མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣར་སྐྱིད་ངག་དབང་དོན་གྲུབ་ཀྱི་ཧོལ་རྒྱུག་མཐིལ་བརྟོལ། དང་པོ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

བྲག་གཞིས་བསྟན་འཛིན་ཕན་བདེ།

འཚོ་བ་བླ་ནས་སྦྱར་བའི་བཀའ་དྲིན་གྱི་ཞོ་ཤས་རིང་དུ་གནས་པ་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ནས་ཉེ་བའི་ཆར་ལོ་རྒྱུས་དང་འབྲེལ་བའི་གནད་དོན་ཞིག་གི་ཐོག་གླེང་ཕྱོགས་ཡོད་པའི་དེབ་ཆུང་ཞིག་བྲིས་ཏེ་ཐོན་ཡོད་སྐོར་གྱི་སྐད་ཆ་གོ་ཐོས་བྱུང་ཡང་། དེབ་དེ་ཉིད་གུས་པར་ལག་སོན་མ་བྱུང་ཞིང་ཐབས་ཤེས་ཀྱི་འབད་བརྩོན་ཡང་བྱས་མེད། འོན་ཀྱང་ཉིན་ཤས་གོང་དེབ་ཆུང་དེ་ཉིད་རྩོལ་མེད་ངང་ནས་གུས་པའི་ལག་ཏུ་འབྱོར་བྱུང་བས་མིག་ཉུལ་ཐེངས་གཅིག་བྱས་པ་ཡིན། དེབ་ཆུང་དེར་སྤྱིའི་ཆ་ནས་དབྱིན་ཡིག་ཤོག་གྲངས་དང་པོ་ནས་དྲུག་བཅུ་རེ་བཞིའི་བར་འདུག་ཀྱང་། ཁོང་གི་སེམས་གཏིང་ནས་བཤད་འདོད་པའི་སྐད་ཆ་དེ་ཤོག་གྲངས་ཉི་ཤུ་རྩ་གཉིས་ནས་རྫོགས་པར་བརྟེན་ལྷག་མ་རྣམས་དཔེ་དེབ་ཀྱི་ཁ་བྱང་དང་འབྲེལ་མེད་ཀྱི་ཡིག་རྫོབ་མང་པོ་ལྷུ་བསྒྲིགས་ཀྱིས་རྫོགས་པར་བྱས་འདུག

སྐུ་ངོ་སྣར་སྐྱིད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལས་འཁྲུངས་པའི་དོན་དམ་པའི་གནས་ལུགས་ཀྱིས་སྟོང་ཞིང་ཀུན་རྫོབ་པའི་སྒྱུ་ཡིས་མཛེས་པར་བྱས་པའི་༼དངོས་དོན་མིན་པའི་གསལ་བཤད་བསྐྱར་གསལ ༽ཞེས་རྩོམ་བྱང་དུ་བཀོད་པའི་རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་གྱི་བརྗོད་བྱའི་ཉིང་ཁུ་ནི་༸གོང་ས་གོང་མའི་མཛད་པར་དག་ཐེར་ཡིན་ཁུལ་གྱིས་དོན་དམ་དུ་༸གོང་ས་བཅུ་བཞི་པ་ཆེན་པོར་ཟུར་ཟ་བྱ་རྒྱུ་དེ་རང་རེད་འདུག་པ་མ་གཏོགས། དེ་ལས་ལྷག་པའི་སྐུ་ངོ་རང་ངོས་ནས་གསུངས་པའི་ལོ་རྒྱུས་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་འགོག་ཐབས་དང་། དངོས་དོན་མིན་པའི་གསལ་བཤད་ཀྱི་རིགས་གང་ཡང་རེད་མི་འདུག དེར་བརྟེན་ཕྲན་ནས་རྩོམ་ཡིག་འདི་ཞིབ་ཏུ་བཀླགས་ཏེ་བསམ་སྐབས་སྒོ་ཁྱི་རྒྱགས་ན་བདག་པོར་ངར་ཞེས་པའི་དཔེ་ལྟར་སྐུ་ངོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཐོག་ཏུ་བཀལ་བའི་ལོ་རྒྱུས་ཀྱི་དངོས་དོན་ལ་ཧོལ་རྒྱུག་བཏང་སོང་ཞེས་པའི་རྫུན་ཆེན་གྱི་ཞྭ་ཆེན་པོ་ཞིག་གཡོག་པ་དེར་གསལ་བཤད་ཅིག་མ་བྱས་ཐབས་མེད་དུ་གྱུར་སོང་།

སུ་ཞིག་གིས་བཤད་པ་དེ་ཉིད་བདེན་པ་ཡིན་ན་སུ་ལ་དམིགས་ནས་བཤད་ཀྱང་བཤད་པ་བདེན་པར་སོང་དེ་ལ་གསལ་བཤད་བྱ་དགོས་གང་ཡང་མ་མཐོང་། འོན་ཀྱང་། ཨ་བུ་ཧྲལ་པོས། འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར། །ཞེས་གསུངས་པ་བཞིན་ལོ་རྒྱུས་ཁ་ལ་འཁྱེར། སེམས་ངན་ཁོག་ཏུ་བཅུག རྫུན་གཏམ་རང་གིས་བཤད། རྫུན་ཁག་གཞན་ལ་དཀྲི་བའི་བྱ་སྤྱོད་འདི་རིགས་ཐོན་ཚེ་ལོ་རྒྱུས་ལ་དག་ཐེར་ཆེད་བདེན་རྫུན་ཤན་འབྱེད་བྱེད་རྒྱུ་ནི་གལ་ཆེན་དུ་བསམས་ནས་སྐུ་ངོའི་མདུན་དུ་ལངས་ཏེ་སྨྱུག་ཁ་མ་རྡར་ཐབས་མེད་དུ་གྱུར་སོང་། སྐུ་ངོ་སྣར་སྐྱིད་ཀྱིས། “བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཚིག་གནད་ཅིག །མ་དག་བརྒྱུད་འཇགས་ཡོང་ཉེན་འགོགས་ཐབས་སུ། །དངོས་དོན་མིན་པའི་གསལ་བཤད་བསྐྱར་གསལ་ཐོག །ཧོལ་རྒྱུགས་འབྱུང་ཁུངས་འཚོལ་ཞིབ་གླེང་སློང་བྱ།།” ཞེས་པའི་ཚིག་བཅད་དམ་དུམ་ཞིག་ནས་མགོ་བཙུགས་ཤིང་། དོན་དུ་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུས་མཛད་པའི་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་རིན་ཆེན་ཕྲེང་བའི་ནང་རྒྱ་ནག་ཏུ་གོང་མ་ཡུམ་སྲས་མཇལ་བར་ཕེབས་སྐོར་འཁོད་པ་དེ་ཉིད་རྩ་བ་ནས་བདེན་པ་མིན་ཞེས་འབྲེལ་ཡོད་ལོ་རྒྱུས་ཀྱི་ཚིག་གནད་འདི་ཉིད་ལ་དག་ཐེར་བྱ་རྒྱུའི་རྣམ་འགྱུར་སྟོན་ཁུལ་བྱས་འདུག་ཀྱང་། གལ་ཆེན་དོན་ཆེན་དུ་བསམ་ན་ལོ་རྒྱུས་ཀྱི་ཚིག་གནད་ལ་དག་པ་སྟེར་པའི་སྒྲུབ་བྱེད་ཞིབ་ཅིང་ཕྲ་བ་འགོད་དགོས་ཀྱང་མ་བཀོད་པར་སྒྲུབ་བྱེད་དམ་དུམ་འགའ་ཤས་ཀྱིས་འགྲིགས་པར་བྱས་པ་དང་། མཐའ་མཇུག་ཏུ་གོང་གསལ་ལོ་རྒྱུས་དང་འབྲེལ་བའི་ཚིག་གནད་དེ་ཉིད་རྩེ་འགག་གི་འགག་དེབ་ནང་ནོར་འཛོལ་བྱུང་སྐོར་སྐུ་ངོ་ཀུན་བཟང་རྩེ་དང་རང་ཉིད་བར་གྱི་བཀའ་མོལ་ཡིན་ཞེས་པའི་ཚོད་དཔག་གི་སྐད་ཆ་འགའ་ཤས་ཀྱིས་མཇུག་རྫོགས་པ་བྱས་ཡོད་པར་གཞིགས་ན། སྐུ་ངོ་སྣར་སྐྱིད་མཆོག་གི་དག་ཐེར་གནང་ས་གཙོ་བོ་འདི་ཉིད་ཡིན་མིན་ལ་ཐེ་ཚོམ་ཡོང་གི་འདུག ད་དུང་སྐུ་ངོ་ཀུན་བཟང་རྩེ་དང་ཁོང་གི་བར་བྱུང་བའི་བཀའ་མོལ་ལ་བསམ་གཞིགས་བྱས་ན་སྐུ་ངོ་སྣར་སྐྱིད་རང་ཉིད་ནས་གོང་གསལ་ལོ་རྒྱུས་ཀྱི་ནོར་འཛོལ་དེ་དུས་ནས་མཁྱེན་གྱི་ཡོད་འདུག་ཀྱང་ད་བར་ངང་སྒུག་བྱེད་དགོས་དོན་གང་ཡིན་ནམ། ཞེས་པའི་དྲི་བ་ཞིག་ཀྱང་ངང་གིས་ཐོན་ཡོང་གི་འདུག

དེས་ན་སྐོར་བ་གང་ནས་བྱས་ཀྱང་སླེབས་ས་བག་ལེབ་ཚོང་སའི་སྒོ་འགྲམ་རེད་ཅེས་པའི་དཔེ་ལྟར། སྐུ་ངོ་སྣར་སྐྱིད་ཀྱིས་ཡར་སྐོར་མར་སྐོར་གང་ནས་བྱས་ཀྱང་འབབ་ས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་གསུང་འཕྲིན་དེ་རང་རེད་འདུག གསུང་འཕྲིན་རིན་པོ་ཆེའི་ནང་ “༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང་། རྒྱ་ནག རྒྱ་གར་ཕྱོགས་སུ་ཕེབས་དགོས་བྱུང་སྟེ” ཞེས་སོགས་ཕེབས་པར་གསུང་འཕྲིན་རིན་པོ་ཆེའི་ནང་འགལ་རྐྱེན་དབང་གིས་སོག་ཡུལ་དང་རྒྱ་ནག་ཏུ་ཕེབས་འཁོད་པ་འདི་ཉིད་གོང་གསལ་ཕུར་ལྕོག་སྤྲུལ་སྐུས་མཛད་པའི་སྐུ་གོང་མའི་མཛད་རྣམ་ནང་གོང་མ་ཡུམ་སྲས་མཇལ་བར་ཕེབས་ཚུལ་གསུངས་པའི་མ་དག་པའི་ལོ་རྒྱུས་ལ་གཞི་བཅོལ་ཡོད་ཅིང་། དེ་ཉིད་ཧོལ་རྒྱུག་ཡིན་པར་སྙད། སྐུ་ངོ་མཆོག་ནས་ན་ཡམ་དུ་དོགས་པ་མེད་པའི་དོགས་པ་མདུན་དུ་བསུས་པ་ནི་ཕྱོགས་སྔ་ནམ་མ་ལང་སྔོན་ནས་དགག་པའི་ཉི་མ་ཤར་བའི་དཔེ་དོན་དུ་སོང་འདུག སྐུ་ངོ་མཆོག་བློ་རྩེ་ནང་དུ་ཕྱོགས་ཏེ་དགོངས་པ་བཞེས་དང་། གསུང་འཕྲིན་རིན་པོ་ཆེའི་ནང་འགལ་རྐྱེན་དབང་གིས་སོག་ཡུལ་དང་། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་བར་གསུངས་པ་བཞིན་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་འགལ་རྐྱེན་དབང་གིས་སོག་ཡུལ་དང་། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་བ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མའི་ནང་འཁོད་ཡོད་པའི་དོན་དངོས་ཤིག་རེད། དང་པོ། རྒྱ་གར་དབྱིན་གཞུང་གི་འགལ་རྐྱེན་དབང་གིས་སོག་ཡུལ་དུ་ཕེབས་དགོས་བྱུང་བ་དང་། གཉིས་པ། རྒྱ་སོག་གཉིས་ཀའི་འགལ་རྐྱེན་དབང་གིས་པེ་ཅིང་དུ་ཕེབས་དགོས་བྱུང་བ། གསུམ་པ། རྒྱ་ཕྱོགས་ཀྱི་འགལ་རྐྱེན་དབང་གིས་རྒྱ་གར་དུ་ཕེབས་དགོས་བྱུང་ཡོད་པ་བཅས་ལོ་རྒྱུས་ནང་གསལ་ཡོད། གསུང་ཚིག་འདི་ཉིད་༸གོང་ས་བཅུ་གསུམ་པའི་མཛད་རྣམ་ནང་གོང་མ་ཡུམ་སྲས་མཇལ་བར་ཕེབས་ཚུལ་འཁོད་པ་དེར་གཞི་བཅོལ་ཡོད་ཚུལ་གསུངས་པ་ནི་སྐུ་ངོ་མཆོག་གི་མཁས་རློམ་རྟོག་བཟོ་འབའ་ཞིག་ལས་གསུང་འཕྲིན་རིན་པོ་ཆེའི་ཚིག་དོན་གང་གི་ཆ་ནས་བསམས་ཀྱང་འདི་འདྲའི་གོ་བ་འདུག་སྙམ་པའི་དོག་པ་མཁས་བླུན་སུ་གང་ལ་ཡང་ཡོང་མི་སྲིད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་དོན་དུ་མ་སོང་ངམ། དེས་ན་སྐུ་ངོ་མཆོག་ནས་སྐབས་འདིར་༸གོང་ས་མཆོག་གིས་ཧོལ་རྒྱུག་ཤོར་འདུག་ཅེས་སྐད་གསང་ཐོན་པོས་བརྗོད་འདུག་ཀྱང་དོན་དུ་ཧོལ་རྒྱུག་ཤོར་མཁན་ནི་སྐུ་ངོ་རང་ཉིད་ཡིན་པ་གནག་རྫིས་ཀྱང་རྟོགས་ཐུབ་པ་འདུག

ཡང་སྐུ་ངོ་མཆོག་ནས་དེབ་ཆུང་ནང་ “གོང་ས་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་ནང་རྒྱ་སོག་ཡུལ་གྲུ་བརྒྱུད་པེ་ཅིང་དུ་ཕེབས་ནས་གོང་མ་ཡུམ་སྲས་མཇལ་གནང་སྐོར་འཁོད་པ་དེ་ནི་སྔ་ཕྱིའི་ཡོང་རྐྱེན་ཕྱོགས་བསྡོམས་སུ་འགོད་གནང་མཛད་པ་དང” ཞེས་གསུངས་ཏེ་ཞལ་གདམས་ཀྱི་ཚིག་དོན་ལ་དག་ཐེར་གནང་འདུག་པ་བཞིན་ངས་ཀྱང་འདི་ནས་གསུང་འཕྲིན་རིན་པོ་ཆེའི་ནང་ “འགལ་རྐྱེན་དབང་གིས་སོག་ཡུལ་དང་རྒྱ་ནག་རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ” ཞེས་གསུངས་གནང་མཛད་པ་ནི་སྔ་ཕྱིའི་ཡོང་རྐྱེན་ཕྱོགས་བསྡོམས་སུ་འགོད་གནང་མཛད་པ་ཡིན་ཞེས་མགོ་སྙོམས་བྱ་རྒྱུ་ཡིན། ད་དུང་ང་ལ་དོགས་པ་གཞན་ཞིག་ཡོད་པ་ནི་སྐབས་འདིར་སྐུ་གོང་མའི་མཛད་པར་དག་ཐེར་གནང་གི་ཡོད་ཁུལ་འདི་ཉིད་༸གོང་ས་བཅུ་གསུམ་པ་སྐུ་སྒེར་ལ་དག་ཐེར་བྱེད་ཀྱི་ཡོད་དམ། ཡང་ན་བོད་ཀྱི་ལོ་རྒྱུས་སྤྱི་ལ་དག་ཐེར་བྱེད་ཀྱི་ཡོད། དང་པོ་ལྟར་ན་སྐུ་ངོ་ཞྭ་སྒབ་པའི་རྒྱལ་རབས་ཤེས་དཔར་གླེགས་བམ་གཉིས་པའི་ཤོག་གྲངས་ ༣༠༨ ནང་ཆུ་སྤྲེལ་ཞལ་གདམས་ནང་གསལ། “རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང་། ལྷ་སྡེ་མི་སྡེའི་སྤྱི་ཞུས་དང་། གནམ་བསྐོས་༸གོང་མ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོད་པས་ཁུར་དུ་བླངས་ཏེ” ཞེས་དང་། “འཕྲལ་ཕུག་བདེ་སྡུག་ལྷོངས་ངེས་ཞུ་བར་ངལ་བ་ཁྱད་སད་ཀྱིས་བྱང་འགྲིམས་རྒྱ་སོག་ཡུལ་གྲུ་བརྒྱུད་པེ་ཅིན་གསེར་གྱི་རྒྱལ་ཁབ་ཆེན་པོར་༸གོང་མ་ཡུམ་སྲས་མཇལ་འཕྲད་བཀུར་བཟོས་བདག་རྐྱེན་ཚད་མེད་པ་གནང་ཡང” ཞེས་སོགས་ཀྱི་གསུང་ཚིག་ལ་གོ་བ་གང་འདྲ་ཡོད་མེད་ཀྱི་འགྲེལ་བརྗོད་ངེས་ཤེས་རྙེད་པ་ཞིབ་གསལ་དགོས་གལ་ཆེ་བ་འདུག་གོ། གཉིས་པ་ལྟར་ན། ཕུར་ལྕོག་སྤྲུལ་པའི་སྐུས་མཛད་པའི་༸སྐུ་གོང་མའི་མཛད་རྣམ་རིན་ཆེན་ཕྲེང་བ་ཝ་ཎ་པར་ཁང་དུ་བསྐྲུན་པ་འཁྲུངས་རབས་པོད་ལྔ་པའི་ཤོག་གྲངས་ ༢༨༣  ནང་གསལ། “ རེ་ཞིག་པེ་ཅིང་གསེར་གྱི་རྒྱལ་ཁབ་ཆེན་པོར་བྱོན་ནས་གནམ་གྱི་ལྷའི་གོང་མ་ཡུམ་སྲས་མཇལ་ཕྲད་ཐོག”  ཅེས་དང་། ཤོག་གྲངས་ ༢༨༤ ནང་གསལ་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་སུ་ཞལ་གཟིགས་ཀྱིས་ལུང་བསྟན་བསྩལ་བའི་ལུང་འདྲེན་ནང་། “རྒྱལ་བོ་མཐར་འཁྱམས་མཐའ་དམག་བོད་ལ་འོང་། །བོད་རྒྱལ་ཁྱོད་ནི་རྒྱ་ཡི་ཡུལ་དུ་འགྲོ། །རྒྱ་ནག་རྒྱལ་པོས་རྒྱ་དམག་བོད་དུ་གཏོང་།།”ཞེས་དང་། གཏེར་སྟོན་པདྨ་གླིང་པས་བསམ་ཡས་མཆིམས་ཕུ་ནས་སྤྱན་དྲངས་པའི་གཏེར་ལུང་མུན་སེལ་སྒྲོན་མེ་ལས། “སོ་ལྔ་བར་དུ་པེ་ཅིང་རྒྱལ་རྩར་བཞུགས།།” ཞེས་དང་། ཤོག་ ༢༨༧ ནང་གསལ། “རང་ཕྱོགས་ནས་ཐོག་མར་གོང་མ་ཆེན་པོའི་བཀའ་དོན་སྤྱི་ཁུར་གྱིས་ཞི་གཏམ་རང་ལ་འགྲིགས་ཐབས་གཙོ་འདོན་བགྱིས་ཀྱང་” ཞེས་དང་། ཤོག་ ༣༠༩ ནང་ “པེ་ཅིང་རྒྱལ་ཁབ་ཕྱོགས་སུ་སྐུ་ཕྱག་དགུ་ཕྲུགས་དང་། གནམ་སྐྱོང་ཡུམ་སྲས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཆབ་ཤོག་ཁ་བཏགས་ནང་མཛོད་སེར་པོ” ཞེས་སོགས་འདི་འདྲའི་གསུང་ཚིག་༸གོང་ས་བདུན་པ་དང་། ལྔ་པ་སོགས་ཀྱི་མཛད་རྣམ་ནང་མང་དུ་ཡོད། དེས་ན་འདི་དག་ལ་དག་ཐེར་ཞིབ་གསལ་གནང་ཐུབ་ན་བོད་ཀྱི་ལོ་རྒྱུས་ལ་འོད་སྣང་འཕྲོ་ངེས་ཡིན།

ངས་གཟབ་ནན་གྱིས་ཞུ་དགོས་པ་ཞིག་ལ་སྐུ་ངོ་ཉིད་ནས་རྒྱ་ཕྱོགས་ཡ་ཧན་ཀྲང་གིས་བྲིས་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼ ཏཱ་ལའི་བླ་མའི་རྣམ་ཐར། ༽ཞེས་པའི་དེབ་ལས་ལུང་དྲངས་གཙིགས་འཛིན་གནང་འདུག་པར་དགོངས་ཕྱོགས་གཞན་འདྲ་ཡོད་ན་མ་གཏོགས་དགོངས་པ་ཟབ་བཞེས་གནང་དགོས། སྐུ་ངོའི་དེབ་ཆུང་དེའི་ནང་ཡ་ཧན་ཀྲང་གི་དེབ་ཤོག་གྲངས་ ༥༥༨ ནས་ ༥༦༥ བར་དོན་དུ་མན་ཇུའི་བློན་ཆེན་ཚོའི་གཡོ་བྱུས་ལས་༸གོང་ས་མཆོག་ཉིད་ལ་པེ་ཅིང་དུ་ཕེབས་རྒྱུའི་དགོངས་བཞེད་མེད་ངེས་ཀྱི་དོན་དངོས་གསལ་པོ་འཁོད་འདུག་ཅེས་གསུངས་འདུག་ཀྱང་། དུམ་ཚན་དེའི་ནང་གི་བརྗོད་དོན་དེ་དག་སྐུ་ངོས་གསུངས་པ་བཞིན་བདེན་པར་གཞི་འཛིན་མཆོག་པའི་སྐད་ཆ་འདི་འདུག་སྙམ་པ་མེད། དུམ་ཚན་དེའི་ནང་ཡ་ཧན་ཀྲང་གིས་སྐད་ཆ་མང་པོ་ཞིག་ཡར་བཤད་མར་བཤད་བྱས་ཏེ་དོན་དུ་པཎ་ཆེན་རིན་པོ་ཆེས་གོང་མ་མཇལ་རྒྱུ་སྙན་འབུལ་ཞུས་པ་དང་། བཀའ་ཤག་ནས་པཎ་ཆེན་རིན་པོ་ཆེ་པེ་ཅིང་ཕྱོགས་སུ་མ་ཕེབས་པའི་སྔོན་དུ་༸གོང་ས་མཆོག་ལ་གོང་མས་མཇལ་ཁ་བསྩལ་གནང་ཡོང་བའི་སྙན་འབུལ་བྱུང་བ། པེ་ཅིང་སྲིད་གཞུང་ནས་གོང་མའི་མཇལ་ཁ་ཐོབ་རྒྱུར་བསམ་གཞིགས་ཡུན་རིང་བྱས་སྐོར་སོགས་བཤད་ནས་ལོ་རྒྱུས་ཀྱི་གཟུགས་བརྙན་ཡ་མ་གཟུགས་ཤིག་མངོན་ཐབས་ལ་འབད་པ་བྱས་ཡོད་པ་ལས་རང་རེར་སྨན་དུ་འགྲོ་བའི་ལོ་རྒྱུས་ཀྱི་གནད་དོན་གླེང་མེད་པས་སྐུ་ངོ་མཆོག་ནས་དུམ་ཚན་དེར་བསྐྱར་གཟིགས་དོ་ནན་གནང་དགོས།

ཡང་སྐྱར་སྐུ་ངོ་མཆོག་ནས་ཡ་ཧན་ཀྲང་གི་དེབ་ནས་ལུང་འདྲེན་གཉིས་པ་ཞིག་ཀྱང་གནང་ཡོད། སྐུ་ངོའི་དེབ་ཆུང་ཤོག་གྲངས་ ༦ ནང་། “ ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་གསུམ་པས་ཆིང་རྒྱལ་རབས་ཀྱི་གཞུང་ལ་རྒྱབ་རྟེན་བཅོལ་བ་དེ་རྦད་དེ་སྟོང་པ་ཆགས་སོང་དགོངས་ཏེ” ཞེས་སོགས་ཡ་ཧན་ཀྲང་གི་དེབ་ལས་ལུང་འདྲེན་གནང་ཡོད་པ་དེ་ནི་ཡ་ཧན་ཀྲང་གི་དེབ་གོང་གསལ་མཚོ་སྔོན་པར་མའི་ཤོག་གྲངས་ ༣༩༩ ནང་འཁོད་ཡོད། སྐད་ཆ་འདི་ཉིད་སྐུ་ངོ་སྐུ་སྒེར་ལ་གལ་ཆེན་ཆགས་ཡོད་པས། སྐུ་ངོ་མཆོག་གིས་ལྷུ་འདོན་གནང་ནས་ལུང་འདྲེན་གནང་ཡོད་ཀྱང་ཡ་ཧན་ཀྲང་གིས་སྐད་ཆ་འདི་འདྲ་ཞིག་བཤད་དགོས་པའི་སྔ་ཕྱིའི་ཡོང་རྐྱེན་ལ་དགོངས་པ་བཞེས་མ་ཐུབ་པར་ཡང་སྐྱར་ཧོལ་རྒྱུག་གཉིས་པ་ཞིག་ཤོར་ཡོད། དེབ་དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས། ཞེས་པའི་ཚིག་དེའི་སྔ་ལོག་དེ་མ་ཐག་ཏུ་ད་རེས་དོན་ཚན་རེ་རེ་བཞིན་སུན་འབྱིན་བྱས་རྗེས། ཞེས་གསལ་ཡོད། འདི་ལྟར་འཁོད་དོན་ནི་ཡ་ཧན་ཀྲང་གི་དེབ་དེར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་ཐོག་རོགས་རམ་དགོས་སྐོར་དོན་ཚན་བཅུ་ཅན་གྱི་སྙན་ཞུ་ཞིག་ཏཱ་ལའི་བླ་མས་གོང་མར་ཕུལ་ཡོད་ཀྱང་། ཆིངས་སྲིད་གཞུང་ནས་ཡ་ལན་མེད་པའི་ཐོག་ད་དུང་དོན་ཚན་རེ་རེ་བཞིན་སུན་འབྱིན་བྱས་ཡོད་ཚུལ་དང་། ཏཱ་ལའི་བླ་མ་ཆིངས་སྲིད་གཞུང་ལ་མི་དགའ་བར་གྱུར་ཡོད་ཀྱང་ད་དུང་ཐུགས་རེ་མཛད་ཚུལ་སོགས་ཀྱི་སྐད་ཆ་མང་པོ་ཞིག་བཤད་ཡོད་པས་སྐུ་ངོ་མཆོག་གི་བྱེད་ཐབས་འདི་ནི་བུ་བླུན་པོས་ཕ་ཡི་མགོ་བོ་བཅོམ་པའི་དཔེ་དོན་དུ་འགྲོ་ཉེན་ཡོད་པས་ལོ་རྒྱུས་ལ་ལག་པ་འཆང་འདོད་ན་ཏན་ཏན་ཏིག་ཏིག་བྱེད་དགོས་ཞེས་བྱིས་པས་རྒན་པོར་བསླབ་བྱ་ལན་གཅིག་མི་འབུལ་ཐབས་མེད་དུ་གྱུར་སོང་ངོ་།།

འདིར་གསལ་བཤད་བྱ་དགོས་པ་ཞིག་ལ་སྤྱིར་རང་ངོས་ནས་མང་པོ་བཤད་འདོད་མེད་མཁན་ཞིག་ཡིན་ཡང་སྐུ་ངོ་མཆོག་ནས་དེབ་པར་དུ་བསྐྲུན་པ་ཙམ་མ་ཟད། དེང་སྐབས་ཁོ་རང་གི་དེབ་དེ་བོད་ནང་ཁྱབ་ཚུལ་གྱི་ཁ་ཕོ་ཆེར་སྒྲོག་བྱེད་ཀྱི་ཡོད་སྐོར་གོ་ཐོས་བྱུང་བས་སྤྱིར་རྒྱ་ཕྱོགས་ནས་པར་དུ་བསྐྲུན་པའི་ཡ་ཧན་ཀྲང་གི་དེབ་ལས་ལུང་འདྲེན་གཙིགས་ཆེན་དུ་འཛིན་ཅིང་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོས་བོད་འབངས་སྐྱེ་དགུ་ཡོངས་ལ་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་ཚིག་དོན་ལ་རང་གིས་ཚོད་དཔག་རྟོག་བཟོ་བྱས་ནས་བྲིས་པའི་དཔེ་དེབ་ཅིག་བོད་ནང་ཁྱབ་སྤེལ་བྱས་པར་དེ་ཙམ་ཡ་མཚན་སྐྱེ་གཞི་མེད་ཀྱང་། འདིའི་ཐོག་དོན་དངོས་གསལ་བཤད་ཐུང་ཙམ་ཞིག་མ་བྱས་ན་ངན་པ་ལང་ཤོར་དུ་འགྲོ་ཉེན་མི་འོས་པར་མཐོང་ནས་བྲིས་པ་ཡིན། སྐུ་ངོ་མཆོག་ནས་འདིའི་ཐོག་དགོངས་ཚུལ་ཞིབ་གསལ་ཡིག་ཐོག་ནས་གསུང་དགོས་པ་དགོངས་འཇགས་ཞུ།།

བདེན་པའི་ཉི་གཞོན་དྲི་མེད་དྭངས་མ་ཞིག །

ཧོལ་རྒྱུག་ར་ཧུའི་མགྲིན་པར་ཚུད་དོགས་ནས། །

རང་གི་ཤེས་རབ་མཚོན་གྱི་སྤུ་གྲི་འདི། །

ལན་གཅིག་མཐོ་ནས་མི་འཕྱར་ཀ་མེད་བྱུང་། །

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་རང་ཤག་ཏུ་རྫོགས་པར་བྲིས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།

མཆན། 18

  1. ཐོ་རངས། says:
    ལོ་ 13 སྔོན།

    ketaka གྲོགས་པོ་ལགས་གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་ལྟ་རྒྱུར་མེ་ལོང་དགོས་ཞེས་པ་ལྟར་ཁྱེད་ཀྱི་ཀྱང་བྱ་ཚིག་བདེ་སྤྱོད་གཏོང་སྟངས་ལ་གཟབ་དགོས་པར་མཐོང་། “གཟབ་རོགས་གནངས” སྐུལ་ཚིག་ལ་གནངས་མ་རེད་གནོངས་ཞེས་བྲིས་དགོས་རེད།
    གུས་པའི་བསམ་པར་ཡི་གེའི་དག་ཆ་ལས་ལྷག་བསམ་གལ་ཆེ་བ་ཡོད་རེད། དག་ཆ་ང་ཚོས་སྦྱང་ཆོག་གི་རེད་ཡིན་ནའང་ལྷག་བསམ་ཞེས་པ་འདི་སྦྱང་རྒྱུ་ཡོད་མ་རེད་སྙམ།

    Reply
  2. ketaka says:
    ལོ་ 13 སྔོན།

    ཐོ་རངས་ལགས་ཡི་གེའི་དག་ཆ་ལ་གཟབ་རོགས་གནངས་་་་་་་མ་གཞིས་ནས་ཡི་གེ་དག་ཆ་ཙམ་ཡང་རང་མགོ་མི་ཐོན་ན་དཔྱད་བརྗོད་སྤེལ་རྒྱུ་བབ་མི་འདུག་་་་་དུས་བབ་རྩོམ་སྒྲིག་པ་ངོས་ནས་ཚད་ལས་བརྒལ་བའི་རྩོམ་ཡིག་དག་ཆ་མེད་པ་རྣམས་འགོག་ཐབས་བྱས་ན་སྤྱི་ཚོགས་ལ་དགེ་ཕན་ཆེ་བར་མཐོང་་་་་་་་

    Reply
  3. ཐོ་རངས། says:
    ལོ་ 13 སྔོན།

    བསྟན་འཛིན་ཕན་བདེའི་མིང་ཅན་འདིས་༸གོང་ས་མཆོག་ལ་དད་པ་ཡོད་ཁུལ་གྱི་རང་གི་གཡོ་རྒྱུའི་གདོང་རིས་ངོ་མ་ཕྱིར་སྔོན་འདུག

    བློ་བཟང་ཡེ་ཤེས་ཞེས་པའི་མིང་ཐོགས་ནས་༸གོང་མཆོག་ལ་ཚན་སྨད་འགྲོ་སྐུར་བྱས་པ་དེ་ཁྱེད་ཀྱི་མི་ཐོང་བ་ཅི་ཡིན་ནམ།

    སྐབས་དེ་དུས་ཁྱེད་ཀྱི་མིག་དབང་སྒྲོ་ལར་གིས་སྒྲིབ་སོང་བ་ཡིན་ནམ། ཡང་ན་་་་་་་་་་་་་་་་་་་་་་་་་་་་་་་་་།

    ཡང་ཟླ་ཤས་གོང་ལ་མི་སྣ་ཞིག་གིས་༸གོང་ལ་ཚན་སྨད་ཀྱི་རྩོམ་འཆལ་མནར་མེད་ཀྱི་འཇིག་རྟེན། གསོལ་རས་བསྩལ་བའི་མདོ་ཞེས་པ་ཞིག་དྲ་ཐོག་ཏུ་སྤེལ་ཡང་སྐབས་དུས་དེར་འགག་རྩོམ་ནང་ལ་བསྟན་ཕན་ཞེས་མིང་གི་ཟུར་ཙམ་ཡང་ཐོན་མ་སོང་།
    བྱས་ཙང་རྒྱུ་མཚན་མང་བོ་ཞིག་ལ་བསམ་དུས་ཁོ་བ་དང་རྒས་པོ་སྣང་སྐྱིད་ཀྱི་བར་ལ་ཞན་ལ་ཤོད་མི་ཕོད་འཁོན་འཛིན་ཞིག་ཡོད་པ་གསལ་པོ་རེད་འདུག
    ཁོ་བའི་རྨོངས་ཆར་ལ་རྒས་པོ་སྣང་སྐྱིད་མི་ཞན་གྱིས་བེད་སྤྱོད་ཏང་བ་རེད་མདོག་མདོག་ཞིག་བྲིས་འདུག ཅི་སྟེ་དཔང་རྟགས་ཡོད་ན་བཏོན་ཕྱོགས་པ་ལས་དེ་ལྟར་བཏོན་བརྒྱུ་མེད།

    བསམ་བློ་གཏོང་ཏང་དེ་འདྲ་ཞིག་ལས་མེད་ན། ལུས་ཀྱི་གྲྭ་ཆས་དེ་ཕྱིར་ཕུད་ན་མི་བཟང་ངམ། ཧ་ཧ་ཧ།

    Reply
  4. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    དེབ་དེ་ཉིད་གུས་པར་ལག་སོན་མ་བྱུང་ཞིང་ཐབས་ཤེས་ཀྱི་འབད་བརྩོན་ཡང་བྱས་མེད། ཟེར་ལུགས་ལ་བལྟས་ན་སྐུ་ངོ་སྣར་སྐྱིད་དང་སྒེར་གྱི་འཁོན་འབྲས་ཡོད་པ་ཞིག་གོར་མ་ཆགས། སྒེར་འཁོན་ཞེ་ལ་བཞག་ནས་གཞན་ལ་མཐོ་བཤད་དམའ་བཤད་འབྲེལ་མེད་ཉག་ཉོག་ཉ་ཉུང་མཉམ་བསྲེས་བྱེད་རྒྱུ་མིན་འདུག །ཞིབ་འཇུག་དང་རྩོམ་པར་དད་ན་རྒྱ་དམར་གྱི་བོད་དོན་ལ་ཁྱོག་བཤད་བར་མེད་དུ་བྱེད་པར་བསལ་བཤད་དང་ལན་འདེབས་གནང་གལ། སྐུ་ངོ་སྣར་སྐྱི་ཁོང་བསྟན་ཕན་ལགས་ཁྱེད་རང་གི་བསམ་པ་དེ་འདྲ་ཞིག་ཨེ་ཡིན།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    དཔེར་ན། བསྟན་ཕན་ཅན་ནས་སྣར་སྐྱིད་ཀྱི་དེབ་ཁོ་པའི་ལག་ཏུ་ཇི་ལྟར་རག་མིན་བཤད་པ་དགོས་པ་ཏིལ་འབྲུ་ཙམ་ཡང་མེད་དེ། ཁྱེད་ཀྱི་དེབ་ཇི་ལྟར་རག་མིན་ང་ཚོས་ཤེས་ཀྱང་མ་ཤེས་ཀྱང་ཁྱད་པར་གང་ཡང་མི་འདུག དོན་གྱི་གཙོ་གནད་ལ་དམིགས་ནས་རྩོམ་ཡིག་བྲིས་ཤེས་པ་དགོས།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ཨ་ཙི་ཚིག་རྙོག་མང་པོ་བྲིས་ན་མགོ་ན་གིན་འདུག མདོར་བསྡུས་ན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་རྒྱ་དཀར་ནག་སོག་ཡུལ་བཅས་པར་ཕེབས་མིན་ལ་རྩོད་ན་ལྐུགས་དྲག ཕེབས་བཞེད་ཡོད་མེད་ལ་རྩོད་ན་དགོས་པ་མེད། སྣར་སྐྱིད་ཀྱི་དེབ་ཀྱི་རྒྱུ་མཚན་ཟེར་གྱི་འདུག་ཅེས་པ་འདི་ཙམ་རེད། སུས་རྣ་བར་འགྲོ རང་བཙན་རྩོད་ནའང་རྩོད་སྟངས་དེ་དྲག་ཅིག་ལོས་ཡོད། རྒྱ་བོད་བར་གྱི་འགྲོ་ལམ་ཡག་པོ་གཅིག་ཀྱང་མེད་པ་འདི་གཅིག་བུས་བོད་རང་བཙན་རེད་ཟེར་ན་མི་ཆོག་པ་མེད། བསྟན་ཕན་ཟེར་བ་འདི་ཞེན་ཡིན་ཁུལ་རེད་འདུག་ཀྱང་བྲིས་སྟངས་སྦྱོང་དགོས་པར་འདུག

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གཞན་ལ་བརྗོད་པའི་ལྕེ་ཡོད་རུང་། རང་སྐྱོན་ནང་ལ་བསམ་ན་ལེགས།
    གང་བྱུང་བརྗོད་པ་ལས་བསྟན་འཛིན་ཕན་བདེ་ལྟར་དཔྱད་བརྗོད་ཞིབ་དཔྱད་བྱས་ན་ལེགས། མ་གཞི་ངེད་ཚོའི་དཔྱད་གཏམ་སྤེལ་ཡུལ་རྒྱ་གཞུང་ལས་ནང་ཡུལ་གང་ནས་ཡིན་དེ་ཚོར་སོམ་ཤིག

    Reply
  8. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    མ་གཞི་སྣར་སྐྱིད་ལྟ་བུའི་མཁས་འཇོན་གཉིས་ལྡན་ཞིག་ལ་འོག་འཁོད་ལྟ་བུའི་འཆལ་མཆན་རིགས་ཀྱིས་གཡོ་འགུལ་དུས་ནམ་ཡང་ཐེབས་སྲིད། གང་ཡིན་རྒྱུ་མཚན་དང་ལྡན་པའི་དཔྱད་མཆན་ཞིག་གཏན་ནས་མ་མཐོང་བའི་ཕྱིར། མ་གཞི་ནས་པ་བའི་རྩོད་རྙོག་ལ་སཔགས་འདིར་འདྲེན་བཀོད་བྱེད་པ་ལ་འབྲེལ་ཅི་འདུག་སོམས་ཤིག །

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 13 སྔོན།

    ད་དེ་ཁོང་རྣམ་པ་གཉིས་གཅིག་པུས་མ་གཏོགས་གཞན་གྱིས་ཧ་གོ་བ་ཁག་པོ་རེད་འདུག

    Reply
  10. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ད་བྱས་དུས་དེ་རིང་སང་ཉིན་སྣར་སྐྱིད་ཀྱིས་རང་བཙན་ཡིན་ན་ཅིག་བཤད་ཁུལ་བྱེད་པ་དེའང་དེ་ལྟར་ཡིན་རྒྱུ་རེད་པཱ།

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཀློག་སྤྲོ་བོ་བྱུང། ཡ་ཧན་ཀྲང་གི་༼ ཏཱ་ལའི་བླ་མའི་རྣམ་ཐར༽་ཟེར་བར་རྩོམ་པ་པོ་རེབ་གོང་བཀྲ་ཤིས་ལགས་ཀྱིས་ཡོངས་སུ་ལན་འདེབས་འདུག དེབ་གཟུགས་སུ་པར་འགྲེམས་ཀྱང་སྔ་མོ་ནས་བྱས་ཚར་བ་རེད། དེར་གཟིགས་ན་དེ་བས་ཀྱང་ཡག་པོ་འདུག ཡིན་ནའང། མི་ཐོག་གཉིས་ཀྱི་མི་ང་ཡིན་ཟེར་མཁན་སྐུ་ངོ་མཆོག་ཡ་ཧན་ཀྲང་གི་རྗེས་སུ་ཕེབས་འདུག་ན་དགུང་ལོ་མཐོ་བས་ཡིན་སྲིད་པ་རེད།

    དེ་བཞིན་གསུང་འཕྲིན་རིན་པོ་ཆེར་དོགས་སློང་གནང་བ་ཙམ་མིན་པར་ཐག་བཅད་དེ་གསུངས་ཡོད་ན། མིན། སྡེ་པ་གཞུང་གི་གཞུང་ཞབས་རྙིང་པ། ལྷ་ས་མཐིལ་གྱི་རིག་པ་རྣོན་པོ་ཅིག་ལ་འདྲ་ས་མེད་སྟབས། མཁྱེན་པའང་ཅུང་ཙམ་ཡོད་ན་ཐང།། ཧཧཧཧཧཧ

    Reply
  12. མི་རྐང་གླིང་བུ། says:
    ལོ་ 13 སྔོན།

    སྣར་སྐྱིད་འདིས་ན་ནིང་ཁེ་ན་ཌར་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ཐོག་ཏུ་ཡང་། པཎ་ཆེན་རིན་པོ་ཆེ་དང་། ༸གོང་ས་བཅུ་གསུམ་པའི་བར་གྱི་གནས་ཚུལ་འདྲ་དོགས་བསླངས་བྱས་པའི་ཆེད་རྩོམ་སྒྲོག་སྦྱངས་བྱས་ནས་དེར་ཡོད་ཀྱི་མཁས་པ་ཚང་མ་ཞེར་མེར་ལངས་དགོས་པ་བཟོས་སོང་ཟེར། ད་ཐེངས་ཡང་འདི་འདྲ་བར་བཤད་སྟངས་ལ་བལྟས་ན་མི་རྒན་འདིས་འཆི་ཁར་སུ་ཞིག་གི་ཆེད་དུ་ཅི་ཞིག་བསྒྲུབ་བཞིན་ཡོད་པར་དོགས་ཟོན་བྱེད་གལ།

    Reply
  13. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    ད་བྱས་དུས་སྣར་སྐྱིད་ཀྱིས་༸གོང་ས་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ཡིན་ཟེར་བ་ཞིག སྔོན་མ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་འདོན་སྤེལ་ཡོང་བར་རེ་བ་ཞུས་ཀྱང་ནོར་གླིང་གིས་ལོ་གཅིག་ལྷག་ཅིག་ལ་ཡ་མེད་བཏང་ནས་བཞག་པ་ཞིག་གོ་རྒྱུ་འདུག དེ་ཡང་རྒྱུ་མཚན་འདི་འདྲ་ལ་ཐུག་ཡོད་པ་མིན་ནམ།

    Reply
  14. རྟ་མགྲིན་རྡོ་རྗེ། says:
    ལོ་ 13 སྔོན།

    སྣར་སྐྱིད་ལ་གནས་ཚང་གིས་མཇུག་སྡོམ་རྒྱག་སྟངས་དེ་འདྲ་སླ་མོ་ཞིག་གིས་འཇམ་འཇམ་བྱེད་སྟངས་དེ་ཡང་སྣར་སྐྱིད་ཕྱོགས་གཏོགས་ཚོའི་མགོ་སྙོམ་སྟངས་ཤིག་ཡིན་སྲིད། སྣར་སྐྱིད་འདིས་རྭ་སྟག་གཉིས་ཀྱི་བར་ནས་ཀྱང་རྭ་སྒྲེང་ལ་ཆེས་མི་དགའ་བ་ཞིག་ཡིན་ཚུལ་གོ་རྒྱུ་འདུག སྔོན་ཆད་ཅིག་ལ་ཁོ་བོས་དེ་སྐོར་གྱི་ནད་རྙིང་བསླང་རྩི་བྱས་མོད། ཤེས་ལྡན་པ་སྐོར་ཞིག་གིས་བཀག་ཡོད་ཚུལ་ཡང་གོ་རྒྱུ་འདུག

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    སྤྱིར་དེབ་དེ་ཀློག་མེད། ཡིནནའི། རང་ཚོའི་གསུང་སྟངས་ལྟར་ན། སྐུ་ངོ་སྣར་སྐྱིད་མཆོག་ཕལ་ཆེར་བོད་གཞུང་གི་མཚན་བྱང་བརྗེ་བོ་བརྒྱབ་པར་མོས་མཐུན་བྱུང་མེད་ཚོད་རེད་ལ། ལོ་རྒྱུས་སྟེང་དུ་ཚེ་མཐའི་ལངས་ཕྱོགས་གསལ་སྟོན་གནང་བ་ཞིག་ཡིན་པ་འདྲ། དེ་ནི་མང་གཙོ་རེད། གཟི་བརྗིད་རེད། ཕྱི་གསལ་ནང་གསལ་རེད། སྐུ་མདུན་དགྱེས་ཡུལ་དེ་ལས་ཡོད་མི་སྲིད་ལ། སྐུ་དྲག་གི་མི་རྒྱུད་ཁེ་བཟང་ཁོ་ནར་ཞེན་པ་ཞེས་པར་ཡང་བཞི་ཤད་བཀོད་ཟིན་པ་རེད། དེ་བས། ད་ལྟ་བོད་མིའི་མདུན་དུ་ལྷགས་པ་ནི་ཇི་ལྟར་སྐུ་མདུན་ལྷད་མེད་པ་དེ་མངོན་འགྱུར་བྱེད་རྒྱུ་ལས་ལྷག་མེད། དེ་བས། ཁ་རྒྱ་ནག་ལ་ཕྱོགས་རོགས།

    Reply
  16. བདེ་རྒྱལ། says:
    ལོ་ 13 སྔོན།

    སྣར་སྐྱིད་ཁོས་རང་གི་འཇོན་ཐང་ལས་མཐོ་བ་ཞིག་༸གོང་ས་མཆོག་ལ་རེ་ཡོད་ཀྱང་དེ་ཏག་ཏག་ཅིག་མ་བྱུང་སྟབས། མཐའ་མ་སྐུ་ཕྲེང་བཅུ་པ་ཁ་ལ་ཁྱེར་ནས་འདི་འདྲ་བྱེད་ཀྱི་ཡོད་པ་རེད།

    Reply
  17. བདེ་རྒྱལ། says:
    ལོ་ 13 སྔོན།

    སྣར་སྐྱིད་ངག་དབང་འདི་དངོས་ཤུགས་བརྒྱུད་གསུམ་ནས་ཆོལ་ཞེན་ཅན་ཞིག་ཡིན་པའི་སྒྲུབ་བྱེད་མང་དག་ཅིག་ཤོད་རྒྱུ་ཡོད། རེ་ཞིག་བཞག་ཤོག སྔོན་ཆད་ཀྱང་པ་བའི་ཐོབ་ཐང་སྐོར་ལའང་དབུས་སྨད་བར་ཀྱི་འབྲི་སྟངས་ཞེས་ཤུགས་ཆེན་པོ་བཤད་པ་རེད། ཁོ་བའི་མི་ཚེ་ཧྲིལ་གྱིས་དྲིལ་ཡང་ལེགས་རྗེས་འདི་རེད་ཅེས་པ་ཞིག་མེད་པ་རེད།

    Reply
  18. ནད་པ says:
    ལོ་ 13 སྔོན།

    བྲག་གཞིས་བསྟན་འཛིན་ཕན་བདེས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་བྲིས་པའི་དེབ་ནང་དོན་དམ་༸ གོང་ས་མཆོག་ལ་ཧོལ་རྒྱུག་རེད་ཅེས་དམའ་འབེབ་བྱས་པ་དེ་ཏན་ཏན་ཡིན་ཚེ་དེར་དགག་ལན་སློག་དགོས་ལ་ངེས་པར་གསལ་བཤད་བྱེད་དགོས།

    འགའ་ཤས་ཤིག་གིས་༸ གོང་ས་བཅུ་གསུམ་པ་ཁ་ལ་འཁྱེར་ནས་དོན་དམ་༸ གོང་ས་སྐུ་འཕྲེང་བཅུ་བཞིར་པར་ཟུར་ཟ་བྱེད་མཁན་རེ་ཟུང་བྱུང་བཞིན་ཡོད་པ་དག་ང་ཚོས་ལྕགས་ཚ་ཐོག་ལ་བརྡུངས་དགོས།

    གོང་ས་ཡིད་བཞིན་ནོར་བུ་ནི་བསམ་ཡུལ་ལས་འདས་པའི་སྐྱེས་མཆོག་དམ་པ་ཞིག་ཡིན་ལ་ཁོང་ནི་བོད་མིའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་མཐར་ཐུག་པ་དེ་ཉིད་རང་ཡིན་སྟབས། ཀླད་མེད། བསོད་ནམས་དམན་པ། ལས་འབྲས་སྨྱོས་པ། ངོ་ཚ་མེད་པ། ཀླ་ཀློ་དང་ཁྱ་རྒན་ལས་སྡུག་པའི་མི་དེར་ང་ཚོས་ངེས་པར་དུའང་ཁ་གཏད་གཅོག་དགོས།

    བོད་མི་རིགས་ལ་ཤ་དགོས་ན་༸ གོང་ས་མཆོག་ལ་ཤ་ཚ་དགོས། དེས་ལས་ལྡོག་ཏེ་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལནློག་འཇལ་བྱེད་མཁན་རིགས་འདི་ཚོ་ཚེ་འདིར་ཡང་སྐྱིད་ལས་བུད་ནས་སྡུག་ལ་ཕུང་བ་དང་། མི་ལས་བུད་དེ་ཁྱི་ལས་ཀྱང་སྡུག་པ།

    ཤི་ནས་སྐྱབས་གནས་མེད་པར་ཤི་དམྱལ་བར་འགྲོ་རན་མཁན་གྱི་གྲས་ཤིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese