མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེབ་གོང་དུ་ངོ་རྒོལ་བྱེད་ཀྱི་འདུག༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་སྲིད་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་གྱིས་མི་མང་བརྒྱ་ཕྲག་འགས་ལག་ཏུ་འཕྲེད་དར་འཕྱར་བཞིན་སྐད་འབོད་གོམ་བགྲོད་གནང་གི་ཡོད་འདུག 

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༠༠ ཙམ་ལ་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་རྒྱ་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་གྱིས་གོམ་བགྲོད་སྐད་འབོད་གནང་གི་ཡོད་འདུག དེ་ནི་ཁ་སང་སེང་གེ་གཤོང་གི་མི་གསུམ་གྱིས་རླངས་འཁོར་བཏང་ནས་འགྲོ་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ར་བཟི་ཡོད་པ་སྐོར་ཞིག་ཡོང་སྟེ་ཁོང་ཅག་དོན་མེད་དུ་བཀག་འགོག་བྱས་ཏེ། ་འདྲི་རྩད་སྣ་ཚོགས་དང་འཇིགས་སྐུལ་སོགས་བྱས་མཐར་ཁོང་ཅག་གི་བར་འཁྲུག་འཛིང་བྱུང་སྟེ། ཉེན་རྟོག་པ་ཚོས་བོད་མི་ཚོར་ཉེས་རྡུང་ཚོད་མེད་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ད་དུང་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག དེའི་རྗེས་སུ་གནས་ཚུལ་ཅི་བྱུང་སྐོར་ད་སྔ་ཤེས་རྟོགས་ཐུབ་མི་འདུག

ད་ལྟ་མི་གྲངས་ ༢༠༠ ཡས་མས་ཤིག་གིས་ལག་ཏུ་ “སྲིད་གཞུང་གི་སྤྱི་བདེ་ཅུའུ་ཡིས་མི་དམངས་ལ་གཅར་གདུང་(རྡུང་)བྱེད།” ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་བྲིས་ཡོད་པའི་འཕྲེད་དར་སྣ་ཚོགས་དང་། ཁ་སང་ཉེན་རྟོག་པ་ཚོས་དོན་མེད་དུ་ཉེས་རྡུང་གཏོང་བཞིན་པའི་པར་སོགས་འཕྱར་ཏེ། གཞུང་ལམ་བརྒྱུད་གོམ་བགྲོད་སྐད་འབོད་གནང་གི་ཡོད་པ་དང་། ད་ཆར་དེར་མི་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

 

ད་ལྟ་སླར་ཡང་གནས་ཚུལ་གཉིས་པ་འབྱོར་བའི་ནང་། དེ་རིང་ཉིན་གུང་སེང་གེ་གཤོང་མ་མགོ་སྡེ་བའི་སྡེ་མི་ ༢༠༠ ཡས་མས་ཤིག་གིས་སྐད་འབོད་རྒྱག་བཞིན་ཐུན་རིན་རྫོང་ཉེན་རྟོག་ལས་ཁུངས་སུ་བསྐྱོད་ཡོད་པ་དང་། དེའི་རྗེས་མུ་མཐུད་སྡེ་མི་ཇེ་མང་དུ་སོང་སྟེ་ད་ཆར་མི་ ༥༠༠ ཙམ་ཉེན་རྟོག་ཁང་གི་སྒོ་ཁར་འཛོམས་ཏེ་སྐད་འབོད་རྒྱག་གི་ཡོད་འདུག ཉེན་རྟོག་པ་རྣམས་ཞེད་སྣང་གིས་སྒོའི་ཕྱིར་འཐོན་གྱི་མེད་པ་དང་། སྡེ་མི་རྒན་པ་ཚོས་མི་མང་བཀག་འགོག་བྱས་ཏེ། “དྲག་པོའི་རྣམ་འགྱུར་ཟུར་ཙམ་ཡང་མ་སྟོན་རོགས། སྲིད་གཞུང་གིས་དམག་མི་བཏང་སྟེ་དྲག་གནོན་བྱ་བསམ་ཡོད་པ་རེད” ཅེས་སློབ་གསོ་གཏོང་གི་ཡོད་འདུག 

ཁ་སང་ཉེན་རྟོག་པས་ཉེས་རྡུང་ཕོག་ཡོད་པ་མི་ ༤ ཡོད་འདུག་ལ། དེ་དག་ནི་སྐལ་བཟང་དང་། དཀོན་མཆོག་ཉི་མ། ཤ་བོ་ཚེ་རིང་། དཀོན་མཆོག་ནོར་བུ་བཅས་ཡིན་འདུག དེའི་ཁྲོད་ཀྱི་ཤ་བོ་ཚེ་རིང་ཞུ་བ་ཁོང་ལ་ཉེས་རྡུང་ཧ་ཅང་ཚབས་ཆེན་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 10

  1. གནས་ཚང་། says:
    ལོ་ 13 སྔོན།

    རེབ་གོང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད། རྒྱ་མིས་མེ་མདའ་རྒྱག་མི་སྲིད་པ་མིན། ཚང་མ་ལོས་དོ་སྣང་གཟབ་ནན་གནང་དགོས་ཀྱི་ཡོད། ཐུགས་རྗེ་གཟིགས།

    Reply
  2. མྱི་དཀར says:
    ལོ་ 13 སྔོན།

    རེབ་གོང་གི་མི་སྔོན་ནས་ད་པར་དུ་བོད་རིག་གཞུང་དང་བོད་བསྟན་པའི་ཆེད་དུ་རང་སྲོག་བཏང་ཐུབ་མཁན་རྐྱང་རྐྱང་ཡིན་

    Reply
  3. སྙིང་མིག says:
    ལོ་ 13 སྔོན།

    ཕོ་རྒོད་པོ་ཙམ་མ་ཡིན་པར་ཐབས་མཁས་པ་དང་། འཛམ་གླིང་གི་འགྱུར་འགྲུས་མཁྱེན་པའི་དཔའ་རྒོད་འདི་ཚོས་ལར་རྒྱ་དང་ཆོད་སེམས། དགྲ་བོ་ལ་ཁ་གཏད་གཅོག་སྟངས་སོགས་ནི་ངོ་མར་གཟི་བརྗིད་དང་སྤོབས་པ་རེད། ང་ཚོ་འདི་ནས་ངའི་ཁ་འདི་རེད་དང་ཁོའི་སྣ་འདི་རེད། ཁྱོད་ཀྱིས་སྟུག་དྲི་ཤོར་སོང་དང་། ངས་གཅིན་པ་ཤོར་གྲབ་ཡོད་སོགས་ངན་དགུའི་གྲོས་ཁ་བསྡུར་ནས་མི་འདུག་པར། སྤུན་མཆེད་ཚོའི་མདུན་རྒྱབ་ན་ཕན་ངེས་ཀྱི་ལས་འགུལ་ཞིག་སྤེལ་ཐབས་མེད་དམ།

    Reply
  4. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    ཆང་འཐུང་ཡོད་དུས་ཉེན་རྟོག་པ་ཚོ་བོད་པ་ཡིན་ཁག་ཐག་རེད། ངོ་རྫོགས།

    Reply
  5. རིག་བཟང་། says:
    ལོ་ 13 སྔོན།

    ངས་ཁ་པར་བརྒྱུས་ནས་གོ་བ་ལྟར་ན་ཁ་སང་རེབ་གོང་སེང་གེ་གཤོང་གི་མི་སྐོར་ཞིག་གིས་རླངས་འཁོར་བཏང་སྟེ་རེབ་གོང་ཁུལ་ཐོག་ཏུ་སོང་སྟེ་ཕྱིར་ལོག་གི་ཡོད་པའི་ལམ་བར་དུ། རྒྱབ་ལོགས་ནས་ཐུན་རིན་རྫོང་གི་ཉེན་རྟོག་པའི་རླངས་འཁོར་གྱིས་ཉེ་བརྡ་སོགས་མ་བརྒྱབ་པར་ཡོང་ནས་ཁོང་ཅག་བཀག་ཡོད་པ་དང་། དེ་ནས་ཁོང་ཚོས་བར་སྐད་ཆ་ཡར་མར་བཤད་སྐབས་ཉེ་རྟོག་པ་རེ་ཟུང་ར་བཟི་ནས་ཁྱོད་ཚོ་འགྲོ་ཤེས་རུང་འདུག་ཤེས་དགོས་པ་རེད་ཟེར་ནས་མེ་མདའ་ལ་ལག་པ་འཆིང་སྟེ་ཁོང་ཚོའི་བར་འཁོན་འཛིང་ཤོར་འདུག་ལ། དེ་ནས་ཉེན་རྟོག་པ་མང་པོ་ཡོད་སྟབས་ཉེས་རྡུང་ཚབས་ཆེན་བཏང་སྟེ་འཛིན་བཟུང་བྱས་འདུག་ལ། དེ་རིང་ཞོགས་པ་ཁོང་ཚོ་ཤི་མིན་རོ་མིན་དུ་བཏང་སྟེ་ཕྱིར་གློད་ཡོད་སྟབས། སེང་གེ་གཤོང་སྡེ་མི་ཚོས་སྲིད་གཞུང་གི་ཉེན་རྟོག་པ་ཚོས་མི་ཉེས་མེད་ལ་འདི་ལྟར་གཅར་རྡུང་ཚོད་མེད་གཏོང་བའི་ཁྲིམས་ལུགས་དེ་དྲ་ཞིག་སུས་བཟོས་ཡོད་མེད་འགྲེལ་བརྗོད་དགོས་ཟེར་ནས་མང་ཚོགས་ཀྱིས་འོས་ལངས་བྱས་པ་ཞིག་ཡིན་འདུག
    མང་ཚོགས་ཀྱིས་སྐད་འབོད་རྒྱག་བཞིན་རྫོང་ཉེན་རྟོག་ཁང་དུ་འབྱོར་སྐབས་ལམ་བར་ནས་བོད་མི་མང་པོ་མཉམ་ཞུགས་བྱས་པ་དང་རྫོང་ཐོག་གི་མི་མང་མཉམ་ཞུབས་བྱས་ཏེ་མི་ ༧༠༠ ལྷག་ཡོད་འདུག

    Reply
  6. སྐར་མདའ། says:
    ལོ་ 13 སྔོན།

    སྲིད་གཞུང་གི་བྱ་སྤྱོད་ཟེར་དགོས་པ་འདྲ། ཉེས་རྡུང་ཕོག་ཅེས་པ་ལ་གཅར་རྡུང་ཕོག་ཅེས་བརྗོད་ན་ལེགས། ཉེས་པ་མེད་མཁན་ལ་ཉེས་རྡུང་པགོག་ས་མི་འགྲོ

    Reply
  7. རྩོམ་སྒྲིག་པ། says:
    ལོ་ 13 སྔོན།

    གོང་གི་གནས་ཚུལ་འདིའི་སྐོར་ལ་ཞིབ་ཏུ་རྒྱུས་ལོན་བྱ་འདོད་ཡོད་རིགས་ཚོས་ཁ་པར་ཨང་གྲངས་ ༩༨༨༢༤༡༠༨༢༩ འདིའི་སྟེང་ལ་འབྲེལ་གནང་རོགས།

    Reply
  8. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    ཨོ་དམག་མི་ར་བཟི་གླང་ཆེན་སྨྱོན་པ་འདྲ་ནི་རེད་ཡ། དེ་སྔ་བོད་ན་ཡོད་དུས་གྲྭ་བ་ཞིག་ལ་སྤྱི་བདེ་ཉེན་རྟོག་པ་ར་བཟི་ཁ་ཤས་ཀྱིས་ཁྱོད་ཀྱིས་རྒྱལ་དར་གྱོན་ནས་སུ་ཡིན་བསམ་གྱི་ཡོད་ཟེར་ནས་ཐུབ་ཚོད་གཏོང་བཞིན་པ་མཐོང་མྱོང་ཡོད།
    དེ་དུས་གསར་འགྱུར་ནང་ལ་གཏོང་ས་ཡོད་པ་མ་རེད།

    Reply
  9. ཚེ་རིང་རྣམ་རྒྱལ། says:
    ལོ་ 13 སྔོན།

    ངས་ད་ལྟ་རིང་ཕ་ཡུལ་དུ་ཁ་པར་བཏང་བ་ཡིན། གནས་ཚུལ་ཚབས་ཆེན་ཆགས་བཞིན་འདུག རེབ་གོང་ཁུལ་དང་ཐུན་རིན་རྫོང་གཉིས་འདྲེས་ནས་བསྡད་ཡོད་པ་རེད། ད་ལྟ་སེང་གེ་གཤོང་གི་མང་ཚོགས་ 500 ་ལྷག་དང་། དེ་ནས་རེབ་གོང་ཁུལ་ཐོག་གི་བོད་མི་བཅས་མི་མང་དྲུག་བརྒྱ་བདུན་བརྒྱ་ཞིག་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་རྭའི་ནང་འཛུལ་ཏེ་སྐད་འབོད་རྒྱག་གི་འདུག་ཟེར། ཁུལ་གྱི་དམག་མིའི་རླངས་འཁོར་མང་པོ་ཞིག་ཀྱང་འབྱོར་བཞིན་འདུག་ཟེར། གནས་ཚུལ་ག་རེ་ཆགས་མིན་ཉེན་ཁ་ཚ་བོ་ཆགས་བཞིན་འདུག

    Reply
  10. སྟོང་བཙན་མགར་བུ། says:
    ལོ་ 13 སྔོན།

    ངོ་མ་དོན་སྙིང་ལྡན་གི། འོན་ཀྱང་། གནས་བབས་དང་བསྟུན་ཏེ་ཕྱིར་འཐེན་བྱས་ན་ཡག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese