མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིམས་ཁང་དུ་ཁ་མཆུ་གཏུག་མཁན་མེད་པ་དེ་སྤྱི་ཚོཊ་དྲང་པོ་མེད་པའི་རྟཊ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་སྤྱི་ཐབ་ཚོཊ་ཁང་དུ་ཚོཊ་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུཊ་ཟབ་སྦྱོང་ཐེངས་ ༥ པ་དེ་ཚོགས་ཏེ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཁྲིམས་ལུཊ་ཀྱི་ངོ་བོ་དང་དེའི་ནུས་ཤུཊ་ཐོག་གཏམ་བཤད་སྤེལ་ཡོད།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་ཐབ་ཚོཊ་ཁང་དུ། བཙན་བྱོལ་བོད་མིའི་ཁྲིམས་ལུཊ་ཟབ་སྦྱོང་ཐེངས་ ༥ པ་དེ་མགོ་འཛུཊ་གནང་ཡོད་ཅིང་། ཟབ་སྦྱོང་དབུ་འབྱེད་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཙོས། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག དེ་བཞིན་ཟབ་སྦྱོང་ནང་ཞུཊ་མཁན་བོད་མིའི་སྒྲིག་འཛུཊ་ཀྱི་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན། རྒྱ་བལ་ས་གནས་ཁག་གི་སྐུ་ཚབ་བཅས་ཁྱོན་མིོ་ ༤༠ ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཁྲིམས་ལུཊ་ཟབ་སྦྱོང་དེའི་དགོས་དམིཊ་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོཊ་དྲང་བདེན་དང་འདྲ་མཉམ་ཡོང་ཆེད་དང་། བོད་རིཊ་ན་གཞོན་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་བྱ་རྒྱུའི་ཆེད་དུ་ཡིན་པ་དང་། ཐེངས་འདིའི་ཟབ་སྦྱོང་དེ་ཕྱི་ཚེས་ ༡༤ ནས་ཚེས་ ༢༣ ཉིན་བར་འཚོཊ་རྒྱུ་ཡིན་ཞིང་། དངོས་གཞིའི་ཟབ་སྦྱོང་སྐབས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ། ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ། ཁྲིམས་ལུཊ་མཁས་པ་ཀུན་བཟང་སྟོབས་ལྡན་ལཊ་བཅས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་དམངས་གཏུག་བཤེར་འགྲོ་ལུཊ་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟཊ་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུཊ་ཀྱི་ཁྲིམས་རྩོད་པའི་བླང་དོར་ཞུ་སྒོའི་ལམ་སྟོན་བཅས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་མཆོག་གིས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཐོག་མར་གསར་འཛུཊ་གནང་བའི་བརྒྱུད་རིམ་དང་དམིཊ་ཡུལ། ད་བར་ཁྲིམས་ཞིབ་ཁང་གིས་རྒྱ་བལ་གཉིས་ཀྱི་ས་གནས་བོད་མི་ཚོར་ཁྲིམས་ལུཊ་གོ་རྟོཊ་ཅི་ཙམ་བ་ངོ་སྤྲོད་དང་འབྲེལ། བཙན་བྱོལ་བོད་མིའི་སྤྱི་ཚོཊ་ཀྱི་ཤེས་ཡོན་གནས་བབས་གང་འཚམ་ཡར་རྒྱས་ཕྱིན་ཡོད་ཀྱང་། སྤྱི་ཚོཊ་ནང་མང་ཚོཊ་ལ་དོ་སྣང་ཆུང་དྲཊ་པའམ་མཐུན་རྐྱེན་མ་འདང་པའི་རྐྱེན་གྱིས། ད་དུང་ཡང་ཁྲིམས་དང་སྒྲིག་གཞིར་མཐུན་པའི་ཁ་མཆུ་རྒྱག་སྟངས་མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་དང་། སྤྱི་ཚོཊ་ནང་དཔལ་འབྱོར་ཡོད་མེད་དང་དབང་ཆ་ཡོད་མེད་སུ་ཡིན་རུང་ཁ་མཆུ་རྒྱག་སྐབས་ངེས་པར་དུ་ཁྲིམས་རྩོད་པར་བརྟེན་དགོས་པ་དང་། ལྷག་པར་དུ་མི་དམངས་ཉམ་ཆུང་དང་ཡིག་རྨོངས་པ་ཚོའི་དཀའ་ངལ་སེལ་ཆེད། བོད་མིའི་སྤྱི་ཚོཊ་ནང་ཁྲིམས་རྩོད་པ་མང་པོ་དགོས་པ་གནད་འགག་ཅིག་ཏུ་མཐོིང་གི་ཡོད་པ། ཟབ་སྦྱོང་ནང་ཞུཊ་མཁན་ཚོའང་ཟབ་སྦྱོང་གི་དུས་ཡུན་ཙམ་མིན་པར། གཞི་རིམ་མང་ཚོཊ་ལ་ཁྲིམས་ལུཊ་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད་དང་། ཕན་ཚུན་བར་རྩོད་རྙོག་བྱུང་སྐབས་ཁྲིམས་ཐོག་ནས་འདུམ་འགྲིག་གནང་ཕྱོཊ་དང་ཁྲིམས་གཏུག་བྱེད་སྟངས། ཁྲིམས་རྩོད་པ་བཙལ་སྟངས་བཅས་ཀྱི་ཐོག་རོཊ་རམ་གནང་དགོས་པའི་སྐུལ་མ་བཅས་གནང་སོང་།

ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་གསུངས་དོན། “བོད་པའི་སྤྱི་ཚོཊ་ནང་ཁྲིམས་ཞིབ་ཁང་ལ་ལས་ཀ་ཡོད་པ་མ་རེད། ཁ་མཆུ་རྒྱག་མཁན་ཡོད་པ་མ་རེད་ཟེར་གྱི་ཡོད་ཀྱང་། ཁྲིམས་ལུཊ་དབང་འཛིན་གྱི་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་པ་རྣམ་པའི་ལས་འགན་དེ་ཁ་མཆུ་ག་ཚོད་ཡོད་མེད་བཙལ་རྒྱུ་དེ་མ་རེད། ང་ཚོའི་ལས་འགན་མང་ཚོཊ་ལ་ཁྲིམས་ཐོག་ནས་ཁ་མཆུ་རྩོད་སྟངས་བསླབ་རྒྱུ་དེ་རེད། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོའི་སྤྱི་ཚོཊ་ནང་ཁ་མཆུ་རིཊ་ཧ་ཅང་ཉུང་ཉུང་རེད། ཁ་མཆུ་རྒྱག་མཁན་མེད་པ་དེ་སྤྱི་ཚོཊ་བདེ་འཇཊ་དང་ཡ་རབས་ཀྱི་མཚོན་བྱེད་ཅིག་ཆཊ་ཡོད། བོད་རིཊ་མང་ཚོཊ་ཀྱི་ཁྲིམས་ལུཊ་གོ་རྟོཊ་མཐོ་རུ་འགྲོ་ཆེད་ང་ཚོས་ལྷོ་ཕྱོཊ་ས་གནས་ཁྲིམས་ཞིབ་ཁང་དང་། བྱང་ཕྱོཊ་ས་གནས་ཁྲིམས་ཁང་གཉིས་བཙུཊ་ཡོད་ལ། མ་འོངས་པར་ཤར་ཕྱོཊ་ས་གནས་ཁྲིམས་ཞིབ་ཁང་དང་ལ་དྭཊ་ས་གནས་ཁྲིམས་ཞིབ་ཁང་གཉིས་གསར་དུ་འཛུཊ་འཆར་ཡོད། ལོ་ལྟར་ས་གནས་མང་ཚོཊ་ལ་ཁྲིམས་ལུཊ་ཟབ་སྦྱོང་ཐེངས་རེ་སྤྲོད་རྒྱུ་ཡིན ” ཞེས་གསུངས།

སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་འཛམ་གླིང་སྟེང་ཁྲིམས་ལུཊ་ལ་ངོས་འཛིན་གནང་ཕྱོཊ་དང་། རྒྱལ་སྤྱིའི་ཁྲིམས་ལུཊ་ཐོག་ཁྲིམས་ལ་ཆད་ཁྲིམས་དང་ཉེས་ཁྲིམས་གཉིས་སུ་དབྱེ་ཡོད་པའི་ཁྲོད། ཆད་ཁྲིམས་ནི་དཔལ་འབྱོར་གྱི་ཐོག་ནས་ཁྲིམས་ཐག་གཅོད་པ་ལ་གོ་དགོས་ཤིང་། ཉེས་ཁྲིམས་ནི་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་ཁྲིམས་ཤིག་ཆཊ་ཡོད་པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་བར་ཆད་ཁྲིམས་མ་གཏོཊ་ཉེས་ཁྲིམས་རིཊ་ཐག་གཅོད་གནང་གི་མེད་སྐོར་བཅས་ངོ་སྤྲོད་གནང་ཡོད།

བཀའ་ཁྲི་མཆོག་གིས་བོད་རང་བཙན་སྐབས་ཀྱི་ཉེས་ཁྲིམས་གནས་སྟངས་ཐད་གསུངས་དོན། “བོད་རང་བཙན་སྐབས་ཀྱི་ཁྲིམས་ལུཊ་དེ་ཉེས་ཁྲིམས་ནས་མགོ་བཙུཊ་ཡོད་པ་རེད། བོད་རང་བཙན་སྐབས་བོད་ལ་ཁྲིམས་ཁང་ཡོད་པ་རེད། བོད་ཀྱི་ཁྲིམས་ཁང་དང་ཁྲིམས་གཉིས་ལོ་རྒྱུས་ཐོག་གལ་ཆེན་པོ་ཆཊ་ཡོད། བོད་རྒྱ་ནག་གི་བདག་དབང་འོག་མེད་ཟེར་དུས་ཁུངས་སྐྱེལ་དགོས་ཀྱི་ཡོད། ཁུངས་སྐྱེལ་ན་ང་ཚོར་དངུལ་ལོགས་སུ་ཡོད་པ་རེད། ཁྲལ་བསྡུ་སྟངས་ལོགས་སུ་ཡོད་པ་རེད། བོད་པའི་ཁ་མཆུ་བོད་ཀྱི་ཁྲིམས་ཁང་ལ་མ་གཏོཊ་རྒྱ་ནག་ཁྲིམས་ཁང་ལ་བསྐྱལ་མྱོང་ཡོད་པ་མ་རེད། རྒྱ་ནག་ཁྲིམས་ཁང་ལ་བསྐྱལ་མེད་དུས་བོད་ལུང་པ་དེ་སོ་སོའི་ལུང་པ་ཡིན་པ་སྟོན་གྱི་ཡོད། དེ་ཁྲིམས་ལུཊ་ཀྱི་འགྲོ་སྟངས་ཆཊ་ཡོད་པ་རེད། ཁྲིམས་ཁང་ལ་ཁ་མཆུ་རྒྱག་སྐབས་ཁ་མཆུ་རིམ་པ་བཞིན་རྒྱག་དགོས་པ་རེད། མཐའ་མ་དེར་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ཁང་མཐོ་ཤོས་དེར་འགྲོ་དགོས། བོད་པའི་ཁ་མཆུ་ཞིག་ལྷ་ས་ཁྲིམས་ཁང་ནས་བརྒྱབ་པ་མ་གཏོིཊ། པེ་ཅིན་ལ་ཕྱིན་ཏེ་ཁ་མཆུ་བརྒྱབ་པ་དེ་འདྲ་བྱུང་མྱོང་ཡོད་པ་མ་རེད། གལ་སྲིད། བོད་ཀྱི་ཞིང་པ་དང་འབྲོག་པ་ཞིག་ལྷ་ས་ཁྲིམས་ཁང་ནས་ཐག་བཅད་པ་ཞིག་དྲང་པོ་བྱུང་མ་སོང་ཟེར་ནས། པེ་ཅིན་ཁྲིམས་ཁང་ལ་ཕྱིན་ཡོད་ན་བདག་དབང་དེ་པེ་ཅིན་ལ་ཡོད། ཡིན་ནའང་། དེ་འདྲའི་རིཊ་ནམ་ཡང་བྱུང་ཡོད་པ་མ་རེད” ཅེས་གསུངས།  

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་རྩོད་རྙོག་རིཊ་ཁྲིམས་ཁང་དུ་བསྐྱལ་བ་རྣམས་སྡུག་ཅག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། གྱོད་དོན་རྣམས་ཆད་ཁྲིམས་ཐོག་འདུམ་འགྲིག་གནང་སྲོལ་ཡོད་པ་ཞིག་དང་། དེ་སྔ་བོད་ལ་ཆ་མཚོན་ནའང་། རྩོད་རྙོག་རིཊ་ཁྲིམས་ཁང་ལ་འགྲོ་མ་དགོས་པར་བླ་ཆེན་དང་སྐུ་དྲག ས་གནས་དཔོན་རིཊ་དང་མི་རྒན་པ་ཚོས་བར་འདུམ་གནང་སྟེ། འགྲིག་འཇགས་བྱུང་བ་མང་པོ་ཡོད་ཅིང་། འདུམ་འགྲིག་གནང་སྟངས་དེར་བོད་ཀྱི་ལོ་རྒྱུས་ཐོག་ངོས་འཛིན་ཡག་པོ་ཐོབ་ཡོད་སྐོར་གསུངས་ཡོད།

བཀའ་ཁྲི་མཆོག་གིས་གསུངས་དོན། “སྤྱི་ཚོཊ་ནང་ཁྲིམས་ཞིབ་ཁང་ལ་ཡན་ལག་ལས་ཁུངས་ཡོད་ཀྱང་ཁ་མཆུ་ཡོང་གི་མི་འདུག་ཟེར་གྱི་ཡོད། བོད་ཀྱི་སྲོལ་རྒྱུན་ཐོག་ཁྲིམས་ཁང་ལ་ཕྱིན་ན་རྙོག་དྲ་འདུག་ཟེར་ནས་ནང་ཁུལ་འགྲིག་ཐབས་ཙམ་བྱེད་ཀྱི་ཡོད་པ་རེད། དེ་ནི་ཕྱོཊ་གཅིག་ནས་ཡ་རབས་བཟང་སྤྱོད་སྟོན་གྱི་ཡོད་ཀྱང་། སྐྱོན་ག་རེ་འདུག་ཟེར་ན། ནང་འགྲིག་བྱས་ན་ནུས་པ་ཆུང་བ་དང་སྐྱོ་བོ། ཉམ་ཐག གོ་རྟོཊ་མེད་མཁན་ཚོར་གྱོང་རག་གི་ཡོད། སྤྱི་ཚོཊ་ནང་ཁ་མཆུ་མེད་པར་དྲང་པོ་དང་རང་དབང་ཡོད་ན་ཡག་པོ་རེད་དེ། ཁ་མཆུ་རྒྱག་མཁན་མང་པོ་མེད་ནའང་། ཁྲིམས་ཁང་ལ་ལོ་གཅིག་ནང་ཁ་མཆུ་རྒྱག་མཁན་གཅིག་ཀྱང་མི་འདུག་ཟེར་བ་དེ་སྤྱི་ཚོཊ་དྲང་པོ་མེད་པ་བསྟན་ཡོད་ ”ཅེས་གསུངས།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི། ༡༩༩༡ ལོར་གསར་འཛུཊ་གནང་བ་ཞིག་ཡིན་ཞིང་། ད་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ས་གནས་ཁྲིམས་ཞིབ་ཁང་ ༤ ཡོད་ཅིང་། ད་བར་ཁྲིམས་རྩོད་པ་ ༧༧ ཙམ་སྐྱེད་སྲིང་བྱས་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

མཆན། 4

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 10 སྔོན།

    གསར་འགོད་པ་ལགས། གསར་འགྱུར་འདིའི་འགོ་བརྗོད་དུ་(ཁྲིམས་ཁང་དུ་ཁ་མཆུ་གཏུག་མཁན་མེད་པ་དེ་སྤྱི་ཚོཊ་དྲང་པོ་མེད་པའི་རྟཊ་རེད།)ཅེས་བྲིས་འདུག་པ་དང་། གཤམ་དུ་བཀའ་ཁྲིས་གསུངས་པའི་ཚིག་ནང་།
    “ཁྲིམས་ཁང་ལ་ལོ་གཅིག་ནང་ཁ་མཆུ་རྒྱག་མཁན་གཅིག་ཀྱང་མི་འདུག་ཟེར་བ་དེ་སྤྱི་ཚོཊ་དྲང་པོ་མེད་པ་བསྟན་ཡོད་ ”ཅེས་འཁོད་འདུག་པས་དེ་གཉིས་ཀྱི་དོན་ལ་ཁྱད་པར་ཆེན་པོ་འདུག་ན་དགོངས་བཞེས་དགོས་འདུག

    Reply
  2. ཚ་བ་སྒྲོན་མེ། says:
    ལོ་ 10 སྔོན།

    དངོས་གནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ང་ཚོ་བོད་པའི་སྤྱི་ཚོགས་ནང་གི་ན་ཚ་ཆེ་ཤོས་དེ་ཤེས་བྲག་བྱེད་འདུག    དངོས་གནས་བཙན་འབྱོར་སྤྱི་ཚོགས་ནང་ཁྲིམ་འགལ་ནག་ཉན་ཅན་དེ་ཚོ་ཁྲིམ་ལ་གཏུག་རྒྱུའི་ལུས་སྲོལ་ཡོད་ལེ་མ་རེད་།          དཔེ་ཚོན་ཁ་ཤེས་ཞིག་ཞུ་ན་
    གསོ་ཇ་སློབ་གྲྭའི༼saja school ༽དགེ་བདག་གིས་སློབ་མ་ཞིག་རྡུང་སྲོད་བྱེད་བ་དང་བསྟན་འཛིན་སྒང་གཞིས་ཆག་ནང་བུ་མོ་ཞིག་མགོ་རེས་བཟོས་ཏེ་དམར་རམ་བྱས་ནས་ཁྲོམ་སྐོར་ཁྲིད་པར་སོགས་གནས་ཚུལ་མང་པོ་ཞིག་ཁྲིམ་གཏུག་བྱེད་དགོས་ངེས་རེད་མོད་།

    Reply
  3. དྲང་བདེན། says:
    ལོ་ 10 སྔོན།

    ད་འོ་ན། ཉེ་སྔོན་བཀའ་ཁྲི་ཁྱེད་རང་གིས་ཕྱག་ལས་དྲང་པོ་མ་གནང་བ་ཤར་ཕྱོགས་ཁུག་རྟས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བསྐྱལ་སྐབས། བར་ནས་འདུམ་འགྲིག་དགོས་ཚུལ་ཁྱེད་ཀྱིས་ཕོ་ཉ་མང་པོ་མངགས་འདུག་ཚུལ་ནི་དྲང་པོ་རེད་དམ།།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    དམངས་ཀྱི་ངོས་ནས་ཁྲིམས་ལ་ཡིད་ཆེས་བྱེད་རྒྱུ་གལ་ཆེ་བར་སྣང་། ཁྲིམས་ལུགས་ལ་ཡིད་ཆེས་བྱེད་མི་བྱེད་དེ་རྒྱལ་ཞེན་ཡོད་མེད་ལ་རགས་པར་འདོད། སྨྲ་རྗོད་རང་དབང་ཡིན་པས་རང་དབང་ལུཔ་པ་ཞིག་ལ་མཚོན་བདེན་པ་ཡོད་ཁྲིམས་སར་དང་གོང་རིམ་ལ་ཞི་གཏུག་མི་བྱེད་པར། སྤྱི་ཚོགས་ནང་དུ་དཀྲོགས་གཏམ་འདྲ་མིན་བཟོ་མཁན་དག་ལ་དོན་དངོས་སུ་རྒྱལ་ཞེན་མེད་པའི་ངན་རྟགས་ཤིག་ཏུ་ཡང་འདོད་ཀྱིན་པས། ཅིག་དྲང་པོ་མི་འདུག གཉིས་དྲང་པོ་མི་འདུག་སོགས་ཀྱི་སྐད་ངན་འདོན་མཁན་རིགས་དོན་ངོ་མ་རང་གིས་རང་ལ་ཞིབ་འཇུག་བྱེད་པར་གལ་ཆེ་བར་སྣང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist