མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དུས་མཐའ་འཁྱོལ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་བོད་ཀྱི་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་སྐབས་ ༡༣ པའི་སློབ་ཐོན་མཐར་ཕྱིན་དང་། སྐབས་ ༡༤ པའི་གསར་ཞུགས་སློབ་མ་མགོ་འཛུགས་མཛད་སྒོ་ཚོགས་སོང་།

དེ་རིང་ཞོགས་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྒྱ་རིགས་ཐར་ལགས་ཆེད་ཕེབས་ཐོག མཐར་ཕྱིན་སློབ་མ་ཁག་ཅིག་ལ་ཆེད་བསྟོན་བྱ་དགའ་དང་། མཐར་ཕྱིན་སློབ་མའི་ལག་འཁྱེར་གནང་པ་དང་ཆབས་ཅིག གསར་ཞུགས་སློབ་མ་ཚོར་ཕེབས་བསུའི་མཛད་སྒོ་ཚོགས་སོང་།

མཛད་སྒོའི་ཐོག་མར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ལོ་གཅིག་གི་སློབ་ཡུན་རིང་སློབ་མ་ཚོར་སོ་སོ་སྤྱི་ཚོགས་ནང་ཐོན་འགྲོ་སྐབས་སློབ་སྦྱོང་གི་ཐད་ནས་གདེང་སྤོབས་ཡོད་པ་ཞིག་བཟོ་ཐུབ་མེད་པ། སློབ་མ་རྙིང་པ་ཚོ་ཐོན་འགྲོ་བ་དང་གསར་པ་ཚོ་སླེབས་ཡོང་གི་ཡོད་པ་ལྟར། ཚོགས་པའི་འཛིན་སྐྱོང་གི་མི་ཐོག་རིམ་བཞིན་འགྱུར་འགྲོ་བ་ཞིག་ཡིན་སྟབས། སློབ་མ་ཚོ་ཆབ་སྲིད་བཙོན་ཟུར་རམ་འབྲེལ་ཆགས་ཀྱང་ཆགས་ཡོད་པས། རྗེས་ཕྱོགས་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་རྒྱུན་གནས་འཕེལ་རྒྱས་ཐད་དོ་ཁུར་བྱ་དགོས་པ། ལྷག་པར་དུ་དགུ་བཅུ་གསུམ་ཚོགས་པ་འདི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མིང་ཁུར་ནས་གནས་ཡོད་པ་ཞིག་ཡིན་སྟབས། ཚང་མས་ཆེ་ས་ནས་བོད་རྒྱལ་ཁབ་ཆེད་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་དང་། ཆུང་ས་ནས་སོ་སོའི་ལྟོ་གོས་ལ་འགན་འཁུར་ཐུབ་པ་ཞིག་བྱ་དགོས་པ་བཅས་ཀྱི་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྒྱ་རིགས་ཐར་ལགས་ཀྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཡིན་པ། ཚོགས་པ་དེའི་ནང་གི་ལས་ཀ་བྱེད་མཁན་དང་ཚོགས་མི་ཚོ་བོད་ནས་ཤི་གསོན་གྱི་འཐབ་རྩོད་འོག་ནས་ཡོང་མཁན་རྐྱང་ཡིན་པ། སོ་སོའི་གཉེན་འབྲེལ་བོད་ནང་ཡོད་མཁན་དང་བོད་ནང་གི་གནས་བབ་ལ་རྒྱུས་ལོན་ཡོད་མཁན་རྐྱང་ཡིན་སྟབས་དུས་རྒྱུན་བོད་ནང་འབྲེལ་བ་བྱ་དགོས་པ། ༧གོང་ས་མཆོག་གི་སྐུ་རིང་ལ་བོད་ཀྱི་བདེན་མཐའ་སེལ་མ་ཐུབ་ན་ཕྱིན་ཆད་བོད་མིའི་འདོད་བློ་ཁེངས་པ་ཞིག་ཡོང་དཀའ་བ་སོགས་ཀྱི་སྐོར་གསུངས་བྱུང་།

མཐར་ཚོགས་པའི་ཤེས་ཡོན་སྡེ་ཚན་གྱི་སློབ་སྤྱི་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ལོ་སྔོན་མར་སྐབས་ ༡༣ པའི་སློབ་མ་གསར་ཞུགས་སྐབས་སློབ་མ་གྲངས་ ༡༩ ཡོད་ཀྱང་། ད་སྔ་སློབ་མ་ཁག་ཅིག་གིས་དགོངས་ཞུ་བྱས་པ་དང་། ཁག་ཅིག་གིས་དགོངས་ཞུ་ཡང་མ་བྱས་པར་ཁྱོན་སློབ་མ་ ༨ ལོ་གཅིག་གི་སློབ་སྦྱོང་གི་དུས་ཡུན་མཐའ་མ་འཁྱོལ་བར་ཐོན་ཡོད་པར་བློ་ཕམ་ཆེན་པོ་ཡོད་པ་དང་། ཁོ་ཚོས་སོ་སོའི་གོ་སྐབས་དང་ཚོགས་པའི་རེ་བ་སྟོང་ཟད་དུ་བཏང་ཡོད་པ་མ་ཟད། སློབ་ཞུགས་བྱ་འདོད་ཡོད་མཁན་གཞན་པ་ཚོའི་གོ་སྐབས་ཀྱང་འཕྲོ་བརླག་ཏུ་བཏང་ཡོད་པས། འདི་ལོའི་སློབ་མ་དག་གིས་གནས་ཚུལ་དེ་འདྲ་མི་འབྱུང་པར་བྱ་དགོས་པའི་རེ་སྐུལ་གནང་སོང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལོ་ལྟར་ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་བཙོན་པའི་འབྲེལ་ཆགས་ཁག་ཅིག་ལ་གློག་ཀླད་དང་དབྱིན་ཡིག བོད་ཡིག་སོགས་ལོ་གཅིག་རིང་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། འདི་ལོ་གསར་ཞུགས་སློབ་མ་གྲངས་ ༩ བྱུང་ཡོད་པའི་ཁར། ཟུར་ཞུགས་སློབ་མ་ ༦ ཙམ་བསྡུ་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese