མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རོང་རྒྱས་ཨ་གྲཊ་ལཊ་ཀྱི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲཊ་ལགས་ལ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༠༧ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་སྟེ། རྒྱ་ནག་གི་དམག་བཙུགས་དུས་ཆེན་དང་ལི་ཐང་རྫོང་རྟ་རྒྱུགས་དུས་ཆེན་གྱི་མཛད་སྒོའི་ཐོག རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲཊ་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་དང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་སར། ༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་དང་། ༸གོང་ས་མཆོག་མགྱོགས་མྱུར་བོད་ལ་གདན་འདྲེན་ཞུ་དགོས་པ། ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་ཀློད་གྲོལ་གཏོང་དགོས་པའི་གཏམ་བཤད་སྤེལ་སྟབས། ཉིན་དེར་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་དཀར་མཛེས་བོད་རིཊ་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ།རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག ལོ་ ༨ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར། འདས་པའི་ལོ་ ༥ རིང་རྒྱ་གཞུང་གིས་བཙོན་ཁང་དུ་ཁོང་ལ་སྡུག་སྦྱོང་མནར་གཅོད་རབ་དང་རིམ་པ་བཏང་སྟེ་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆཊ་ཡོད་འདུག

འདིའི་ཐད་གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་གནས་སྡོད་ཁོང་གི་ཚ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་ཡོད་ཅིང་། ཁོང་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲཊ་ལགས་ཐོག་མའི་བཙོན་འཇུག་སྐབས་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་མ་ཟད། ལོ་ ༥ བཙོན་འཇུག་གི་རིང་སྐབས་དང་སྐབས་སུ་ཉེ་རྡུང་བཏང་སྟེ། ཉེ་ལམ་ནང་མིས་གནས་ཚུལ་ཤེས་རྟོགས་བྱུང་སྐབས། ཁོང་གི་མིག་ཡ་གཅིག་གིས་མཐོང་གི་མེད་པ་དང་། རྣ་བ་ཡ་གཅིག་གིས་གཏན་ནས་མི་གོ་བའི་གནས་སུ་གྱར་ཡོད་པ་དང་། ད་དུང་རྐང་པ་ནད་པ་ཆགས་ཏེ་གཟུགས་པོས་ལྕོགས་ཀྱི་མེད་པའི་གནས་སྟངས་ཆགས་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་གཞུང་གིས་ཁོང་བཙོན་པ་གཞན་དང་མི་འདྲ་བར་དམིགས་བསལ་བཀག་ཉར་དོ་དམ་བྱེད་ཀྱི་ཡོད་འདུག

རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་ཀྱིས། ༢༠༠༧ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་གྱི་མཛད་སྒོའི་གར་སྟེགས་ཐོག་ཕྱིན་སྟེ་གཏམ་བཤད་བྱས་པའི་བརྙན་པར་འཇར་མན་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་བརྒྱུད་དེ་ལག་སོན་བྱུང་ཡོད་པའི་ནང་། རོང་རྒྱས་ཨ་གྲགས་ལགས་ཀྱིས་སྐབས་དེར་ས་གནས་མི་མང་ལ། “ གནས་ཚུལ་འདི་ང་ཚོའི་ལུས་ཐོག་ན་བྱུང་བཞིན་ཡོད། ཁྱེད་ཚོས་ང་ཚོའི་ལུས་ཐོག་ན་ཅི་ཞིག་བྱུང་བཞིན་པ་ཨེ་ཤེས་སམ། ང་ཚོས་རང་གི་ལུས་པོ་འགུལ་སྐྱོད་ཐུབ་ནའང་། ང་ཚོའི་སེམས་ཀྱི་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཁྱོད་ཚོས་ཨེ་ཤེས་སམ། ད་ལྟ་ཁ་ཤས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོས་མེད་ཡིན་ཚུལ་བཤད་ཀྱི་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། ང་ཚོ་བོད་མི་ས་ཡ་དྲུག་གི་དོན་དངོས་ཀྱི་མགོན་སྐྱབས་ཡིན། ”ཞེས་སོགས་ཀྱི་གཏམ་བཤད་སྤེལ་ཡོད་འདུག

རྒྱ་ནག་གཞུང་གིས། རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་ལ་ལོ་ ༨ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་  ༨ པའི་ཚེས་ ༢༢ ཉིན་ཀུན་མཁྱེན་ལགས་སུ་ལོ་ ༩ དང་། ཕྱི་ཚེས་ ༢༣ ཉིན་ཁོང་གི་སྤུན་མཆེད་ཨ་ཀྲུག་བློ་སྤོ་ལགས་ལ་ལོ་ ༡༠ ། ཕྱི་ཟླ་ ༩ པའི་ཚེས་ ༣ ཉིན་སྐལ་རྒྱ་ལགས་ལ་ལོ་ ༥ ཁྲིམས་བཅས་ཀྱི་ཁྲིམས་ཐག་བཅད་ཡོད། ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་དང་ཨ་ཀྲུག་བློ་སྤོ། ཀུན་མཁྱེན་བཅས་བཙོན་འཇུག་བྱས་ཏེ་ལོ་ ༥ འགོར་གྱི་ཡོད་པ་དང་།  འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྐལ་རྒྱ་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ཀློད་གྲོལ་གྱི་དུས་ལ་བསླེབས་ཡོད་འདུག

གསར་འགོད་པ། དོན་གོ

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist