མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་དཔལ་འབྱོར་ཉམ་ཉེས་ཚབ་ཆེན་འབྱུང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཝེ་ཅིན་ཧྲིན་གྱིས་བརྩམས།  ཚེ་རིང་རྡོ་རྗེས་བསྒྱུར།

རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་རིག་པ་སྨྲ་བས་བཏོན་པའི་རྩིས་གྲངས་ལ་བལྟས་ན། རྒྱ་ནག་གི་བཟོ་ལས་མ་རྩ་འཇོག་པའི་ཁོར་ཡུག་བསྟུད་མར་ཇེ་སྡུག་ཏུ་སོང་སྟེ་བཟོ་ལས་ཐོན་སྐྱེད་ནུས་པ་ལྷག་མ་བྱུང་ནས་ཉམ་ཉེས་སྣ་ཚོགས་བསླངས་འདུག གནས་ཚུལ་ཡོང་ཁུངས་དེས་བཟོ་ལས་སྡེ་ཚན་སོ་སོའི་ཐོན་སྐྱེད་ལ་ལྷག་མ་བྱུང་བའི་གནས་སྟངས་དཔེ་ཡི་སྒོ་ནས་བསྟན་འདུག་སྟེ། རྣོ་ལྕགས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༢༡ ལྷག་པ། རླངས་འཁོར་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༡༢ ལྷག་པ། ཨར་འདམ་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༢༨ ལྷག་པ། གློག་འབྱེད་ཧ་ཡང་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༣༥ ལྷག་པ། བཙའ་ཐུབ་ཞུན་ལྕགས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༦༠ ལྷག་པ། ཞིང་སྨན་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༦༠ ལྷག་པ། འོད་བསྟེན་གློག་རྫས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༩༥ ལྷག་པ། ཤེལ་སྒོ་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི ༩༣ ལྷག་པ་བཅས་སོ།། ཐོན་སྐྱེད་ནུས་ཤུགས་ལྷག་མ་འདི་འདྲ་མང་པོ་བྱུང་བའི་བཟོ་ལས་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་ལ་དུས་ཡུན་རིང་བའི་ཉམ་རྒུད་ཞིག་སློང་རྒྱུ་ནི་ལྡོག་ཏུ་མེད་པ་ཡིན།

གནས་བབ་འདི་ནི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་ནང་དུ་བྱུང་བའི་ཨ་རིའི་དཔལ་འབྱོར་ཉམ་རྒུད་ཆེན་མོ་དང་ཧ་ཅང་འདྲ། དཔལ་འབྱོར་རིག་པའི་ཆེད་མཁས་པས་ཀྱང་འདི་ལྟར་བཤད་དེ། ཐོན་སྐྱེད་ནུས་ཤུགས་ལྷག་མ་བྱུང་བའི་གནས་སྟངས་འདི་དང་།  རྒྱལ་ནང་གི་ས་ཆ་སོ་སོ་ན་དགུང་ལ་ཟུག་པའི་ཐོག་ཁང་གཅིག་ལ་གཅིག་འགྲན་གྱིས་བསྐྲུན་པའི་གནས་སྟངས་འདི་ཚང་མ་ནི། གནས་བབ་ཉེན་ཚབ་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས། སྔར་བྱུང་གི་དཔལ་འབྱོར་ཉམ་རྒུད་རྣམས་དང་ཧ་ཅང་མཚུངས། རྒྱ་ནག་ནང་གི་ད་ཡོད་ཀྱི་དགུང་ལ་ཟུག་པའི་ཐོག་ཁང་གི་གྲངས་ཀ་གཅིག་པུའི་ངོས་ནས་ཀྱང་ཨ་རིར་ཡོད་པའི་དགུང་ཟུག་ཐོག་ཁང་གི་སྤྱིའི་གྲངས་འབོར་ལས་བརྒལ་འདུག ཡིན་ནའང་རྒྱ་ནག་གི་སྤྱིའི་ཡོང་འབབ་དང་མི་རེའི་ཆ་སྙོམས་ཡོང་འབབ་གཉིས་ནི་ཨ་མེ་རི་ཁ་དང་བར་ཁྱད་ཤིན་ཏུ་རིང་། གནས་སྟངས་འདིས་རྒྱ་ནག་གི་དཔལ་འབྱོར་ཚ་དྲོད་ཆེ་དྲགས་པ་གསལ་བཤད་བྱས་པ་ཙམ་དུ་མ་ཟད། ཡ་མ་གཟུགས་དང་སྨྱོ་རྟགས་ཆེ་བ་བསྟན།

 འདི་ལྟར་བཤད་དོན་གང་ཡིན་ཞེ་ན། རྒྱ་ནག་གི་དཔལ་འབྱོར་ནི་ཚོང་རའི་དཔལ་འབྱོར་མིན་པར་ར་མ་ལུག་གི་ཚོང་རའི་དཔལ་འབྱོར་ཞིག་ཡིན་པ་འདི་རྒྱུ་མཚན་ཐོག་མ་དེ་ཡིན། དེའི་ཕྱིར་རྒྱ་ནག་གི་དཔལ་འབྱོར་ནི་ཚོང་རས་རང་དབང་གིས་འདུམ་སྒྲིག་བྱེད་པ་ཞིག་མིན་པ་དང་། ཚོང་ར་དང་སྲིད་གཞུང་གཉིས་ཀྱིས་རང་རང་སོ་སོའི་ཕྱོགས་སུ་འཐེན་འཁྱེར་བྱེད་པ་མ་ཟད། ཕན་ཚུན་ལ་འགོག་རྐྱེན་དང་གེགས་བྱེད་པའི་རྐྱེན་གྱིས་དཔལ་འབྱོར་ལ་རྙོག་འཛིང་བྱུང་། དེ་གཉིས་ཀྱིས་སོ་སོར་དམིགས་ཡུལ་མི་འདྲ་བ་རེ་བཟུང་ཡོད་པས་འདུམ་སྒྲིག་མང་དུ་བྱས་ན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། མ་གཞི་ཚོང་ར་རང་ངོས་ནས་འདུམ་སྒྲིག་ལེགས་པོ་བྱ་མ་ཐུབ་པའི་ཚོང་རའི་འགྲོ་ལུགས་ལ་འདུམ་སྒྲིག་བྱས་པས་རྙོག་འཛིང་དེ་ལས་ཆེ་རུ་བཏང་། ར་མ་ལུག་གི་ཚོང་རའི་དཔལ་འབྱོར་དང་འཆར་གཞི་ཅན་གྱི་དཔལ་འབྱོར་ཟེར་བ་འདི་གཉིས་ཀྱི་རྙོག་འཛིང་གི་འབྱུང་རྩ་ནི་དེ་ཡིན། འཆར་གཞི་ཅན་གྱི་དཔལ་འབྱོར་ཟེར་བ་དེའང་ངོ་བོའི་སྟེང་ནས་ར་མ་ལུག་གི་ཚོང་རའི་དཔལ་འབྱོར་ལམ་ལུགས་ཞིག་ཡིན་ཞིང་དེ་ཚོང་ར་དང་དངུལ་སྒོར་ལས་ནམ་ཡང་ཁ་བྲལ་མྱོང་མེད།  འཆར་གཞི་ཅན་གྱི་དཔལ་འབྱོར་ལམ་ལུགས་ཀྱིས་འགྲོ་བ་མིས་གནའ་སྔ་མོ་ཞིག་ནས་སྡོམ་ཚིག་བཀོད་པའི་ཚོང་རའི་ཆོས་ཉིད་ལ་ཆ་འཇོག་མི་བྱེད་པའི་ཁྱད་པར་ཙམ་མ་གཏོགས། དེ་དང་ད་ལྟའི་རྒྱ་ནག་གི་ར་མ་ལུག་གི་ཚོང་རའི་དཔལ་འབྱོར་གཉིས་ཀྱི་བར་ན་འདོམ་གང་དང་འདོམ་ཕྱེད་ཀྱི་ཁྱད་པར་ཙམ་ལས་ངོ་བོའི་ཆ་ནས་ཁྱད་པར་མེད།

དཔེ་མཚོན་ཞིག་བརྗོད་ན། ད་ལྟའི་ཁང་ས་ལས་རིགས་དང་བཟོ་སྐྲུན་ལས་རིགས་ཚ་དྲོད་ཆེ་དྲགས་པ་འདི་ན་ནིང་ད་ལོའི་བར་དུ་བྱུང་བའི་གནད་དོན་ཞིག་རྩ་བ་ནས་མིན། ལོ་མང་པོར་འ་འུར་ཟང་ཟིང་བྱས་ཀྱང་མཚམས་མི་ཆད་པའི་རྒྱུ་མཚན་ཅི་ཡིན་ནམ། རྒྱལ་ནང་གི་ཆེད་མཁས་པ་དང་མང་ཚོགས་ཀྱིས་ཀྱང་དེའི་རྒྱུ་རྐྱེན་ལ་སྡོམ་ཚིག་བཀོད་འདུག་སྟེ་སྲིད་ཇུས་ལམ་སྟོན་ལ་ཐུག་འདུག་ཟེར་བ་འདི་ཡིན། དཔོན་གནས་འཕར་མིན་གྱི་ཚད་གཞི་ནི་(DGP)༼འགྱུར་མཆན། རྒྱལ་ནང་ཐོན་བསྐྱེད་སྤྱི་འབོར།༽འཕར་མིན་ལ་བལྟ་དགོས་པ་དང་། ས་གནས་སྲིད་གཞུང་གིས་འགྲོ་གྲོན་ཞིག་གཏོང་ནའང་ཁང་ས་ལས་རིགས་ཀྱི་དཔྱ་ཁྲལ་ལ་བལྟ་དགོས། ལྐོག་ཟ་རུལ་སུངས་བྱེད་ནའང་ཁང་ས་ལས་རིགས་དེ་བཟའ་བྱ་ཆེན་པོར་བྱེད་པ་ཡིན། ཁེ་བཟང་ཡོད་ཚད་ཁང་ས་ལས་རིགས་ཀྱི་སྟེང་དུ་འདུས་ཡོད་པས་རླབས་རྒྱུན་འདི་སུ་ཞིག་གིས་འགོག་ཐུབ་བམ།

མི་ལ་ལས་དབུས་གཞུང་གིས་བཀའ་རྒྱ་སྒྲོག་པ་དེས་མི་ཕན་ནམ་ཟེར། འོན་ཀྱང་གནད་དོན་གང་ཡིན་ཞེ་ན། དབུས་གཞུང་གི་བཀའ་རྒྱ་དེ་ས་གནས་མགོ་ཁྲིད་ཀྱི་ཁེ་ཕན་དང་མ་བསྟུན་ཚེ། བཀའ་རྒྱ་དེ་ཀྲུང་ནན་ཧེའི་ཕྱི་རོལ་དུ་ཐོན་དཀའ། འདི་ནི་སྤྱིར་བཏང་གི་ཤེས་བྱ་ཞིག་ཏུ་གྱུར་ཟིན་འདུག བཀའ་རྒྱ་ཟེར་བ་དེ་མང་ཚོགས་ལ་སྟོན་པའི་བཟོ་ལྟ་ཙམ་ཡིན་པ་དང་། དབུས་གཞུང་གིས་མ་གཞི་ནས་རང་གི་རྒྱུ་ནོར་གྱི་ལམ་ཁ་གཅོད་འདོད་མེད། དབུས་གཞུང་གི་མགོ་ཁྲིད་ཆེ་དྲག་ཚོའི་ནང་ན་རྒྱུ་ནོར་ཧམ་ཟ་མི་བྱེད་མཁན་རེ་འགའ་ཙམ་ཡང་ག་ལ་ཡོད། སྦྱིན་བདག་གིས་ཁ་ནས་བཀོད་པ་རེ་བཏང་ན་གཡོག་པོ་ཚོ་ཨ་ཐང་ཆད་ཆད་དུ་རྒྱུག་ཟེར་བ་འདི་ག་རང་ཡིན། སྦྱིན་བདག་གི་དངུལ་སྒོར་ནི་གཡོག་པོ་ཚོས་བསྡུས་ནས་བྱུང་བ་དང་། གཡོག་པོ་ཚོའི་རྒྱུ་ནོར་གྱི་ལམ་ཁ་བཅད་ན་སྦྱིན་བདག་རང་ཉིད་ཀྱི་རྒྱུ་ནོར་གྱི་ལམ་ཁ་བཅད་པ་མིན་ན་ཅི། དེའི་ཕྱིར། ས་གནས་ཀྱི་མགོ་ཁྲིད་གཅིག་པུ་ཐ་ཤལ་ཡིན་པ་དང་དབུས་གཞུང་ཡག་པོ་འདུག་བསམ་མི་རུང་། དེ་འདྲ་འདོད་ན་རང་མགོ་རང་གིས་གཡོག་པའི་བཤད་ཚུལ་ཙམ་ཡིན།

 ཡང་གྲོགས་པོ་ལ་ལས། དབུས་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་དང་འདྲ་བའི་དངུལ་སྒོར་ལས་དོན་སྙོམ་སྒྲིག་བྱེད་ཐབས་ལག་ལེན་བྱེད་པ་མིན་ནམ། ཅིའི་ཕྱིར་བྱེད་ཐབས་དེ་རྒྱ་ནག་གི་ས་ཆུ་དང་མ་འཕྲོད་པ་ཡིན་ནམ་ཟེར། འདི་ནི་སྐུ་ཞབས་ཧུའུ་ཡའོ་པང་གིས་ལོ་ངོ་སུམ་ཅུའི་ཡར་སྔོན་དུ་བཏོན་པའི་དྲི་བའང་ཡིན། ཁོ་ཚོས་གནས་ལུགས་སླ་མོ་ཞིག་ཧ་གོ་མི་འདུག སྲིད་ཇུས་སྲིད་ཇུས་ཟེར་བ་དེ་ཆབ་སྲིད་དང་འབྲེལ་བའི་ཇུས་འགོད་ཡིན་པ་བཤད་མ་དགོས་པ་དང་ལྷག་པར་དུ་ཆབ་སྲིད་ལམ་ལུགས་དང་འབྲེལ་བ་ཡོད། ནུབ་ཕྱོགས་དམངས་གཙོའི་ཆབ་སྲིད་ཀྱི་སྟངས་འཛིན་འོག་ཏུ། ཆབ་སྲིད་ཀྱིས་བཏོན་པའི་སྲིད་ཇུས་དེ་ནི་ཚོང་རའི་ཆོས་ཉིད་ལ་བསྟུན་པ་ཤ་སྟག་ཡིན། དེ་ལས་ལྡོག་ན། མང་ཚོགས་ཀྱིས་ཁས་མི་ལེན་པ་དང་ལོ་བཞི་རེའི་ནང་དུ་ཁྲིམས་དང་མཐུན་པའི་གྱེན་ལོག་ཐེངས་རེ་བྱེད་པ་ཡིན། ཆབ་སྲིད་པ་ཚོས་རང་གི་ཁེ་ཕན་དང་རྒྱལ་འབངས་ཀྱི་ཁེ་ཕན་གྱི་ཆེད་དུ་བསམ་བློ་བཏང་སྟེ་ངེས་པར་དུ་ཚོང་རའི་ཆོས་ཉིད་བརྩི་དགོས།

 སྒེར་འཛིན་ཆབ་སྲིད་ནི་ནུབ་ཕྱོགས་དམངས་གཙོའི་ཆབ་སྲིད་དང་མི་འདྲ། གོང་ནས་དཔེར་དྲངས་པ་བཞིན་དུ་དཔོན་པོ་ཚོའི་སྒེར་ཕན་ནི་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལས་ཁ་གྱེས་ཡོད་པ་དང་ཐ་ན་ལྡོག་ཟླ་ཡིན། དཔོན་ཆེན་ཚོས་དཔོན་ཆུང་དག་གི་ལྐོག་ཟ་རུལ་སུངས་ཀྱི་གོ་སྐབས་གཅོད་མི་སྲིད་པ་དང་། དཔོན་རུལ་རྒྱུ་གཟན་གྱི་ཁེ་ཕན་དང་མཐུན་ན། གོ་སྐབས་དེ་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་འགལ་མིན་ཁ་ཡ་མི་བྱེད་པ་ཡིན། གོང་རིམ་ལ་ཇུས་ཡོད་ན་འོག་རིམ་ལ་ཇུས་ལན་ཡོད་ཟེར་བ་དེ་ག་རང་ཡིན། རྦ་རླབས་དྲག་ཏུ་འཕྱུར་བའི་ཆུ་ལོག་ལ་འགོག་ཐབས་མེད་པ་ཇི་བཞིན་དུ། རྒྱ་ནག་གི་དཔལ་འབྱོར་ནི་རྒྱལ་འབངས་ཀྱི་ཁེ་ཕན་ལ་དམིགས་པ་ཞིག་མིན་པ་དང་། གྲངས་ཀ་ཉུང་བའི་དཔོན་པོ་རྒྱུ་གཟན་དང་ཚོང་པ་རུལ་པ་དག་གི་ཁེ་ཕན་གྱི་ཆེད་དུ་འཁོར་བསྐྱོད་བྱེད་པའི་དཔལ་འབྱོར་གྱི་གནས་སྟངས་ཡ་མ་གཟུགས་ཞིག་ཡིན།

སྲིད་བྲན་ཏུ་གྱུར་བའི་མཁས་པ་དང་ངོ་དགའ་སྤྲེལ་ལད་ལ་དགའ་བའི་སྨྱུག་ཐོགས་པ་འགའ་ཤས་ཀྱིས་ད་དུང་འབད་པ་ཆེན་པོས་སྒྲུབ་བྱེད་བཀོད་དེ། རྒྱ་ནག་གི་དཔལ་འབྱོར་འགྲོ་ལུགས་ཟེར་བ་འདི་ལ་བཟོ་བཅོས་གང་འཚམ་རེ་བྱས་ན། རྒྱུན་མཐུད་ནས་འཁོར་བསྐྱོད་བྱས་ཏེ་འགྲོ་ཐུབ་པ་ཡིན་ཟེར། རེ་བ་བཟང་སར་རྒྱག་པའི་འབྱོར་འབྲིང་ཤེས་ལྡན་པ་མི་ཉུང་བ་ཞིག་གིས་མིག་ཅེར་ནས་སྒུག་འདུག་པ་དང་ལུང་བསྟན་འདི་མངོན་སུམ་དུ་འགྱུར་བར་རེ་བ་བཅངས་འདུག ཡིད་ཕངས་པ་ཞིག་ལ། ཁོ་ཚོ་ལས་ཀྱང་རིག་པ་རྣོ་བའི་རྒྱ་ནག་གི་མཐོ་རིམ་མི་སྣས་འཛམ་གླིང་འཇིག་པའི་ཉིན་མོ་མཐོང་ཟིན་པ་དང་། ཆག་གྲུམ་ཤོར་བའི་གྲུ་གཟིངས་སྟེང་གི་ཙི་ཙི་རྣམས་ཟིང་ཟིང་གིས་འབྲོས་པ་ཇི་བཞིན་དུ། མི་ཚེ་ལ་མཁོ་བའི་ནོར་བུ་གསུམ་སྟེ་ཆུང་མ་དང་བུ་ཕྲུག་དང་དངུལ་ཁུག་བཅས་པ་བདེ་འཇགས་ཀྱི་ས་ཁུལ་དུ་སྤོས་ཚར་འདུག འདིས་གང་ཞིག་གསལ་བཤད་བྱས་འདུག་ཅེ་ན། མཐོ་རིམ་མི་སྣ་ཚོས་རྒྱ་ནག་གི་ཆབ་སྲིད་འདི་ནི་རེ་བ་མེད་པའི་ཆབ་སྲིད་ཅིག་ཡིན་པ་གསལ་ཐིང་ངེར་ཤེས་པ་དེ་དང་། རྒྱ་ནག་གི་ཆབ་སྲིད་ལ་ཐེབས་པའི་ནད་ཀྱི་རྩ་བ་ནི་སྲིད་དོན་ཐག་གཅོད་ཀྱི་དབང་ཚད་ལྡན་པའི་གོང་རིམ་གྱི་ཁེ་ཕན་ནི་རྒྱལ་ཁབ་དང་འབངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཁ་ཁར་སོང་བ་འདི་ཡིན། སྐབས་རེར་ང་ཚོས་རིག་གཅིག་རྐང་འཛིན་པ་དང་མཁས་པ་རྣམས་ཀྱིས་མ་འཇོན་སྙམ་ནས་སྡུག་དམོད་བྱ་སྲིད། དེ་འདྲ་བྱས་ན་དྲང་བཞག་ཅིག་མིན། རིགས་གཅིག་རྐང་འཛིན་པ་དང་མཁས་པ་ཕལ་ཆེར་གྱིས་བཏོན་པའི་གྲོས་གཞི་ཁ་ཅིག་ནི་སྒྲུབ་ཏུ་རུང་ལ་ཕན་འབྲས་ལྡན་པ་ཡིན། དོན་དངོས་ཀྱི་སྟེང་ནས་ཕན་འབྲས་མ་བྱུང་བ་ནི་ཁོ་ཚོ་ལན་སོང་བ་མིན་པ་དང་། ས་ཆ་གཞན་དང་རྒྱལ་ཁབ་གཞན་དུ་ལག་ལེན་བྱས་ན་ཕན་འབྲས་ཐོན་པའི་བྱེད་ཐབས་དང་སྲིད་ཇུས་དེ་རྣམས་རྒྱ་ནག་གི་ཆབ་སྲིད་ཀྱི་ཁོར་ཡུག་འོག་ནས་བྲོ་བ་གཞན་ཞིག་ཏུ་གྱུར་སོང་བས་ཡིན། ཧུའུ་ཡའོ་པང་གིས་ལོ་རབས་བརྒྱད་ཅུ་བའི་ནང་དུ་བྲོ་བ་དེ་ཚོར་སོང་བ་དང་། དེ་བཞིན་དུ་གཟུར་གནས་ཀྱི་རིགས་གཅིག་རྐང་འཛིན་པ་དང་མཁས་པ་ཚོས་ཀྱང་དུས་ད་ལྟར་བྲོ་བ་དེ་ཚོར་བ་དང་། བློ་ཁོག་ཆེ་བ་དག་གིས་སྐད་གསེང་མཐོན་པོས་སྒེར་འཛིན་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་མ་བྱས་ན་བཅོས་བསྒྱུར་གཞན་གང་གིས་ཀྱང་ཕན་ཐོགས་མེད་ཅེས་འབོད་སྒྲ་སྔར་ནས་སྒྲོག་གིན་འདུག

 འོན་ཀྱང་སྒེར་འཛིན་ཆབ་སྲིད་ཀྱི་ཁྱད་ཆོས་ནི་བདེན་པ་སྨྲ་བའི་མི་ལ་ཁ་བཙུམ་དུ་འཇུག་པ་དང་བཅོས་བསྒྱུར་ཕྲན་བུ་ཁོ་ན་ལས་གསར་བརྗེ་རང་བཞིན་གྱི་འགྱུར་བ་འགྲོར་མི་འཇུག་པ་འདི་ཡིན། དེ་ལྟར་རྒྱུན་འཁྱོངས་ནས་ལོ་ངོ་སུམ་ཅུ་ལྷག་སོང་ཟིན་པ་དང་། ཁོ་ཚོའི་བསམ་པར་རྒྱུན་སྲིང་ནས་འགྲོ་བ་ལ་གནད་དོན་མེད་པ་ཉམས་མྱོང་གིས་ར་འཕྲོད་ཡོད་སྙམ་འདུག ཁོ་ཚོའི་ལུང་རིགས་ཀྱི་སྒྲུབ་བྱེད་ནི་ཤེས་ཡོན་པ་ཚོས་དུས་རྒྱུན་དུ་རྒྱ་ནག་གི་མིའི་སྤུས་ཚད་ཞན་པར་བརྗོད་པ་དེ་ཡིན། ཡིན་ནའང་གནའ་དེང་གི་ཆར་རྒྱལ་ཁབ་ཕྱི་ནང་གི་སྤུས་ཚད་དེ་ལས་ཞན་པའི་མང་ཚོགས་ཀྱིས་སྔར་བཞིན་གྱེན་ལོག་བྱེད་སྲིད་པ་སྔར་བྱུང་ཉམས་མྱོང་ལས་དུས་མཚུངས་སུ་ར་སྤྲོད་བྱས་ཡོད་པ་ཁོ་ཚོས་བརྗེད་འདུག མུ་མཐུད་རྒྱུན་འཁྱོངས་བྱས་ནས་འགྲོ་བའི་མཇུག་འབྲས་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགལ་ཟླ་ཀུན་ནས་རྡོལ་བ་དང་། དེ་ནི་གནམ་འོག་གི་ཟིང་ཆ་ཆེན་པོ་ཡིན་པས་གསར་བརྗེ་མ་བྱས་ཀྱང་གསར་བརྗེ་ཆགས་པ་ཡིན།

ཞི་བའི་གསར་བརྗེ་བྱས་ནས་མི་ཉུང་ཤས་ཞིག་བློས་གཏོང་བ་དེ་བཟང་ངམ། ཡང་ན་གནམ་འོག་འཁྲུགས་ནས་སུ་གང་ཡང་གཡོལ་ཐབས་མེད་པ་དེ་བཟང་ངམ། རྒྱ་ནག་པ་ཀུན་གྱིས་གནད་དོན་འདི་ལ་ཁེ་གྱོང་གི་ཚད་བསྡུར་བྱེད་ཀྱིན་འདུག དེ་ལས་ཀྱང་ཆེ་བའི་་གནད་དོན་ནི་ཉེན་ཁ་འདི་བརྒྱུད་འདོད་པའི་མི་ཡོད་མེད་དང་ཉེན་ཁ་འདི་བརྒྱུད་པའི་ནུས་པ་ཡོད་མེད་དེ་ཡིན། ཡོད་མེད་དང་ནུས་མི་ནུས་བཤད་མི་དགོས་པ་དང་། གང་ལྟར་རྒྱ་ནག་གི་འགྲོ་ལུགས་ཟེར་བ་འདི་སྡུག་ཨ་ཐང་ཆད་ནས་མཐའ་རུ་སླེབས་ཟིན་འདུག

མ་རྩོམ་གྱི་ཡོང་ཁུངས་་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་རྒྱ་སྐད་སྡེ་ཚན།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    བོད་ལ་གཏམ་དཔེ་འདི་འདྲ་ཞིག་ཡོད་རེད། ཁ་ཡག་འདི་ཡང་དགོས་རྒྱུ་ཞིག་ཡིན། རྒྱུ་མ་བྱིན་མི་ངོ་ལེན་སྤྱད་ཞིག་ཡིན། བླ་བཙག་འདི་ཡང་དགོས་རྒྱུ་ཞིག་ཡིན། དགྲ་མ་ཐུབ་རང་སེམས་སྐྱིད་སྤྱད་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese