མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་དུ་མི་ ༣༦ རྐྱེན་འདས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་པེ་ཅིན་ཏུ་ཆར་ཆུའི་གནོད་འཚེ་བྱུང་སྟེ། མི་ ༣༦ རྐྱེན་འདས་དང་མི་ཁྲི་ ༦༠ ལྷག་ལ་གནོད་འཚེ་བཟོས་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༢ ཉིན་བར་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཆར་བ་ཆེན་པོ་བབས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་འདུག   རྒྱ་གཞུང་གིས་ཕྱིར་སྒྲོག་བྱས་པའི་གྲངས་འབོར་ལྟར་ན། ཆར་ཆུའི་དོན་རྐྱེན་དེའི་ཁྲོད་མི་ ༣༧ རྐྱེན་འདས་སུ་གྱུར་ཡོད་པ་དང་། མི་ཁྲི་ ༦༠ ལྷག་གི་འཚོ་བར་གནོད་འཚེ་ཐེབས་ཡོད་འདུག

གཞན་ཡང་། ཆར་ཆུའི་གནོད་ཚེ་ཐེབས་ཁུལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༦༠༠༠ བརྒལ་ཡོད་པ་དང་། མི་མང་ཁྲི་ ༦༠ ལྷག་གི་འཚོ་བར་གནོད་སྐྱོན་བཟོས་ཡོད་པའི་ཁྲོད། མི་ཁྲི་ ༤༠ ལྷག་ནི་ཞིང་བ་མང་ཚོགས་ཆགས་ཡོད་ལ། ཞིང་བ་མང་ཚོགས་ཀྱི་ཁང་ཁྱིམ་མང་པོ་ཆུས་ནང་འཐུམས་ཏེ་རྡིབ་པ་དང་གཞུང་ལམ་མང་པོ་ཆུས་བསྣུབས་པ། རླངས་འཁོར་དང་ཅ་དངོས་སོགས་ཆུས་ཁུར་ཡོད་པ་དང་། ཐེངས་འདིའི་ཆར་ཆུའི་གནོད་འཚེ་ཡི་གྱོང་གུད་རྒྱ་སྒོར་དུང་ཕྱུར་ ༡༠༠ བརྒལ་ཡོད་པ་དང་། དེ་ནི་འདས་པའི་ལོ་ ༦༠ ནང་པེ་ཅིན་དུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་ཆར་ཆུའི་གནོད་འཚེ་ཆེ་ཤོས་ཆགས་འདུག 

ཐེངས་འདིའི་ཆར་ཆུའི་གནོད་འཚེ་ཁྲོད་རྐྱེན་འདས་སུ་གྱུར་བའི་མི་གྲངས་མུ་མཐུད་འཕེལ་བཞིན་ཡོད་ལ། རྒྱ་ནག་ཁྲིམས་སྲིད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཐཱུང་ཙང་ཐའོ་ཡིས་ཝེ་པའོ་སྟེང་གནས་ཚུལ་སྤེལ་ཏེ། རྒྱ་གཞུང་གིས་ཐེངས་འདིའི་གནོད་འཚེ་ཁྲོད་རྐྱེན་ལམ་དུ་གྱུར་བའི་མིའི་གྲངས་འབོར་དང་ཐོབ་ཐང་དྲང་བདེན་ཐོག་གསལ་འདོན་བྱས་ཏེ། མི་མང་གི་ཚེ་སྲོག་ལ་མཐོང་ཆེན་གནང་རྒྱུའི་རེ་འབོད་གནང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 11

  1. ཐོ་རངས། says:
    ལོ་ 13 སྔོན།

    འཇིགས་མེད་ལགས་ཀྱི་ཞུ་དག་ཡག་པོ་ཞིག་གནང་འདུག་ཐུགས་རྗེ་ཆེ། བདག་གིས་ཀྱང་རྗེས་སུ་དག་ཡིག་སོགས་ལ་ཡིད་ཟབ་བྱ་རྒྱུ་ཡིན།
    ད་དུང་དེ་ལས་མང་པ་ཞི་རྒྱུར་མ་རེད། ད་དུང་དེ་ལས་མང་པ་ཤི་རྒྱུར་སྒུག་བཞིན་ཡོད།

    དུག་མདའ་ལགས་ཁྱེད་ཀྱི་རྟགས་ཅུང་ཙམ་སྟོན་རྒྱུ་ལོས་ཡོད་ཅེས་བྲིས་འདུག་རྟགས་ཅུང་ཟད་ནི་ཕྱི་རྒྱལ་འགོ་སེར་བ་ཚོ་མགོ་སྐོར་བཏང་བ་དེ་ཚོ་མི་འགྲོ ཧ་ཧ་ཧ།

    Reply
  2. དུག་མདའ། says:
    ལོ་ 13 སྔོན།

    ང་ཚོས་ད་བར་དུ་སྒྲོལ་མ་བསགས་བསགས་བས་ཀྱང་རྟགས་ཅུང་ཙམ་སྟོན་རྒྱུ་ལོས་ཡོད།

    Reply
  3. འཇིགས་མེད། says:
    ལོ་ 13 སྔོན།

    ཐོ་རངས་ལགས།
    ཁྱེད་ཀྱིས་དག་ཆ་ཅུང་ནོར་ཡོད་པ་འདྲ། བོད་མི་ཚོས་རྔ་ནས་ད་བར་ཁ་ཏོང་བ་དེ་བཤད་ནས་ཡོང་བ་རེད། ཏོང་བ་ནི་ཏོང་པ་རང་རེད་ཏོང་བ་དང་ལས་གང་ཡང་མི་མྱོང། དེ་ལས་འཚོ་བ་དངོས་ཐུན་པའི་ཏམ་པའི་ཞིག་བཤད་ན་མི་དགའ་འམ།
    རྒྱ་དམར་ཆུ་ཀློག་བྱུང་པ་ནི་སྡུག་བཀྱོན་རང་རེད། ད་དུང་དེ་ལས་མང་པ་ཤི་རྒྱུར་བརྒུག་བཞྀན་ཡོད་ད། ཧ་ཧ་ཧ

    །ཅེས་པ་དེ་འདི་ལྟར་འབྲི་དགོས་ས་རེད། བོད་མི་ཚོས་སྔ་ནས་ད་བར་ཁ་སྟོང་པ་བཤད་ནས་ཡོང་བ་རེད། སྟོང་པ་ནི་སྟོང་པ་རང་རེད་སྟོང་པ་དང་ལས་ལས་ཀ་གང་ཡང་མི་ཡོང་། དེ་ལས་འཚོ་བ་དངོས་དང་མཐུན་པའི་གཏམ་ཞིག་བཤད་ན་མི་དགའ་འམ། རྒྱ་དམར་ལ་ཆུ་ལོག་བྱུང་བ་ནི་སྡུག་གྱོང་རང་རེད། ད་དུང་དེ་ལས་མང་བ་ཞི་རྒྱུར་སྒུག་ནས་ཡོད་དོ ། ཅེས་བྲིས་ན་ལེགས་པར་བསམ་ལགས།

    Reply
  4. ཐོ་རངས། says:
    ལོ་ 13 སྔོན།

    མངའ་རིས་བུ་ལགས། བོད་མི་ཚོས་རྔ་ནས་ད་བར་ཁ་ཏོང་བ་དེ་བཤད་ནས་ཡོང་བ་རེད། ཏོང་བ་ནི་ཏོང་པ་རང་རེད་ཏོང་བ་དང་ལས་གང་ཡང་མི་མྱོང། དེ་ལས་འཚོ་བ་དངོས་ཐུན་པའི་ཏམ་པའི་ཞིག་བཤད་ན་མི་དགའ་འམ།
    རྒྱ་དམར་ཆུ་ཀློག་བྱུང་པ་ནི་སྡུག་བཀྱོན་རང་རེད། ད་དུང་དེ་ལས་མང་པ་ཤི་རྒྱུར་བརྒུག་བཞྀན་ཡོད་ད། ཧ་ཧ་ཧ།

    Reply
  5. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    ཆར་ཆུའི་གནོད་འཚེ་ཡི་གྱོང་གུད་རྒྱ་སྒོར་དུང་ཕྱུར་ ༡༠༠་ཞེས་གོང་དུ་གསལ་པོ་བཀོད་འདུག །ཁྲི་༡༠༠་མ་རེད།
    འགྲོ་བ་སུ་ཞིག་ལའང་རྐྱེན་ངན་འདི་རིགས་མི་འབྱུང་བར་ཤོག

    Reply
  6. མངའ་རིས་བུ། says:
    ལོ་ 13 སྔོན།

    ཨ་ཙི་མི་འདི་ཚོ་ལ་ལྟོས་དང། ད་དུང་ནང་པ་བ་ཡིན་ཟེར། ཡུལ་ཤུལ་དུ་ས་འགུལ་བྱུང་དུས་ཕྱི་མི་ཞིག་གིས་འདི་ལྟར་སྨྲས་ན་ཅི་ཟེར། དེང་སང་གི་ནང་བ་ཡིན་ཟེར་མཁན་དེ་ཚོ་ནི་སྐྱབས་འགྲོ་དང་བྱང་སེམས་གྱི་བསླབ་བྱའི་དྲི་ཙམ་ཀྱང་དྲོ་གི་མི་འདུག འདི་ཚོས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་ཟུམ་ཙམ་ཀྱང་ཐོས་མྱོངས་མེད་པ་འདྲ། ཨ་ཙི་ཚི་ཚི།
    དེ་དག་འདི་ནས་ལུས་རྒྱ་ཞིག་མ་ཐག
    འཁོར་བའི་ལས་ཟད་མཇའ་འོད་ལམ་བཞུགས་ནས།
    བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

    Reply
  7. རྒྱང་མིག says:
    ལོ་ 13 སྔོན།

    ཏག་ཏག་རེད། ༣༦ཉུང་དྲགས་པ་རེད་དེ་ལས་མང་བ་ཤི་བའི་སྨོན་ལམ་དེབ།

    འདི་ནི་ལོ་མང་རིང་བོད་མི་རིགས་ལ་ཐུབ་ཚོད་གཏོང་མཁན་རྒྱ་རྒན་ཚོ་ལ་བོད་པ་ཞིག་གིས་ངོས་ནས་མཁོན་ལན་ལོག་སྟངས་ཡིན།།

    Reply
  8. དེད་དཔོན། says:
    ལོ་ 13 སྔོན།

    ཉེས་མེད་ཀྱི་མི་མང་ཉམ་ཐག་དེ་ཚོ་སྙིང་རྗེ།
    རང་བྱུང་འབྱུང་བཞི་འཇིག་པ་ལྡོག་ཏུ་མེད། རྗེས་སོར་དེ་ལྟར་མི་ཡོང་བ་ཤོག
    གསར་འགོད་པ་ཞུ་རྒྱུར་གནས་ཚུལ་མཁོ་སྤྲོད་བྱེད་སྟངས་ཅུང་ཟད་མི་འགྲིག་པའི་བཟོ་འདུག གང་ཡིན་ཞེ་ན། མི་མང་ཁྲི་ ༦༠ ལྷག་གི་འཚོ་བར་གནོད་སྐྱོན་བཟོས་ཡོད་ན། ཐེངས་འདིའི་ཆར་ཆུའི་གནོད་འཚེ་ཡི་གྱོང་གུད་རྒྱ་སྒོར་ཁྲི་ ༡༠༠ བརྒལ་བ་མ་གཏོགས་བྱུང་མེད་པ་མི་སྲིད་པ་རེད། དེ་ཡིན་ན་མི་རེ་ལ་རྒྱ་སྒོར་༡ ལྷག་ཙམ་གྱིས་གནོད་འཚེ་རེད་འདུག དེ་ཙམ་ཚད་རྒྱུ་མ་རེད། ཨང་གྲངས་རྒྱག་ནོར་རེད་ཡོད་ས་རེད།
    ང་ནོར་མེད་གང་དེ་པར་བཤུས་བྱས་པ་ཡིན།

    Reply
  9. འཇིགས་མེད། says:
    ལོ་ 13 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུྃ༔
    འགྲོ་བ་སུ་ལ་ཡང་སྡུག་ངལ་འདི་འདྲ་བ་ཞིག་མ་ཡོང་བར་ཤོག
    ཐེངས་འདིའི་ཆར་ཆུའི་གནོད་འཚེ་ཡི་གྱོང་གུད་རྒྱ་སྒོར་ཁྲི་ ༡༠༠ བརྒལ་ཡོད་པ་དང་།
    ཞེས་པའི་དངུལ་གྱི་གྲངས་ཁ་ནོར་ཡོད་པ་འདྲ།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    མི་བྱེད་དགུ་བྱེད་བྱས་ན་ཡོང་རྒྱུ་འདི་རེད།

    Reply
  11. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 13 སྔོན།

    མི་མང་ཉམས་ཆུང་དེ་ཚོ་དངོས་གནས་སྙིང་རྗེའི་ཡུལ་ལོས་ཡིན། འོན་ཀྱང་ཆོས་དང་ལས་འབྲས་བརྩི་སྲུང་མི་བྱེད་ཅིང་། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་ཀླ་ཀློའི་སྲིད་གཞུང་འདིས་བྱས་ཉེས་གང་མང་ཞིག་བྱས་པ་ལ་བརྟེན་ཡུལ་ལ་བཀྲ་མི་ཤིས་པའི་རང་བྱུང་གི་གནོད་འཚེ་འདི་འདྲ་བྱུང་བར་སེམས། མི་མང་ཉམས་ཆུང་འདི་ཚོ་ལས་ཧོས་སོགས་བྱེད་གཏེ་ཁ་ཤས་ཆུའི་ནང་ནུབ་སོང་ན་དགའ་བ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese