མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བསོད་ནམས་གླིང་གཞིས་མིར་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ལ་དྭཊ་བསོད་ནམས་གླིང་གཞིས་ཆཊ་ཀྱི་མང་ཚོཊ་དང་སློབ་ཕྲུག་སྟོང་ཕྲང་མང་པོར། བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་གནས་བབ་སྐོར་བཀའ་སློབ་བསྩལ་འདུག

ཉིན་འདི་འགར་༸གོང་ས་མཆོག་གིས་ལ་དྭགས་སུ་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༣ཉིན་༸གོང་ས་མཆོག་གིས་ལ་དྭགས་ལྕོག་ལམ་སར་ཡོད་པའི་ལ་དྭཊ་བོད་ཁྱིམ་ཐང་ཆེན་དུ། ལ་དྭགས་བསོད་ནམས་གླིང་གཞིས་ཆཊ་ཀྱི་མང་ཚོགས་དང་དགེ་ལས་སློབ་ཕྲུག་༧༠༠༠ བརྒལ་བར། ལོ་རྒྱུས་ཐོག་གི་བོད་ཀྱི་ཆོས་སྲིད་ཀྱི་འཕེལ་རིམ་དང་ད་ལྟའི་བོད་ཀྱི་རིག་གཞུང་དང་ཆབ་སྲིད་གནས་བབ་སྐོར་བཀའ་སློབ་བསྩལ་ཡོད་འདུག

ཐོག་མར་༸གོང་ས་མཆོག་གིས་མང་ཚོགས་ལ་བོད་བཙན་པའི་སྐབས་བོད་ནི་ཨེ་ཤ་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཆཊ་ཡོད་སྐོར་དང་། བར་དུ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ནུས་པ་ཉམས་ཏེ་བོད་སིལ་བུར་ཐོར་ཚུལ། མཐའ་མར་བོད་ཧྲིལ་པོ་རྒྱ་ལག་ཏུ་ཤོར་ཏེ་བོད་གཞུང་མང་གཉིས་བཙན་བྱོལ་དུ་ཡོང་དགོས་པའི་གནས་སྟངས་སོཊ་ཞིབ་ཕྲར་ངོ་སྤྲོད་གནང་སྟེ། ད་ཆར་དབུས་བོད་མིའི་སྒྲིག་འཛུགས་མང་གཙོ་ཡང་དག་པའི་ལམ་དུ་བསྐྱོད་བཞིན་ཡོད་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་བོད་ནང་གི་བོད་མི་ཤེས་ཡོན་ཅན་དང་། རྒྱ་ནག་སྐམ་ས་གཙོས་འཛམ་གླིང་གང་སར་གནས་སྡོད་རྒྱ་རིཊ་ཤེས་ཡོན་ཅན་དང་སློབ་ཕྲུག ཨ་རི་དང་ཡུ་རོབ་མནའ་འབྲེལ་སོཊ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་ཚུལ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་ཁྲིམས་ལུཊ་རིག་པའི་འབུམ་རམས་ཐོན་ཏེ། སློབ་གྲྭ་དེར་ལས་ཀ་བྱས་ཏེ་ཉམས་མྱོང་བསཊ་ཡོད་སྟབས་བོད་མིའི་ཆབ་སྲིད་དབུ་ཁྲིད་གནང་རྒྱུར་དཀའ་ངལ་མེད་སྐོར། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དེ་བོད་མིའི་འཕྲལ་ཕུཊ་ཀྱི་མདུན་ལམ་ཐོག་དམིཊ་པ་ཞིག་ཡིན་ཚུལ་གསལ་བཤད་གནང་འདུག

སྐབས་དེར་༸གོང་ས་མཆོག་གིས་མུ་མཐུད་དུ་དེ་སྔ་བོད་ཀྱི་ནང་ཆོས་ཟེར་དུས་ཡ་མཚན་ཞིག་དང་ལྟད་མོ་བལྟ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ཆར་བོད་ཀྱི་རིག་གཞུང་ཟེར་དུས་འཛམ་གླིང་སྤྱི་ལ་ཕན་ཐོགས་པ་ཞིག་དང་། ཚན་རིག་པའི་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་སྐོར་དང་། བར་ལམ་ནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཏེ་སློབ་གྲྭ་ཁག་གི་སློབ་ཚན་རྣམས་རྒྱ་ཡིག་ཏུ་བསྒྱུར་བཞིན་པའི་ཉེན་ཚབས། ལ་དྭཊ་བོད་རིགས་མང་ཚོགས་ཀྱིས་མཱ་ཅང་དང་རྒྱན་རྩེད་རིཊ་སྤངས་ཏེ་ཡུལ་ཁྲིམས་ལ་བརྩི་བཀུར་དང་ཡུལ་མིར་སྔར་ལས་མཐུན་ལམ་བཟོ་དགོས་པའི་སྐུལ་མ་བཅས་གནང་ཡོད་འདུག

ཕྱི་ཚེས་༢ ཉིན་༸ གོང་ས་མཆོག་གིས་ལྕོག་ལམ་སར་མཚན་ཉིད་སློབ་གྲྭར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཆོས་བརྒྱུད་ཁག་གི་དབུ་མའི་ལྟ་གྲུབ་བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྟེང་། ཚོགས་ཞུཊ་པ་ཚོར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གཞི་རིམ་མང་ཚོགས་ཁྲོད། ནང་ཆོས་ཀྱིས་མི་དམངས་ལ་ཕན་ཐོགས་ག་རེ་ཡོད་མིན་ཐོག་གསལ་བཤད་དགོས་པའི་བཀའ་སློབ་བསྩལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

མཆན། 1

  1. བསེ་རུ། says:
    ལོ་ 11 སྔོན།

    “ལ་དྭཊ་བསོད་ནམས་གླིང་གཞིགས་མིར།
    ལ་དྭཊ་བསོད་ནམས་གླིང་གཞིཊ་ཆཊ། ”

    མ་དག་པ། དག་པ།

    གཞིགས་མིར། གཞིས་མིར།
    གཞིཊ་ཆཊ། གཞིས་ཆགས།

    དེང་སྐབས་དབུ་ཅན་ནང་དུ་”ཆགས་དང་། རིགས། སོགས། ལེགས་ལྟ་བུར་” “བསྡུས་ཡིག་གམ་སྐུང་ཡིག ཆཊ་དང་། རིཊ། སོཊ། ལེཊ་ “ལྟ་བུའི་རིགས་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་ཡོང་བཞིན་འདུག་པས། དེ་རིགས་ལ་རྒྱ་ཆེའི་སྨྱུག་ཐོགས་པ་ཚོས་ཐུགས་སྣང་དགོས་གལ་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist