་ཀྱིས་་་་འོན་ཀྱང་ཁྱོད་ཀྱིས་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་དང་གྲངས་ཉུང་བོད་རིགས་གཉིས་འོས་འཕེན་གྱི་ཁྱད་པར་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། ་་་་་ཞེས་ཟེར། འོ་ན་དེ་དང་གཤམ་དུ་ཁྱོད་ཀྱི་བཤད་པ་ལྟར་ཁོང་ཚོ་ཤོག་ཁག་གཉིས་སུ་བྱས་ནས་འོས་འཕེན་བཅུགས་ཡོད་པར་བཤད་པ་གཉིས་སྔ་ཕྱི་ནང་འགལ་དང་ཁྱོད་རང་ལ་ལྟག་ཆོད་འབའ་ཞིག་ཏུ་སོང་། ཡང་རྒྱ་རིགས་དང་བོད་རིགས་ཤོག་ཁག་གཉིས་སུ་བྱས་ནས་འོས་འཕེན་གྱི་ཐོབ་ཐང་སྤྲད་པའི་དབང་དུ་བཏང་ན་དེ་བས་རང་བཙན་ལ་རེ་བ་མེད་པར་ཤེས་པར་བྱོས།
    གྲོགས་པོ་ལགས། སླད་མར་ལན་འདྲ་གཏོང་ན། ཚིག་ཉུང་ལ་དོན་བསྡུས་པ་བརྗོད་པ་གཙང་མ་ཞིག་འབྲི་རོགས། གཞན་ཉག་ཉོག་དང་རྫབ་རྫོབ་མང་དྲགས་ན་ཀློག་འདོད་མི་འདུག། བདེ་མོ།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཨ་ཨ། བློ་འཕེལ་ལགས།
    ངོ་བོ་བསྒྱུར་བའི་རང་བཙན། རྣམ་པ་མི་གསལ་བའི་རང་བཙན། ཕྱེད་རང་བཙན་ལ་སོགས་པའི་མིང་འདྲ་མིན་དེ་བཙན་བྱོལ་གཞུང་གིས་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་པའི་རྒྱ་ཡི་བཅའ་ཁྲིམས་འབྲུ་འདོན་བསམ་འཆར་ཡིག་ཆའམ་རང་སྐྱོང་མངོན་འདོད་ཡིག་ཆ་དེ་ལ། མཐའ་འཁྱོངས་དང་མི་ཆོག་པའི་ཆ་རྐྱེན་དང་མིང་འདྲ་མིན་བཏགས་ནས་ཕྱིར་རྡ་སར་ལོག་བཏང་བ་ཞིག་མ་རེད་པས།

    བྱས་ཙང་རང་བཙན་ཁ་རུ་འཁྱེར་བའི་སྐབས་འཚོལ་བ་ཁ་ཤས་ཀྱིས་སྐུ་མདུན་ཁ་ོ་ཚོའི་རྒྱབ་ཏུ་ཡོད་མདོག་མདོག་གྱིས་བརྡ་ལན་བཏང་ནས་བྱུང་བ་ཞིག་རྩ་བ་ཉིད་ནས་རེད་མི་འདུག།
    རྒྱུ་མཚན། ཀྲུང་ནན་ཧེའེ་ནས་བརྗོད་གསལ་ལྟར་ན། ཏཱ་ལའི་བླ་མས་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་ལ་སོགས་པའི་སྤྱིའི་རྒྱ་ཁྱོན་ཧ་ལམ་རྒྱལ་ཡོངས་ཀྱི་བཞི་ཆ་གཅིག་ཟིན་པའི་བོད་རིགས་འདུས་སྡོད་ས་ཁུལ་ཡོད་ཚད་ཟླ་སྒྲིལ་བཏང་ནས་《བོད་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་གི་གནས་བབས་》ཞེས་པ་འཛུགས་རྒྱུའི་འདོད་ཚུལ་དེར་ལོ་རྒྱུས་དང་དངོས་ཡོད་ཀྱི་གཞི་འཛིན་ས་ཅི་ཡང་མེད་ལ། རང་རྒྱལ་གྱི་མི་རིགས་ཁག་གོང་དུ་འཕེལ་བའི་ཆོས་ཉིད་དང་ཡོངས་སུ་རྒྱབ་འགལ་དུ་གྱུར་བཔ་ཞིག་ཀྱང་རེད། གལ་ཏེ་ཀྲུང་གོའི་གྲངས་ཉུང་མི་རིགས་༥༥ཚང་མས་མི་རིགས་ཀྱི་གྲུབ་ཆ་ལྟར་གཅིག་གྱུར་གྻི་རང་སྐྱོང་ས་གནས་བཙུགས་པ་ཡིན་ན། གྲངས་ཉུང་མི་རིགས་དང་མི་རིགས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་གོང་འཕེལ་འགྲོ་བར་ཚབས་ཆེན་གནོད་ངེས་ཡིན་པ་དང་། མི་རིགས་ཀྱི་རྩོད་གཞི་དང་སྤྱི་ཚོགས་ཟང་ཟིང་སྔར་བྱུང་མ་མྱོང་བ་བཟོ་སྲིད་པས། རྒྱལ་ཁབ་བརྟན་གནས་དང་གཅིག་གྱུར་ཡོང་བར་གནོད་ངེས་ཡིན་པ་མཐོང་ཐུབ་ལ། འདོད་ཚུལ་འདིའི་རྒྱབ་ཏུ་གནས་པའི་འབཡུང་འགྱུར་《བོད་རང་བཙན་》བྱེད་རྒྱུའི་གྲ་སྒྲིགབྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ལས་སླ་པོར་རྟོགས་ཐུབ། ཅེས་བརྗོད་ཀྱིན་འདུག་པས་ཁྱོད་ལྟར་ན་ཁ་ནང་འཁོར་མ་གཏོགས་ཕྱི་འཁོར་མི་ཤེས་པ་ཚོས་ལན་ཇི་ལྟར་འདེབས་སམ། དེས་ན་དབུ་མའི་ས་ལམ་ཚད་ལྡན་ཞིག་འཕོ་རྒྱུ་ཡོད་དམ་མེད། ས་ལམ་དེའི་སྒང་འབྲས་བུ་རང་སྐྱོང་དོན་ལ་གནས་ཡོད་དམ་མེད། མངོན་སུམ་ཞིག་ཐོབ་རྒྱུ་ཡོད་དམ་མེད། རྒྱུ་རྐྱེན་ཅི་ཞིག་ལ་ལྟོས་མིན་རྩ་བ་ནས་མི་ཤེས་པ་མ་ཟད། ད་དུང་དམངས་གཙོའི་ལམ་ལུགས་དང་འགྲོ་སྟངས་སོགས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མི་འདུག། སྤྱིར་ན་དམངས་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཞིག་ནང་གཞུང་དང་ལྟ་གྲུབ་མི་མཐུན་པ་མང་པོ་ཡོད་ཆོག་ལ་ཡོད་དགོས་ངེས་ཡང་རེད། མ་ཟད་དེ་ནི་དམངས་གཙོའི་དགེ་མཚན་ཡང་རེད་ལ་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། དེས་ན་ལྟ་གྲུབ་གཅིག་མ་གཏོགས་སླེབས་མི་ཆོག་པ་དང་ལྟ་གྲུབ་གཅིག་གིས་གཞུང་སྐྱོང་གི་ཡིན་ཟེར་ན་གཞུང་དེ་གང་འདྲ་ཞིག་རེད་བསམ་བློ་གཏོང་དགོས་པ་རེད་ལ། གཅིག་བསྡུས་རིང་ལུགས་དང་འདྲ་སེའེ་ཡོད་པ་མ་རེད་པས།
    མ་གཞི་རང་དབུ་གཉིས་ཀ་བོད་དང་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་དོན་དུ་མ་རེད་པས། དབུ་མ་བདེ་སྐྱིད་དང་རང་དབང་ཡིན་པ་ཞིག་དང་རང་བཙན་བདེ་སྐྱིད་དང་རང་དབང་མིན་པ་འདྲ་ཞིག་གང་འདྲ་རེད། འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་མ་རེད་པས། གནས་སྐབས་འབྲས་བུ་མངོན་འགྱུར་མེད་པ་འདྲ་འདྲ་རེད་པ།

    དེ་ནས་ངས་ཡེ་རྡོར་གྱིས་བདེན་རྫུན་གོ་ལྡོག་གིས་རྩོམ་འཆལ་དེ་ཚོར་ཡིད་ཆེས་བྱེད་ཀྱི་མེད་ཀྱང་ཁོས་བཤད་པ་དེ་ཚོ་ཀྲུང་ནན་ཧེའེ་ཡི་དགོངས་དོན་ངོ་མ་དེ་ཡིན་པ་ངས་ཡིད་ཆེས་ཡོད་ལ་མངོན་གསལ་ཡང་རེད།

    ཡང་བོད་རྒྱའི་བར་གྱི་གཞི་རྩའི་རྩོད་གཞི་དེ་ག་རེ་རེད། ངས་ལྟར་ན་རྒྱ་དང་བོད་རྒྱ་རིགས་དང་བོད་རིགས་ཞེས་རྒྱས་བོད་བཙན་བཟུངས་བྱས་པ་དང་རྒྱ་མི་རིགས་ཀྱིས་བོད་མི་རིགས་ཀྱི་ཁ་རྗེ་དབང་ཐང་། ལུས་སྲོག་ལོངས་སྤྱོད་བཅས་པ་བཙན་ཕྲོགས་དང་གཉའ་སྣོན་ཤུ་ཞོག་ཚད་མེད་བཏང་བས་བོད་མི་རིགས་འདི་འགྲོ་བ་མི་སྤྱི་ལ་ཁྱབ་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་འདྲ་མཉམ་འཚོལ་གྱི་ཡོད་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་གནད་དོན་ཟེར་ན་ཆོག་མི་རིགས་གཉིས་ཀྱིས་གནས་དོན་ཟེར་ན་ཆོག། འོན་ཀྱང་ཁྱོད་ལྟར་ན་དོན་ལ་གནས་མིན་ཇི་ལྟར་ཡང་བདག་གཞན་མཉམ་བརྗེད་ཀྱི་ཁ་པོ་ཆེ་གདངས་ནས་ཡོད་ཚད་བློས་གཏོང་གིས། ང་རྒྱ་མི་ཡིན་ང་ཚོ་ལ་རང་དབང་ཡོད་ཏང་ནི་ང་ཚོའི་ཕ་མ་ཡིན་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་གི་ཡིན་ཟེར། མི་རིགས་ཀྱི་གདུང་ཞེན་བོར། མི་རིགས་ཀྱི་ལ་རྒྱ་བོར། མཐོ་སྒང་གི་བཙན་པོའི་སྙིང་སྟོབས་བོར། མི་རིགས་ཀྱི་ལྟ་བ་བོར། ཨ་ཙི་ཙི་སྐྱོ་བ་ལ།

    གལ་ཏེ་ཀྲུང་གོ་དམངས་གཙོ་ཚད་ལྡན་གྱི་ལམ་དུ་བསྐྱོད་ན་གྲངས་ཉུང་མི་རིགས་ས་སོར་རང་བཙན་བྱེད་དང་རང་སྐྱོང་བྱེད་གཉིས་འདམ་ཀ་འཐོབ་སྲིད་པ་རེད། འོན་ཀྱང་ཁྱོད་ཀྱིས་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་དང་གྲངས་ཉུང་བོད་རིགས་གཉིས་འོས་འཕེན་གྱི་ཁྱད་པར་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། ངས་དམངས་གཙོའི་ལམ་ལུགས་དང་འགྲོ་སྟངས་ལ་ཆ་རྒྱུས་ཡ་རྒྱུས་མི་འདུག་ཟེར་བ་འདི་ལ་ཟེར་བ་རེད། དཔེར་ན་ཨ་རི་དང་ཁེ་ཎ་ཌ་སོགས་ལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དེ་འདྲ་ཡོད་པ་རེད། ཁོ་ཚོ་ཤོག་ཁག་གཉིས་བྱས་ནས་འགའ་རེས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། ཡང་འགའ་རེས་རང་བཙན་མི་དགོས་རང་སྐྱོང་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། བྱས་ཙང་གཞུང་གིས་ཁོང་ཚོ་རང་ཉིད་ཤོག་ཁག་གཉིས་སུ་བྱས་ནས་འོས་འཕེན་བཅུགས་པ་མ་གཏོགས་ཨ་རི་རྒྱལ་ཡོངས་ཀྱིས་འོས་འཕེན་གྱི་མེད་པ་རེད། དཔེ་དེ་བཞིན་ང་ཚོ་ལ་ཡང་འོས་འཕེན་གྱིས་ཐོབ་ཐང་འཐོབ་སྲིད་པ་རེད།
    དེ་མིན་ཁྱོད་ལྟར་ན་འཛམ་གླིང་ནང་མི་འབོར་ཆེ་ཤོས་དེ་དང་གྲངས་ཉུང་བོད་མི་རིགས་གཉིས་འོས་འཕེན་དགོས་ཟེར་ན་འོས་འཕེན་མཁན་དང་འོས་འཕེན་བཅུགས་མཁན་གཉིས་ཀ་ལྐུགས་པའམ་ཤེས་པ་རྣལ་དུ་མ་ཕབ་པ་རེད། ཡང་ཅིག་མིན་ན་རྩ་གཅིག་ཆད་ལྷག་ཤོར་བ་གཏན་འཁེལ་རེད།

    Reply
  4. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་ཅན་ལགས། བསྐྱར་མཇལ་བས་སྤྲོ།
    ཏིང་ལ་མགོ་སྐོར་གཏོང་འདོད་དང་སྒྱུ་མའི་མིག་སྨན་གྱིས་བསླུ་འདོད་ཡོད་མེད་ཇི་ལྟར་ཡང་། སྐུ་མདུན་དང་བཙན་བྱོལ་གཞུང་ཏིང་གི་བསླུ་འོག་ཏུ་ཐེབས་མེད་དེ། ཏིང་གིས་ཚུར་སྒོ་མ་བརྡུང་གོང་ནས་གྲ་སྒྲིག་ཡོད་པས་སོ། །
    རེད་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ཀྲུང་གོར་རྒོལ་བརྡུང་བཏང་མི་ཡོང་ངམ་སྙམ་པའི་རྣམ་དོགས་དང་སེམས་ཁྲལ་ཅིག་ཡོད་ནས་རང་བཞིན་གྱིས་སྒོ་ཚུར་བརྡུང་དགོས་བྱུང་བ་རེད་་་ཟེར། འོ་ན་ཚུར་རྒོལ་བརྡུང་གཏོང་བ་ལ་རང་བཙན་དགོས་པའི་ངེས་པ་མེད་ལ་དབུ་ལམ་གྱིས་ཀྱང་ངོ་། །ཏིང་དང་ཀྲུང་ནན་ཧེ་ལ་སེམས་ཁྲལ་དང་རྣམ་རྟོགས་དེ་ཡོད་པ་བདེན་པ་ཡིན་རྒྱུ་རེད། འོན་ཀྱང་སེམས་ཁྲལ་དེ་སྔར་མའོ་དང་ཀྲུས་ཏེ་བཅས་ནས་བརྒྱུད་པ་ཞིག་ལས་གསར་པ་གང་ཡང་མ་རེད་ལ་དེས་ཚུར་སྒོ་བརྡུང་དགོས་བྱུང་བ་གསལ་པོ་བཤད་རྒྱུ་མེད། གཅིག་བྱས་ན་སྐབས་དེར་ཏིང་གིས་གུ་ཡང་གི་སྲིད་ཇུས་ཤིག་གསར་བཏོད་བྱས་པས་ཀྱང་ཡིན་ཤས་ཆེ། ལྔ་བཅུ་ང་གྲངས་ནང་བོད་བཅོས་སྒྱུར་སྐབས། མའོ་ཡིས་་་བོད་དང་ཐེ་བན་གཉིས་རྙོག་གྲ་ཚ་ཤོས་དང་དེ་གཉིས་ལས་བོད་དེ་ཆོས་ལུགས་ཀྱི་ཀླད་ཞེན་ཆེན་པོར་སོང་ལས་སླ་པོ་མ་རེད་་་ཅེས་བཤད་ཡོད་པ་རེད།
    ཡང་སྐབས་དེར་ཀྲུང་གོ་གཉིད་སྐྱིད་པོ་ཁུག་མི་འཇུག་མཁན་དེ་ཕྱི་ཤོར་གྱི་བོད་གཞུང་མང་ལས་སྐུ་མདུན་བརྩིས་ཡོད་པ་རེད། སྐུ་མདུན་རྒྱ་གར་དུ་ཤོར་ཚར་དུས་་་མའོ། ཏིང་། ཀྲུས་ཏེ། སོགས་ཀྱིས་མགྲིན་གཅིག་ཏུ་་་་ད་རྙོག་དྲ་ཆགས་སོང་ཞེས་བཤད་པ་རེད། གཞན་བོད་མི་གང་ཙམ་ཕྱི་ལོགས་སུ་ཕྱིན་ཀྱང་སྐུ་མདུན་མ་ཤོར་ན་དེ་ཙམ་ནུས་པ་མི་ཐོན་པར་མའོ་སོགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རེད་དེ་སྟབས་ལེགས་པ་ཞིག་ལ་ཏིང་གི་བོད་ཐོག་ནོར་འཁྲུལ་ཞིག་བྱུང་བ་སྐབས་དེར་ཁོ་རང་གིས་ཧ་གོ་ཡོད་རྒྱུ་མ་རེད། ནོར་འཁྲུལ་ནི། ས་མཚམས་ཀྱི་གུ་ཡངས་རེད། ས་མཚམས་གུ་ཡངས་བཏང་བར་བརྟེན་གྱ་གྲངས་ནས་གསར་འབྱོར་འབོར་ཆེན་སླེབས་ཙང་བཙན་བྱོལ་གཞུང་མང་གཉིས་ཀ་ནུས་པ་ཆེ་རུ་ཕྱིན་ཙང་ད་ཚོད་ཧུའུ་ལ་གང་འཚམ་འགྱོད་པ་ཡོད་པ་རེད།
    གྲོགས་པོ། ངས་ཁ་ནང་བལྟས་ཀྱི་དབང་དུ་བྱས་ནས་ཞེས་བཤད་པའི་དོན་དག་ཁྱོད་ཀྱིས་མ་གོ་བ་ཡིན་ནམ་མ་གོ་ཁུལ་བྱས་པ་ཡིན། དབུ་ལམ་ལ་ས་ལམ་ཚད་ལྡན་མི་འཕོས་ཡ་དེ་སྤྱིར་ཕྱི་ནང་གཉིས་ཀར་རགས་ལོས་ལས། འོན་ཀྱང་དམིགས་སུ་བཀར་ནས་རང་ངོས་ནས་ལམ་དེའི་ཐོག་རྡོག་རྩ་གཅིག་སྒྲིལ་མ་བྱུང་ཙང་ཚད་ལྡན་གྱི་ས་ལམ་མ་འཕོས་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ་ཕར་ཕྱོགས་ནས་ཏཱ་ལའི་བླ་མས་མངོན་པར་མི་གསལ་བའི་རང་བཙན་རྩོད་ཀྱི་འདུག་ཟེར་དགོས་དོན་ཡང་རང་བཙན་ཁ་རུ་འཁྱེར་བའི་སྐབས་འཚོལ་བ་ཁ་ཤས་ཀྱི་སྐུ་མདུན་ཁོང་ཚོའི་རྒྱབ་དུ་ཡོད་མདོག་མདོག་གྱིས་བརྡ་ལན་བཏང་པས་རེད་བསམ།
    ཡང་གཅིག་བཤད་ན། ཡེ་རྡོར་དང་ཀྲུང་ནན་ཧའེ་སུའི་རྩོམ་བྲིས་ཡིན་ཡང་ཡིད་ཆེ་མེད་ལ་ཁུངས་ལུང་འདྲེན་འདོད་དེ་བས་ཀྱང་མེད།
    གསེར་ལགས། ཅང་དང་ཧུའུའི་བར་གྱི་འགལ་ཟླ་དེང་སང་གི་རྒྱའི་ཉམས་ཞིབ་པ་ཚོས་བཤད་ཀྱི་ཡོད་པ་རེད་ལ་བོད་རྒྱའི་བར་གྱི་གཞི་རྩའི་རྩོད་གཞི་གཙོ་བོ་ངོས་མ་ཟིན་ན་ཁྱོད་ཀྱི་སྐད་ཆ་དེ་ག་རང་ཡོང་གི་རེད། ཡང་མི་རིགས་ཀྱི་གནད་དོན་སྒང་ཕྱིན་ན་ཁྱོད་ཀྱི་བཤད་པ་ལྟར་རྒྱ་རིགས་ཚང་མ་ཁ་ཕྱིར་བསྐོར་ན་རྡོག་རྩ་གཅིག་སྒྲིལ་ཡིན་སྲིད་ཀྱང་ཆབ་སྲིད་ཀྱི་གནད་དོན་ཕྱོགས་ནས་དཔེར་ན། མང་གཙོ་རྩོད་ལེན་པ་དང་ཧའ་ལོང་གོང་སོགས་རྒྱ་ནང་ནང་ཁུལ་དུ་ལྟ་བ་མི་མཐུན་པ་མང་ཐག་ཆོད་ཡོད་པ་ཁྱོད་ཀྱི་ཤེས་མདོག་ཁ་པོ་རེད།
    ཡང་གལ་ཏེ་དམར་པོའི་སྲིད་གཞུང་མགོ་རྟིང་སློག་ནས་ཚད་ལྡན་གྱི་མང་གཙོའི་རང་བཞིན་ལྡན་པའི་གཞུང་ཞིག་ཆགས་ན་ཡང་ཆོལ་གསུམ་གཅིག་སྒྲིལ་གྱི་བོད་རང་བཙན་ཞིག་རགས་རྒྱུ་ནི་ཉིན་མོའི་སྐར་མ་ནང་བཞིན་རེད། རྒྱ་མི་རིགས་ལ་མཐོ་སྒང་བོད་པ་ཚང་མེད་དུ་མི་རུང་པར་སོང་ཙང་ས་ཡ་དང་དུང་ཕྱིར་གཉིས་ལས་དུང་ཕྱིར་ལ་མང་མོས་ཐོག་ནས་ཐོབ་ཀྱི་རེད། གཞན་ཡང་སྐབས་དེར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཐག་གཅོད་མ་གནང་བར་འགྲོ་མེད་ལ། ཁྲིམས་ཐོག་ན་ཆོལ་གསུམ་ཆིག་སྒྲིལ་གྱི་རང་བཙན་ལ་དཔང་རྟགས་ཁབ་དང་སྐུད་པ་ཙམ་ག་པ་ཡོད། འབྲི་ཆུས་བཅད་པའི་རང་བཙན་ཕྱེད་ཁ་ཞིག་རགས་ཤས་ཆེ་ལ་དེས་ཚིམ་མིན་རང་བཙན་རྩོད་ལེན་པ་ཚོའི་ཐུགས་ལ་ཡོད་མདོག་ཁ་པོ་རེད། དེ་དུས་རང་བཞིན་གྱི་དབུ་ལམ་ལ་ས་ལམ་ཚད་ལྡན་ཞིག་མི་འཕོས་རང་འཕོས་ཆགས་ཀྱི་རེད།

    བདེ་མོ།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་འཕེལ་ལགས་། སྐུ་ཁམས་བཟང་།
    ངས་ཏིང་གིས་སྒྱུ་མ་མཁན་ལ་སྤྲུལ་ནས་རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་ཡང་བཤད་ཆོག་ཞེས་རྒྱ་ལོ་དོན་གྲུབ་བརྒྱུད་ནས་༧སྐུ་མདུན་དབུས་བཙན་བྱོལ་གཞུང་དམངས་གཉིས་ཀར་མགོ་བསྐོར་དང་པོ་དེ་བཏང་ནས་སྒོ་ཚུར་བརྡུང་པ་རེད།
    ཏིང་གིས་རྒྱ་ལོ་དོན་གྲུབ་ལ་མངོན་སུམ་གྱིས་སྐད་ཆ་དེ་བཤད་ཡོད་ན། ཏིང་གིས་བོད་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པས་ཀྲུང་གོ་གཅིག་གི་ནང་མོལ་བྱས་ཆོག་ཞེས་མ་བཤད་པར། རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་ཞེས་རང་བཙན་འབུར་དུ་བཏོན་ནས་བཤད་པ་དེས། ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ཀྲུང་གོར་རྒོལ་བརྡུང་བཏང་མི་ཡོང་ངམ་སྙམ་པའི་རྣམ་དོགས་དང་སེམས་ཁྲལ་ཅིག་ཡོད་ནས་རང་བཞིན་གྱིས་སྒོ་ཚུར་བརྡུང་དགོས་བྱུང་བ་རེད། མ་གཞི་ནས་ཏིང་འདི་ལྐུགས་པ་མ་རེད་ལ་སྤྱང་གྲུང་རང་བཞིན་ལྡན་པའི་མི་ཞིག་ཡིན་ཙང་། བོད་ཀྱི་དཀའ་རྙོག་འདི་ཆུང་ཆུང་ཞིག་མིན་པ་དང་ག་དུས་ཡང་ཀྲུང་གོ་གཉིད་སྐྱིད་པོ་ཁུགས་མི་འཇུག་མཁན་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པ་རེད། བྱས་ཙང་ཁོས་རྒྱ་ལོ་དོན་གྲུབ་བརྒྱུད་བཙན་བྱོལ་ཚང་ལ་སྒྱུ་སྤྲུལ་འདི་བསྟན་པ་རེད། ཏིང་ལ་རྣམ་རྟོགས་གཅིག་དང་སེམས་ཁྲལ་ཞིག་ཡོད་པ་དེ་སྐབས་དེ་དུས་ཀྱི་ཀྲུན་ནན་ཧེའེ་ལ་ཡོད་པ་ཁྱབ་ལ། ཏིང་ནི་སྐབས་དེ་དུས་ཀྱི་དབང་ཆ་གཅིག་སྡུད་རིང་ལུགས་དང་སྲིད་དབང་སྒེར་འཛིན་ཡིན་པ་མ་ཟད། ཀྲུན་ནན་ཧེའེ་ཡིས་རླབས་ཆེན་གྱི་གཙོ་འཛིན་དང་མའོ་ཡི་ལྟ་གྲུབ་ལ། ཙི་ཙི་འཇུས་ཐུབ་ན་ཞི་མི་དཀར་ནག་ལ་ཁྱད་པར་མེད་པའི་བཅོས་བསྒྱུར་ཐེངས་གཅིག་བཏང་ནས། ཕྱི་ཕྱོགས་སྒོ་མོ་དབྱེ་ནས་ནང་ཁུལ་དཔལ་འབྱོར་འཁྲུག་ཏུ་གཏོང་དགོས་པའི་སྲིད་ཇུས་ཀྱིས་ནུབ་ཕྱོགས་ཀྱི་བཟོ་གྲྭ་དང་འབྱོར་ལྡན་རྒྱལ་ནང་དུ་མ་འཇོག་བྱེད་དུ་བཅུགས་ནས། ཀྲུང་གོ་འབྱོར་ལྡན་གྱི་ལམ་དུ་བསྐྱོད་འཇུག་མཁན་ཡིན་ཙང་། ཀྲུང་ནན་ཧེའེ་ཡི་དམར་ཤོག་ཏང་ཡོན་ཡོད་ཚད་ཀྱིས་ཁོང་གི་རིག་པའི་གཞུང་ལུགས་ལ་ཡིད་ཆེས་དང་སློབ་སྦྱོང་བྱེད་མཁན་རྐྱང་རྐྱང་ཡིན་པར་རྟེན། སྐབས་་དེ་དུས་ཀྱི་ཀྲུང་ནན་ཧེའེ་ལ་ཡང་རྣམ་དོགས་དང་སེམས་ཕྲལ་ཞིག་ཡོད་པ་གསལ་པོ་མ་རེད་པས། མ་གཞི་ནས་ཏིང་གིས་རྒྱལ་ལོ་དོན་གྲུབ་ལ་སྒྱུ་སྤྲུལ་གྱིས་རང་བཙན་མིན་པའི་གཞན་སྐད་ཆ་ག་རེ་ཡིན་ན་ཡང་བཤད་ཆོག་ཞེས་པ་དེ་ཡིག་ལ་མེད་ཙང་། ད་ཆ་ཧུའུ་ཡི་སྲིད་གཞུང་གིས་ངོས་ལེན་མ་བྱས་ཙང་རྒྱལ་ལོ་དོན་གྲུབ་མནའ་སྐྱེལ་གྲབས་སྐྱེལ་གྲབས་བྱེད་ཀྱི་འདུག་ཀྱང་དེ་ནི་ཏིང་གི་སྒྱུ་སྤྲུལ་འདི་ལ་མགོ་འཁོར་བསྡད་པ་དེ་རེད།
    དེས་ན་ལམ་དབུ་མ་ས་ལམ་ཚད་ལྡན་འདི་ནས་མ་འཕོས་པ་རེད་མ་གཏོགས་ཁ་ནང་བལྟས་ཀྱི་འགོག་རྐྱེན་བཟོས་པ་ཅང་མིན་པས། སྣང་གནས་འདི་ནས་མ་མཐུན་པར་རྟེན་ངོ་འདིར་རིག་མི་འདུག་ངོ་བསྟོད་བྱེད་རྒྱུ་ཅང་མི་འདུག་པས། རང་སྐྱག་རང་གིས་ཟ་དགོས་པ་འདྲ།

    དེ་ནས་ངས་ཡེ་རྡོར་ཁུངས་སུ་བྱས་པར་ཁྱོད་ཡ་མཚན་སྐྱེ་གཞི་མི་འདུག་ལ་ང་ཡེ་རྡོར་དང་བློ་མཐུན་ཡིན་པའི་རྣམ་དོགས་ཡང་སྐྱེ་གཞི་མེད་ཀྱང་། ཁྱོད་ལ་གནས་ལུགས་དང་རྒྱུ་མཚན་དྲངས་རྒྱུ་རྫོགས་ནས་ཡེ་རྡོར་གྱི་བློ་མཐུན་དང་རྒྱ་ཉུལ། མུ་སྟེགས་པ་དང་དམར་ཤོག་སོགས་ཀྱི་སྒྲོ་འདོགས་པ་ནི་ཁྱོད་ཚོའི་གཤིས་སུ་སྒྲུབས་འདུག། ངས་བཤད་བྱ་ནི་ཡེ་རྡོར་ནི་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའི་རྩོམ་བྲིས་པ་དང་ཟིན་བྲིས་པ་རེད་ལ། དབུས་འཐབ་ནི་ཀྲུང་ནན་ཧེའེ་ཡི་འཁྲབ་སྟོན་པ་རེད། དེས་ན་དབུས་འཐབ་ཀྱིས་ཀྲུང་ཧེའེ་བཀའ་གསུང་སྤྱི་བསྒྲུབ་ཞུ་དགོས་པ་ལས་རང་སྣང་གང་དྲན་མེད་ཙང་། ཡེ་རྡོར་གྱིས་ཀྲུང་ཧེའེ་དགོངས་དོན་ངོ་མ་ཟིན་བྲིས་སུ་བཏབ་པ་དེ་རྩོམ་ཡིག་གི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད་ཙང་། ཡེ་རྡོར་ཁུས་སུ་བྱས་པར་གནས་ལུགས་དང་རྒྱུ་མཚན་ཅུང་ཟད་ལྡན་ཡོད།

    དེས་ན་ཁྱོད་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མི་འདུག་ལ་ད་དུང་ཅང་དང་ཧུའུ་འགལ་ཟླ་བཟོ་རྒྱུ་ཞེས་པ་ནི་ཁྱོད་རྨི་ལམ་བཏང་བ་ཡིན་རྒྱུ་རེད་པ།
    རྒྱུ་མཚན་རྒྱ་རོ་དེ་ཚོ་ནང་ཁུལ་འགལ་ཟླ་ག་ཚོད་ཡོད་ཀྱང་ཁ་ཕྱིར་བསྐོར་ཡོང་དུས་རྡོག་རྡོག་གཅིག་རེད་ལ། ཡིན་རྟགས་ཡང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་་གདུག་རྩུབ་ག་ཚོད་ཆེ་ན་ཡང་རྒྱལ་སྤྱི་དང་ལྷག་པར་དུ་ཨ་རི་དང་ནུབ་ཕྱོགས་ལ་ཁ་གཏད་གཅོག་རྒྱུར་མེད་དུ་མི་རུང་བ་ཞིག་ངོས་འཛིན་གྱིས་དེ་གལ་ཆེར་རྩིས་ཀྱི་ཡོད་པ་རེད། མ་ཟད་ཏང་ཀྲུང་དབྱང་སྲིད་གཞུང་འགྱུར་བ་མེད་པ་གནས་ཐུབ་པ་ཡང་དེ་རེད། དེས་ན་སྤྱང་གྲུང་དང་གཡོ་ཇུས་རང་བཞིན་ལྡན་པའི་ཏང་ཀྲུང་དབྱང་སྲིད་གཞུང་ཁྱོད་ཀྱིས་ཕྱི་ལོག་ནས་ནམ་ཡང་མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད་དོ། བྱས་ཙང་ནང་ཁུལ་རང་ནས་འགལ་ཟླ་རང་བཞིན་ལྡན་པ་ཆགས་ནས་དམར་ཤོག་སྲིད་གཞུང་མགོ་རྟིང་ལོག་ནས་ཀྲུང་གོ་དམངས་གཙོ་ཕྱོགས་སུ་བསྐྱོད་ན། ཁྱོད་དབུ་ལམ་པ་ཚོ་འབྲས་བུ་རང་སྐྱོང་མངོན་འགྱུར་ཡོང་སྲིད་པ་རེད་ལ། ངེད་ད་ལྟའི་མི་རབས་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་ཀྱི་ལྷན་སྐྱེས་ཀྱི་འཐོབ་ཐང་འབྲས་བུ་རང་བཙན་མངོན་འགྱུར་ཡོང་སྲིད་པ་རེད། དེ་མིན་ཁྱོད་དབུ་ལམ་པ་ཚོ་དང་ངེད་རང་བཙན་པ་ཚོ་གཉིས་ཀ་འབྲས་བུ་མངོན་འགྱུར་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད་པ། རྒྱུ་མཚན་སྔོན་ནས་བཤད་ཟིན། དེས་ན་གཞོང་པ་སྟོང་པ་གཞོང་འཛིང་རྒྱབས་ནས་ཅང་ཕན་ནི་མ་རེད་དོ།

    Reply
  6. གནས་ཚང་། says:
    ལོ་ 13 སྔོན།

    གསར་འགོད་པ་ལྐུགས་པ་ཚོ། སྤྱི་འཐུས་ལྐུགས་པ་ཚོ། མཁས་དབང་ལྐུགས་པ་ཚོ། རྗེས་འཇུག་པ་ལྐུག་པ་ཚོ། གལ་སྲིད་ཁྱེད་རང་ཚོས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོས་མན་ཇུའི་འོག་ནས་རང་བཙན་བླངས་པའི་རྒྱལ་ཁབ་དེའི་མཇུག་མཐུད་བསམ་གྱི་ཡོད་ན། དེ་ནི་རྒྱལ་ཁབ་སླར་གསོ་ཞེས་འཔོད་འོས་པ་ལས་རང་ཙན་ཞེས་བོས་ན་གོ་ལོག་ཐེས་ཀྱིན་པར་མ་ཟད། བོད་ཀྱིས་ད་ལྟ་གཞི་ནས་ལོགས་སུ་རང་བཙན་བྱ་རྒྱུ་རེད་ཅེས་པ་ཞིག་ལ་གོ་བཞིན་པས། ལྐུགས་པ་རེད་དམ་མཁས་པ་རེད། ད་དུང་དེ་འདྲ་ཞིག་ཀྱང་མགོ་ཚོས་ཀྱི་མི་འདུག

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རང་བཙན་གྱི་ཆེད་དུ་བཙུགས་ལས་བོད་མིའི་ཆེད་དུ་བཙུགས་པ་མིན་པ་འདྲ།
    དབུ་ལམ་གྱི་ཁ་གཏད་དུ་བཙུགས་པ་ལས་བོད་མའི་སྒྲིགས་འཛུགས་ཀྱི་ཆེད་དུ་བཙུགས་པ་མིན་པ་འདྲ།
    རང་གི་གོ་སའི་ཆེད་དུ་བཙུགས་པ་ལས་བོད་མི་རིགས་ཀྱི་ཆེད་དུ་བཙུགས་པ་མིན་པ་འདྲ།
    བོད་མིའི་ཆེད་དུ་དང་སྒྲིག་འཛུགས་ཀྱི་ཆེད་དུདང་བོད་མི་རིགས་ཀྱི་བཙུགས་པ་ཁུངས་སྐྱེལ་མེད་པ་འདྲ།

    Reply
  8. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་ལགས་བཀྲ་ཤིས་བདེ་ལེགས།
    གདེང་ཚོད་དང་བཅས་ཀྲུང་ནན་ཧའེ་ལ་དེ་འདྲའི་སེམས་ཁྲལ་ཡོད་པར་བཤད་འདུག། ག་འདྲ་ཧ་གོ་སོང་། ? ཀྲུང་ནན་ལ་སེམས་ཁྲལ་དེ་ཡོད་པའི་རྒྱུ་མཚན་གྱིས་ཏིང་ལའང་ཡོད་པ་སུས་ཤེས། སྐབས་དེར་ཏིང་ལ་དེ་འདྲའི་སེམས་ཁྲལ་དགོས་དོན་མེད། གང་ཡིན་ཞེ་ན། ཁོ་རང་མའོ་ཡི་བཙན་འོག་ནས་བཅིངས་གྲོལ་ཐོབ་པ་དང་གཅིག། མི་བཞིའི་ཤོག་ཁག་རྩ་མེད་བཟོས་པ་དང་གཉིས། རིག་གནས་བརྗེ་མཇུག་བསྒྲིལ་བ་དང་གསུམ་གྱིས་ཁོ་རང་འགྲོ་ཡངས་སྡོད་བདེ་ཆགས་པ་མ་ཟད། སྤྱི་ཁྱབ་དང་དམག་དོན་གཉིས་ཀའི་གཙོ་འཛིན་ཁོ་རང་ཆགས་ཚར་བ་རེད།
    ༡༩༥༠ ལོར་ཆབ་མདོ་ཤོར་ཚར་ནས་སྡེ་གཞུང་ཨུ་ཐུག་ཐབས་ཟད་དེ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ལོ་བཅུ་དྲུག་ཅན་གྱི་སྐུ་མདུན་སྒང་ལ་གཡུག་པ་རེད་ལ་དེ་དུས་བོད་ཀྱི་ས་གནས་མང་ཆེ་བར་རྒྱ་དམག་གིས་བཙན་འཛུལ་བྱས་ཚར་བ་རེད། དེ་ནས་བཟུང་༡༩༥༩ བར་གྲོས་མོལ་ཐེངས་གཉིས་བཏང་བ་རེད། གྲོས་མོལ་ནི། ཕན་ཚུན་གཉིས་ཀར་བསམ་བློ་གཏོང་དགོས་པ་ལས། རང་རྒྱལ་གཞན་ཕམ་ཞིག་ལ་གྲོས་མོལ་ཟེར་འདོག་མེད།
    བཙན་བྱོལ་དུ་འབྱོར་ནས་དོན་ཚན་བཅུ་བདུན་རྩིས་མེད་དུ་བསྒྲགས་པ་བདེན་པ་རེད། དེ་ནས་ལོ་རབས་བརྒྱད་བཅུ་པ་བར་དམངས་དང་མཐོ་རིམ་ཀླད་མཁྲེགས་ཁ་ཤས་ཀྱིས་རང་བཙན་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་སྒྲོ། འོན་ཀྱང་ངའི་གོ་ཚོད་ལ། བོད་ས་ཡོངས་རྫོགས་ཤོར་ནས་བཟུང་༸གོང་ས་མཆོག་གིས་གྲོས་མོལ་ལས་ཐབས་གཞན་མེད་པར་གཟིགས་ནས་་་་དབུ་ལམ་གྱི་ཐ་སྙད་མ་བྱུང་གི་བར་དུ་་་་བོད་ལ་བདེ་སྐྱིད་དགོས་་་་ཞེས་བསྒྲགས་པ་ལས་་་་རང་བཙན་དང་ཐབས་གཞན་བསྟུན་མཁས་ཀྱིས་བསྒྲགས་མེད་པར་གོ། ཁྱོད་ལ་གསལ་པོ་བཤད་ཡ་ཡོད་ན་ཤོད། མེད་ན་སྒྲོ་འདོགས་མ་གནང་རོགས།
    གློ་དམག་དཔེར་མཚོན་བཀོད་འདུག་པས་དེ་ལས་གཞན་ཁྱོད་ལ་བཤད་རྒྱུ་མེད་ཚོད་རེད། གློ་དམག་ནི་ཁ་འཐོར་དུ་མ་སོང་བར་ཨ་རིའི་སྟངས་འཛིན་དང་ཁེ་ཕན་འོག་ནས་གློ་ཡུལ་རི་སྒང་ནས་འགྲོ་ཤེས་འདུག་ཤེས་བྱེད་རྒྱུ་ལས་ང་རང་ཚོའི་འདོད་པ་ཁེངས་པ་ཞིག་བྱུང་མེད། ང་ཚོར་དགོས་ཡ་གཞིས་བྱེས་གཉིས་ཀྱི་མི་མང་དང་རང་དབང་གི་ཚོགས་སྡེ་དེ་བཞིན་སྒྲིག་འཛུགས་ཁག་གི་ངོ་རྒོལ་རེད། དེ་ནི། སྐབས་དེར་ཧ་ཅང་དཀོན་མོ་རེད། གང་ཡིན་ཟེར་ན། བོད་ནང་དུ་རིག་གནས་གསར་བརྗེ་སླེབས་ཚར་བ་དང་བཙན་བྱོལ་པ་ཚོར་གནས་མལ་དང་ལྟོ་གོས་ཀྱི་དཀའ་ངལ་འཕྲད་བཞིན་པ་མ་ཟད་མང་པོ་ལྟོག་ཤི་ཐེབས་པའི་སྐབས་རེད།
    ཡང་ཁྱོད་ཀྱི་ཡེས་རྡོར་ཁུངས་སུ་དྲངས་ཡོང་དུས་ང་ལ་ཚོར་སྣང་ཁྱད་མཚར་ཞིག་བྱུང་། ཡེས་རྡོར་ལ་ཡིད་ཆེ་ནས་ཁུངས་སུ་བྱས་པ་ཡིན་ནམ་ཨུ་ཐུག་ནས་ཁུངས་སུ་བྱས་པ་ཡིན། ཅིག་བྱས་ན་ཁྱོད་གཉིས་བསམ་ཚུལ་གཅིག་མཚུངས་ཡིན་སྒྲོ། ཡང་སྤྱི་ཡོང་གི་ཆ་ནས་བཙན་བྱོལ་གཞུང་མང་རྡོག་རྩ་གཅིག་སྒྲིལ་དང་འཛུབ་མོ་ལྔ་བཅངས་ཁུ་ཚུར་ཡིན་རྒྱུ་རེད་དེ། དེང་སང་ལ་ལྟོས་ཏེ་མིན་པར་ཚོགས་པ་བཅུ་གསུམ་གྱིས་ཤེས་ནུས།
    ངེད་ཀྱི་ཁ་སྔོན་བཤད་པ་ལྟར་ཡིན། ཁ་ནང་བལྟས་ཀྱི་དབང་དུ་བྱས་ན་་་་དབུ་ལམ་ལ་ས་ལམ་ཚད་ལྡན་ཞིག་མི་འཕོས་ཡ་དེ་་་དངོས་ཤུགས་བརྒྱད་གསུམ་ནས་འགོག་རྐྱེན་མང་དྲགས་པས་རེད། དེ་ཡང་གཏམ་དཔེར། ངོ་ཪིག་ན་ངོ་སོ་བསྟོད། ངོ་མ་རིག་སྐྱག་པ་ཟོ། ཟེར་བ་འདྲ་བོ་ཆགས་བསྡད་ཡོད་པ་རེད།
    ཡང་ཁྱོད་ཀྱི་སྣང་གནས་མི་མཐུན་པའི་སྐོར། ཀྲུང་ནན་ཧའེ་ཕྱོགས་གཏོགས་དང་བཅས་ལ་གང་སྣང་ཐམས་ཅད་སེར་པོར་སྣང་གི་ཡོད་ཙང་ཁག་མེད། དེ་ལས་སྡིག་པ་གཅིག་ལ་རང་བཙན་རྩོད་ལེན་པ་ཁ་ཤས་ལ་ཁྱོད་ཀྱི་བཤད་པའི་སྣང་གནས་མི་མཐུན་ཚུལ་དེ་དག་དག་འགྲོ་གི་འདུག་བསམ། ཁོང་ཚོར་སྣང་ཚུལ་ལ་ཁྱོད་ཀྱི་བཤད་པ་དེ་ལྟར་སྣང་ཡང་གནས་ཚོད་ལ་གཞན་ཞིག་ལག་ལེན་བསྟར་གཞིན་ཡོད་པ་རེད། ཡང་རྫབ་ཆེ་བ་ཞིག་ནི། ཁོ་རང་ཚོའི་རྒྱབ་དུ་གོང་ས་མཆོག་ཡོད་མདོག་མདོག་དང་རང་ལུས་མེ་རུ་སྒྲོན་མཁན་ཚོའི་དགོས་འདུན་གཙོ་བོ་རང་བཙན་ཡིན་མདོག་མདོག་གི་སྒྲོ་འདོགས་བྱེད་ཀྱིན་ཡོད་ཙང་རྫུན་པ་ལ་ནམ་ཡང་རྒྱབ་སྐྱོར་བྱེད་ཐབས་མེད།
    ཐབས་འདྲ་མིན་ཐོག་ནས་བོད་དོན་གླེང་བ་ལ་རྒྱབ་སྐྱོར་ལོས་ཡོད་དེ། ཐབས་འདྲ་མིན་ཞེས་ཐབས་ལམ་ཐོག་ཡང་རྙོག་དྲ་ཡོད་ཤས་ཆེ།

    ལོ་འདིར་རྒྱ་གཞུང་གི་དབང་ཆེན་ཕྱོགས་ཁག་བར་གྱི་དབང་རྩོད་འགལ་ཟླ་ཛ་དྲག་ཏུ་གྱུར་ཏེ་སྔར་གྱི་ནང་ཁུལ་གསང་རྒྱ་ལས་བརྒལ་ནས་རྒྱལ་སྤྱིའི་སྟེང་དུ་མཆེད་པས། ཕྱི་ནང་ཀུན་ན་དེའི་སྐོར་གྱི་གསར་འགྱུར་དང་རྒྱ་ནག་དམར་ཕྱོགས་ཀྱི་དཔོན་གནས་འཕོ་འགྱུར་ལ་ཚོད་དཔག་གི་གླེང་སློང་ཡང་སྣ་ཚོགས་འོང་གིན་འདུག དབང་རྩོད་དུ་ཞུགས་པའི་མི་སྣ་ལ་རིམ་པ་དང་ཁྱབ་ཁོངས་འདྲ་མིན་ཡོད་པ་དང་། ཆེ་ས་ནས་བལྟས་ན། སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་ཕྱོགས་ཁག་དང་ལས་ཐོག་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཕྱོགས་ཁག་གཉིས་ཡིན། ཁ་ཅིག་གིས་ད་ལོའི་དབང་རྩོད་ཀྱི་ཛ་དྲག་གནས་སྟངས་ནི་རིག་གནས་གསར་རྗེའི་སྐབས་ཀྱི་ཚད་དང་མཉམ་པར་བཤད། ཁ་ཤས་ཀྱིས་རྒྱ་ནག་དམར་ཕྱོགས་ཀྱི་སྲིད་དབང་མི་རིང་པར་འཐོར་ཞིག་ཏུ་འགྲོ་བར་བཤད་པ་དང་། ཡང་ཁ་ཤས་ཀྱིས། ནང་ཁུལ་གྱི་འགལ་ཟླ་ཆེ་ཡང་སྒེར་གཅོད་སྲིད་དབང་འཇིག་ན། འགོ་ཁྲིད་ཉེས་ཅན་པ་མང་པོ་མི་དམངས་ཀྱིས་ཁྲིམས་ལ་སྦྱར་བ་དང་དབང་འབྱོར་གཉིས་ཆ་ཤོར་སྲིད་པས། ཅི་ལ་ཐུག་ཀྱང་ཚང་མ་རྟེན་སའི་སྲིད་དབང་དེ་འཐོར་ཞིག་ཏུ་མི་འགྲོ་བ་བྱ་ངེས་ཟེར། གང་ལྟར་ང་རང་གིས་བསམ་གཞིགས་བྱ་འདོད་པ་ནི་ཀྲུང་ནན་ཧའེ་རུ་དབང་རྩོད་འགལ་ཟླ་ཆེ་བའི་སྐབས་དང་བསྟུན་ནས་བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་པ་དེ་ཡིན།

    བཙན་བྱོལ་གྱི་བོད་དོན་ལས་འགུལ་བ་གྲགས་ཅན་ཕལ་ཆེ་བར་གཅིག་མཚུངས་ཀྱི་ཞན་ཆ་ཞིག་ཡོད་པ་ནི་གནས་བབ་ལ་ལྟོས་ཏེ་ཉེས་ཅན་གཏེ་བོ་བྱེ་བྲག་པ་ཞིག་ཐེར་འདོན་མི་བྱེད་པར། འཆར་ཅན་དུ་རྒྱ་ནག་གཞུང་ཟེར་ནས་རྒྱ་ནག་གི་དབང་འཛིན་པ་ཐུན་མོང་ལ་ཁ་གཏད་གཅོག་པ་འདི་ཡིན། ཐ་ན་རྒྱ་ནག་མི་མང་ཀུན་པོ་དགྲ་ཟླར་བཟུང་ནས་ངོ་རྒོལ་གྱི་རྣམ་པ་ཕྱིར་འདོན་མིའང་འདུག རྒྱ་ནག་དམར་ཕྱོགས་སྲིད་གཞུང་གི་གནས་བབ་ལ་དཔག་སྟེ་ཐབས་མཁས་ཀྱི་ལས་འགུལ་སྤེལ་མ་ཐུབ་པའི་རྒྱུ་མཚན་གྱིས། ང་ཚོས་རྒྱ་ནག་དམར་ཕྱོགས་སྲིད་གཞུང་བཟང་ཕྱོགས་སུ་འགྱུར་བའམ་གློ་བུར་འཐོར་ཞིག་ཏུ་འགྲོ་བར་སྒུག་པ་དང་། དཔལ་འབྱོར་ཁེ་ཕན་ཁོ་ན་བསམ་པའི་སྟོབས་ལྡན་སྲིད་གཞུང་ཁག་གི་སྙིང་རྗེ་ལ་སློང་མོ་བྱེད་པ་ལས་ཐབས་ལམ་གཞན་མ་རྙེད།

    སྤྱིར་བོད་འདི་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གིས་བཙན་བཟུང་བྱས་པ་དེ་རྩོད་མེད་ཡིན་ཡང་། གནས་དུས་ཀྱི་དབང་གིས་ང་ཚོའི་ཁ་གཏད་རྒྱ་ནག་དམར་ཕྱོགས་ཀྱི་འགོ་ཁྲིད་དང་། དེའི་སྲིད་དབང་གི་གནས་སྟངས། རྒྱལ་སྤྱིའི་སྲིད་འབྱོར་གྱི་ཁ་དབུགས་སོགས་ལ་འགྱུར་ལྡོག་འབྱུང་བ་ཡིན། འགྱུར་ལྡོག་དེ་འདྲའི་ཁྲོད་ན་ང་ཚོར་གོ་སྐབས་ཡོད་ལ་ཉེན་ཁའང་མཆིས། དེའི་ཕྱིར་ངེས་པར་དུ་འགྱུར་ལྡོག་དེ་རིགས་ལ་སྔོན་དཔག་དང་གྲ་སྒྲིག་གིས་ལས་འགུལ་སྤེལ་བ་གལ་ཆེ། ད་ལྟའི་གནས་སྐབས་འདིར་འགྱུར་ལྡོག་ཅིག་འབྱུང་གིན་ཡོད་པས་ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་སམ་ཞེ་ན། ཅང་ཧུའུ་ཕྱོགས་ཁག་གཉིས་ནང་འཛིང་གི་སྐབས་དང་བསྟུན་ནས། ང་ཚོས་ཧུའུ་ཅིན་ཐའོ་གང་ཟག་སྒེར་བ་ཐེར་འདོན་བྱས་ནས་འཛམ་གླིང་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས། ཧུའུ་ཅིན་ཐའོ་ཡིས ༡༩༨༨ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེའི་འགན་འཁུར་བ་ནས་ད་བར་དུ་། བོད་མིར་གདུག་རྩུབ་ཀྱི་སྲིད་ཇུས་ལག་ལེན་བྱས་པ་དང་བོད་ཀྱི་རིག་གནས་དང་ཁོར་ཡུག་སོགས་ལ་གཏོར་བཤིག་བཏང་བའི་ནག་ཉེས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་དང་དགོངས་བཞེད་ལ་འཁྱོག་བརྗོད་བྱས་ནས་རྒྱ་བོད་མི་དམངས་བར་ལ་འགལ་ཟླ་ཚད་མེད་བཟོས་པའི་ནག་ཉེས་ལ་སོགས་ཐེར་འདོན་བྱས་ཏེ། དེ་དག་ཐམས་ཅད་ཁོ་རང་སྒེར་གྱི་དཔོན་གནས་འཕར་བ་དང་ཁྱིམ་རྒྱུད་ཕྱུག་པོ་འོང་བར་དམིགས་པ་ལས། རྒྱ་ནག་གི་སྤྱི་ཚོགས་བརྟན་བརླིང་དང་། རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ཡིན་ཟེར་བ་རྒྱ་ནག་མི་མང་ལ་མགོ་སྐོར་བ་ཡིན་པ་སོགས་དྲིལ་བསྒྲག་བྱ་དགོས།

    དེ་ལྟར་བྱས་ཚེ་འབྲས་བུ་འདི་འདྲ་འབྱུང་སྲིད་དེ། ཅང་ཙེ་མིན་ཕྱོགས་ཁག་གིས་བོད་དོན་ཐད་ནས་ཧུའུ་ཡི་ནག་ཉེས་རིགས་ཕྱིར་འདོན་དང་གླེང་སློང་བྱ་བ་དཔེར་ན། བོད་མིར་དྲག་གནོན་དང་མནར་གཅོད་གཏོང་བའི་པར་རིས་དང་བརྙན་པར་དྲ་ཐོག་ནས་ཕྱིར་འདོན་པ་ལྟ་བུ། ཡང་ཕྱོགས་གང་ལའང་མི་གཏོགས་པའི་དམར་ཕྱོགས་ཀྱི་འགོ་ཁྲིད་དང་རྒྱ་ནག་མི་མང་གི་ཁྲོད་དུའང་ཧུའུ་ཡི་བོད་ལ་འཛིན་པའི་རྣམ་འགྱུར་དང་སྲིད་ཇུས་ནོར་འཁྲུལ་དུ་རྩི་བ། མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་གསར་བས་བོད་ལ་དེ་འདྲའི་གདུག་རྩུབ་གཏོང་བར་འཛེམ་དོགས་བྱེད་པ། བོད་རྒྱ་འབྲེལ་མོལ་ལ་རྒྱ་ནག་དམར་ཕྱོགས་ནང་ཁུལ་དང་མི་མང་གི་ཁྲོད་དུ་ལྟ་ཚུལ་མི་འདྲ་བ་འབྱུང་སྲིད་པ་ལྟ་བུ།

    མདོར་ན། གནས་སྐབས་འདིར་ཀྲུང་ནན་ཧེའི་དབང་རྩོད་ཀྱི་ཟིང་ཆའི་གོ་སྐབས་དང་བསྟུན་ཏེ། འདས་མ་ཐག་པའི་ལོ་རབས་ཉི་ཤུའི་རིང་དུ་བོད་ལ་གདུག་རྩུབ་སྣ་དགུ་གཏོང་བའི་མཐར་མཐུག་གི་ཉེས་ཅན་པ་ཧུའུ་ཐེར་འདོན་གྱིས་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་དགོས་སོ།།

    Reply
  9. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    རྒན་ཆབ་བྲག་ལགས།
    བཀྲ་ཤིས་བདེ་ལེགས།
    ཁྱེད་ཀྱིས་གསུང་ན་དབུ་མའི་ལམ་དེ་ལྕགས་ཀྱི་ཐོ་བ་ཡིན་གསུང་གི་ཡོད་དམ། ཡང་ན་རྒྱ་ནག་དམར་གཞུང་དེ་དབུ་མའི་ལམ་གྱི་མདུན་དུ་ཤའི་གོང་བུ་ལ་འགྱུར་འགྲོ་བ་ཡིན་གསུང་གི་ཨེ་ཡོད་གསུང་རོགས་ཞུ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ལྕགས་ཀྱི་ཐོ་བ་དེ་ལྕགས་རྡུང་སྤྱད་ཅིག་རེད། དེ་སྤྱོད་མཁན་དེ་ལ་མགར་བ་ཟེར། དཔེ་ནང་བཞིན་གུང་ཁྲན་ཏང་གི་མགར་བའི་དམག་དཔུང་གི་ལྕགས་ཀྱི་ཐོ་ཆེན་དེར་ཞི་དྲག་གི་ལས་འགུལ་ཆུང་ཚགས་རེའི་མཛུག་ཐུར་རེའམ་ཁུ་ཚུར་དེ་གཞུས་ན་ཡང་མཇུག་འབྲས་ནི་རང་གི་ལག་པ་རྨས་རྒྱུ་ཙམ་མ་རེད་དམ།
    གཉིས་ནས་ཁུ་ཚུར་འཆང་བར་མཛུབ་མོ་ལྔ་བོ་ཁ་ནང་ལ་འཁོར་ནས་ཐང་ཐང་ཡིན་དགོས། མཛུབ་མོ་ཕྱི་ནང་འཆོལ་བས་ཁུ་ཚུར་འཆང་མི་ཐུབ། རྡོག་རྡོག་བཟོ་བ་ལ་ཐག་པ་ཞིག་གིས་འཆིང་དགོས། འདི་ལ་ཁུ་ཚུར་བཅིངས་པ་ཟེར། དེས་ན་འདི་ནི་དོན་ངོ་མ་ཁུ་ཚུར་ཞིག་ཀྱང་མ་ཡིན་ནོ། ལན་འདི་སུ་ལ་བཏབ་མིན་དོ་བདག་གིས་ཤེས་ངེས།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཡང་་སྤྱི་འཐུས་མགོ་བདེ་འགའ་འདི་ན་འདུག འདི་དག་གིས་རྟ་ཡི་མཐོ་ན་རྟ་དང་གད་པའི་མཐོ་ན་གད་པ་གདམ་ངེས་རེད། ཁེ་བཟང་རེ་རེག་ཐབས་ཀྱིས་གསེར་ཚུལ་རྐུབ་ཆེ་སོགས་ཐོན་མེད་ས་ཞིག་མེད་ཀི

    Reply
  12. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སྤྱིར་ཚོགས་པ་གསར་འཛིགས་གནངས་བར་ཡག་པོ་རེད། ཡིན་ནའང་རང་བཙན་གཙང་མ་ནི་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་བ་གཉིས་ཡོད་པས་དེ་ཡར་རྒྱུས་གཏང་བ་ལས་དོན་གཅིག་པའི་ཚོགས་པ་མང་པོ་བྱུང་ན་གཅིག་གྱུར་ལ་ཕན་ཐོག་དེ་ཙམ་ཨེ་ཡོད་དྲན། གང་ལ་ཟེར་ན་མ་འོངས་པར་ཁྱོད་ཀྱི་ཚོགས་པ་དང་ང་ཡི་ཚོགས་པ་ཟེར་ནས་ལས་ཀ་ཐུར་ཤོར་འགྲོ་སྲིད་པ་རེད།
    ང་རང་གིས་བསམ་ན་གོང་དུ་ཞུས་པའི་ཚོགས་པ་གཉིས་དེ་ཡར་རྒྱས་གཏང་གང་ཐུབ་བྱེད་ན་བྱ་བ་ཐམས་ཅད་འགྲུབ་སྲིད། དེ་ཡི་ནང་ནས་གལ་ཆེ་ཤོས་དེ་ནང་ལ་ཡོད་པའི་སོ་མི་དེ་ཚོ་གཙང་མ་བཟོ་རྒྱུ་དེ་ཨང་དང་པོ་ལ་བཞག་དགོས། དེ་ལྟར་མ་བྱེད་ན་བོད་གཞུང་གཙོ་བྱེད་པའི་ཚོགས་པ་ག་ཚོད་ཡོད་པ་དང་ག་ཚོད་གསར་འཛིག་བྱས་ཀྱང་བྱ་བ་ལམ་འགྲོ་རྩ་ནས་ཡོང་མི་སྲིད་དེ་ངས་རྣམ་པ་ཚོ་ལ་དྲན་བསྐུལ་ཞིག་ཡིན།

    Reply
  13. བློ་གྲོས་བསྟན་འཛིན། says:
    ལོ་ 13 སྔོན།

    ཚོགས་པ་གསར་དུ་བཙུགས་པར་དགའ་བསུ་ཡོད། ང་ཡང་ཚོགས་མིར་འཛུལ་འདོད་ཡོད། འོན་ཀྱང་ད་དུང་རེ་ཞིག་ཉན་གྱི་ཡིན།

    Reply
  14. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་འཕེལ་མིང་ཅན་ལགས།
    བོད་ས་ཤོར་ནས་དོན་གྲངས་བར་རང་བཙན་རྩོད་འབྲས་ཏིང་གིས་སྒོ་ཚུར་བརྡུང་བྱེད་དགོས་བྱུང་བའི་དཔང་རྟགས་དང་པོ་དེ། བོད་འདི་རང་བཙན་རྩོད་ནས་ཁ་བྲལ་དུ་འགྲོ་རྒྱུར་ཀྲུང་ནན་ཧེའེ་སེམས་ཕྲལ་ཆེ་ཤོས་དེ་རེད་ལ། དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་གྱིས་སླུ་བྲིད་བྱས་ན་ཨེ་དྲག། བཙོན་འཇུག་དང་དམར་གསོད་རྡུང་རྡེག་ཚ་ནན་བཏང་ན་ཨེ་དྲག་བལྟ་ཡི་ཡོད་པ་རེད། བྱས་ཙང་ང་དགུ་ལོར་བོད་ས་ཡོངས་རྫོགས་ཤོར་བ་དང་ཆབས་ཅིག་༧སྐུ་མདུན་དབུས་པའི་བོད་གཞུང་དང་བོད་མི་འབུམ་ཕྲག་རྒལ་བ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། བཙན་བྱོལ་དུ་ཕེབས་མ་ཐག་ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་བཏང་ནས། རང་བཙན་གཙང་མ་ཁྱབ་བསྒྲག་གནང་ཏེས་འཛམ་གླིང་གང་སར་ས་སྒྲགས་གནམ་སྒྲགས་བྱས་པ་རེད་ལ། གཞུང་དམངས་གཉིས་ཀའི་བཞེངས་ཕྱོགས་རང་བཙན་གཙང་མའི་སྒང་ལ་ཕྱིན་པ་རེད་ལ་ལས་འགུལ་ཚུན་ནས་རང་བཙན་གཙང་མའི་སྒང་ནས་སྤེལ་བ་རེད། དེ་ནས་ལོ་རབས་བརྒྱད་བཅུ་བར་མཐོ་རིམ་ནང་ལོག་མ་གཏོགས་མི་དམངས་ནང་ལམ་དབུ་མ་ཞེས་པའི་ཐ་སྙད་འདི་མིག་གི་མཐོང་བ་ཕར་ཟད་རྣ་བར་ཡང་གོ་མྱོང་མེད་པ་རེད། སྐབས་དེ་དུས་ཁ་ཡོད་ཚད་ནས་རང་བཙན་གཙང་མ་ཡིན་མ་གཏོགས་ལམ་དབུ་མ་ཡིན་ཟེར་མཁན་སུ་ཡང་མེད་ལ་གཞུང་དམངས་གཉིས་ཀས་རྡོག་རྩ་གཅིག་སྒྲིལ་དང་མཛུབ་མོ་ལྔ་བཅིངས་ཀྱིས་ཁུ་ཚུར་ཞིག་བཟོ་ཐུབ་པ་མ་ཟད། ༧སྐུ་འདུན་གྱི་མཚན་སྙན་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་འབྲེལ། ཀྲུང་ནན་ཧེའེ་ཡང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་མ་ལག་གིས་རྒོལ་རྡུང་བཏང་མི་ཡོང་ངམ་སྙམ་ནས་ཞེད་སྣང་ཞིག་སྐྱེས་པ་རེད། དེ་དང་འབྲེལ་ཏེས་ཁྱེད་ཀྱིས་དྲི་བ་གཉིས་པའི་ནང་(ངོ་རྒོལ་ཀྱི་རིགས་)ཞེས་དྲི་བ་འདི་འཚེ་མེད་ཞི་བའི་ཁ་གཡང་བསྒྲོགས་བཞིན་པའི་སྤྱི་ཚོགས་འདིའི་ནང་ལན་རྒྱབ་འདོད་རྩ་བ་མི་འདུག་ཀྱང་། དྲི་བ་འདི་སླེབས་ཚར་ཙང་མ་རྒྱབས་ཐབས་མེད་ལ། སྤྱིར་ངོ་རྒོལ་རིགས་འདྲ་མིན་བྱུང་བ་རེད་དེ་གལ་ཆེ་ཤོས་གཅིག་སྟེ་གློ་དམག་སྒར་སྒྲིག་འཛུགས་དེ་རེད། དེ་ནི་ཨ་རིའི་གོ་ལག་གིས་ནུས་ཤུགས་ཡོད་པའི་ཀྲུང་རྒོལ་གྱི་སྒྲིག་འཛུགས་ཞིག་རེད་ལ་ལོ་མང་ཀྲུང་གོར་རྒོལ་རྡུང་བཏང་ནས་ད་དུང་ཡང་ཀྲུང་གོར་ནད་རྙིང་ཞིག་ཡོད་པ་ཡེ་རྡོར་གྱིས་རྩོམ་ཡིག་ནང་གསལ་པོ་བཀོད་འདུག། འོན་ཀྱང་བོད་མི་རིགས་འདི་གནའ་སྔ་མོ་ནས་ཁ་ནས་ལས་འབྲས་ཀྱི་རྣམ་གཞག་མ་ཎི་འདོན་འདོན་ཡིན་ཡང་དོན་ལག་ལེན་གོ་ལྡོག་རྐྱང་རྐྱང་ལ་རྟེན་འབྲས་བུ་ལམ་འགྲོ་མི་རྒྱུགས་པ་རྐྱང་རྐྱང་ཡོང་གི་ཡོད་པ་རེད། བྱས་ཙང་ཏིང་དེ་འདིའི་སྐབས་སུ་བྱུང་བ་རེད་ལ་ཁོ་པས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་ཙང་སླུ་བྲིད་ཀྱི་ཐབས་ཇུས་ཞིག་མ་བཏང་ན་ཉེན་ཁར་མཐོང་ནས་སྒོ་ཚུར་བརྡུང་བ་རེད།
    དེ་ནས་ལོ་རབས་བརྒྱད་བཅུ་རྗེས་ནས་ལམ་དབུ་མ་དབུ་བརྙེས་ཏེས་ས་ལམ་གྱི་ཉམས་རྟོགས་འཁྲུངས་མིན་དང་ལ་མ་ལྟོས་པར་གཞུང་དམངས་གཉིས་ཀས་ཤར་བསྐྱོད་བྱས་པ་རེད། ད་ཆ་ལམ་དབུ་མའི་ས་ལམ་གྱི་ཉམས་རྟོགས་བརྒྱུད་ལ་མི་འཁྲུངས་བར། ལམ་དབུ་མ་ཚད་ལྡན་གྱིས་ས་ལམ་མ་འཕོས་པ་རེད་གསུངས་ཀྱི་འདུག། དེ་ནི་གཞན་གང་ཡང་མ་རེད། ལམ་དབུ་མར་སྣང་ཚུལ་དང་གནས་ཚུལ་མཐུན་གྱི་མི་འདུག། སྣང་ཚུལ་ལ་ལམ་དབུ་མ་འདི་རྒྱ་བོད་གཉིས་ཕན་དང་ཁ་ཚ་དགོས་གཏུགས་ཅིག་སྣང་གི་ཡོད་ཀྱང་། གནས་ཚུལ་ལ་དེ་ལྟར་མ་ཡིན་ཏེས་ཀྲུང་ནན་ཧེའེ་ལ་བོད་ཀྱི་གནད་དོན་སེལ་རྒྱུའི་འདུན་པ་ནམ་ཡང་མེད་ལ་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་བོད་ཀྱི་གནད་དོན་ཟེར་བ་རྩ་བ་ཉིད་ནས་གླེང་གི་མེད་པ་དེ་རེད། བྱས་ཙང་ང་ཚོས་ཐབས་ལམ་འདྲ་མིན་ཐོག་ནས་བོད་ཀྱི་གནད་དོན་ཟེར་བ་ཞིག་མ་གླེང་རང་གླེང་བཟོ་དགོས་པ་དེ་རེད།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ བོད་རང་བཙན་ལ་ཁ་གཡར་ནས་ཆིག་སྒྲིལ་གཏོར་བ་ཡིན་ན་འགྱོད་པ་རྗེས་ལ་ཡོང་གི་རེད།། སྐུ་མཁྱེན། ཁྱེད་རྣམས་པའི་འཁྲབ་མཚམས་འཇོག་རོགས། ་་་་་་་ཟེར།

    Reply
  16. ནད་པ says:
    ལོ་ 13 སྔོན།

    སྒྲུང་གཏུམ་ཐུང་ངུ་ཞིག

    སྔར་གྲོང་གསེབ་ལུང་ཁུང་གཅིག་ནང་ཁྱིམ་ཚང་ཞིག་ཡོད་པ་རེད། ཁྱིམ་ཚང་དེར་ཨ་པ་གཅིག ཨ་ཁུ་གཅིག ཕྲུ་གུ་དྲུག་ཡོད་པ་དང་ཨ་མ་དེ་སྔ་ས་ནས་གྲོང་ཟིན།

    ཁྱིམ་ཚང་ཧ་ཅང་སྐྱོ་བའི་གནས་སྟངས་དང་ཕྲུ་གུ་རྣམས་བྱིས་པ་ཡིན་སྟབས་ཤར་ཕྱོགས་སུ་ཡོད་པའི་ཇག་པའི་སྡེ་ཞིག་གིས་ཁྱིམ་ཚང་དེའི་ས་ཞིང་དང་། ས་ཆ། ཁང་པ་སོགས་བདག་དབང་ཡོངས་རྫོགས་འཕྲོག་བཅོམ་བྱས་པ་རེད།

    ཨ་ཕས་རང་གི་བུ་ཕྲུག་འགའ་ཤས་ཤིག་འཁྲིད་དེ་ལྷ་ཕྱོགས་སུ་ཡུལ་བྱོལ་དུ་མི་འགྲོ་ཐབས་མེད་ཆགས། ཡིན་ནའང་ཨ་ཁུས་སྙིང་སྟོབས་ཞུམ་མེད་ཀྱིས་རང་གི་ས་ཆ་དང་། གཞིས་སུ་ལུས་པའི་ཁྱི་ཚང་དེའི་ཕྲུ་གུ་ལྷག་མ་རྣམས་དང་ལྷན་དུ་བསྡད་དེ་མུ་མཐུད་དགྲ་བོ་ཇག་པ་དག་དང་ལྷན་དུ་འཚོ་ཐབས་བྱས།

    འོན་སྟབས་མ་ལེགས་པ་གཅིག་ལ་ཇག་པས་ཨ་ཁུ་དེ་ཁང་ཆུང་མུན་ནག་ཞིག་ནང་ལོ་ ༩ བཙོན་འཇུག་བྱས། མཐའ་མ་དེར་ཨ་ཁུ་དེའི་སྙིང་སྟོབས་དང་འཇོན་ཐང་ལ་ཇག་པ་རྣམས་ཧ་ལས་ཏེ་ཉིན་གཅིག་ཨ་ཁུ་དེར་ཟ་མ་མཉམ་དུ་དུག་སྤྲད་དེ་ཨ་ཁུ་དེ་ལྐོག་གསོད་བྱས་སྟབས། ཁྱིམ་ཚང་དེའི་བུ་ཕྲུག་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བ་རེད།

    ཡིན་ནའང་ཨ་ཕ་དེས་ལྷོ་ཕྱོགས་ཀྱི་ལུང་པ་ཞི་བདེ་ཡོད་པ་གཅིག་ནང་གནས་བཅའ་བྱས་ཏེ་རང་གི་བརྩེ་བའི་བུ་ཕྲུག་དེ་རྣམས་ལ་བྱམས་ཤིང་བརྩེ་བས་ཡུན་རིང་བསྐྱངས་ཏེ་ཕྲུ་གུ་རྣམས་ད་དུང་སློབ་གྲྭར་བཏང་ཏེ་ཤེས་ཡོན་གང་ཙམ་ལྡན་པ་ཤ་སྟག་ཆགས་པ་ཐུབ་པ་བྱུང་བ་རེད།

    ད་དུང་ཨ་ཕ་དེས་གཞན་ཡུལ་དུ་བསྡད་དེ་ནུབ་ཕྱོགས་ཀྱི་ལུལ་ལུང་མང་པོར་ཕྱིར་བསྐྱོད་བྱས་ཏེ་སྔར་རང་གི་རང་ས་དང་། ཕ་ས། བདག་དབང་སོགས་ཅིས་ཀྱང་རག་ཐོབ་ཀྱི་ཐབས་ཤེས་ཡོད་རྒུ་རྩད་དྲུག་བྱས་ཏེ་མི་ལོ་དུ་མ་ཞིག་འདས་སྟབས། ཨ་ཕ་དེ་གང་ཙམ་ནས་ལོ་ན་ཅུང་རྒས་ཤིང་ངལ་གསོ་དགོས་པའི་གནས་སུ་གྱར།

    ཁྱི་ཚང་དེའི་ཨ་ཕ་དེ་མི་གཞན་ཁུན་དང་མི་འདྲ་བའི་བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན། ཡ་རབས། བཟང་སྤྱོད། ཡོན་ཏན། མི་གཤིས་སོགས་གང་གང་སར་སུས་ཀྱང་འགྲན་ཐབས་གཏན་པ་མེད་པ་ཞིག་ཡོད་སྟབས། ཨ་ཕ་དེའི་མཚན་སྙན་ལྷོ་ཕྱོགས་ཙམ་མ་ཤད་ནུབ་ཕྱོགས་སོགས་གང་སར་སྐད་གྲགས་ཚད་ལས་འདས་པ་ཞིག་བྱུང་།

    འོན་ཀྱང་སྟབས་མ་ལེགས་པ་གཅིག་ལ་ཉིན་གཅིག་ཕྲུ་གུ་ཞིག་རང་ཉིད་མི་ཡུལ་དུ་གནས་ཚང་གཡར་ཏེ་སྡོད་དགོས་པ་དེ་ཕ་ཨ་པས་མ་འཇོན་པ་དང་། མ་ཨ་མས་སྐྱོང་མ་ཐུབ་པ། ད་དུང་རང་གི་མེས་པོ་སྤོ་སྤོ་གཅིག་ཡོད་པ་དེས་བཞག་པའི་ཁང་པ་དང་། ས་ཆ། ཞིང་ཁ། བདག་དབང་སོགས་ཅཆ་ཚང་ཨ་ཕས་མ་འགྲིག་པ་དང་དང་། མ་འཇོན་པ། མ་ཐུབ་པ་བཅས་ཀྱི་བསམ་བློ་ལོག་པ་འཁོར་ཏེ་རང་ཉིད་ལ་དྲིན་ཆེ་བའི་བྱམས་ཤིང་བརྩེ་བའི་ཕ་ཨ་པ་དེར་སྐྱོན་བརྗོད་བྱས་པ་རེད།

    ཉིན་གཅིག་དྲིན་ལན་ཆུ་འཇལ་བྱེད་མཁན་གྱི་བུ་གཅིག་གིས་རང་གི་བརྩེ་བའི་ཨ་ཕ་དེར་ང་ཚོའི་ས་ཆ་དང་། བདག་དབང་ཡོངས་རྫོགས་ང་ཚོའི་རེད། དེ་ནི་ང་ངོའི་སྤོ་སྤོ་ལགས་ཀྱི་བཇག་པའི་ཞལ་ཆེམས་རེད་ཅེས་རང་གི་དྲིན་ཅན་ཕ་ཨ་བཟང་དེའི་ཁ་ལ་མ་ཉན་པར་ལོ་ན་རྒས་པའི་ཨ་ཕའི་གདོང་པར་འགྲམ་ལྕག་ཞིག་བཞུས་པ་རེད།

    སྐབས་དེར་གཡས་གཡོན་སུ་ཡོད་པའི་ཡུལ་མི་འགས་ཤས་དང་རང་གི་དགྲ་བོ་རྣམས་ཀྱི་ཨོ་ཁྱེད་ཚོ་ཕོ་ཁྱོ་ཀ་རེད་འདུག དཔའ་དློ་ཁོ་འདུག ཨ་ཕར་འགྲམ་ལྕག་ཡང་ཞུ་ནུས་ཀྱིན་འདུག་ཅེས་བསྟོད་བསྔགས་བྱས་པ་རེད།

    ཡིན་ནའང་ལྷོ་དང་དང་། ནུབ་ཕྱོགས་སུ་གནས་པའི་རྒྱལ་ཕྲན་མང་པོ་དང་། ཡུལ་མི་མང་ཡོངས་ཀྱིས་གཅེས་ཕྲུག་ལངས་ཤོར་དུ་ཕྱིན་པའི་བུ་ཕྲུག་་ཕ་ཨ་ཕའི་དྲིན་ལན་ལོག་འཇལ་བྱེད་མཁན་བུ་ཕྲུག་དེ་ཚོའི་བྱེད་སྟངས་ཡ་ང་བ་དང་། ཞེ་མེར་བའི་གནས་སྟངས་ཞིག་ཆགས་པ་རེད།

    དེ་ནི་རྡོ་ཡར་བཀྱག་ནས་རང་གི་རྐང་པའི་སྟེང་དུ་བཞུས་པ་དང་གཅིག་མཚུངས་རེད་ཟེར་བའི་གཏམ་དཔེ་ཞིག་འཇིག་རྟེན་སྟེང་གྲགས་པ་རེད། དེའི་མཇུག་ཏུ་ཨ་ཕ་་དང་ཕྲུ་གུའི་གནས་སྟངས་དེ་རིམ་བཞིན་དུ་་་་་་་་་་་་་་་་་་

    Reply
  17. ཨ་ལ་ལ says:
    ལོ་ 13 སྔོན།

    རྒྱ་ཆེའི་ཀློག་པ་པོ་དང་བོད་རིགས་སྤུན་ཟླ་རྣམས་ལ་ཞུ་རྒྱུ་ཞིག་ལ། དུས་རྒྱུན་དུ་ཚོགས་འདུ་འདྲ་མིན་ལ་འཛོམས་མཁན་དང་མཆན་འདེབས་མཁན་ཚོ་ནི་མགོ་མི་ཚོས་མཁན་རྐྱང་རྐྱང་ཡོང་གིན་འདུག མགོ་ཚོས་མཁན་རྣམས་ནམ་ཡང་མཉམ་ཞུགས་གནང་གིན་མི་འདུག དེས་ན་ད་ནི་མགོ་ཚོས་མཁན་རྣམས་མཆན་ཐོག་ཏུ་ཕེབས་པའི་འབོད་སྐུལ་ཅིག་ཞུ་འདོད་བྱུང་།

    Reply
  18. ཨ་ལ་ལ says:
    ལོ་ 13 སྔོན།

    རྒྱ་ཆེའི་ཀློག་པ་པོ་དང་བོད་རིགས་སྤུན་ཟླ་རྣམས་ལ་ཞུ་རྒྱུ་ཞིག་ལ། དུས་རྒྱུན་དུ་ཚོགས་འདུ་འདྲ་མིན་ལ་འཛོམས་མ

    Reply
  19. བློ་འཕེལ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་མིང་ཅན་ལགས། ཁམས་བཟང་བའི་འཚམས་འདྲི་ཞུ་རྒྱུ་དང་ཆག་ཅིག། ཁྱོད་ཀྱིས་“ལྔ་བཅུ་ལྔ་གྲངས་ནས་བདུན་བཅུ་དོན་གྲངས་བར་རང་བཙན་བརྩོད་ནས་ཏིང་ཞའོ་ཧྥིང་གིས་སྒོ་ཚུར་བརྡུང་དགོས་བྱུང་བ་རེད།” ཅེས་ཟེར།
    ༡ ཧ་ཧ། ཏིང་ཞའོ་ཡིས་ཚུར་སྒོ་བརྡུང་དགོས་བྱུང་དོན་རང་བཙན་བརྩད་ནས་ཡིན་པའི་དཔང་རྟགས་ག་རེ་ཡོད།
    ༢ ལོ་གྲངས་དེའི་བར་རང་བཙན་ག་འདྲ་ཞིག་བརྩད་འདུག་་་་་དཔེར་ན། ངོ་རྒོལ་གྱི་རིགས། གྲོས་མོལ་གྱི་རིགས། བོད་ཕྱི་ནང་གཉིས་ནས།
    ཡང་ཁྱོད་ཀྱིས་་་དེ་ནས་ལམ་དབུ་མའི་ས་ལམ་འཕོས་ནས་ད་བར་སྒོ་ཕར་ག་ཚོད་བརྡུང་ཀྱང་ཡ་ལན་ཙམ་ཡང་མི་སྤྲོད་པ་ཅིས་ལན་པ་རེད།་་་་ཅེས་ཟེར། རེད། ལམ་དབུ་མའི་ས་ལམ་ཚད་ལྡན་ཞིག་འཕོས་ཐུབ་མེད་ལ། ཕར་རྐྱང་རྐྱང་སྒོ་བརྡུང་པར་ངོས་འཛིན་བྱེད་ཀྱིན་མེད། གལ་ཏེ་ཡ་ལན་མ་སྤྲད་པར་ལན་པ་ཞིག་ཡོད་ན་་་ཁ་ཕྱི་ནང་གཉིས་གར་བལྟ་དགོས་པས་ནང་བལྟས་ཀྱི་དབང་དུ་བྱས་ན། སྔར་ནས་ད་བར་རང་བཙན་ཁ་རུ་འཁྱེར་མཁན་གྱི་སྐབས་འཚོལ་པ་ཚོ་ལས་གཞན་ལ་ལན་པ་ཞིག་མཐོང་མ་སོང་།
    གཞན་ཡང་སྐུ་ཚབ་རྣམ་གཉིས་རྐུབ་བརྡབ་ནས་ཕྱིན་པ་ཡང་དབུ་ལམ་གྱི་ས་ལམ་ཚད་ལྡན་ཞིག་མ་འཕོས་པས་རེད། ཡང་བོད་ནང་གི་བོད་མི་རྣམས་ཛ་དྲག་གི་ཉེན་ཁ་ལས་དབུ་ལམ་སྲིད་གཞུང་གིས་སྐྱོབ་མ་ཐུབ་ན་་་་་རང་བཙན་པས་སྡིག་རུ་གཏོང་གི་རེད་དང་མ་རེད། ཅིག་ཤོད་དང་། ཁ་ནས་སྐྱོབ་ཀྱི་ཡིན་ཟེར་གི་རེད། དེ་འདྲ་ཡིན་ན་སྐྱོབ་ལུགས་སྐྱོབ་སྟངས་གསུངས་རོགས། ཞི་དྲག་གང་གིས?
    དབུ་ལམ་འདི་ཡང་བོད་པ་ཚང་ལ་ཁ་ཚ་དགོས་གཏུགས་དང་དངོས་ཡོད་གནས་སྟངས་ཀྱི་དགོས་གལ་ཞིག་ལས་དག་སྣང་གི་སྐད་ཆ་གླེང་མཁན་ནི་ཁྱོད་ཙམ་ཡིན་རྒྱུ་རེད།
    ཐུགས་འཇགས་གནང་རོགས།

    Reply
  20. བོད་དགའ། says:
    ལོ་ 13 སྔོན།

    ཚོགས་པ་དེ་བྱ་མ་ལམ་ལྷོངས་ཡོང་བའི་རེ་བ་ཡོད། ད་ཞི་མོལ་གྱིས་ས་ཆོད་མ་སོང་ལ། བོད་ནང་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་གཟུགས་ཞུག་ལ་འབུལ་མཁན་དང་ཚེ་བཙོན། ལོ་བཅད་ཀྱི་ཁྲིམས་ཆད་ཁུར་མཁན་སུ་ཞིག་གིས་ཀྱང་བོད་རྒྱ་ཞི་མོལ་དགོས། དབུ་མའི་རྒྱལ་འགྱུར་ཅིག་ཟེར་བ་མ་ཐོས། ཁོ་ཚོའི་ཞལ་ཁྱིམ་རེ་ཡོད་པ་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས། བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུག་ཟེར་བ་རྐྱང་རྐྱང་རེད།
    ལར་ཞི་མོལ་ནི་རྒྱ་ནག་ངོས་ནམ་ཡང་ངོས་ལེན་བྱ་མི་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་ཞི་མོལ་ཚོགས་ཆུང་གི་སྐུ་ཚབ་རྣམས་རྒྱ་ནག་ངོས་ནས་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་ཟེར་བ་ལས་བཙན་བྱོལ་བོད་མིའི་སྐུ་ཚབ་ནམ་ཡང་མི་ཟེར། དེ་ལྟར་སྐུ་ཚབ་རྣམས་༸གོང་ས་མཆོག་སྒེར་ངོས་ཀྱི་སྐུ་ཚབ་ཞིག་ཡིན་ཚེ། རྒྱ་ནག་གིས་༸གོང་ས་མཆོག་རྒྱ་བོད་ཁ་བྲལ་གཏོང་མཁན་གྱི་བྱེད་གཏེའམ་འཛམ་གླིང་ནང་གི་སྡིག་ཉེས་ཆེ་ཤོས་པ་ཧི་ཊི་ལར་དང་དཔེ་མཚོན་ག་ཚོད་བྱེད་ཀྱི་འདུག ལུག་སྤག་གོན་པའི་སྤྱང་ཀུ་སོགས་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་ཞིག་ལ་སྡིག་པ་མིག་བཙུམ་གྱི་སྐྱོན་འཛུག་དེ་དག་ཁོ་ནས་ཞི་མོལ་ཞེས་པ་རྒྱ་ནག་གི་ངོས་ནས་གཏན་ནས་ཡོང་མི་སྲིད་པ་ཞིག་རེད། ཕར་ཕྱོགས་ནས་ཡ་ལན་གང་ཡང་མི་བྱེད་ནའང་ཚུར་ཕྱོགས་ནས་སྟོང་རེ་སྐྱོང་སྟེ་སྒུག་སྡོད་པས་ཕན་མི་ཐོག དེ་ལས་ཐབས་ལམ་གཞན་དག་རེ་འཚོལ་ཏེ་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་གནང་ན་དགེ་མཚན་ཆེ།
    སྤྱིར་རྡ་སའི་རི་སུལ་ན་ཚོགས་པ་མང་ལ་མཇུག་མེད་པའང་དེ་བས་མང་། འོན་ཀྱང་ད་ལན་ལྷ་ཀླུ་མི་གསུམ། འདྲེ་སྲིན་བྱུར་གསུམ། ས་གཏོད་གཉན་གསུམ། མདོར་ན་འགྲོ་བ་རིགས་དྲུག་ཚང་མ་འཛོམས་སྡད་པ་འདྲ་བའི་ཚོགས་མི་འདི་དག་གིས་བོད་ཆེན་པོའི་བདེན་པ་འཚོལ། མེས་པོའི་ཕ་ཤུལ་འདོན། ལོ་རྒྱུས་ཀྱི་རྩོད་ལེན་གནང་ནས་བདེན་པའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ།
    འདིར་དམིགས་བསལ་ཞུ་རྒྱུ་ཞིག་ལ་སྐུ་ངོ་ཀརྨ་ཆོས་འཕེལ་དང་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གཉིས་མཉམ་དུ་སྐུ་པར་སྒྲོན་རྒྱུ་བྱུང་བ་རྟེན་འབྲེལ་ཞུ།

    Reply
  21. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྒན་ཆབ་བྲག་ལགས། ཁམས་བཟང་།
    སྐུ་ཉིད་ཀྱི་དགོངས་ཚོད་ལྟར་ན་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་ཞིག་ཆགས་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ། གལ་ཏེ་ཆགས་པའི་དབང་དུ་བཏང་ན་རྡེག་ཡུལ་ལྕགས་ཀྱི་ཐོ་བ་དེ་འགྱུར་མེད་རྡོ་རྗེ་ཕ་ལམ་ལས་བསྒྲུབ་པ་ཞིག་རེད་པས། ཡང་ན་ལྕགས་རང་ཡིན་ན་བཙའ་རྒྱག་རྒྱུ་མེད་པའི་ལྕགས་ཞིག་རེད་པས།

    Reply
  22. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བློ་འཕེལ་ལགས། ཡང་སྐྱར་ཅིག་ཕྲད་པར་འཚམས་འདྲི་ཞུ་བ་དང་ཆབས་ཅིག།
    ལྔ་བཅུ་ལྔ་གྲངས་ནས་བདུན་བཅུ་དོན་གྲངས་བར་རང་བཙན་བརྩོད་ནས་ཏིང་ཞའོ་ཧྥིང་གིས་སྒོ་ཚུར་བརྡུང་དགོས་བྱུང་བ་རེད། དེ་ནས་ལམ་དབུ་མའི་ས་ལམ་འཕོས་ནས་ད་བར་སྒོ་ཕར་ག་ཚོད་བརྡུང་ཀྱང་ཡ་ལན་ཙམ་ཡང་མི་སྤྲོད་པ་ཅིས་ལན་པ་རེད། འོ་ན་ལམ་དབུ་མའི་ས་ལམ་སྟེང་བོད་ནང་གི་བོད་མི་ག་ཚོད་སྐྱོབ་ཐུབ་སོང་གཅིག་གསུངས་དང་། ད་དུང་ལམ་དབུ་མའི་རྒྱ་བོད་འབྲེལ་མཐུད་སྐུ་ཚབ་རྣམ་གཉིས་རྐུབ་བརྡབ་བརྡབ་བཏང་ནས་ཕྱིན་སོང་ང་། ག་རེ་བྱས་པ་རེད། བོད་ཀྱི་རྩ་དོན་ནི་མུག་ཤི་ཐེབས་གྲབས་རེད་ལ་བོད་ནང་ཛ་དྲག་གི་གནས་སྟངས་ནི་ཉིན་རེ་ནས་ཉིན་རེ་ཇེ་ཆེ་དང་ཇེ་ཞན་ཇེ་སྡུག་རེད། མ་ཟད་བོད་ནང་མེར་སྲེག་གི་གྲངས་འབོར་ཉིན་རེ་ནས་ཉིན་རེ་འཕར་འགྲོ་བཞིན་ཡོད་ཀྱང་ལམ་དབུ་མའི་སྲིད་གཞུང་གིས་མྱུར་སྐྱོབ་མི་ཐུབ་པ་ཅི་བྱས་སོང་བ་རེད། དངོས་ཡོད་གནས་ཚུལ་ལ་བལྟ་དགོས་པ་ལས་དག་སྣང་སྒོམ་པས་ཅང་ཕན་ནི་མ་རེད། དེས་ན་དབུ་མ་པ་ཚོ་རང་བཙན་ཞེས་ལབ་པ་དང་ཚ་ཤར་ཞིག་རྒྱག་གི་ཡོད་པ་ནི། ཐད་ཀར་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ལ་གཟིགས་ཏེས་ནང་གི་དཔའ་ཞུམ་ནས་ཡོད་ཚད་བློས་གཏོང་གིས་གཞིས་འགུགས་ལ་རེ་བཞིན་པ་དེ་རེད།

    Reply
  23. མདོ་ལའི་འཁྱམས་པོ། says:
    ལོ་ 13 སྔོན།

    བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ (The Tibetan National Congress)ཞེས་པ་དབུ་བཙུགས་པར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ཆབ་ཅིག་ཐོག་མར་རང་ཉིད་ཀྱིས་འདི་ནས་བཤད་འདོད་པ་ཞིག་ནི། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཤེས་པའི་ཚོགས་པ་འདིའི་གཞུང་སྐད་དེ་བོད་སྐད་ཁོ་ན་ཡིན་དགོས་པ་ནི་བོད་རང་བཙན་འཐབ་རྩོད་ཀྱི་ཚོགས་པ་ཞིག་གི་ངོས་ནས་གཞི་རྩའི་ཆ་རྐྱེན་དང་པོ་ཡིན་པར་འདོད་ལ། བོད་ཀྱི་རང་བཙན་མཐུན་ཚོགས་ཀྱིས་བཏོན་པའི་ཆ་རྐྱེན་ལྔ་བོ་དེ་ཁ་ལག་གཉིས་ཀྱིས་ལག་ལེན་དང་རྒྱུན་འཁྱོངས་ཡོང་བའི་རེ་ལྟོས་དང་སྨོན་ལམ་ཡོད།

    བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཀྱི་དོན་ཚན་ལྔ།
    ༡༽ བོད་རང་བཙན་གྱི་རྒྱལ་ཁབ་བདག་དབང་ཆ་ཚང་ཡོད་པ་ཞིག་སླར་གསོ་བྱེད་རྒྱུ།
    ༢༽ རང་དབང་ཅན་གྱི་འོས་འདེམས་དང་། ཁྲིམས་ཀྱི་དབང་བསྒྱུར། སྐྱེ་བོ་སྒེར་བའི་རང་དབང་གི་གཞི་རྩ་བཅས་ལ་བརྟེན་པའི་དམངས་གཙོའི་ལམ་སྲོལ་ཅན་གྱི་གཞུང་ཞིག་བོད་ནང་དུ་འཛུགས་རྒྱུ་ངེས་གཏན་བྱེད་རྒྱུ།
    ༣༽རང་དབང་ཅན་གྱི་བོད་ནང་དུ་ཚུལ་མཐུན་དང་ཁྲིམས་མཐུན་གྱིས་འདམས་པའི་བོད་མི་དམངས་ཀྱི་སྲིད་གཞུང་ཞིག་མ་བཙུགས་བར་དུ། བཙན་བྱོལ་བོད་གཞུང་དེ་མུ་མཐུད་གནས་རྒྱུ་དེ་ངེས་གཏན་བྱེད་རྒྱུ།
    ༤༽བཙན་བྱོལ་བོད་གཞུང་གི་གཡོལ་མེད་ཀྱི་འགན་འཁྲི་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགན་སྟེ། འདི་ནི་ཆོད་སེམས་དང་ལྷག་བསམ་གཡོ་བ་མེད་པ་ཞིག་གི་ཐོག་ནས་སྒྲུབ་རྒྱུ་དེ་ངེས་གཏན་བྱེད་རྒྱུ།
    ༥༽ བོད་ཀྱི་སྤྱི་ཚོགས་ཀྱི་གནའ་བོའི་རིག་གཞུང་དང་སྐད། རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་བཅས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་པ་དང་། ཐབས་མཁས་ཀྱི་འབད་བརྩོན་དྲག་པོ་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་ནང་དུ་དེ་དག་གི་གལ་ཆེའི་རང་བཞིན་དང་འཚོ་གནས་ཐུབ་པ་དེ་ངེས་གཏན་བྱེད་རྒྱུ།

    Reply
  24. ཀེ་ཏ་ཀ says:
    ལོ་ 13 སྔོན།

    རེབ་མདོག་མདའ་འདིས་ད་ཐེངས་ཡག་པོ་ཞིག་བྲིས་འདུག ལྷ་བཟང་ཚེ་རིང་གི་རང་བཙན་༧གོང་ས་མཆོག་ལ་མ་དགའ་བས་རེད། བོད་མི་མང་གིས་པད་གདན་རྡབ་བཞིན་ཕྱིར་ཕུད་བྱས་པའི་སྙིང་ནད་རྩོད་ཀྱི་ཡོད་པ་རེད། ཁོས་ཆོས་ཟེར་བ་དེ་དུག་རེད་ཟེར་གྱི་ཡོད་སྟབས། གཟན་ཤམས་གྱོན་མཁན་ཞིག་གིས་ཅིག་བཤད་ན་ཁོང་གད་མོ་ཤོར་གྱི་ཡོད་པ་རེད། ཁོས་བོད་ཀྱི་རིག་གནས་དང་བོད་ཀྱི་ཆབ་སྲིད་རིག་པ་དང་བཅས་པ་ཞེ་དྲག་སྐྱོ་བོ་རེད་གསུངས་ཀི་ཡོད་པ་རེད། ཐ་ན་བོད་ཀྱི་སྐད་ཡིག་རིག་གནས་ནང་བསྟན་དང་བཅས་པ་ལས་ཀྱང་རང་བཙན་གལ་ཆེན་རེད་ཟེར་གྱི་ཡོད་པ་འདི་ཁོའི་ཕུགས་དམིགས་རེད། དེ་བས་འདི་ལ་ཡིན་རྟོན་ཞིག་གང་ན་ཡོད། བོད་ལ་ཤ་ཚ་ན་བོད་གཞུང་ཟློས་གར་འགན་འཛིན་དུ་བཞག་སྐབས་མི་མང་ལ་གསལ་བཤད་ཞུས། མཐའ་མར་ལ་མ་དག་པར་ཕྱི་རྒྱལ་བྲོས་བྱོལ་བྱས་པ་རེད། ལོ་རྒྱུས་གཙང་མ་མེད་དུས་མི་མང་གིས་ཡིད་ཆེས་ག་འདྲ་ཞིག་བྱ་དགོས་རེད། ཁོང་གི་སྤུན་མཆེད་བསྟན་འཛིན་དགེ་བྱེད་དག་བསྟན་འཛིན་རྣམ་རྒྱལ་སོགས་གཟེངས་སུ་ཐོན་པ་ཡིན་ཡང། ཁོས་ག་རེ་བྱས་ནས་གོང་ས་མཆོག་ལ་ག་དུས་ཡིན་ན་ཟུར་ཟ་རྐྱང་རྐྱང་བྱེད་དགོས་པ་རེད་དམ། ཡིད་མི་ཆེས་ན་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ཀརྨ་རྒྱ་མཚོ་དང་ཁོ་གཉིས་ཀྱིས་གཟའ་ཉི་མའི་གཏམ་གླེང་དུ་ག་རེ་ག་རེ་ལབ་ཀྱི་འདུག བོད་པའི་ལ་རྒྱ་ཡོད་མཁན་ཞིག རུས་པ་ཡོད་མཁན་ཞིག ལས་འབྲས་བརྩི་མཁན་ཞིག་ཡིན་ན་མི་འདི་ལ་ཡིད་ཆེས་ཞུ་ས་ཞིག་མེད་པ་མི་ཤེས་སམ། དངོས་གནས་ཐབས་སྐྱོ་བོ་རེད།
    ནོར་གླིང་གི་ཁྲི་ཟུར་བསོད་ནམས་སྟོབས་རྒྱས་ལ་ལྟོས་དང། ༧གོང་ས་མཆོག་གི་བཀའ་དྲིན་ལ་ཁང་པ་ཐོག་བརྩེགས་རྡ་ས་ན་མེད་པ་ཞིག་རྒྱབ་རྗེས། ཁ་ལྟག་ལོག་ལ་འཁོར་ནས་ལམ་དབུ་མ་འགྲིག་མེད་ཚུལ་ལབ་ན་ལས་རྒྱུ་འབྲས་རེད་དམ། ཁོང་སྔོན་མ་བཀའ་ཁྲིར་བཞུགས་དུས་ལམ་དབུ་མ་ཡན་ན་ཅིག་མེད་ཅེས་ལག་པ་གནམ་ལ་འཕྱར་ནས་སྐད་རྒྱབ་པ་རེད། མི་འདི་ཚོ་ག་རེ་ཡིན་ན། ག་རེའི་ཁེ་ཕན་ཡོད་པ་ཡིན་ནམ། ཚང་མས་གཟབ་གཟབ་བྱ་དགོས་ཀྱི་རེད།
    ལྷ་བཟང་ཚེ་རིང་སྙིང་རྗེ། ནམ་རྒྱུན་སྤྲང་གོག་འདྲ་བོ་འདུག་གི་རེད། པེད་ཤག་དེ་འདྲ་མང་པོ་ཞིག་གང་ནས་ཁྱེར་ཡོང་བ་རེད། ཕྱི་རྒྱལ་དེ་འདྲའི་མང་པོ་བོད་ཀྱི་རྩ་དོན་ཆེད་ཅིག་བྱེད་ཀྱི་ཡོད་མདོག་མདོག་འབུམ་སྟོང་ཕྲག་མང་པོ་བླངས། ཁང་པ་རྒྱབ། ནམ་རྒྱུན་ངུ་ཁུལ་བྱས། དངོས་གནས་ཁྲམ་པ་རེད། ད་བར་བོད་མི་སྐྱོ་བོ་གཅིག་ལ་རོགས་པ་ཕར་ཞོག སློབ་མ་གཅིག་ལ་སློབ་ཡོན་ཕྱིན་མྱོང་ཡོད་པ་མ་རེད། དེ་རིང་རང་བཙན་ཟེར་ཁུལ་འདི་ལ་གད་མོ་མི་ཤོར་རམ།
    ཀརྨ་ཆོས་འཕེལ་དེང་སང་ཁས་ལེན་མཁན་གྱི་མི་གཅིག་ཡོད་པ་མ་རེད། བེད་སྤྱོད་གཏོང་མཁན་འཇུ་ཆེན་འཁོར་དང་བཅས་པ་ཡོད་པ་རེད། ཁོ་འདྲ་བོ་ཞིག་ཏུ་མི་རུ་སྐྱེ་བ་ལས་ཁྱི་བདག་མེད་ཅིག་གི་སྐྱེ་བ་ལངས་ཀྱང་འགྱོད་པ་ཁྱོན་ནས་ཡོད་ས་མ་རེད། བཀའ་བརྒྱུད་སྤྱི་འཐུས་ཡོངས་སྟངས་ཁོ་རང་ཕྱོགས་རིས་རང་ཡིན་དུས་བོད་མིའི་ཆིག་སྒྲིལ་ལ་དམ་ཚིག་མེད་པ་གསལ་བོ་རེད། དེ་བཞིན་མདོ་སྟོད་སྤྱི་འཐུས་འདི་ཚོ་དངོས་གནས་ཀླད་མེད་རེད། ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་ཞིག་དགོས་ན་ཁྱེད་ཚོའི་ལས་ཀ་བྱེད་སྟངས་འདི་དག་བསྒྱུར་ན་ཡག་གི་རེད། ད་མང་མེད་ན་ཉུང་ཁྱོན་ནས་ཡོད་པ་མ་རེད། ཨ་ལེ། ཁྱེད་ཚོའི་དང་པོ་མདོ་སྟོད་ནང་ཁུལ་ཆུ་སྒང་འགྲིག་གི་བཅུགས། དེ་ནས་བོད་དོན་ཤོད་དང་ལན་པོ་ཞིག་འདུག དངོས་གནས་ཆིག་སྒྲིལ་ཟེར་བ་འདི་གལ་ཆེན་པོ་རེད། བོད་རང་བཙན་ལ་ཁ་གཡར་ནས་ཆིག་སྒྲིལ་གཏོར་བ་ཡིན་ན་འགྱོད་པ་རྗེས་ལ་ཡོང་གི་རེད།། སྐུ་མཁྱེན། ཁྱེད་རྣམས་པའི་འཁྲབ་མཚམས་འཇོག་རོགས།།།།།།།

    Reply
  25. རེབ་ཐོག་མདའ says:
    ལོ་ 13 སྔོན།

    གོང་ས་མཆཽག་གིས་ང་ཚོ་ལ་ཕུགས་རྒྱང་རིང་བོ་ལམ་ཁ་་་་་་དབུ་མའི་ལམ་ཟེར་བ་ཞིག་གནང་ཡོད་དུས་མདངས་ཡག་པོ་ཞིག་བརྒྱབ་ནས་ཆོལ་གསུམ་ཆིག་སྒྲིལ་ངང་ནས་གོང་ས་མཆཽག་གི་གསུངས་ཡག་པོ་ཉན་ན་ཡག་གི་རེད།
    གོང་ས་མཆོག་གི་ཞབས་ཀྱི་བཅག་ཏེ་བྱིན་རླབས་པའི་བཀའ་ཀྲིན་དང་བོད་ནང་གི་བོད་མི་དེ་དག་གི་བཀའ་དྲིན་རེད་མ་གཏོགས་རང་བཙན་དགོས་ཟེར་མཁན་འདི་དག་གི་ད་བར་དུ་ག་རེ་ཞིག་བསྒྲུབས་སོང་།
    འཇམ་དབྱངས་ནོར་བུ་རེད་ཨ་རི་ནང་ནས་བསྡད་དེ་ནང་མི་དང་རང་གི་འཚོ་བ་དག་དག་ཅིག་བཟོས་རྗེས་ད་ཁ་ནས་རང་བཙན་དགོས་མདོག་མདོག་བཤད་གི་ཡོད་རེད།
    དཔེར་ན་ཉི་མ་གཅིག་བོད་གི་ནད་དོན་དེ་ཡག་བལྟས་ཞིག་མེད་ན་མི་འདི་དག་ཕྱི་ལ་འགྲོ་ཆོག་ཆོག་བཟོས་ཡོད་རེད། ལྷ་བཟང་ཚེ་རིང་ཡིན་ཡང་རེད་རྡ་ས་ན་ཁང་བརྩེགས་མཐོ་པོ་ཞིག་ཡོད་པ་མ་ཟད་རང་དོན་ལ་ནོར་གི་མ་རེད། མི་འདི་དག་རང་བཙན་དགོ་མདོག་སྟོན་པ་ལས་དོན་ཀྱི་ཅི་ཡང་བསྒྲུབས་ཐུབ་གི་མ་རེད། དངོས་ནས་ཁྱོད་ཚཽས་འཇོན་ན་བོད་ནང་གི་ད་ལྟའི་སྐོར་ལ་ཛ་དྲག་ཚོགས་ཆུང་བཙུགས་ཏེ་ལས་ཀ་བྱས་དང་ད་དུང་སྤྱི་མཐུས་དེ་ཚོ་གྱང་ཁའི་རྩ་དང་གཅིག་པ་རེད། ཁོང་བོད་གཞུང་དང་གོང་ས་མཆོག་གི་བཀའ་དགོངས་ལྟར་དབུ་མའི་ལམ་དུ་འགྲོ་མཁན་མི་ནམ་ཁ་སང་ཁོང་ཚོས་དེ་རི་ག་རེ་བྱས་ཀྱིན་ཡོད་རེད། བཙན་བྱོལ་ནང་གི་མི་འདི་ཚོ་རང་ཚུགས་ཞིག་མི་འདུག། ལྷག་པར་མཐོན་པོ་མིང་ཅན་གི་གང་ཟག་དེ་ཚོ་དངོས་རང་ཚུགས་མི་འདུག

    Reply
  26. བོད་ཀྱི་བུ། says:
    ལོ་ 13 སྔོན།

    རླབས་ཆེན་གྱི་ཚོགས་པ་ཞིག་བཙུགས་ཐུབ་པ་འདིར་རྟེན་འབྲེལ་ཞུ།

    Reply
  27. མི་ཆུང་། says:
    ལོ་ 13 སྔོན།

    ཁོང་རྣམ་པ་དུས་ནམ་ཞིག་ས་སྟེང་འདིར་སྐྱེས་པ་རེད་དམ། ལྷག་དོན་སྤྱི་མཐུས་ལས་ཐོག་པ་འདི་འཚོ་ཟུར་ཉན་ཙམ་རེད་དམ། ཡང་ན། རེད་རེད། ད་ང་ཚོས་བོད་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་བྱས་ནས། ཁ་ནས་རང་བཙན་ཤོད་ཀྱིན། མི་ལོ་བརྒྱ་ཕྲག་ཁ་ཤས་ས་འདི་གར་ལྷོད་ཤིག་གེར་བསྡད་ཆོག

    ཚོགས་ཐོག་འདིར་བཀའ་ཟུར་དང་ལྷག་པར། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཀྱི་གསུམ་ཆ་གཅིག་དང་། སྤྱི་འཐུས་རྒྱུན་ལས་རྣམས་སླེབས་ཡོད། བཀའ་ཟུར་དང་སྤྱི་འཐུས། ད་དུང་ཚན་པ་ཁག དབུས་བོད་མིའི་སྒྲིག་འཛུགས་གང་ན་ཡོད།

    ལོ་གསུམ་ཅུ་ཙམ། དུས་ཡུན་ཅུང་རིང་པོ་རེད། ཕལ་ཆེར་ལོ་ངོ་འདི་དག་གི་འགྲུབ་འབྲས་ཏིལ་འབྲུ་ཙམ་དེ། གཙང་འཕྱག་བྱེད་རྒྱུ་ཡིན་པ་འདྲ།

    Reply
  28. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འདི་ཡང་མཐུན་སྒྲིལ་ཅིག་དང་ནུས་པ་ཞིག་གི་རྣམ་འགྱུར་རེད། འགོར་དྲགས་པའི་གོམ་པ་ཞིག་རེད། མཛུབ་མོ་རྣམས་ཕྱི་ནང་འཆོལ་བའི་ལག་པ་ཞིག་རེད། དེ་བས་འདིའི་ཤེད་ཤུགས་དང་ཕན་ནུས་རང་བཞིན་ཡང་ཕལ་ཆེར་ཚོད་དཔག་ཐུབ་པ་ཞིག་སྟེ། མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་ཞིག་ཆགས་དཀའ། གལ་ཏེ་ཆགས་པའི་དབང་དུ་བཏང་ན་ཡང་ལྕགས་ཀྱི་ཐོ་བ་ལ་རྡེག་ཐབས་བྲལ་བ་ཞིག་རེད།

    Reply
  29. བློ་འཕེལ། says:
    ལོ་ 13 སྔོན།

    ཨ་ཁ་ཁ། ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བའི་སྐབས་འཚོལ་བ་ཚོས་དབུ་ཁྲིད་ན་ཡག་རྟགས་ཡོད་པ་མ་རེད། དག་དག་རེད། ལྔ་བཅུ་ལྔ་དགུ་ལོ་ནས་ད་བར་རང་བཙན་བརྩད་ནས་བོད་ནང་གི་བོད་མི་ཚོ་ག་ཚོད་སྐྱོབ་སོང་། གཅིག་ཤོད་དང་། བཤད་རྒྱུ་མེད་པཱ། ད་དུང་རང་ལུས་མེ་བསྲེག་གཏོང་མཁན་ཚོའི་དམིགས་ཡུལ་འགྲུབ་ཆེད་ཚོགས་པ་གསར་འཛུགས་དགོས་ཟེར། དེ་འདྲ་ཡིན་ན་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་སྐོར་ཚིག་ཙམ་མི་གླེང་བ་རྣམ་པ་ཚོར་ག་རེ་བྱས་རེད།

    Reply
  30. འཇམ་དཔལ། says:
    ལོ་ 13 སྔོན།

    ད་ལོ་གྲོས་ཚོགས་ནང་ལ་ཡོང་བའི་སྤྱི་འཐུས་གསར་པ་ ༤ ་ཙམ་འདིར་སླེབས་འདུག འདི་དག་གིས་མགོ་མ་འཚོས་ནས་ཚོགས་པ་འདིར་ཞུགས་པ་མིན་འགྲོ མགོ་འཚོས་ཤིང་ཡིད་ཆེས་སྐྱེས་ཏེ་ཡོང་བ་ཡིན་ན་བཟང་མོད་ཀྱང་། ང་ལ་དོགས་པ་ཡོད། ད་དུང་མི་གཞན་པ་འགའ་རེ་ལ་ཡང་ཤོད་རྒྱུ་འདུག་མོད། རྗེས་སུ་ཀ་ལེར་བཤད་ཆོག་

    Reply
  31. སྤེན་རྡོར། says:
    ལོ་ 13 སྔོན།

    དོན་གྲུབ་བཀྲ་ཤིས་ལགས་ཀྱིས་གསུངས་པ་དངོས་གནས་རེད། ཚོགས་མི་ཧ་ཅང་སྣ་འཛོམས་པོ་འདུག རིགས་རུས་གདུང་རྒྱུད་བཙུན་པའི་སྐུ་དྲག་འགའ་ཡང་འདུག་ལ། གསར་བརྗེའི་སྙིང་སྟོབས་འབར་བའི་མི་རབས་གསར་པའི་ན་གཞོན་སྣང་བ་ཅན་ཡང་འདུག ངྷ་སའི་སྲིང་ན་སྦག་སྦག་བཟོ་བའི་ངལ་རྩོལ་ལུས་ཤུགས་ཅན་ཡང་འདུག་ལ། ཕྱི་ནང་ཚོང་འདྲེན་བྱེད་པའི་ཕྱུག་བདག་རྒྱུ་སྟོབས་ཅན་ཡང་འདུག ཉིན་མཚན་དུས་དྲུག་དལ་བ་མེད་པའི་ལས་ཀ་ཧུར་བརྩོན་ཅན་ཡང་འདུག་ལ། དབྱར་དགུན་སྟོན་དཔྱད་ལས་ཀ་མེད་པར་རྡ་སའི་ཁྲོམ་ན་འཁྱམ་ཉུལ་རྒྱག་མཁན་ཡང་འདུག

    Reply
  32. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ད་ཏག་ཏག་རེད་ལམ་དབུ་མར་འབྲས་བུ་མངོན་འགྱུར་མེད་ན་ཨུ་ཚུགས་བརྒྱབ་ནས་ཐབས་ལམ་གཅིག་རང་གཅིག་ལ་འཇུས་བསྡད་ན་ཅང་ཕན་ནི་མ་རེད། དེལས་ཐབས་ལམ་གཞན་ཞིག་འཚོལ་དགོས་པ་རེད། བྱས་ཙང་འདི་ཡང་བོད་ཀྱི་རྩ་དོན་རྩོད་རྒྱུའི་ཐབས་ཇུས་ཞིག་རེད། དེས་ན་ཐབས་ལམ་འདི་ལ་ཞུགས་ནས་ལྟ་ཚོད་ཞིག་བལྟས་ན་ཡག་པོ་ཡོད་པ་རེད།

    Reply
  33. ketaka says:
    ལོ་ 13 སྔོན།

    གང་ལྟར་མ་འོངས་པའི་རྗེས་འབྲས་གང་འདྲ་ཞིག་ཐོན་མིན་ལ་བསམ་གཞིགས་བྱེད་དགོས་པ་གལ་ཆེ…………………ཧོར་རྒྱུགས་བྱས་ན་བློ་ཕམ་དགོས་པ་ཆགས་ངེས་…….

    Reply
  34. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    གྲོགས་པོ་རྣམས་ལ་དྲི་བ་གཅིག་རང་ཡིན༎
    བོད་བཙན་བྱོལ་སྒྲིག་འཛུགས་དང་བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་
    ཞེས་ཁ་ཁ་སོ་སོ་ནས་གྲུབ་པ་ཞིག་མེད།
    བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་ཆེན་ཕྲ་ཆུང་གསུམ་ཡོད་དོ་ཅོག་བཀའ་ཁྲི་ནས་མ་བྱན་བར་ཚང་མས་ལངས་ཕྱོགས་ཀྱི་ལྟ་བ་གཅིག་པ་ཡིན་
    དགོས་པ་རེད་དམ༎

    Reply
  35. ལུང་རྟོགས། says:
    ལོ་ 13 སྔོན།

    དོན་དག་གླེང་ན་དོན་འགྲུབ་བཀྲ་ཤིས་ལྟར་དུ་གླེངས་ཤིག་དྲ་འབུ་ཚོ་ཧ་ཧ་ཧོ་ཧོ་གིས་ཅི་ཡང་ཕན་ཐོག་ནི་མ་རེད།

    Reply
  36. བཙན་མེ་སྟག says:
    ལོ་ 13 སྔོན།

    རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་གནང་བར་དགའ་སྤྲོ་ཚད་མེད་སྐྱེས། ད་ནི་ངོ་མ་རང་བཙན་རྩོད་རྒྱུ་ལས་ལམ་ཁ་གཞན་ཅི་ཡང་ཡོད་པ་མ་རེད། བདག་གིས་བསམས་ན་རང་བཙན་འཐབ་རྩོད་ཀྱི་ཐོག་མར་ཁ་གཏད་ས་དེ་བོད་པ་རང་དང་དགྲ་བོ་དགྱ་ནག་གཉིས་ཡིན་པ་དངོས་ཡོད་རེད། རང་ཉིད་ལ་བོད་མི་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་མེད་ན་རང་བཙན་རྩོད་རྒྱུའི་རྨང་གཞི་མེད་པས་དང་བོ་རང་རིགས་ལ་ཁ་གཏད་དགོས། རྒྱ་ནག་གི་སྲིད་ཇུས་ཅི་ཞིག་ལག་བསྟར་དང་སྐད་ཆ་གང་ཞིག་བཤད་ན་ཆོག་མོད། ང་ཚོས་ངེས་བར་དུ་དོན་དེའི་ལྡོག་ཕྱོགས་ཀྱི་གོ་བ་ལེན་དགོས། མདོར་ན་རྒྱ་ནག་དམར་པོ་གཞུང་མགོ་རྟིང་སློག་ཏུ་འཇུག་རྒྱུ་དེ་རེད། དེ་མ་གཏོགས་ལམ་ཁ་གང་ཡང་ཡོད་པ་མིན། ང་ཚོའི་མི་ལོ་ལྔ་བཅུའི་རིང་ལ་ཕྱིའི་སྟོབས་ཤུགས་ཀྱིས་ནང་གི་སྟོབས་ཤུགས་བཙལ་བ་རེད། ད་ནི་དེ་ལས་ལྡོག་སྟེ་ནང་གི་སྟོབས་ཤུགས་ཀྱིས་ཕྱིའི་སྟོབས་ཤུགས་སམ་རྒྱབ་སྐྱོར་བཙལ་དགོས་པ་བཤོལ་དུ་མེད་པའི་མདུན་བསྐྱོད་བླ་ན་མེད་པ་དེ་ཡིན་སྙམ། བོད་རྒྱ་ཞི་མོལ་སོགས་རྒྱ་ནག་གིས་ནར་འགྱངས་བྱས་པའི་ལས་རིགས་ཀུན་ལ་ད་ནི་གོ་བ་གསར་བ་ཞིག་ལེན་དགོས་པ་དེ་ཡིན། རྒྱ་ནག་གིས་དབང་འཛིན་པ་ཚོས་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་ཐག་གཅོད་ཐུབ་པའི་བསམ་བློ་ཞིག་རྨི་ལམ་ནང་ལའང་འཁོར་མྱོང་ཡོད་པ་མིན། དེ་ངེས་བར་དུ་ཤེས་དགོས། གནད་དོན་དེ་གཅིག་པོ་ལས་གནད་དོན་མང་བོ་ཞིག་ལ་སྡོམ་ཚིག་དགོད་ཆོག་པ་མིན་ནམ། ལས་འགུལ་སྤེལ་ཕྱོགས་ཐད་དུ་གང་སར་གནས་པའི་བོད་མི་ཤེས་ཡོན་པ་རྣམས་སྐོང་ཚོགས་བྱས་ཏེ་བགྲོ་གླེང་བྱ་རྒྱུའི་དུས་ལ་བབ་འདུག དཔེར་ན་བོད་པ་མང་བོ་ཞིག་ལ་མི་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་ཇི་ལྟར་བསྐྲུན་དགོས་མིན་དང་། དེ་ལས་གཞན་རྒྱ་ནག་གི་ཕྱོགས་ནས་བོད་པ་དམར་གསོད་བྱས་པའི་ཉིན་མ་དང་རྒྱ་ནག་རང་གི་སློབ་མ་ཚོ་དམར་པོ་ཁྲག་ལ་སྦྱར་བའི་སྐྱི་གཡའ་བའི་ལོ་རྒྱུས་དེའི་དུས་ཚིགས་དང་། དེ་མིན་ཡ་ང་བའི་དུས་ཚིགས་མང་བོ་ཞིག་སྲུང་བརྩི་བྱས་ཏེ་རྒྱ་ནག་དམར་པོ་གཞུང་གི་གདོང་རིས་ངོ་མ་ཕྱི་རུ་སྟོན་དགོས་པ་སོགས་ཀྱི་ཕྱོགས་ལ་བསམ་གཞིག་ཡང་དང་བསྐྱར་དུ་བཏང་ནས་མདུན་བསྐྱོད་བྱ་དགོས་པ་ཡོལ་ཐབས་མེད་པ་ཞིག་ཡིན་ཙ་ན། ང་ཚོའི་རྡོག་རྩ་ཆིག་སྒྲིལ་ངང་རང་བཙན་འཐབ་རྩོད་བྱ་དགོས་སྙམ། བསམ་ཚུལ་ཙམ་ཡིན། སྤྱིར་བཏང་འདིའི་སྐོར་ལ་མང་བོ་ཞིག་བཤད་རྒྱུ་ཡོད་མོད་དུས་ཚོད་ཀྱི་དབང་གིས་དེ་ག་ཙམ་བྱོས།

    Reply
  37. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ད་ཐེངས་ཚོགས་འདིའི་ནང་དོན་གསལ་བོ་ཞིག་ཧ་གོ་མ་སོང་། འགྲོ་རྒྱུ་མ་བྱུང་། གསར་འགྱུར་བཀླགས་ན། ལས་གཞི་རྨང་གཏོང་སྟངས་དང་ལས་འཆར་མགོ་རྩོམ་ཕྱོགས་ཡག་པོ་འདྲ་ཞིག་ཏུ་མཐོང་སོང་། པར་ངོས་ལ་བལྟས་ན། རེབ་འདིའི་ཚོགས་མིའི་གྲུབ་ཆ་སྣ་འཛོམ་པོ་ཞེ་དྲག་རེད། ཕོ་མོ་སྐྱ་སེར་རྒན་གཞོན་དབྱེར་མེད་རེད། བཀའ་བློན་ཁྲི་ཟུར་དང་། སྤྱི་འཐུས་ལས་ཐོག་པ། བླ་མ་དང་དགེ་བཤེས། རྒྱ་གར་བ་དང་ཕྱི་གླང་བ། རྩོམ་སྒྲིག་པ་དང་གསར་འགོད་པ། གཞུང་གི་སྲི་ཞུ་ལས་བྱེད་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེའི་འགན་འཛིན། སྤྱི་ཚོགས་ཞབས་ཞུ་བ་དང་ཆབ་སྲིད་ལས་འགུལ་བ། རང་དབང་གི་སྲིད་དོན་ཉམས་ཞིབ་པ་དང་རང་དབང་གི་རྩོམ་པ་པོ་བཅས་ལས་གྲུབ་འདུག

    Reply
  38. གནས་ཚང་། says:
    ལོ་ 13 སྔོན།

    ཕྱི་དྲིལ་གྱི་ལས་བྱེད་བུ་ཆུང་ཟེར་བ་བཀའ་ཤག་གི་ལས་བྱེད་བསྟན་འཛིན་ཉིན་བྱེད་གཉིས་ནི་བཀའ་ཤག་གིས་ཆེད་མངགས་ལྟ་ཞིབ་པ་ཡིན་སྲིད་པས། ཧང་སངས་དགོས་ཡ་་ག་རེ་ཡོད་པ་རེད་དམ། དེ་ལས་ལྡོག་ནས་ཁྱོད་ཀྱི་མ་བརྟག་ཧ་ཧ་ཧ་ལ་ཚང་མ་ཧང་སངས་འདུག

    Reply
  39. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ད་དངོས་གནས་བཀའ་ཤག་གསར་པ་འདི་ཚང་ལ་ལྟད་མོ་འདུག རང་བཙན་ཚོགས་ཆུང་ཟེར་བའི་ནང། ཕྱི་དྲིལ་གྱི་ལས་བྱེད་བུ་ཆུང་ཟེར་བ་བཀའ་ཤག་གི་ལས་བྱེད་བསྟན་འཛིན་ཉིན་བྱེད་གཉིས་ཀྱང་འདུག་པས། ད་ག་ག་རེ་གནང་དགོས་རེད། བཀའ་ཤག་ལགས། ཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese