མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེ། ཡེ་ཤུ། ཇོ་ནང་། མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

མི་ཕམ་ཚངས་ཐིག

ཆོས་ལུགས་ཀྱི་ཆ་ནས་བཤད་ན། ཕྱི་ལོ་ ༡༩༩༩ ཡས་མས་ནས་བཟུང་བཙན་བྱོལ་བོད་གཞུང་དུ་ཇོ་ནང་པས་བོད་ཀྱི་ཆོས་བརྒྱུད་ཆེ་གྲས་ཀྱི་ཐོབ་ཐང་ཞུས་པའི་དབང་གིས་ཁ་ཆེ་དང་ཡེ་ཤུ  བོན་པོ་སོགས་ཀྱི་གནས་སྟངས་གླེང་མི་དགོས་ས་ནས་གླེང་སློང་བྱུང་ཡོད། དེ་ནི་ཕྱི་སྡོད་བོད་མིའི་གནད་ཡོད་མི་སྣ་དག་གིས་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གྱིས་མ་འདང་བ་དང་ཕོངས་བས་ཉེར་ལེན་ལས་བྱུང་བ་རེད།

བོད་དོན་ཆབ་སྲིད་ཀྱི་ཆ་ནས་བཤད་ན། ད་བར་དུ་བོད་མི་ལྔ་བཅུ་བརྒལ་བས་ཆེས་རྩ་ཆེ་བའི་ཚེ་སྲོག་མེ་མཆོད་ལ་ཕུལ་ན་ཡང་ཨ་རབ་དང་བེད་ནམ་རྒྱལ་ཁབ་སོགས་ཀྱི་མི་གཅིག་རེའི་ཚེ་སྲོག་ཕུལ་བའི་ཤུགས་རྐྱེན་གྱི་འབུམ་ཆའི་ཆ་ཤས་ཙམ་ཡང་མ་ལོན་པ་དང་། རང་རེའི་ཕྱི་སྡོད་ཆབ་སྲིད་པ་དག་ལ་རིན་བྲལ་གྱི་བློས་གཏོང་བྱས་པ་དེ་དག་དོན་ལྡན་དུ་སྒྱུར་བའི་ཆབ་སྲིད་ཀྱི་བློ་ནུས་མེད་བཞིན་དུ་བོད་ཀྱི་མཐོ་རིམ་བླ་སྤྲུལ་དང་ཆབ་སྲིད་མི་སྣ་དག་གིས། བོད་ཀྱི་བྱང་སེམས་དཔའ་བོ་དང་དཔའ་མོ་ཚོའི་ཚེ་སྲོག་སྐྱོབ་ཐབས་སུ་དོན་གནད་དངོས་གནས་ཀྱི་ཐབས་ལམ་ལ་འབད་མྱོང་མེད་པ་འདི་ཡང་གནད་དོན་འདིའི་རྒྱབ་ལྗོངས་མ་ཤེས་པ་དང་། མ་འོངས་པའི་ཆབ་སྲིད་ཀྱི་མིག་རྒྱང་ཕར་ཞོག ལྷད་མེད་ཆེ་མཐོང་གི་གུས་བརྩི་དང་ལ་རྒྱ་རིགས་ཞེན་གྱི་ཕངས་སེམས་ངོ་མ་ཞིག་ཀྱང་མ་ཡོད་པས་རེད། དེ་དག་གི་རྒྱབ་ལྗོངས་ཕྲན་གྱིས་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིགས་སོགས་སུ་༼ ཚེ་སྲོག་དོན་མེད་བྱེད་མཁན་སུ་རེད། ༽ཞེས་པ་བྲིས་ཟིན་པས་དེར་གཟིགས་ན་ཤེས།

ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་དབང་འདྲ་མཉམ་ཞུས་པ་འདི་ནི་བོད་པའི་བསྟན་སྲིད་ལ་ངེས་པར་དུ་དགོས་པ་ཞིག་ཡིན།  སུ་ཞིག་གིས་འདི་དགོས་མེད་དུ་སྒྲུབ་ཁུལ་བྱེད་པ་ནི་ཕྱོགས་ལྷུང་དང་གཏི་མུག་གང་རུང་ལས་མ་འདས། བོད་བརྒྱུད་ནང་བསྟན་གྱི་ཆ་ནས་བཤད་ན། རྒྱལ་བ་ཇོ་ནང་པ་ནི་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཁྱད་དུ་འཕགས་པ་དབུ་མ་གཞན་སྟོང་གི་ལྟ་བ་དང་། དུས་འཁོར་རྫོགས་རིམ་སྦྱོར་དྲུག་གཉིས་འཛིན་མཁན་ཡིན་ཞིང་། ཆབ་སྲིད་ཀྱི་ཆ་ནས་བཤད་ན། ད་ལོ་གཅིག་པུ་ལ་ཡང་རྒྱལ་བ་ཇོ་ནང་པའི་སྐྱ་སེར་ཕོ་མོ་ལྔ་ཡིས་ཚེ་སྲོག་བོད་དོན་དུ་བཏང་ཡོད།

མི་ལོ་བཅུའི་སྔོན་དུ་བཙན་བྱོལ་བོད་ཀྱི་གནད་ཡོད་མི་སྣ་འགའ་རེས། དང་པོར་ཇོ་ནང་པ་ནི་ཕྱི་རོལ་པ་ཨེ་རེད་ཟེར་བ་དང་། བར་དུ་བོན་པོ་རེད་དམ་ཟེར། བར་སྐབས་སུ་ཡང་ས་སྐྱའི་ཆ་ཤས་སུ་བཤད་པ་སོགས་ལ། རྒྱལ་བ་ཇོ་ནང་པས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་གསལ་བཤད་བྱས་པ་དང་། ཆོས་རྒྱུད་ཆེན་པོའི་ཐོབ་ཐང་རེ་བསྐུལ་ཞུས་པ་ལ་བརྟེན་ནས་ད་ལྟ་ཇོ་ནང་པ་ཕྱི་རོལ་པ་དང་བོན་པོ། ས་སྐྱ་པའི་ཆ་ཤས་གང་ཡང་མ་ཡིན་པ་ཤེས་ཡོད། འོན་ཀྱང་ད་དུང་རྒྱལ་བ་ཇོ་ནང་པ་དང་བོད་པ་ཁ་ཆེ་བ། བོད་པ་ཡེ་ཤུ་བ་རྣམས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་དགོས་རྒྱུ་རེད་བསམ་མཁན་ཡོད་པ་འདི་ནི། དེ་དག་གི་དོན་གནད་མ་གོ་བ་དང་། བསམ་བློ་མ་བཏང་བ། གནད་འགག་མ་རྟོགས་པ་གསུམ་གྱིས་རེད།

དང་པོ། བོད་གཞིས་བྱེས་ཀྱི་ཇོ་ནང་པ་ནི་བཙན་བྱོལ་བོད་མིའི་གྲངས་འབོར་ལ་ཉེ་བ་ཡོད་ཅིང་། བོད་མི་ཁ་ཆེ་པ་དང་ཡེ་ཤུ་བ་དེ་ཙམ་ཡོད་དམ། གཉིས་པ། རྒྱལ་བ་ཇོ་ནང་པ་གཞིས་བྱེས་གཉིས་ཀྱི་གྲྭ་བཙུན་གྱིས་བཙན་བྱོལ་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་ལ་ཉེ་བ་ཡོད། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ལ་གྲྭ་བཙུན་ག་ཚོད་ཡོད་དམ། གསུམ་པ། གནད་འགག་མ་ཤེས་པ་ནི། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་སོགས་འོས་བབ་ཀྱི་ཐོབ་ཐང་དགོས་པ་སྨོས་མེད་རེད། འོན་ཀྱང་ཁོང་ཚོས་ཆོས་རྒྱུད་ཆེན་པོའི་ཐོབ་ཐང་དགོས་ཞེས་རྩོད་མྱོང་མེད་ལ། མ་འོངས་པར་ཡང་རྩོད་མི་སྲིད། རྒྱུ་མཚན་ནི་རྩོད་ལུགས་མེད་པས་སོ།།

འདིར་གོ་བ་ལོག་གཏན་ནས་མི་རུང་བ་ཞིག་ལ། ཕྲན་གྱིས་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ཚོར་ཆོས་ལུགས་ཀྱི་ཐོབ་ཐང་མི་དགོས་སྔོན་ཆད་རྩ་བ་ནས་ཟེར་མྱོང་མེད་ལ་ད་ལྟའང་ཟེར་གྱི་མེད། འདིར་ཤེས་དགོས་པ་ནི། ས་དགེ་བཀའ་རྙིང་ཇོ་ནང་དང་། བོན་པོ་དྲུག་ནི་དོན་དངོས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་མང་ཤོས་དང་། བཤད་སྒྲུབ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཆེ་ཤོས་ཁག་ཡིན་པ་སུས་ཀྱང་བསྙོན་དུ་མེད། དེའི་ཚོད་ཀྱིས་ཆོས་བརྒྱུད་ཆེན་པོའི་འདྲ་མཉམ་ཐོབ་དབང་ནི། བོད་གངས་ལྗོངས་སུ་༧ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་གནང་ཡོད་ལ། ༧གོང་ས་བཅུ་བཞི་བ་མཆོག་གིས་ཀྱང་མཐུན་འགྱུར་ཡར་བསྐུལ་རྒྱ་ཆེན་གནང་དང་གནང་མུས་སུ་ཡོད། དེའི་ཕྱིར་ཇོ་ནང་པས་ཆོས་བརྒྱུད་ཆེན་པོ་ཁག་འདྲ་མཉམ་གྱི་ཐོབ་དབང་དེ་དགོས་པར་ཞུ་བཞིན་ཡོད་ལ། དེ་ནི་སྤྲོད་འོས་ཤིག་ཡིན་པར་མ་ཟད། གངས་ཅན་བོད་ཀྱི་བསྟན་སྲིད་ཆིག་སྒྲིལ་གྱི་གནད་དོན་ལ་གཞིགས་ན་ཡང་དགོས་ངེས་གལ་ཆེན་ཞིག་ཡིན།  དེས་ན་ཇོ་ནང་པས་ཐོབ་དབང་འདྲ་མཉམ་དེ་ལས་གཞན་ཅི་རྩོད་ཀྱིན་མེད་ཅིང་། དེར་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་གཉིས་ཀྱིས་འགོག་རྐྱེན་གང་ཡང་བཟོ་མྱོང་མེད་ལ། མ་འོངས་པར་ཡང་བཟོ་རྒྱུ་མ་རེད། རྒྱུ་མཚན་ནི་བཟོ་ཚུལ་མེད་པས་སོ། །

འོན་ཀྱང་། ད་ལྟ་བྱེས་བཞུགས་བོད་མི་ཤེས་མདོག་གོ་མདོག་ཅན་འགའ་རེས་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ཚོས་དྲན་མ་མྱོང་ཞིང་། དོན་ལ་མི་གནས་པར་དེ་དག་ཇོ་ནང་དང་གཅིག་མཚུངས་ཡིན་མདོག་བྱེད་པ་དང་། དེ་ལྟར་འགྲེལ་བཤད་ཀྱིས་ཇོ་ནང་པར་ཐོབ་དབང་དེ་དགོས་ན་ཁ་ཆེ་བ་དང་ཡེ་ཤུ་བར་ཡང་དགོས་པར་བསམས་པ་ནི། དོན་གནད་མ་གོ་བ་དང་། བསམ་བློ་མ་བཏང་བ། གནད་འགག་མ་རྟོགས་པ་ཁོ་ན་རེད་ལ། དེ་ཤེས་པ་གལ་ཆེ་སྙམ་མོ། །

 རྒྱུ་མཚན་ནི་འདི་ལྟར་འབྲེལ་མེད་བཤད་པ་འདིས་བོད་མི་རིགས་ཀྱི་བསྟན་སྲིད་གཉིས་ལ་གཏོར་བཤིག་གཏོང་བ་ལས་ཁེ་ཕན་ཅི་ཡང་སྒྲུབ་མི་སྲིད་ཅིང་། དེ་ལྟར་མི་སྲིད་པ་དང་མ་ཡིན་པ་ལ་འདིར་གསལ་བཤད་ཅིག་བྱས་པ་ལས། ཕྲན་ནི་རྒྱལ་བ་ཇོ་ནང་པའི་གནད་ཡོད་མི་སྣ་མིན་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནད་ཡོད་དེ་བས་ཀྱང་མིན། དེ་དག་སུ་ཡི་འགན་དབང་ཅི་ཡང་མེད།    

རྒྱལ་བ་ཇོ་ནང་པ་ནི་བཀའ་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོ་དང་། གསང་ཆེན་རྒྱུད་ཀྱི་རྒྱལ་བོ་དཔལ་དུས་ཀྱི་འཁོར་ལོ་ཉམས་ལེན་ཆ་ཚང་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་འཛིན་མཁན་ས་སྟེང་འདིར་ཁོ་ན་དེ་ཡིན་པས། འདི་བོད་གངས་ཅན་ཀྱི་ཁྱད་ནོར་རྩ་ཆེན་དུ་ངོ་ཤེས་ཤིང་གཙིགས་འཛིན་མི་ཤེས་པར། ཆུང་ཐབས་དང་དམའ་ཐབས། དགོས་མེད་ཕྱོགས་ཞེན་སོགས་བྱས་ན་བོད་ཁ་བ་ཅན་གྱི་ཐུན་མིན་ཁྱད་ནོར་ཞིག་གཏོར་བཤིག་བཏང་བ་རེད། བློ་ལྡན་གཟུར་གནས་ཀྱིས་དགོངས་ཚུལ་གླེང་མཁན་ཡོད་ན་དགའ་བསུ་ཞུ་ལ། མ་བརྟགས་མ་དཔྱད་པའི་ཆལ་གཏམ་ཤོད་མཁན་ཡོད་ན་སྣང་མེད་བྱ་རྒྱུ་ཡིན་པ་དགོངས་འཇགས་འཚལ།། །།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 15

  1. བདེན་རྔ། says:
    ལོ་ 13 སྔོན།

    ཡང་་་་་་ཡུལ་གྱུར་བ་ཤི་མ་ཐུབ་ནས་ཤི་འཕག་རྒྱབ་ཀྱི་འདུག
    ཁྱེད་ཀྱི་མཆན་ཐང་བརྒྱ་ལ་གློག་ནི་ཞིག་ཡོད་ན་མི་དེ་ར་བཟི་བ་འམ་ཤེས་པ་རང་བཞིན་དུ་མེད་ན་མ་གཏོགས་དེ་འདྲའི་དུས་ཚོད་འཕྲོ་བླག་བྱེད་མཁན་སུ་ཡོད།
    མ་ཟད་ཀྱི་མཆན་ཀུན་སྔ་རྒོལ་གྱི་གཏམ་ལ་འབྲེལ་མེད་དོན་གཞན་རེད། འཚམས་རེར་དོན་ཅི་ཡང་གོ་རྒྱུ་མེད་པས། དེ་ལ་ལན་བརྒྱབ་མཁན་གྱི་མིའི་འགྲོ་བ་ཞིག་མེད་པ་འདྲ། མི་བདེན་ན་མི་ཕམ་ཚངས་ཐིག་གིས་གསུང་བ་ཚིག་ཅི་བཞིན་པ་ཁོད་ལ་རེ་རེ་བཞིན་མཆན་བྱོས་ལ་དགག་བཞག་བྱོང་དང་བལྟད་མོ་ལྟ་ཡ། དེ་མིན་ཉོག་གཏམ་ལ་ལན་རྒྱབ་ཁོམ་ཡོད་མཁན་མེད་པ་ཤེས་པར་བྱ།

    Reply
  2. ཡུལ་གྱར་བ། says:
    ལོ་ 13 སྔོན།

    འཇིགས་མེད་སེངྒེ་ཞུ་བ་ལགས། ངས་ཁྱེད་ཀྱིས་ལན་ཟློས་བྱ་འདོད་མེད་ཀྱང་གནས་ལུགས་ཀྱིས་མི་བྱ་ཐབས་མེད་བྱུང་། དང་ཐོག་ཁྱེད་ཀྱི་ངར་ཞལ་རྡུང་མ་གཏོང་གོང་ངའི་མཆན་དེ་ཚར་བརྒྱ་ཀློག་ཏེ་བསམས་ཚུལ་སྤེལ་རོགས་ཞུ་རྒྱུ་ཡིན། འདྲེ་ཤར་ལ་བཞག་ཏེ་གཏོར་མ་ནུབ་ལ་གཡུག་པའི་དཔེ་ལྟར་གྱི་དོན་སྣ་གཅིག་ཁྱོད་ལ་བཤད་རྒྱུ་ཡོད་དམ། ཡོད་ན་བཤད་རོགས། ང་སུ་ཡིན་མིན་དེ་གནད་དོན་གཙོ་བོ་མ་རེད། ངའི་གཏམ་ལ་རིགས་པའི་རྒྱབ་ལྗོངས་ཡོད་མེད་གཙོ་བོ་རེད། ཁྱེད་ཀྱིས་ངའི་མཆན་དུ་ཡིག་ནོར་ཡོད་ཚུལ་གསུངས་པར་དགའ་བསུ་ཞུ། དེ་བཞིན་ཁྱེད་ཀྱིས་བྲིས་པའི་མཆན་ཐུང་ནང་དུའང་ཡིག་ནོར་མི་ཉུང་བ་ཞིག་ཡོད་སྟབས་གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་མེད་པ་མིན་འགྲོ་བསམ་པ་བྱུང་། མི་ཕམ་ཚངས་ཐིག་ཞུ་བས་བཀའ་ལན་ཡོང་མི་ཡོང་གི་ང་ལ་རེ་དོགས་གང་ཡང་མེད། མ་གཞི་ནས་ཁྱེད་ཀྱིས་ཐམས་ཅད་མཁྱེན་པ་རུ་འདོགས་སའི་མི་ཕམ་ཚངས་ཐིག་ཞུ་བ་དེ་ཁྱེད་རང་ཉིད་མིན་པའི་ངེས་པའང་མི་འདུག གང་ལྟར་ཇོ་ནང་པར་དགའ་ན་དགའ་སྟངས་ཤེས་དགོས་རེད། གང་ལྟར་ཇོ་ནང་ལྷ་སྡེ་མི་སྡེ་ཡོང་ནག་པོ་བཟོ་འདོད་ཡིན་ན་རྒྱུ་འབྲས་ལ་རུང་གི་མ་རེད་པས་དེའང་ཤེས་པ་གནང་རོགས། ཞོར་དུ་རྗེ་མི་ལའི་གསུང་ཅིག་དྲན་བྱུང་། ཤ་ཡང་ཕར་ཚ་ཚུར་ཚ་རེད། སྙིང་ཡང་ཕར་རྗེ་ཚུར་རྗེ་རེད།

    Reply
  3. འཇིགས་མེད་སངྒེ་། says:
    ལོ་ 13 སྔོན།

    མ་གོ་མ་རྟོགས་པར་མཆན་འབྲི་ཁུལ་བ་རྣམས་ལ་ཅུང་ཟད་བཤད།
    ཆོས་སྲིད་ཐ་དད་ཐུབ་ན་དགོས་པ་ལ་མོས་མཐུན་ཡོད། འོན་དེ་ད་ལྟའི་གནས་སྟང་འདིར་བོད་པ་ལ་ཡོང་སྲིད་དམ། དེ་ནི་ཁ་ནང་ཁུ་ཚུར་མ་རེད་དམ། བླུན་གཏམ་དང་་་་ཧོན་གཏམ་མ་བཤད་ན་ཆོག་གམ། རྒྱལ་བ་ཇོ་ནང་བ་ཆོས་བརྒྱུད་ཆེན་པོའི་འདྲ་མཉམ་ཐོབ་ཐང་མ་སྤྲད་པས་ཆོས་སྲིད་ཐ་དད་དུ་ཅི་ལྟར་འགྱུར།
    ཇོ་ནང་བས་ཆོས་བརྒྱུད་འཛིན་པའི་དཔའ་བོ་དཔའ་མོ་རང་སྲོག་བཏང་མཁན་ཚོས་ཇོ་ནང་བར་འདྲ་མཉམ་གྱི་ཐོབ་ཐང་མི་དགོས་ཞེས་ཁྱེད་ལ་བཤད་ཡོད་དམ།
    རྒྱལ་བ་ཇོ་ནང་བས་ཆོས་བརྒྱུད་ཆེན་པོའི་གྲིས་ཀྱི་འདྲ་མཉམ་ཐོབ་ཐང་དགོས་ཟེར་བ་ལས། གཞན་ཅི་ཡང་བཤད་མེད། དེ་མི་དགོས་ཟེར་རྒྱུ་ཡིན་ནམ། བོ་དུང་དང་ཞ་ལི། བོད་པ་ཁ་ཆེ་དང་ཡེ་ཤུ་རྣམས་ཆོས་བརྒྱུད་ཆེན་པོ་རེད་ཟེར་རྒྱུ་ཡིན་ནམ། ཁོང་ཚོ་ལ་དགོན་པ་དང་གྲྭ་བཙུན་གྲངས་ག་ཚོད་ཡོད།
    གཞན་ཡང་བོད་པའི་ཆོས་ལུགས་བ་མི་གཅིག་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་བ་བ་ལྟ་བུ་ལ་ཕྱོགས་གང་ཐད་ནས་ཐོབ་ཐང་ཐམས་ཅད་གཅིག་མཚུངས་དགོས་ཟེར་རྒྱུ་ཡིན་ནམ།
    བརྒོལ་བ་བྱེད་མཁན་ཁྱེད་རྣམས་ཀྱི་དང་བོ་དོན་གོ་བར་བྱས་ཏེ། དེ་ནས་མཆན་བརྒྱབ་ན་ད་གཟོད་མིའི་འགྲོ་བ་ཞིག་གི་བྱ་སྤོད་རེད། ཤེས་སམ།

    Reply
  4. འཇིགས་མེད་སངྒེ་། says:
    ལོ་ 13 སྔོན།

    ཨོ་་་སེམས་སྙིང་ནས་ཡུལ་གྱར་བ་ཡིན་ས་རེད། སྙིང་ལུས་ནས་ཡུལ་དུ་གྱར་ཡོད་ས་རེད།
    ཁྱེད་ཀྱིས་ཕྱོགས་རྔས་ཅི་ཞིག་བཤད་ཡོད་ཁྱོན་ནས་མ་གོ་བཞིན་དུ། དྲྭ་གྲོགས་ཚོས་ཅི་བཤད་མ་ཤེས་བཞིན་དུ། ཚིག་ནོར་ཡིག་ནོར་ཁོ་ནའི་ལུང་མདའ་འཕེན་ཁ་བྱས་འདུག
    འདྲེ་ཤར་ལ་བཞག་ཏེ་གཏོར་མ་ནུབ་ལ་གཡུག་ཟེར་བ་རང་རེད། མི་ཕམ་ཚངས་ཐིག་གིས་ཁྱེད་ལྟ་བུ་ལ་ལན་རྒྱབ་རྒྱུ་མ་ཡིན་པ་མ་ཤེས་སམ། རྒྱབ་རིན་ཙམ་ཡང་མེད་པ་ཤེས་འཚལ། ངས་ཁྱེད་སྙིང་རྗེ་ནས་ལན་ཙམ་བྱས་པ་ཡིན།
    ཁྱེད་ཀྱིས་དངོས་གནས་རྩོད་འདོད་ན། རྩོམ་ཡིག་དེ་ཐང་༥༠ ལ་གློག་ནས་ཅིག་འབྲི་ཁུལ་བྱོས་དང་། དེ་ནས་ལན་རྒྱབ་རིན་ཡོད་མེད་བལྟ་ཆོག ལོ་ལོ། སྙིང་རྗེ།

    Reply
  5. ཡུལ་གྱར་བ། says:
    ལོ་ 13 སྔོན།

    མི་ཕམ་ཚང་ཐིག་ཞུ་བ་དང་བདེན་རྔ་ཞུ་བ་སོགས་ཀྱིས་ཇོ་ནང་ལྷ་སྡེ་མི་སྡེ་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དུ་མས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆགས་འཇིག་ལ་གདོང་ལེན་གྱིས་བློས་གཏོང་ཆེན་པོ་གནང་བ་འདི་ངོམ་སྟེ་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ཁུལ་གནང་བ་འདི་དོན་ངོ་མར་ཇོ་ནང་པར་དགའ་ནས་ཡིན་ནམ་ཡང་ན་ནག་པོ་བཟོ་འདོད་ཡིན་ཆ་མ་འཚལ། ཁོང་ཚོས་གོང་བཤད་ལྟར་གྱི་དམིགས་ཡུལ་ཆེན་པོ་ཡོད་པ་ལས་དང་གཙང་སླད་མེད་པའི་ཇོ་ནང་ཆོས་བརྒྱུད་ལ་སྲིད་དོན་གྱི་དུག་ཆུ་ནག་པོས་སླད་མཁན་གྱི་་མི་སྣ་འགའི་འདོད་དོན་འགྲུབ་ཆེད་ཅི་ལ་ཡིན། དེ་གཅིག་ཡིན། དེ་བཞིན་ལྟ་གྲུབ་རང་འགའ་བ་ཡོད་པས་ཆོས་བརྒྱུད་ཆེན་པོས་ཐོབ་ཐང་ཟེར་བའི་སྲིད་ཀྱིས་སླད་པའི་རྐུབ་སྟེག་ནག་པོ་ཞིག་འབུལ་དགོས་ན་མི་རེ་ལ་ལྟ་གྲུབ་རང་འགའ་བ་རེ་ཡོད་པས་དེ་དག་མ་བརྗེད་ཅིག གཉིས་ཡིན། དེ་བཞིནབཙན་བྱོལ་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་༡༥༠༠༠ ཙམ་ཉུང་མཐར་ཡོད་པས་ཁྱེད་ཀྱིས་ཇོ་ནང་དགོན་དུ་འབུ་གྲོ་མ་བསྒྲུགས་ནས་གྲ་བ་བཟོ་རྩིས་ཡིན་བཟོ་འདུག གསུམ་ཡིན། བོད་པ་ཁ་ཆེ་དང་ཡེ་ཤུ་ཚོས་ཆོས་བརྒྱུད་ཀྱི་ཐོབ་ཐང་མི་རྩོད་པའི་ཁྱོད་ཀྱིས་ཇི་ལྟར་འགན་ལེན་ཐུབ་བམ། ཁ་ཆེ་བ་ཨ་མ་མོ་མོ་གཅིག་ལས་མེད་ཀྱང་མོས་ཆེད་དུ་རྡ་སར་ཁ་ཆེ་ལྷ་ཁང་རྒྱགས་རོགས་ཟེར་ནས་༧གོང་ས་མཆོག་ལ་ཞུས་པ་མ་ཐོས་སམ། གཞི་པ་ཡིན། བོད་བསྟན་སྲིད་སྤྱི་དང་ལྷག་དོན་དུ་ཇོ་ནང་པའི་ཆོས་བརྒྱུད་ལ་གཏོར་གཤིགས་ཚབ་ཆེན་འགྲོ་བ་ཞིག་འདུག་པས་ཆེད་དུ་གཉེར་བ་ཡིན་ནམ་མ་ཤེས་པས་ཅི་ཆ།

    Reply
  6. བཙན་ནག་པས། says:
    ལོ་ 13 སྔོན།

    ཇོ་ནང་པ་ལ་ཆོས་ལུགས་ཀྱི་ཐོབ་ཐང་དགོས་པ་བདེན་པ་རེད། དེར་རྒྱབ་སྐྱོར་ཡོད་དེ་བཞིན་བོ་དོང་བ་དང་། བཀའ་གདམ་པ་སོགས་ལ་ཡང་ཆོས་ལུགས་ཀྱི་ཐོབ་ཐང་དགོས་པ་མ་ཟད། ད་དུང་ཤུགས་ལྡན་ཚོགས་པ་ཡང་བོད་མི་དང་བོད་ཀྱི་ཆོས་ལུགས་ཤིག་རྟེན་ཁོང་ཚོར་ཡང་ཆོས་ལུགས་ཐོབ་ཐང་སྤྲོད་ཟེར་བ་སོགས་མང་པོ་ཡོངས་རྒྱུ་རྟེན། དེ་ལས་ཆོས་པ་རྣམས་ཆོས་རྣམ་དག་གནང་ནས་སྲིད་ལ་འཐེ་ཇུས་མ་གནང་རོགས། ད་ཡོད་ཀྱི་ཆོས་ལུགས་སྤྱི་འཐུས་ཟེར་བ་དེ་མེད་པ་བཟོ་ན་ཆོས་ལུགས་ཚང་མ་ཉམས་ལེན་ལ་བར་ཆད་མེད་པ་ཡག་པོ་ཡོངས་ཀྱི་རེད་བསམ།

    Reply
  7. བདེན་རྔ་། says:
    ལོ་ 13 སྔོན།

    རྡོ་འཇམ་ལགས
    ཁྱེད་ཀྱིས་དེ་ལྟར་བཤད་ན་རང་མཚངས་མངོན་པ་ལས་མི་འདུག
    ཁྱེད་ཀྱིས་མིག་ཕྱེས་ནས་མི་ཕམ་གྱི་བརྩོམ་ཡིག་གློག་ན་མི་ལེགས་སམ། ཁོང་གིས་གསུང་བ་ནི། ཇོ་ནང་བ་བོད་ཀྱི་ཆོས་རྒྱུད་ཆེན་པོ་ཡིན་པ་དང། ཐུན་མིན་གྱི་ཁྱད་ནོར་འཛིན་མཁན་ཡིན་པ། དེ་ནི་བོད་ཀྱི་རྒྱལ་པཎ་གཉིས་ལ་ཁུང་གཏུག་པ་ལ་སོགས་པའི་རྒྱུ་མཚན་ཆེས་མང་བོ་གསུང་པ་ཤེས་འཚལ། བོད་པ་ཁ་ཆེ་དང་ཡེ་ཤུ་ནི་དེ་འདྲའི་ཆོས་བརྒྱུད་ཞིག་མིན་པ་མངོན་གསལ་ཏོད་པོ་ཡིན་ཕྱིར། ཁོང་ཚོ་སྨར་ཤེས་དོན་གོ་བའི་རྣམ་དཔྱོད་ཡོད་པས་་་་དེ་ལྟར་དགོས་མེད་བརྩོད་པ་མི་བྱེད་པ་དང་། རྩོད་ལུགས་མེད་པའི་རྩོད་པ་མི་སྲིད་པས། དེ་དག་གླེང་ན་དགོས་མེད་ཡིན་པར་འགྲེལ་བཤད་གནང་བ་མ་ཟད། དྲྭ་གྲོགས་གཞན་དག་གིས་ཡང་འགྲེལ་བཤད་ཡོད་པ་རྣམས་ལ་ཞིབ་གཟིགས་གནང་ན་ཧ་གོ་རྒྱུ་ཞིག་འདུག དེ་མིན་དོན་མ་གོ་མར་ཚིག་ངན་སྨྲས་ན་ཁྱོད་ཀྱིས་རང་མཚངས་བསྟན་པ་ལས་མི་འདུག་པས་གཟབ་འཚལ།

    Reply
  8. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    སྐྱིག་རྫོགས་ཀྱི་སྐད་ཆ་འདི་ལ་རྒྱབ་སྐྱོར་རྩ་བ་ནས་མེད། གང་ཟེར་ན་བོད་སྤྱི་བའི་རྩ་དོན་ཆེད་དུ་ཚེ་སྲོག་བློས་བཏང་གནང་བ་ཚུན་ཆོད་ཀྱིས་འཇིགས་སྐུལ་བྱེད་བཞིན་པ་འདི་རེད། ༼འོན་ཀྱང་སྐྱིག་བྲོ་བའི་བསམ་ཚུལ་འདི་ཇོ་ནང་བའི་ཆོས་གྲོགས་ཡོངས་ཀྱིས་འཚབས་མཚོན་ཞིག་ཏུ་མི་སེམས།༽ མི་ཕམ་ཟེར་བ་ཁྱོད་ངོ་མ་ཚ་འོ་ཙམ་རེད། བོད་མི་ས་ཡ་དྲུག་གི་བདེན་དོན་ཆེད་དུ་འདས་པོས་བློས་བཏང་གི་བྱ་བཞག་ཆེན་མོ་ཁྱོད་མི་སྒེར་བའམ་ཚོགས་པ་བྱེ་བྲག་པ་ཞིག་གི་འདོད་དོན་སྒྲུབ་བྱེད་དུ་སྤྱོད་པར་ཤི་གསོན་སུས་ཡིས་གནང་བ་ཐོབ་ཡོད། ཁྱོད་འཇོན་པོ་ཡིན་ན་ཁྱོད་ཀྱིས་གོང་དུ་སྨྲས་པའི་འདས་པོ་དག་གི་འདོད་དོན་ངོ་མ་སྒྲུབས་དང་། མ་ཟད་ཁྱོད་ཇོ་ནང་བ་མིན་རབས་ཟེར། འོ་ན་ཁྱོད་ཀྱི་འདོད་དོན་དེ་ཡང་གཞན་གྱི་བདེན་དོན་ཆེད་མ་ཡིན་པར་(ཚངས་ཐིག་)ཅེས་པ་ཁ་ལ་ཁུར་ནས་བོད་མིའི་སེམས་ཁམས་དང་གཞུང་དམངས་བར་ལ་འགལ་ཟླ་བཟོ་རྒྱུ་ཁྱོད་ཀྱིས་བསྒྲུབ་བྱ་གཙོ་བོ་དེ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། གང་ཡིན་ཞེ་ན་ཁྱོད་ཀྱིས་(རྒྱལ་བ་ཇོ་ནང་པ་དང་བོད་པ་ཁ་ཆེ་བ། བོད་པ་ཡེ་ཤུ་བ་རྣམས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་དགོས་རྒྱུ་རེད་བསམ་མཁན་ཡོད་པ་འདི་ནི། དེ་དག་གི་དོན་གནད་མ་གོ་བ་དང་། བསམ་བློ་མ་བཏང་བ། གནད་འགག་མ་རྟོགས་པ་གསུམ་གྱིས་རེད།)ཅེས་ཟེར། ཁྱོད་སྙིང་མ་རྗེ། རང་གིས་རང་བཀྱགས། སྐྱག་པས་རྐུབ་བཀྱགས། ཡང་ཁྱོད་ཀྱིས་(འོན་ཀྱང་ཁོང་ཚོས་ཆོས་རྒྱུད་ཆེན་པོའི་ཐོབ་ཐང་དགོས་ཞེས་རྩོད་མྱོང་མེད་ལ། མ་འོངས་པར་ཡང་རྩོད་མི་སྲིད། རྒྱུ་མཚན་ནི་རྩོད་ལུགས་མེད་པས་སོ།།)ཞེས་བཤད་འདུག ངས་འདྲི་རྒྱུར། ཁྱོད་ལ་རྩོད་ལུགས་ཡོད་ལ་བོད་པའི་ཁ་ཆེ་བ་དང་ཡི་ཤུ་བ་ཁོང་ཚོ་ལ་རྩོད་ལུགས་མེད་པའི་རྒྱུ་མཚན་གང་རེད། ཁོང་ཚོའི་ཆོས་རྒྱུད་ཀྱི་མིས་རྩ་དོན་ཆེད་དུ་ཤི་བ་ཉུང་དྲགས་པའམ་་་ཡང་ན་མེད་པས་རྒྱུ་མཚན་རེད་དམ་་་་ཨ་་་་་་ཕྱོགས་རེས་ཅན། ཡང་གཅིག་བཤད་ན་སྔོན་ཆད་ནས་ད་ལྟའི་བར་ཁྱོད་ལ་ཐོབ་ཐང་མ་རག་པ་དེ་མི་ཤི་བ་ཉུང་དྲགས་པའི་རྐྱེན་རེད་དམ། ཀླད་མེད། འོ་ན་རྩད་དོན་ཆེད་དུ་མི་ཤི་བ་སུས་མང་ན་དེ་ལ་ཐོབ་ཐང་དེ་རག་པའི་གནས་ལུགས་ཤིག་ཡོད་དམ། གང་ལྟར་ ཞར་ལ་རེ་སྐུལ་ཞིག་ལ། གལ་ཏེ་ངེས་པར་དུ་ཐོབ་ཐང་དེ་དགོས་ན་དཔལ་རྒྱུལ་བ་ཇོ་ནང་བའི་ཆོས་གྲོགས་རྣམ་པས་མི་འདི་ལྟ་བུས་སླུ་བྲུད་འོག་ཏུ་མ་ཚུད་པ་ཞིག་དང་། དགྲ་དགའ་གཉེན་སྡུག་གི་ལས་ཏེ་གཞུང་དམངས་བར་ལ་འགལ་ཟླ་དང་། སྤུན་ཟླ་རྒྱལ་གཅེས་པ་དག་གི་སེམས་ཁམས་དཀྲུག་པའི་རྒྱུ་ལ་མི་འགྲོ་བ་ཞིག་གི་ཐོག་ནས་ལས་ལ་འཇུག་པའི་རེ་བ་ཡོད།།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    བོད་ནང་གི་མེར་སྲེག་གཏོང་མཁན་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བསམ་ནས་མེར་སྲེག་བཏང་བ་མ་རེད་་་་་བོད་མི་རིགས་ཀྱི་ཆེད་དུ་རེད་་་་་་འདི་ལྟར་ཇོ་ནང་ཚང་ལ་ལྔ་འདུག་་་་་ཅིག་ཅིག་ཅིག་ཚང་ལ་མི་འདུག་་་་ཅིག་ཚང་ལ་མང་པོ་འདུག་ཅེས་དགོས་མེད་ཀྱི་སྐད་ཆ་བཤད་ན་མེར་སྲེག་གཏོང་མཁན་ཚོའི་དགོས་འདུན་དེ་ང་ཚོས་ཆུ་ལ་གཡུགས་པ་ཡིན་པས་འདི་ལྟར་མ་གསུང་རོགས་་་་་་སྐུ་མཁྱེན་་་་་ཚང་མས་མ་དྲན་པ་ཞིག་རྟོག་བཟོ་མ་གནང་རོགས་་་་འདི་ལྟར་བཤད་ན་དཀྲུགས་ཤིང་ལས་ཅི་ཡང་ཡོད་པ་མ་རེད་་་་་སྐུ་མཁྱེན་་་་

    Reply
  10. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་ཆོས་ལུགས་སྐོར་ལ་ཆོས་རིགས་སྡེ་ཚན་ཡོད་པས་དེ་མི་འཐུས་པ་མེད་པས་དེ་ཚོར་དགོངས་བཞེས་ཐོག་ད་ཡོད་ཆོས་ལུགས་སྤྱི་མཐུས་སུ་ཡང་གང་དགོས་གལ་མི་འདུག་ལ་སྲིད་ཆོག་བྱེད་བརྗེད་འཇོག་མཁན་ཉམ་ཆུང་གྲྭ་དཀྱུས་ཚོ་རེད་འདུག་ལ། ཆོས་ལུགས་ཁག་གི་བླ་ཆེན་དེ་ཚོ་ནི་མི་མང་མདུན་ཏུ་ཆོས་སྲིད་ཀྱི་བཀའ་སློབ་སྦྲུལ་ལྕེ་གཉིས་གནང་བཞིན་མི་ལོ་ལྔ་བཅུ་སོང་ཚར།

    Reply
  11. བསོད་འོད says:
    ལོ་ 13 སྔོན།

    ཆོས་ལུགས་ཕྱོགས་ཞེན་གྱི་དུག་ཆུ་ནག་པོ་འདིའི་ནང་དུ་བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་ལྔ་མཉམ་དུ་འདྲུད་ཡོང་པ་འདི་དངོས་གནས་བསམ་བཞིན་དུ་ཚེ་སྲོག་དོན་མེད་བྱེད་མཁན་ཞིག་ལོས་ཡིན། ཨ་ཁཁ

    Reply
  12. གནས་ཚང་། says:
    ལོ་ 13 སྔོན།

    ད་རྙོག་དྲ་མེད་སར་རྙོག་དྲ་བསླངས་ན་ཡག་པོ་ཡོད་པ་མ་རེད། དོན་ལ་རྒྱལ་དབང་ལྔ་བ་ནས་ དཔལ་ཁ་ཆེ་བ་དང་རྒྱལ་བ་ཡི་ཤུ་བའི་ཆོས་རྒྱུད་ཀྱང་བོད་ནས་གཞི་ཚུགས་ཡོད་ལ། གོང་ས་ལྔ་བ་ཆེན་པོའི་དཀྱེལ་ཡངས་ཀྱི་བློ་སྟོབས་དང་ཕྱིས་འབྱུང་སྔོན་གཟིགས་ཀྱི་ཐུགས་བཀོད་བླ་ན་མེད་པ་ཞིག་ཡིན། ཡིན་ནའི། ནང་འཁྲུག་དང་ཕྱོགས་ཞེན་གྱི་དབང་གིས་ཆོས་རྒྱུད་འདི་གཉིས་བོད་ཀྱི་བདེན་པའི་འཐབ་རྩོད་ཁྲོད་འབུར་དུ་བཏོད་ཐུབ་མེད་ལ། རྒྱུ་རྐྱེན་ཡང་ཕྱོགས་ཞེན་ཁོ་ན་ལས་བོད་དོན་བདེན་མཐའ་གསལ་ཐབས་ལ་བསམ་བློ་འཁོར་གྱི་མེད་པ་དེར་ཐུག་ཡོད། རྒྱལ་བ་ཇོ་ནང་བར་ཁེ་དབང་དགོས་ཀྱི་ཡོད་ན། གོང་སྨྲས་ཆོས་རྒྱུད་གཉིས་ལ་དེ་བས་ཀྱང་ཁེ་དབང་སྤྲད་དགོས་པ་དུས་སུ་བབས་པ། དགོས་པ་ཆེ་བ། བོད་དོན་ལ་ཐད་གར་གཞོགས་འདེགས་ཐུབ་པ་ཞིག་ཡིན།

    དེ་མིན་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་ལྷད་མེད་ཀྱི་དགོས་འདུན་ཆོས་ལུགས་རྩོད་རྙོག་ཁྲོད་འདྲེན་མཁན་ལ་དོགས་པ་ཆེན་པོ་ཡོད། དེང་སྐབས་དངུལ་དངོས་ཀྱི་དབང་དུ་ཤོར་མཁན་ཉུང་ཉུང་ཞིག་རྩ་བ་ནས་མིན།

    Reply
  13. བསྟན་འཛིན། says:
    ལོ་ 13 སྔོན།

    རྒྱལ་བ་ཇོ་ནང་པས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་རྩོད་ལེན་གནང་བཞིན་པའི་སྐབས་འདིར།   དཀྲུགས་འདྲེ་ཁ་ཅིག་གིས།   བོད་པ་ཁ་ཆེ་དང་ཡི་ཤུ་སོགས་ཁུར་ཡོང་བ་ནི།    ཕྱོགས་གཅིག་ནས་མགོ་མ་ཚོས་པ་དང་།   གཉིས་ནས་སྤྱི་ཚོགས་ནང་གླེང་ཕྱོགས་བཟོ་འདོད་དང་།    གསུམ་ནས་ལྷས་མ་གཟིགས་གོང་འདྲེས་མཐོང་བ་ལྟར་བྱེད་ཀྱིན་ཡོད་པ་རེད།   གལ་ཏེ་བོད་པ་ཁ་ཆེ་སོགས་ཀྱིས་ནམ་ཉི་མ་ཞིག་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཞེས་ཞུས་ན་སྤྲོད་རྐྱང་བྱེད་དགོས་ནི་རེད།    ཐོབ་ཐང་ཟེར་བ་འདི་མིའི་འགྲོ་བ་མ་ཟད།   སེམས་ཅན་དུད་འགྲོ་ཚུན་ཆད་ལ་ཡང་ཐུན་མོང་དུ་ཡོད་དགོས་པ་ཞིག་རེད།   ཡིན་ན་ཡང་ད་ལྟའི་ཆར་ཁོང་ཚོས་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ཀྱིན་མེད་ལ།    རྩོད་ཚུལ་ཀྱང་ཡོད་མ་རེད།   དེ་ཤེས་པར་གྱིས་ཤིག   མི་ཕམ་ཚང་ཐིག་ལགས་ཀྱིས་གསུང་པར་རྒྱབ་སྐྱོར་ཡོད།   ཇོ་ནང་པ་རྟག་ཏུ་རྒྱལ་བར་གྱུར་ཅིག

    Reply
  14. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    མང་པོ་བཤད་ནས་དགོས་པ་མེད། དོན་རྡོག་རྡོག་ཁྲིམས་བཟོ་ལྷན་ཚོགས་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་མེད་ན་ལེགས། ཡོད་ན་བོད་ལ་ཡོད་པའི་ཆོས་རྒྱུད་ཚང་མ་ཐོབ་ཐང་འདྲ་མཉམ་ལོས་དགོས། གོང་དུ་གླེང་པའི་ཆོས་རྒྱུད་ནང་ད་དུང་བོ་དོང་ལུས་བཟག

    Reply
  15. བདེན་རྔ་། says:
    ལོ་ 13 སྔོན།

    ཨོ་་་་རེད་ཡ་་་་། མི་ཕམ་ཚངས་ཐིག་ནི། དངོས་གནས། བདེན་པའི་ཚངས་ཐིག་རང་རེད་འདུག
    ཇོ་ནང་བའི་དཔའ་བོ་དཔའ་མོ་ལྔས་ཚེ་སྲོག་བོད་དོན་དུ་ཕུལ་བ་དེས། བོད་གངས་ཅན་པའི་རང་སྲོག་གཏོང་མཁན་ཡོངས་ཀྱིས་བརྒྱ་ཆའི་བཅུ་ཟིན་པ་ཡིན་པས། དེས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་ལ་གཞལ་ན་ལྷག་མ་ཟིན་འདུག་མོད།
    དེ་སོགས་བསམ་བློ་གཏོང་ས་མང་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese