མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱིས་དུས་ཀྱི་མཛད་སྤྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp


བགྲང་བྱ་བཅུ་གཉིས་ཀྱི་ཡར་སྔོན་ཏེ། ༧གོང་ས་མཆོག་དགུང་གྲངས་ ༦༥ ཕེབས་པའི་སྐུའི་འཁྲུངས་སྐར་སྐབས། འདི་གའི་གསར་ཁང་གིས་གང་ཉིད་བྱིས་པའི་དུས་ཀྱི་མཛད་སྤྱོད་སྐོར་དགའ་གཡུ་སྒྲོན་ལགས་སུ་བཅར་འདྲི་བྱས་ཏེ། བོད་ཀྱི་དུས་བབ་ཚགས་པར་སྤྱིའི་འདོན་ཐེངས་ ༡༣༠ སྟེང་བཀོད་ཡོད་པ་འདི་ལོའི་འཁྲུངས་སྐར་ལ་དམིགས་བསལ་བསྐྱར་འགོད་བྱས་པ་ཡིན།

༼ ཁོ་མོས་བརྗོད་དོན་ལྟར་ན། གོང་ས་མཆོག་དགུང་ན་ཆུང་ཆུང་སྐབས་གཟིགས་རྟོག་གནང་མཁན་གཙོ་བོ་དེ་རྒྱལ་ཡུམ་ཆེན་མོ་ཆགས་ཡོད་པ་དང་། རྒྱལ་ཡུམ་ཆེན་མོ་གཟིམ་ཁང་གི་ཕྱག་ལས་ཀྱིས་མ་ཁོམ་པའི་དུས་སུ་བཞུགས་རོགས་དང་སྐུ་རྩེད་གནང་རོགས་དགའ་གཡུ་སྒྲོན་ཆགས་ཡོད་ཅིང་། དེ་ཡང་སྐུའི་གཅེན་པོ་ཚོ་སློབ་གྲྭ་དང་དགོན་པར་ཞུགས་ཟིན་པ་དང་། སྐུའི་གཅེན་མོ་མནའ་མར་སྤྲད་ཟིན་སྟབས་རྒྱུན་དུ་སྐུ་རྩེད་གནང་རོགས་དགའ་གཡུ་སྒྲོན་ལས་གཞན་མེད་འདུག 

༸གོང་ས་མཆོག་དགུང་ན་ཆུང་ཆུང་སྐབས་རྒྱུན་དུ་སྐུ་རྩེད་གནང་བ་དེ་མེ་ཏོག་གི་སོན་འདེབས་ལས་ཀྱི་ལད་མོ་གནང་བ་དང་ས་དམར་པོའི་འདམ་གྱིས་མཆོད་རྟེན་དང་ལྷ་ཁང་བཞེངས་བ་སོགས་ཆགས་ཡོད་པ་དང་། སྐབས་རེར་དྲེལ་ཆུང་ཞིག་ཡོད་པའི་སྒལ་བར་བསངས་ཁུག་ནང་རྡོ་བཅུག་སྟེ་བཀལ་ནས་དྲེལ་རྒྱབ་ལ་གཞོན་ཏེ་ཕྱོགས་འགྲོའི་ཚུལ་གནང་ཞིང་། འབུ་སྲིན་རིགས་ལ་ཡ་མཚར་གྱིས་གཟིགས་ཏེ་མི་ཤི་བའི་ཐབས་ཤེས་སུ་ས་བདེ་སར་འཇོག་པ་དང་། སྡིག་པ་རྭ་ཙ་གཟིགས་ཚེ་འཇིགས་སྣང་མེད་པར་བཟུང་ནས་མི་གཞན་ལ་འཇིགས་སྐུལ་གྱི་སྐུ་རྩེད་གནང་གི་ཡོད་འདུག

ཁོ་མོས་མུ་མཐུད་དུ་༸གོང་ས་མཆོག་དགུང་ན་ཆུང་ཆུང་སྐབས་ཀྱི་མཛད་སྤྱོད་དེ་བྱིས་པ་གཞན་དང་གཏན་ནས་མི་འདྲ་བར་བཀའ་མོལ་ཚིག་གཅིག་གཉིས་ཤིག་གསུངས་ཀྱང་། དེའི་ཐོག་དབུ་འཁོར་ནས་བཞུགས་པ་ལས་བྱིས་པ་གཞན་ལྟར། རྙོག་དྲ་བཟོ་པ་དང་སུན་པོ་གནང་རྒྱུའི་ཐུགས་གཤིས་གཏན་ནས་མེད་ཅིང་། གྲོང་ཚོའི་ཕྲུ་གུ་གཞན་དང་ལྷན་ཡར་མར་ཕེབས་པ་དང་སྐུ་རྩེད་གནང་རྒྱུའི་ཐུགས་འདོད་ཀྱང་མེད་ལ། རྒྱལ་ཡུམ་ཆེན་མོས་ཀྱང་ནམ་རྒྱུན་ཕྲུ་གུ་གཞན་དང་ལྷན་གཏོང་འདོད་གནང་གི་མེད་ཅེས་ངོ་སྤྲོད་གནང་སོང་༽ ཞེས་བཀོད་འདུག

བསྐྱར་འགོད་པ། དོན་འགྲུབ་བཀྲ་ཤིས།

མཆན། 16

  1. ནད་པ says:
    ལོ་ 11 སྔོན།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    ༸ རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།།

    ཞེས་སྐྱབས་རྗེ་འཁྲུག་ཞིག་རིན་པོ་ཆེ་མཆོག་གིས་བརྩམས་པའི་གསུངས་བྱིན་འདི་བཞིན་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ།།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 11 སྔོན།

    སྐྱོ་ངལ་གྱིས་སེམས་པ་གསོད་སྐབས་ཁྱེད་ཀྱི་བརྩེ་འཛུམ་ནི་བདག་གི་དབུགས་དབྱུང་ཡིན།
    རེ་ཆད་ཀྱིས་མིག་མདངས་ཉམས་སྐབས་ཁྱེད་ཀྱི་གསུང་སྐད་ནི་བདག་གི་ཟུངས་བཅུད་ཡིན།
    དཀའ་སྡུག་གི་ལོ་ཟླ་བགྲོད་སྐབས་ཁྱེད་ཀྱི་གཟི་མདངས་ནི་བདག་གི་སྟོབས་ཤུགས་ཡིན།
    འཇིག་རྟེན་གྱི་ཁ་དོག་བརླག་སྐབས་ཁྱེད་ཀྱི་བཞད་གད་ནི་བདག་གི་ཡོད་ཚད་ཡིན།

    Reply
  3. Shakgang Pasang Tsering says:
    ལོ་ 11 སྔོན།

    མེ་ཏོག་བོད་ལ་ཕོག་པའི།།

    ལྷ་སྐལ་ཕྱག་ན་པད་མོའི།།

    དོན་བདུན་འཁྲུངས་སྐར་རྟེན་འབྲེལ།།

    གླུ་གར་མཆོད་པ་འབུལ་ལོ།།

    Reply
  4. སྙིང་མིག says:
    ལོ་ 11 སྔོན།

    འཚོ་བཞིན་པའི་སྟོན་པ།
    ས་ཡི་སྟེང་། གནམ་གྱི་འོག འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་མཆོག་ལ་གུས་ཤིང་འདུད།

    སྟོང་པའི་མཁའ་ལ་ཆས་པའི་དུང་ཟླ་དང་། །
    མཚམས་སྤྲིན་གསེབ་ན་ཟུགས་པའི་དབང་གཞུ་བཞིན།།
    མ་འདྲེས་འགྲོ་ལ་བརྩེ་བའི་སྤྱན་རས་ཅན།།
    ལྷ་མོ་དོན་གྲུབ་ས་ཆེན་འདི་ན་བལྟམས།།

    མཚན་དང་དཔེ་བྱད་ཤོབ་དེ་མི་དགོས་ཤིང་།།
    སྟོབས་དང་རྫུ་འཕྲུལ་འུར་དེ་མི་དགོས་སོ།།
    བཙན་པོས་ཐུབ་ཚོད་བྱེད་པའི་ཉམས་ཆུང་ལ།།
    བྱམས་པའི་ལག་རིང་བརྐྱོང་བ་འདི་ཀོ་རྨད།།

    ཞི་བའི་དབྱིངས་ན་གཟིམ་པའི་ལྷ་ཚོགས་དང་།།
    མུན་པའི་ཀློང་ན་ཁྲོས་པའི་དམ་ཅན་ལ།།
    རེ་བའི་འཁྲེང་ཐག་སྔ་ནས་བཅད་ན་ཡང་།།
    ཁྱེད་ཀྱི་ཕྱོགས་སུ་དད་གསུམ་ཟླ་བ་འཛུམ།།

    ལྷ་ཀླུ་ལྷ་མིན་དྲི་ཟ་མ་མཐོང་ཡང་།།
    མི་ཚོགས་ཉ་མའི་དཔུང་ཁ་མཐུག་པོ་འདིས།།
    ཟས་གཙང་སྲས་ཀྱང་དེ་དང་དེ་ལྟ་ཙམ།།
    བྱས་པ་མིན་ཞེས་ཤེས་ལྡན་སུ་ཡིས་སྨྲ།།

    མདོངས་མཐའི་ཟས་ཀྱིས་ཚོས་པའི་མི་ཡུལ་ནས།།
    གཤེ་ཤིང་སྡང་བའི་སྐུར་འདེབས་དམོད་མོ་ལ།།
    ཞི་ཞིང་འཛུམ་པའི་བདུད་རྩི་མངར་མོ་ཞིག།།
    སྦྱིན་འདོད་བྱམས་བརྩེའི་སྙིང་ཁམས་གང་ནས་བརྐུས།།

    ཆོས་ལུགས་ཆོལ་ཁ་མཐུན་པའི་ཐེག་པ་ལ།།
    རྟག་ཆད་མཐའ་བཞི་ཆོད་པའི་རལ་གྲི་ཞིག།།
    ཟུར་ཕུད་ལྔ་པས་གནང་ངམ་གསར་དུ་བརྡུང།།
    ས་གཏེར་རྡོ་གཏེར་མིན་པ་ཐག་གིས་ཆོད།།

    ས་སྐྱ་པན་ཆེན་ས་ལ་ཐིམ་པའི་རྗེས།།
    ཀློང་ཆེན་རབ་འབྱམས་ཀློང་དུ་ཆུབ་པའི་རྟིང།།
    པད་འབྱུང་བླ་མས་པད་དཀར་ཁྲིད་པའི་མཐར།།

    ཁྱེད་མིན་ཐམས་ཅད་མཁྱེན་པ་སུ་ཞིག་ཡོད།།

    བསྒྲེས་པའི་ལོ་ལ་གཞོན་ཤའི་མེ་ཏོག་བཞད།།
    ཞི་བདེའི་རྟགས་མ་གོ་ལའི་ཏོག་ལ་བཀོད།།
    ས་སྟེང་འདི་ན་འཚོ་བའི་སྟོན་པ་ཞིག།།
    ད་ལྟ་མ་གྷ་དྷ་ན་མཆིས་སོ་སྐད།།

    སྲིད་ཀྱི་ལྷ་མོ་བསྐྱུར་བས་མི་ངོམས་ཤིང་།།
    འཚོ་བ་ཕྱི་ཐག་སྲིང་བས་མི་འཚེང་ངོ།།
    གངས་ཕྲུག་གཞོན་ནུ་ལང་ཚོ་མ་སྨིན་བར།།
    ལོ་ངོ་སུམ་བརྒྱར་བཞུགས་པའི་ཐུགས་ཐག་ཆོད།།

    ཏིང་འཛིན་ཟབ་མོའི་དམིགས་པ་མ་འཆོར་དང་།།
    དམ་ཚིག་རྡོག་རྩ་གོང་བུ་མི་འཐོར་རོ།།
    མེས་པོ་གོང་མའི་ཕ་མཁར་སྣུམ་པོ་ན།།
    གཞིས་བྱེས་འཛོམ་རྒྱུའི་ཁ་ཆད་ཁྱེད་ཀྱིས་གནོང་།།

    བཤད་ཚོད་ན་ཡུལ་དབུས་ཞེས་གྲགས་པའི་ཐིག་ལེ། སྟོན་པ་མངོན་པར་སངས་རྒྱས་པའི་གནས་མཆོག རྡོ་རྗེ་གདན་གྱི་སྤོ། བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་སོ་གཉིས་པ་གནང་ཞིང་།གཞིས་བྱེས་བོད་རིགས་འབུམ་ཚོ་གཉིས་འཛོམ་གྱི་སྐབས་སུ། ཞལ་མཇལ་གྱིན་གསུང་ཐོས་ཀྱིན་དེ་ཉིད་དུ་བྲིས་སོ།༢༠༡༢།༡།༨།

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 11 སྔོན།

    ༸ཁྱེད་ཀྱི་འཁྲུངས་སྐར་ལ་བཏེགས་པ།

    མཚན་དཔེ་མེ་ཏོག་གི་ལང་ཚོ་སྣུམ་པོ།།
    ས་ཡི་ཡང་ཐོག་ནས་མངོན་པར་བཞད་དུས།།
    འཚོ་བའི་གོ་རིམ་ལ་གནས་ལུགས་བརྡར་བཞིན།།
    ས་སྒང་ཆེན་པོ་དེར་བརྡ་ཞིག་བྱས་ཡོད།།

    རྡོ་བའི་གཤིས་ཀ་དེ་ཕར་ལ་གཡུགས་ནས།།
    དོན་དངོས་ངོ་མ་ཞིག་ཕྱག་ཏུ་མནམས་ནས།།
    ཞལ་རས་དྭངས་མོ་ལ་འཛུམ་དཀར་དགོད་ཀྱིན།།
    རྒྱལ་སྲས་སེམས་དཔའ་ཡི་རིང་ལུགས་བཞེས་ཡོད།།

    འཚོ་བ་ཆུ་ཟླ་ཡི་གནས་ལུགས་གཟིགས་མོད།།
    སྣང་བ་མཐོན་པོ་ཞིག་གནམ་དུ་མ་བཞག།
    མཐའ་བརྒྱད་སྤྲོས་བྲལ་གྱི་གནས་མལ་དེ་ནས།།
    ཐུབ་པ་ཆེན་པོ་དེ་བཞེངས་པ་མིན་ནམ།།

    རྡོག་ཀ་འཇོག་ས་དེར་རྡོ་ཟོར་བརྩིགས་འདུག།
    གནམ་ལ་ལྟ་ས་དེར་དུད་སྤྲིན་འཁྲིགས་འདུག།
    ཁྱེད་ཀྱི་ཕེབས་ལམ་འདི་བདེ་མོ་མིན་པ།།
    ལྷ་སྲུང་མི་དགོས་པར་ཤེས་ཚོད་འདུག་གོ།།

    གངས་རི་དཀར་པོ་འདིའི་ངོ་མདངས་མ་འགྱུར།།
    ཁྱེད་ཐུགས་མཁའ་ཀློང་ལ་སྤྲིན་པ་མ་འཁོར།།
    བྱུང་རིམ་ཀྱོག་པོ་ཞིག་དྲང་བོར་སྲོང་བཞིན།།
    “ཐུབ་པའི་གཞོན་རབས་”ཁྱེད་གཡུལ་ལས་རྒྱལ་འདུག།

    ས་ཡི་རྩེ་ཐོག་གི་རུ་སྡེ་ཆུང་ཆུང་།།
    གྲངས་ཀྱི་རིག་གནས་ཀྱིས་བལྟས་ན་ཆུང་མོད།།
    ཁྱེད་ཀྱི་ཕྱག་མཐིལ་ནས་ཚུར་ལ་བསྐོར་ན།།
    དོན་དུ་ཆུང་ཆུང་ཞིག་མིན་པ་ལོས་ཤེས།།

    ཉི་ཤུའི་སྨག་ཁྲོད་ཀྱི་སྐར་མ་འོད་ཆེན།།
    བྱང་མཐའི་རི་སུལ་ནས་རྡོག་འགོ་སྤོ་དུས།།
    རྡོག་སྣེ་འབབ་ས་དེ་གཟིགས་པ་མིན་ན།།
    བློ་ཁོག་དེ་འདྲ་ཞིག་དཔེ་ལ་མི་སྲིད།།

    ཁྱེད་ཉིད་དེང་ཐོག་གི་ལམ་ཁ་དེ་ནས།།
    མི་ཡི་ཆེན་པོ་ཚོས་རིག་མྱོང་མེད་ལ།།
    བྱིས་པའི་ན་ཚོད་དང་འཛམ་གླིང་བསྡུར་ན།།
    དངོས་དོན་སྨྲ་བ་དག་ཁས་ལེན་ཨེ་སྲིད།།

    ཁ་རྩང་དེ་རིང་གི་འཛམ་གླིང་ཤར་ནུབ།།
    གདོང་གི་ཐལ་བ་ཡང་ཕྱག་གིས་འཕྱི་དུས།།
    ཁྱེད་ཀྱི་བྱམས་བརྩེ་ཡིས་རབ་ཏུ་འཕྲོག་ནས།།
    གུས་འདུད་མཚོན་བྱེད་ལ་གྲངས་ཀ་བོར་སོང་།།

    དབྱངས་ཀྱི་རིག་བྱེད་ལ་ཁ་ཡ་ཡོད་ན།།
    རྩལ་ཁ་འགྲན་ས་ཞིག་འདི་ན་ཡོད་པས།།
    མཚན་གྱི་སྙན་པ་དག་ཡི་གེར་ཕྲིས་དང་།།
    གཏམ་གྱི་དྭངས་མ་ཞིག་མིན་པ་ཨེ་སྲིད།།

    ༢༠༡༢ ༧ ༦ཉིན།

    Reply
  6. བདེ་རྒྱལ། says:
    ལོ་ 11 སྔོན།

    སྨྲ་བསམ་བརྗོད་འདས་གང་དེ་གཏན་གྱི་སྐྱབས།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ང་ཚོས་རྒྱལ་ཡུམ་ཆེན་མོ་དང་། ཡོངས་འཛིན་གླིང་རིན་པོ་ཆེ་མཆོག ༸གོང་ས་མཆོག་ཁོང་གསུམ་གྱི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་རུང་ངོ་། འཁྲུངས་སྐར་ལ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 11 སྔོན།

    ས་ཆེན་ལེབ་མོ་བྱམས་བརྩེའི་འཕྲིན་གྱིས་དབྱངས། །སྙན་པའི་གྲགས་དཀར་སྲིད་པའི་ཁྱོན་འདིར་ལྡིར། །མཚུངས་མེད་གངས་ཅན་སྐྱེ་འགྲོའི་སྙིང་ནོར་མཆོག །བཀའ་དྲིན་དྲན་ཀྱིན་དད་བརྒྱའི་སྙིམ་པ་བསྐྱིལ། །བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་ཀྱི་སྙིང་གི་ནོར་བུ། འཛམ་གླིང་ཞི་བདེའི་དེད་དཔོན། འཕགས་མཆོགས་ཕྱག་ན་པདྨོ་བསྟན་པ་དང་འགྲོ་བའི་མགོན་དཔུང་དམ་པར་བསམ་བཞིན་སྲིད་པར་ངུར་སྨྲིག་དགེ་བའི་བཤེས་ཀྱི་གཟུགས་སུ་རོལ་པ་༧རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་ཆེན་པོ་གང་ཉིད། ཚུལ་མཐོང་མཆོག་སྐུ་དམ་པ་བསྒྲང་བྱ་དོན་བདུན་ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་དང་། འཛམ་གླིང་མི་རིགས་ཆོས་ལུགས་ཡོད་ཚད་ཚུལ་མཐུན་དྲང་བདེན་གྱི་ལམ་ལ་ཕྱོགས་མེད་ཡང་དག་པར་སྦྱོར་བར་བསྐུལ་བའི་མི་དབང་ཆེན་པོའི་གཟེང་རྟགས་(ཊེམ་པལ་ཊེན)བཞེས་པའི་དུས་ཚིག་ཁྱད་པར་ཅན་གྱི་ལོ་འདིར་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས། མཚམས་འདྲི་ཞུ་བ་དང་ཆབ་གཅིག མགོན་པོ་གང་ཉིད་གཞིས་བྱེས་བོད་མི་ཡོངས་དང་གོ་ལ་འདིར་ཞི་བདེ་དང་དྲང་བདེན་ལ་དགའ་བའི་སྐྱེ་བོ་ཀུན་ཀྱི་དོན་དུ་སྐུ་ཚེ་མི་ཞིག་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་བཞེས་པའི་སྨོན་འདུན་ཡང་ཡང་ཞུ།

    Reply
  9. འཇམ་བཟང་། says:
    ལོ་ 11 སྔོན།

    བསམ་ཚུལ།
    ༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ལ་འཚམས་འབྲི་དང་འབྲེལ།
    དུས་སྐབས་འདི་ལ་ཚང་མས་གླུ་གཞས་ཞབས་བྲོ་སོགས་ཀྱི་དགའ་བའི་རྣམ་འགྱུར་ག་རེ་བྱས་ན། ལོས་ཡག། འོན་ཀྱང་གཙོ་བོ་དེ་སང་ཉིན་ནས་མགོ་བཙུགས་ནས རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལག་ལེན་དུ་བསྟར་ཟེར་ནས། ཁས་བླངས་དམ་བཅའ་བྱེད་དགོས། དེ་ནི་བླ་མ་མཉེས་པའི་མཆོད་པ་བཏག་བཏག་རེད།།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གྲངས་མེད་ཞུ་བ་དང་ཆབས་ཅིག མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།།

    Reply
  11. བརྩོན་རྒྱམ། says:
    ལོ་ 11 སྔོན།

    འཛམ་གླིང་ཞི་བདེའི་འཁོར་བསྒྱུར་ཆེན་མོ་༧གོང་ས་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུག་སྙིང་ནས་ཞུ།

    Reply
  12. གཟུ་ལྡན་ says:
    ལོ་ 11 སྔོན།

    ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འདུས་པའི་ཀུན་གྱི་བདག་ཉིད། བསྟན་འཛིན་ཀུན་གྱི་གཙུག་རྒྱན། ལུང་རྟོགས་སྟོན་པའི་སྒྲོན་མེ། རིས་མེད་ཆོས་ལུགས་ཡོངས་རྫོགས་གཅིག་སྒྲིལ་པ། ཁྱོད་ནིབཀའ་དྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེ། མན་ངག་གསུམ་ལྡན་གྱི་བླ་མ། དབང་བསྐུར་བརྒྱུད་གསུམ་གྱི་མངའ་བདག། འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཐའ་ཐུག། ཁྱོད་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་། ཁྱོད་ནི་འཛམ་གླིང་མི་མང་གི་ཡ་རབས་བཟང་སྤྱོད་གི་བླང་དོར་ལམ་སྟོན་པ་། བོད་རྒྱལ་ཁབ་ཀྱི་རྒྱལ་པོ་ ཆོས་སྲིད་གཉིས་ཀྱི་མངའ་བདག་། བོད་རྒྱལ་ཁབ་ཀྱི་དམངས་གཙོ་སྣ་འདྲེན་པ་། ་ཁྱོད་ནིབོད་གངས་ཅན་པའི་མགོན་སྐྱབས་དཔུང་གཉེན། ་ཁྱོད་ནི་བོད་གངས་ཅན་པའི་ཁྱད་ནོར། ཁྱོད་ནི་བོད་གངས་ཅན་པའི་མགྲིན་ཚབ་པ། ཁྱོད་ནི་བོད་གངས་ཅན་པའི་མཚན་རྟགས། ཁྱོད་ནི་བོད་གངས་ཅན་པའི་ཁྲིམས་མཐུན་པ ཁྱོད་ནི་བོད་གངས་ཅན་པའི་བཀའ་ལུང་ཡོངས་རྫོགས་རང་ཆས་ཐོབ་མཁན། ཁྱོད་ནི་བོད་གངས་ཅན་པའི་གཅིག་སྒྲིལ་པ། ཁྱོད་ནི་བོད་གངས་ཅན་པའི་དགྲ་ལ་ངོམས་་ཡ། གཉེན་ལ་སྟོན་ཡ། ནང་གི་ནོར་བུ། ཕྱིའི་ལྕགས་རིལ། མདུན་གྱི་མེ་ལོང། ཁྱོད་ནི་ཉམ་ཐག་པའི་བོད་གངས་ཅན་པའི་བློ་སྙིང་གྲོང་གསུམ་གཏོད་ས། ཁྱོད་ནི་བོད་གངས་ཅན་པའི་དགའ་ན་སྙིང་གཏམ་ཤོད་ས། སྡུག་ན་སྐྱོ་གླུ་ལེན་ས། ཁྱོད་མེད་ན་་བོད་གངས་ཅན་པ་མེད། ཁྱོད་མེད་ན་་བོད་གངས་ཅན་པ་འཛམ་གླིང་འདིའི་སྟེང་དུ་གསོན་པོ་གནས་ཐུབ་ཐབས་མེད། ཁྱོད་ནི་དྲང་བདེན་དགའ་བའི་ཛམ་གླིང་རྒྱལ་ཁབ་ཀྱི་སེམས་པ་ཤོར་ས་། དགྲ་བོ་རྒྱ་ནག་རྒྱལ་ཁབ་སྙིང་རླུང་ལངས་ས་། རང་ཅག་་བོད་གངས་ཅན་པའི་སྲོག་རྩ་དམར་པོ་ཁྱོད་ལ་བཅོལ་ཡོད།
    འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ། ནང་པའི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག རྩམ་ཟན་ཁ་བ་གངས་ཅན་པའི་ལྷ་སྐལ། འགྲོ་བ་ཀུན་གྱི་མགོན་སྐྱབས་གཅིག་ཏུ་འདུས་པའི་༸རྒྱལ་མཆོག་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་ 77 ལ་ཕེབས་པའི་སྐུའི་འཁྲུངས་ཉིན་མོར། ཤ་རུས་གདུང་རྒྱུད་གཅིག་པའི་སྤུ་ཟླ་རྣམ་པ་གཙོས་པའི་ས་སྟེང་མི་མང་ཡོངས་ནས་སྐུ་ཚེ་ཡུན་དུ་བརྟན་པའི་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  13. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    ༸གོེང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་གུས་ཕྱག་འཚམས་འདྲི་གྲངས་མེད་དང་བཅས་སྐུ་ཚེ་ཡུན་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ། བོད་མི་རྣམས་པས་ཅི་གསུངས་བཀའ་སྒྲུབ་ཡོང་བའི་དམ་བཅའ་འཇོག་དགོས། འདི་ནི་འཁྲུངས་སྐར་ཀྱིས་དགོས་དོན་གཙོ་བི་ཡིན་ནོ།

    Reply
  14. ནེ་ཤོད་གྲུ་ཁ། says:
    ལོ་ 11 སྔོན།

    རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་རང་རེ་བོད་མི་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་ཕྲེང་བ་འཛིན་པ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་ཆབས་ཅིག་བསྟན་འགྲོའི་མགོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྙིང་ནས་ཞུ།།

    Reply
  15. སྒ་བ་རྒྱལ་མཚན། says:
    ལོ་ 11 སྔོན།

    གསར་འགྱུར་རེད་ཟེར་ན་གསར་དུ་བྱུང་བའི་གནས་ཚུལ་ཞིག་མ་རེད། གསར་འགྱུར་མ་རེད་ཟེར་ན་སྐད་ཆ་གསར་པ་དང་བྲོ་ཆེན་པོ་འདུག ད་གང་ལྟར་བཤད་ཤེས་མ་སོང་མོད་སྙིང་རྗེ་བོ་ཞེ་དྲག་འདུག

    Reply
  16. བསྟན་འཛིན་རྡོ་རྗེ། says:
    ལོ་ 11 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
    དུས་བབ་ཚང་གི་གསར་འགྱུར་འགོད་སྟངས་འདི་ནུབ་ཕྱོགས་ཀྱི་གསར་ཁང་ཚད་གཞི་མཐོ་བོའི་རིགས་ཀྱི་འགྲོ་སྟངས་རེད། ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་བརྒྱུད་ལམ་དག་ཀྱང་ཚད་གཞི་ངེས་ཅན་ལ་སླེབས་ཡོང་གི་འདུག་པས་དགའ་སྤོབས་ཀྱིས་བརྟས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist