མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་ཨ་རིར་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལ་དྭཊ་ཁུལ་གྱི་གཟིཊ་སྐོར་ལེཊ་པར་གྲུབ་སྟེ། ཕྱི་ཚེས་ ༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཨིན་ཊོན་དུ་འབྱོར་འདུག

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བདུན་ཕྲག་གཅིག་རིང་ལ་དྭགས་ཁུལ་དུ་གཞུང་འབྲེལ་གཟིཊ་སྐོར་གནང་གྲུབ་རྗེས། ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་ས་ལྡི་ལིའི་མཁའ་ལམ་བརྒྱུད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འབྱོར་ཡོད་འདུག་ལ། རྒྱལ་སར་འབྱོར་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཝ་ཤིན་ཊོན་བོད་རིཊ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཐེངས་འདིའི་ཕྱོཊ་སྐྱོད་སྐབས་བཀའ་ཁྲི་མཆོག་གིས་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིཊ་དང་། ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། དེ་བཞིན། གྲོས་ཚོཊ་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱལ་སར་གནས་སྡོད་བོད་རིཊ་མང་ཚོགས་ལ་བཀའ་ཤག་གི་སྲིད་བྱུས་དང་བོད་ནང་གི་བོད་མིའི་ཚོའི་གནས་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག

བཀའ་ཁྲི་མཆོག་ཨ་རིར་མ་ཐོན་གོང་ལ་དྭགས་ཀྱི་ས་གནས་ཁག་ཅིག་ཏུ་གཟིཊ་སྐོར་གནང་ཡོད་ཅིང་། ཚེས་ ༧ ནས་ ༡༠ ཉིན་བར་བཀའ་ཁྲི་མཆོག་གིས་ལ་དྭཊ་ཁུལ་གྱི་གནད་ཡོད་མི་སྣ་དང་དགའ་ལྡན་གསེར་ཁྲི་གཙོས་ཚོཊ་པ་ཁག་གི་སྐུ་ཚབ་ལ་མཇལ་འཕྲད་དང་ཚོགས་པ་ཁག་གི་ཚོགས་འདུར་མཉམ་ཞུཊ། མང་ཚོཊ་དང་སློབ་ཕྲུག་ལ་གཏམ་བཤད། བོད་ཁྱིམ་དང་བྱང་ཐང་གི་འབྲོག་ཁྱིམ་བཅས་ལ་འཚམས་འདྲིར་བསྐྱོད་ཡོད་འདུག་ལ། གནམ་གཤིས་ཀྱིས་རྐྱེན་པས་ས་གནས་ཁག་ཅིག་ལ་གཟིགས་སྐོར་གནང་ཐུབ་མི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 10

  1. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག གཞིས་ལུས་བོད་རིགས་སྤུན་ཟླའི་མེ་ལྕེའི་ཚེ་སྲོག་ལ་དོ་སྣང་མང་ཙམ་གནང་རོགས། བོད་རྒྱལ་ལོ།

    Reply
  2. ཐོ་རངས། says:
    ལོ་ 14 སྔོན།

    ང་ཚོས་དངོས་ཡོད་མཐུན་པའི་གཏམ་གླེང་ལ་མཁས་ལེན་གྱི་ནུས་པ་མེད་པར་འགའ་རེས་ཆོལ་ཞེན་སྐད་ཆ་བཤོད་ཀྱི་འདུག་དེ་འདྲ་མི་གནང་ན་ཡག་པོ་ཡོད་རེད།
    དེ་འདྲ་སྐྱང་བྱས་བསྡད་ན་ང་ཚོ་འགྱེལ་ས་དེ་ནས་ག་དུས་ལངས་ཐུབ་བམ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    འདབ་པ་ཚེ་དབང་མགོན་པོ་ཞེས་པ་གཡག་ཞྭར་གྱི་རྩ་ཟ་བ་ལྟར་ཕྱོགས་གཅིག་མ་རྟོགས་མཐོང་གི་མེད་པ་འདྲ། འདི་ནི་སྙིང་རྗེའི་ཡུལ་ལས་མ་འདས། གནས་ཚུལ་གང་ཡིན་རུང་བློ་གཟུ་བོའི་ཐོག་ནས་བལྟས་ན་ལེགས།

    Reply
  4. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ཕྱེ་མ་ལེབ་འདི་མགྱོགས་པ་ལ། ཕྱེ་མ་ལེབ་ཕྱོགས་བསྐྱོད་དུ་འཕུར་རྒྱུ་མང་ན། ལོ་ལྔའི་རིང་འཕུར་རྐྱང་བྱེད་རྒྱུ་ཁེག་པོ་རེད། དེ་བས། གངས་ཅན་སྐྱིད་གཤོངས་ནས་བོད་བོད་མིའི་སྐོར་ལ་སློབ་སྦྱོང་གཏིང་ཟབ་ཅིག་གནང་ན་ཡག་པོ་མེད་འགྲོ།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ལེགས་འགྲུབ་ཡོང་བའི་སྨོན་འདུན།

    Reply
  6. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་འཕགས་པ་ལགས་ཀྱི་དགོངས་ཚུལ་ངོས་ལེན་དང་མཉམ་དུ་གསལ་བཤད་ཐུང་ངུ་ཞིག་ཀྱང་ཡོད།
    སྤྱིར་འཛམ་གླིང་གི་ཚགས་པར་དང་བརྙན་འཕྲིན། དྲ་རྒྱ་བཅས་ཀྱི་གསར་ལམ་ཁག་ཏུ་༼པར་རིས་གསར་འགྱུར༽ཞེས་པར་རྐྱང་པ་བཀོད་པའི་འགྲོ་སྟངས་ཤིག་ཡོད་པ་ཡོངས་གྲགས་ཡིན་པ་ལྟར། འདི་ག་དུས་བབ་ཚང་གིས་ཀྱང་ཉེ་ལམ་བཀའ་ཁྲིའི་སྐོར་གྱི་པར་རིས་གསར་འགྱུར་ཞིག་བཏང་བ་དེར་གསར་འགོད་གཞུང་ལུགས་ཀྱི་ཐོག་ནས་འགལ་བ་གང་ཡང་མེད།
    གཉིས་པ། ཉིན་དེའི་པར་དེ་དག་གི་ཡོང་ཁུངས་བོད་གཞུང་དྲ་ཚིགས་ཡིན་ལ། འདི་གའི་གསར་འགྱུར་གྱི་གཤམ་དུ་དེ་ལྟར་གསལ་བཤད་ཀྱང་བྱས་ཡོད། བོད་གཞུང་དྲ་བས་ཀྱང་ཉིན་དེར་པར་དེ་དག་གི་གོང་དུ་༼ བཀའ་ཁྲི་མཆོག་ལ་དྭགས་བྱང་ཐང་ཁུལ་དུ་ཕེབས་སྐབས་ཀྱི་འདྲ་པར་གསར་འགྱུར ༽ཞེས་ཁ་བྱང་གཏན་འབེབས་བྱས་འདུག ཞིབ་ཏུ་གཟིགས་འདོད་ཡོད་ན་དྲ་ཐག་འདིར་ཡོད། http://bod.asia/2012/07/%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%81%E0%BE%B2%E0%BD%B2%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%A3%E0%BC%8B%E0%BD%91%E0%BE%AD%E0%BD%82%E0%BD%A6%E0%BC%8B%E0%BD%96%E0%BE%B1/

    Reply
  7. སྐར་མདའ། says:
    ལོ་ 14 སྔོན།

    ཕྱེ་མ་ལེབ།
    མཐོ་མ་ལྡིང་གིས་ཡང་བསྐྱར་འཕུར་ཡོང་ཐལ།།
    གཞུང་དོན་ཁ་ལ་འཁྱེར་ཏེ་འཕུར་ཡོང་ཐལ།།
    བོད་དོན་ཡིན་ཁུལ་བྱེད་བཞིན་འཕུར་ཡོང་ཐལ།།
    རྡ་སར་སྐྱིད་ཚོར་མེད་ནས་འཕུར་ཡོང་ཐལ།།
    ལྷེམ་་་ལྷེམ་་་ལྷེམ་་

    Reply
  8. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 14 སྔོན།

    ད་ཆར་བཀའ་ཁྲི་འདི་ནི་དེ་སྔོན་བཀའ་ཁྲི་རྣམས་དང་མི་འདྲ་བར་ངོ་མ་འཇོན་པ་ཞིག་རེད། འོན་ཀྱང་འདི་ལ་མི་དགའ་མཁན་འགའ་ཞིག་འདུག་ཀྱང་སྐྱོན་ཅི་ཡོད། ཀུན་ལ་དགའ་འོས་པ་ཞིག་ད་བར་ས་སྟེང་དུ་བྱུང་མི་འདུག་ལ། བོད་པ་ནང་དུ་དེ་བས་བྱུང་མྱོང་མི་འདུག མ་འོངས་པར་ཁག་པ་རེད། འདི་དང་འདི་འདྲ་བ་བོད་མི་ཞིག་ལ་ངོ་མ་བྱས་ཏེ་བཤད་ན་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད།

    Reply
  9. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དུས་བབ་གསར་འགོད་པ་དཔལ་ལྡན་ལགས་ནས་གནས་ཚུལ་ཇི་བཞིན་བཀོད་གནང་བ་བསྔགས་བརྗོད་ཡོད།
    ཁ་སྔོན་སྲིད་སྐྱོང་མཆོག་ལ་དཱགས་ཁུལ་དུ་གཟིགས་སྐོར་གནང་བའི་སྐབས་དུས་བབ་དྲ་ངོས་སུ་སྤྲོ་ཁྱམ་ཙམ་གྱི་རྣམ་པ་སྟོན་ནས་འདྲ་དཔར་ཁ་ཤས་ལས་གཞན་འཚམས་གཟིགས་ཀྱིས་གནད་ཡོད་མི་སྣ་མཇལ་ཕྲད་སོགས་གང་ཡང་བཀོད་མི་འདུག།
    རྗེས་སུ་དུས་བབ་དང་ཁ་བརྡ་དྲ་བ་གཉིས་ཀྱིས་རྩོམ་སྒྲིག་པས་ཡིད་གཟབ་གནང་དགོས་པ་ཤིན་དུ་ནས་གལ་ཆེ་མཐོང་།

    Reply
  10. ཤག་སྒང་པ། says:
    ལོ་ 14 སྔོན།

    ལ་དྭགས་བྱང་ཐང་ལས་གནས་སྟངས་ཞན་པའི་གཞིས་ཆགས་ཤིག་ད་ལྟ་གང་དུའང་མེད་པས། བཀའ་ཁྲི་མཆོག་གིས་གཟིགས་སྐོར་དེས་ཁོང་ལ་དམིགས་བསལ་ཚོར་བ་ཤུགས་ཆེན་ཞིག་བྱུང་ནས།

    ཐད་ཀར་ཨ་རིར་འཕུར་ནས་གཞིས་ཆགས་གསར་པའི་མཐུན་རྐྱེན་ཞིག་འཚོལ་བཞིན་ཡིན་རྒྱུ་རེད།

    ད་ལྟ་དབྱར་སར་ཡོད་པས་སྐྱིད་སྣང་ཞིག་ཏུ་མཐོང་ཡང་དོན་དུ་དངོས་གནས་ཁོང་ཚོའི་འཚོ་བར་བསམ་ན་ཧ་ལས་པའི་རྗེས་ལུས་ཤིག་རེད་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese