མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་བོད་གཉིས་པ་ཞིག་ཏུ་འགྱུར་འཇུག་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་ཉི་ཧོང་གི་མཚོ་གླིང་བདག་དབང་གི་རྩོད་རྙོག་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཉི་ཧོང་སྲིད་སྐྱོང་པ་ཤེན་ཊ་རོ་ཡིས་རྒྱ་ནག་ལ་ཐ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ལས། ཉི་ཧོང་བོད་གཉིས་པ་ཞིག་ཏུ་འགྱུར་འཇུག་རྒྱུ་མིན་སྐོར་བརྗོད་འདུག

ཉེ་ཆར་རྒྱ་ནག་གིས་ཌའེ་ཡུ་མཚོ་གླིང་(Diaoyu )དང་། ཉི་ཧོང་གིས་སེན་ཀ་ཀུ་(Senkaku) མཚོ་གླིང་དུ་འབོད་པའི་ཤར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག་ཅན་གྱི་མཚོ་གླིང་དེར་རྒྱ་ནག་དང་ཉི་ཧོང་ཕྱོགས་གཉིས་ཀྱིས་དཔུང་འཛུལ་བྱས་རྗེས། ཕན་ཚུན་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ ༢༠ ཙམ་གྱི་ནང་རྒྱ་རིགས་ཚོས་ཉི་ཧོང་ལ་ངོ་རྒོལ་དང་། ཉི་ཧོང་གི་ཟ་ཁང་དང་ཚོང་ལས་སྡེ་ཚན། ཉི་ཧོང་གིས་བཟོས་པའི་རླངས་འཁོར་རིགས་སོགས་ལ་གཏོར་བཅོམ་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་པེ་ཅིན་དུ་ཡོད་པའི་ཉི་ཧོང་གཞུང་ཚབ་ཀྱི་རླངས་འཁོར་སྟེང་གི་ཉི་ཧོང་གི་རྒྱལ་དར་བཅོམ་རལ་བཏང་ཡོད་འདུག ཉི་ཧོང་གཞུང་ཚབ་ཀྱིས་བརྗོད་པ་ལྟར་ན། དེ་ནི་གཞུང་ཚབ་ཀྱི་རླངས་འཁོར་ཕྱིར་གཞུང་ཚབ་ཁང་དུ་ལོག་འགྲོ་བའི་སྐབས་སུ་གློ་བུར་དུ་རླངས་འཁོར་གཉིས་ཀྱིས་མདུན་བཀག་ཅིང་། དེའི་རྗེས་རླངས་འཁོར་གཅིག་ནས་ངོ་ཐག་མི་ཆོད་པའི་མི་ཞིག་ཕྱིར་ཐོན་ཡོང་སྟེ། གཞུང་ཚབ་ཀྱི་རླངས་འཁོར་སྟེང་གི་ཉི་ཧོང་གི་རྒྱལ་དར་བཅོམ་རལ་བཏང་ཡོད་འདུག ཉི་ཧོང་གཞུང་ཚབ་ཀྱིས་དེས་ཉི་ཧོང་རྒྱལ་ཁབ་ཆེན་མོའི་ཆེ་མཐོང་ལ་ཕོག་ཐུག་ཚབ་ཆེན་བཟོས་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཐེངས་འདིར་ཉི་ཧོང་གཞུང་ཚབ་ལ་གནས་ཚུལ་དེ་ལྟར་བྱུང་བར་ཧ་ཅང་བླ་ཕམ་ཡོད་སྐོར་དང་། རྒྱ་ནག་ནང་གི་རྒྱལ་ཁབ་གཞན་དག་གི་གཞུང་ཚབ་དང་ཕྱི་འབྲེལ་མི་སྣ་ཚོར་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་གནད་དོན་གལ་ཆེན་ཡིན་སྟབས། ད་ཐེངས་ཀྱི་གནས་ཚུལ་དེར་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག

གཟའ་མིག་དམར་ཉིན་གྱི་རྒྱ་ནག་གཞུང་འབྲེལ་ཚགས་པར་ ༼ རྒྱལ་སྤྱིའི་དུས་བབ ༽ ཅེས་པའི་རྩོམ་སྒྲིག་པའི་གཏམ་ནང་། ཉི་ཧོང་གཞུང་ཚབ་ཀྱི་རླངས་འཁོར་ལ་དྲག་རྒོལ་བྱེད་མཁན་མི་དེ་ད་སྔ་སུ་ཡིན་ངོ་ཐག་ཆོད་མེད་པ་དང་། གལ་སྲིད་མི་དེ་རྒྱ་རིགས་ཤིག་ཡིན་ཚེ། ཁོའི་བྱ་སྤྱོད་ནི་ལྐུག་རྟགས་ཤིག་ཡིན་པ་དེས་རྒྱ་ནག་མི་མང་གི་ཚབ་མཚོན་ཞིག་མིན་ཚུལ་བཀོད་ཡོད་འདུག

རྒྱ་ནག་དང་ཉི་ཧོང་བར་གྱི་གནས་བབ་ཛ་དྲག་ཅན་དུ་འགྱུར་བཞིན་པའི་སྐབས་འདིར། ཨ་རིའི་ (Wall Street Journal) གསར་ཁང་གིས་ཉི་ཧོང་རྒྱལ་ས་ཊོ་ཀེའོ་(Tokyo) ཡི་སྲིད་སྐྱོང་བ་ཤེན་ཊ་རོ་(Shintaro Ishihara) ལ་ཉི་ཧོང་དང་རྒྱ་ནག་གི་གནས་བབ་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས་མཚོ་གླིང་དེར་གློག་རྡུལ་རྟེན་གཞི་དང་། གྲུ་གཟིངས་འབབ་ཚུགས། གནམ་རིག་དཔྱད་ཞིབ་རྟེན་གཞི་སོགས་གསར་རྒྱག་བྱ་དགོས་སྐོར་དང་། དེ་ལྟར་མ་བྱས་ན་མཚོ་གླིང་དེར་སྟངས་འཛིན་བྱ་དཀའ་བ། གལ་སྲིད་གནས་བབ་ཇེ་སྡུག་ཏུ་ཕྱིན་ཚེ། ཉི་ཧོང་གིས་མཚོ་གླིང་དེར་རང་སྲུང་དྲག་དམག་གི་རྟེན་གཞི་ཞིག་ཀྱང་འཛུགས་དགོས་ཚུལ་བརྗོད་འདུག

ཁོང་གིས་ “བོད་ལ་བསམ་བློ་ཞིག་ཐོངས་དང་། བོད་ནི་ད་ལྟ་རྒྱ་ནག་གི་མངའ་ཁོངས་འོག་ཚུད་ཡོད་ཅིང་། གལ་སྲིད་བོད་ནི་ཨོ་རྩེད་འགྲན་ཚོགས་(Olympic) འཚོགས་ཡུལ་ཞིག་བྱ་འདོད་ཡོད་ཀྱང་དེར་སྙན་ཞུ་འབུལ་ཐུབ་བམ། ཁོ་ཚོར་རྒྱལ་ཁབ་མེད། དབུ་ཁྲིད་མེད། མཐའ་ན་ཁོ་ཚོའི་རིག་གཞུང་ཡང་བརླགས་ཚར་བ་རེད། ཁོ་ཚོར་གཅིག་ཡོད་པ་ནི་བཙན་བྱོལ་བོད་མིའི་བསྟི་གནས་ངྷ་རམ་ས་ལ་རེད། ངས་ཉི་ཧོང་བོད་གཉིས་པ་ཞིག་ཏུ་འགྱུར་འཇུག་འདོད་མེད་”ཅེས་བརྗོད་འདུག

མཚོ་གླིང་དེ་གཙོ་བོ་ཉི་ཧོང་གི་མི་སྒེར་བ་ཞིག་གིས་བདག་བཟུང་བྱེད་ཀྱི་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤ ནང་ཤེན་ཊ་རོ་ཡིས་མི་སྒེར་བ་དེར་ཨ་སྒོར་ས་ཡ་ ༡༩ ཙམ་སྤྲད་དེ་ཉོ་འཆར་ཡོད་སྐོར་བསྒྲགས་པ་ནས་རྒྱ་ནག་མཚོ་གླིང་དེར་སྔར་ནས་བདག་དབང་ཡོད་ཚུལ་བཤད་ཡོད་ཅིང་། ཐའེ་ཝན་གྱིས་ཀྱང་མཚོ་གླིང་དེ་ཁོ་ཚོའི་མངའ་ཁུལ་ཡིན་སྐོར་རྩོད་གླེང་བྱེད་ཀྱི་ཡོད་འདུག མཚོ་གླིང་དེ་ནི་ལོ་རྒྱུས་ཐོག་ཉི་ཧོང་དང་ཐའེ་ཝན་གཉིས་བར་གྱི་རྩོད་རྙོག་ཅན་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གིས་ཐའེ་ཝན་རྒྱ་ཁོངས་ཡིན་པའི་སྟེང་ནས་མཚོ་གླིང་དེའི་བདག་དབང་རྒྱ་ནག་སྐམ་ས་ཆེན་མོར་ཡོད་ཚུལ་གྱིས་རྩོད་ཀྱི་ཡོད་འདུག

༡༩༦༠ ལོར་བཞག་པའི་རྒྱ་ནག་དང་ཉི་ཧོང་བར་གྱི་མཚོ་ཁུལ་བདག་དབང་གི་ཆིངས་ཡིག་ཐད་ཨ་རིར་འབྲེལ་པ་ཡོད་སྟབས་ཐེངས་འདིའི་ཛ་དྲག་གི་གནས་བབ་ཐད་ནས་ཨ་རིས་བར་འདུམ་བྱ་རྒྱུའི་འོས་བབ་ཡོད་ཀྱང་།  ཨ་རིས་དེང་སྐབས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཉིན་ ༣༧ རིང་གི་མཉམ་འབྲེལ་དམག་སྦྱོང་ཞིག་ཨ་རི་དང་ཉི་ཧོང་ཟུང་འབྲེལ་ཐོག་འགྲོ་བཞིན་ཡོད་འདུག་ལ། རྒྱ་ནག་གི་ལྟ་ཞིབ་པ་དག་གིས། དེ་ནི་ཨ་རིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་བཟུང་པའི་དམག་ཇུས་འོག་ཐད་ཀར་ཉི་ཧོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་ཞིག་ཡིན་ཚུལ་བརྗོད་ཡོད།

མཚོ་གླིང་དེ་ནི་གླིང་ཕྲན་ཆུང་ངུ་བརྒྱད་ཙམ་གྱིས་གྲུབ་ཡོད་ཅིང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༧ ཙམ་ཡོད་འདུག མཚོ་གླིང་དེ་ཐའེ་ཝན་གྱི་བྱང་ཤར་དང་རྒྱ་ནག་གི་ཤར་ངོས། ཉི་ཧོང་གི་ལྷོ་ནུབ་བཅས་སུ་འཁེལ་ཡོད་འདུག མཚོ་གླིང་དེ་གཙོ་བོ་དམག་དོན་གྱི་གྲུ་ལམ་དང་། ཉ་འཛིན་ས་ཁུལ་གལ་ཆེན་ཞིག་ཡིན་པ་མ་ཟད། རྡོ་སྣུམ་སོགས་རང་བྱུང་གཏེར་དངོས་ཀྱང་ཡོད་སྐོར་བཤད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. གནས་ཚང་། says:
    ལོ་ 14 སྔོན།

    ད་ཚང་མ་ལོས་ཤུགས་རྒྱག་རན་འདུག སྐད་ཆ་འདི་མི་སྐད་ངོ་མ་ཞིག་རེད་ལ། བྲོས་བྱོལ་སྐྱིད་སྡུག་གིས་ངོས་ལེན་བྱེད་མི་འདོད་པའི་འགག་རྩའང་འདི་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་ངོ་ཚ་ཁྲལ་མེད་ནང་། །

    མ་འོ་སྤྲང་པོས་རྒྱ་རིགས་ཕུང་ལ་སྦྱར། །
    ཧུ་ཅིན་ཐ་ཡིས་རྒྱ་གཞུང་ཕུང་ལ་སྦྱར། །

    མ་འོས་བོད་རྒྱ་ཕུང་སྦྱར་ཞོར། །
    ཧུ་ཡིས་ཐའེ་ཝེན་ཕུང་འདོད་རེད། །

    ད་ནི་ཉི་ཧོང་གཉིད་སད་མཚམས། །
    ཨ་རི་པ་ཡང་གཉིད་ལས་ལོང་། །

    ཞི་བདེ་རྒྱ་མཚོ་ཙམ་མིན་པར། །
    འཛམ་གླིང་ཞི་བདེར་འགོད་རན་འདུག །

    འཛམ་གླིང་ཞི་བདེ་རྒྱལ་འགྱུར་ཅིག །

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    རེད་ཡ། བོད་ཀྱི་སྔ་ཕྱིའི་གནས་བབས་དངོས་ཤེས་མཁན་ཉི་ཧོང་གཅིག་པོ་རེད་ལ་སེམས་ཁོང་ནས་ཤ་ཚ་ཡོད་མཁན་ཡང་ཉི་ཧོང་གཅིག་པོ་རེད། བྱས་ཙང་ཉི་ཧོང་རྒྱལ་ཁབ་ཆུང་ཆུང་འདི་བོད་དང་གཏན་ནས་མི་འདྲ་བས་བོད་ནང་བཞིན་ལག་པ་འཆངས་ཆོག་ཆོག་ཅིག་མིན། དེས་ན་ཉི་ཧོང་གི་རྒྱབ་ཏུ་ཡོད་ལ་ནམ་ཡང་རྒྱལ་བའི་སྨོན་ལམ་ཡོད།

    Reply
  4. རྩེ། ཆུ་མིག says:
    ལོ་ 14 སྔོན།

    འགྲོ་སྟངས་དང་ངོ་ཚ་མེད་པའི་རྒྱ་ནག་གཞུང་གིས་ཧམ་བཤད་བྱས་པར་བརྟེན་ཉི་ཧོང་ཡང་ཁོང་ཁྲོ་དྲག་ཏུ་ལངས་ནས་ད་ཐེངས་བོད་དཔེ་ལ་བཞག་ནས་རྒྱ་ནག་གཞུང་ལ་སྐད་དམར་པོ་ཞིག་བཤད་འདུག ད་དུང་བོད་ནི་རྒྱ་ནག་གི་མངའ་ཁོངས་མིན་པ་འང་གསལ་བོར་བཤད་འདུག འདི་འདྲའི་སྐད་ཆ་དཀོན་མོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese