མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐའེ་ཝན་རང་བཙན་དང་བོད་རང་བཙན་མནའ་མཐུན་སྒྲིག་འཛུཊ་སྲ་བརྟན་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐའེ་ཝན་རང་བཙན་ཚོགས་པའི་མི་སྣ་སྐོར་ཞིག་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་མཉམ་འབྲེལ་ཐོག་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། མ་འོངས་པར་ཚོགས་པ་གཉིས་ཀྱིས་ཆབ་སྲིད་བཙོན་པའི་ལོ་རྒྱུས་འབྲི་འགོད་ལེགས་ཆ་སྤེལ་རེས་དང་། ཐའེ་ཝན་རང་བཙན་དང་བོད་རང་བཙན་འཐབ་རྩོད་ཐོག་ཕན་ཚུན་རོགས་འདེགས་བྱ་རྒྱུ་ཡིན་སྐོར་བསྒྲགས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་ཁང་དུ་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་མཉམ་འབྲེལ་ཐོག བོད་ནང་རང་ལུས་མེར་བསྲེགས་གནང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱ་ཕྱོགས་དང་། ཕན་ཚུན་བར་ཆབ་སྲིད་བཙོན་པའི་ལོ་རྒྱུས་འབྲི་ཕྱོགས་ཀྱི་ལེགས་ཆ་སྤེལ་རེས། ཚོགས་པ་གཉིས་ཀྱིས་བོད་རང་བཙན་དང་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཐོག་ཐའེ་ཝན་རང་བཙན་དང་བོད་རང་བཙན་མནའ་མཐུན་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུ་བཅས་ཀྱི་ཐད་གསར་འགོད་གསལ་བསྒྲགས་སྤེལ་སོང་།

གསར་འགོད་གསལ་བསྒྲགས་སྟེང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་དང་ཐའེ་ཝན་རང་བཙན་ཚོགས་པའི་མགྲིན་ཚབ་པ་ལྕམ་ལཱིང་ཡེ་ཕེན་གཉིས་ཀྱི་བོད་ཡིག་དང་རྒྱ་ཡིག་ནང་ཐུན་མོང་གི་བསྒྲགས་གཏམ་སྒྲོག་སྦྱང་བྱས་པ་ལྟར་ན། ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཐའེ་ཝན་རྒྱལ་དོན་ལོ་རྒྱུས་ཞིབ་འཇུག་ཁང་གི་གཙོ་འཛིན་ཟུར་པ་དང་ཐའེ་ཝན་རྒྱལ་ཡོངས་སློབ་དཔོན་ཆེན་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ ༢.༢.༨ དོན་རྐྱེན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཚབས་ཀྲཱང་ཡོན་ཞོན་ལགས་ངྷ་རམ་ས་ལར་ཕེབས་ཏེ། ༢.༢.༨ དོན་རྐྱེན་ཁྲོད་བཙོན་འཇུག་བྱས་པའི་མི་སྣའི་ལོ་རྒྱུས་དེབ་ཕྲང་ ༡༠ དེ་དགུ་བཅུ་གསུམ་ཚོགས་པར་གནང་སྟེ། ཕྱོགས་གཉིས་ནས་བཙོན་པའི་ལོ་རྒྱུས་འབྲི་བཀོད་བྱེད་ཕྱོགས་སྐོར་ལ་ཉམས་མྱོང་བརྗེ་ལེན་དང་། དགུ་བཅུ་གསུམ་ཚོགས་པས་བོད་ཀྱི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་ ༡༠ གོང་གི་ཞིབ་འཇུག་ཁང་དེར་ཕུལ་ཡོད་འདུག

དེའི་རྗེས་སྐུ་ཞབས་ཀྲཱང་ཡོན་ཞོན་ལགས་ཀྱིས་གོ་མིན་ཏང་གིས་ཐའེ་ཝན་བཙན་བཟུང་བྱས་ཚུལ་དང་། ༢.༢.༨ དོན་རྐྱེན་སྐོར་ངོ་སྤྲོད་གནང་པ་ལྟར་ན། ༡༩༤༧ ལོར་གོ་མིན་ཏང་རྒྱ་ནག་སྐམ་ས་ནས་དམག་འཁྲུག་ཕམ་རྗེས་ཐའེ་ཝན་ལ་བཙན་འཛུལ་བྱས་ཡོད་པ་དང་། སྐབས་དེར་ཐའེ་ཝན་མི་མང་གིས་འགོག་རྒོལ་བྱས་ཏེ་ ༡༩༤༧ ཟླ་ ༢ ཚེས་ ༢༨ ཉིན་གཅིག་པུར་གོ་མིན་ཏང་གིས་ཐའེ་ཝན་མི་མང་ཁྲི་གཉིས་གསུམ་ཞིག་དམར་གསོད་བཏང་ཡོད་འདུག ༡༩༤༧ ནས་  ༡༩༨༧ བར་གོ་མིན་ཏང་སྲིད་གཞུང་གིས་ལོ་ངོ་བཞི་བཅུའི་རིང་ཐའེ་ཝན་མི་མང་ལ་དྲག་གནོན་སྡུག་སྦྱོང་བཏང་ཡོད་པ། ལྷག་པར་དུ་ ༢.༢.༨ དོན་རྐྱེན་དང་། ཐའེ་ཝན་རང་བཙན། དཀར་པོའི་དྲག་སྤྱོད་(དཀར་པོའི་དྲག་སྤྱོད་ཟེར་པ་ནི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་པའི་གོ་མིན་ཏང་གིས་ཐའེ་ཝན་ས་སྐྱེ་རྡོ་སྐྱེ་མང་ཚོགས་སྟེང་དྲག་གནོན་བྱས་པའི་བྱ་སྤྱོད་ཀྱི་བརྡ་ཆད་ཅིག་ཡིན་འདུག) གསུམ་གླེང་མི་ཆོག་པའི་བཀག་སྡོམ་བྱས་པ་སོགས་ཐའེ་ཝན་མི་མང་གིས་མུན་ནག་གི་ལོ་ཟླ་བསྐྱལ་ཡོད་པ། ༡༩༨༧ ལོར་གོ་མིན་ཏང་སྲིད་གཞུང་གིས་ཁྲིམས་ཐོག་ནས་དམག་གི་བཀའ་རྒྱ་ཕྱིར་བསྡུ་བྱས་སྟབས། གོང་གི་དོན་རྐྱེན་སྐོར་ཅུང་ཙམ་གླེང་མགོ་ཚུགས་ཡོད་ཀྱང་། མུ་མཐུད་དམ་དྲག་བྱས་རྐྱེན་ ༡༩༨༩ ལོར་རྩོམ་པ་པོ་དང་ཐའེ་ཝན་རང་དབང་འཐབ་རྩོད་པ་ཙི་ནན་རོང་གིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་ཡོད་འདུག

ཁོང་གིས་མུ་མཐུད། ༡༩༨༧ ལོའི་རྗེས་སུ་གོ་མིན་ཏང་གཞུང་གིས་ཅུང་གུ་ཡངས་བཏང་རྗེས་ཐའེ་ཝན་གྱི་ལོ་རྒྱུས་ཐའེ་ཝན་མི་མང་གི་ལག་པར་སླེབས་ཡོད་པ་དང་། དེའི་གོང་དུ་ཐའེ་ཝན་གྱི་ལོ་རྒྱུས་འབྲི་དང་གནད་དོན་གླེང་རྒྱུ་སོགས་རྒྱ་མི་རིགས་དང་ཉི་ཧོང་མི་རིགས་ལས་ཐའེ་ཝན་རང་གི་མིས་ལག་པ་འཆིང་ཆོག་གི་མེད་པའི་གནས་ཚུལ་བྱུང་ཡོད་འདུག  དེ་ནས་རིམ་བཞིན་ཐའེ་ཝན་གྱི་མིས་ཐའེ་ཝན་ལོ་རྒྱུས་འབྲི་མགོ་ཚུགས་ཏེ། ད་ལྟའི་དེབ་ཕྲེང་ ༡༠ དེ་བཏོན་ཐུབ་པ་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་འགྱུར་འགྲོས་དེས་ཐའེ་ཝན་དམངས་གཙོའི་ཐོག་སྐུལ་འདེད་བྱས་ཐུབ་ཡོད་ཅིང་། དེང་སྐབས་རྒྱ་ནག་གིས་རྣམ་པ་སྣ་ཚོགས་ཐོག་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཆད་ཀྱིན་པར་ཁོ་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ། བོད་བཙན་པའི་སྐབས་ནས་བྱུང་པའི་བོད་ནི་དུས་ནམ་ཡང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་སོགས་བརྗོད་དེ། “ལོ་རྒྱུས་ཟེར་པ་དེ་མིའི་རིགས་ལ་དྲན་པ་བརྗེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་” ཅེས་དང་། ལོ་རྒྱུས་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་དེ་རྒྱལ་ཁབ་ཅིག་གི་མི་སེར་གྱི་ངོས་ནས་བཤད་ན་སོ་སོའི་རྣམ་དཔྱོད་དང་བློ་སྒོ་འབྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། ༢.༢.༨ དོན་རྐྱེན་དང་མང་ཚོགས་ལ་འཕྲད་པའི་སྡུག་སྦྱོང་གི་ནམ་ཟླ་དེ་དག་ཐའེ་ཝན་གྱི་རྩོམ་པ་པོ་དང་སྒྱུ་རྩལ་པ། འཆར་འགོད་པ་མང་པོ་ཞིག་གི་བསམ་བློ་དང་སྒྱུ་རྩལ་གྱི་འབྱུང་ཁོངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་རྒྱ་གཞུང་གིས་བོད་ལ་མནར་གཅོད་སྡུག་སྦྱོང་ཡ་ང་བ་བཏང་དང་གཏོང་བཞིན་པ་ནི་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ཞིག་ཏུ་འགྱུར་བར་ཁོ་བོ་ཡིད་ཆེས་ཡོད་པ་དང་། ལོ་རྒྱུས་ཀྱི་སྐྱོ་གར་ནི་སྣང་མེད་དུ་འཇོག་ཆོག་པ་ཞིག་མིན་པར་མི་མང་གི་རྣམ་དཔྱོད་དང་བློ་སྟོབས་སྐྱེད་པའི་རྒྱུ་ཆ་རུ་བེད་སྤྱོད་གཏོང་ཐུབ་པར་བྱ་དགོས་པ། བོད་མི་རིགས་ཀྱིས་ད་བར་མྱངས་པའི་དཀའ་སྡུག་ནི་བོད་རྒྱལ་ཁབ་བསྐྱར་གསོ་ཐུབ་པའི་སྟོབས་ཤུགས་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་མཇུག་སྐྱོང་པ་དང་མུ་མཐུད་པའི་སྟོབས་ཤུགས་ཀྱང་ཡིན་པར་བརྗོད་སོང་།

ཀྲཱང་ཡོན་ཞོན་ལགས་ཀྱིས་ཐའེ་ཝན་དང་བོད་ཀྱི་འབྲེལ་ལམ་གལ་ཆེན་སྐོར་ཐད། ཐའེ་ཝན་ནི་ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་གཅིག་ནང་གལ་ཆེན་ཡིན་པ་ཙམ་མིན་པར། ཐའེ་ཝན་ཟེར་པའི་ས་ཁུལ་དེ་དང་དེའི་གནས་བབས་ནི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་སྟབས། དེ་འདྲའི་གནས་བབས་འོག་བོད་དང་ཐའེ་ཝན་གཉིས་བློས་ཐུབ་ཀྱི་གྲོགས་པོ་བྱ་རྒྱུའི་ཆ་རྐྱེན་ཡོད་པ་དང་། བོད་དང་ཐའེ་ཝན་གཉིས་ས་ཁུལ་སོ་སོ་ཡིན་ཡང་བཙན་བཟུང་པའི་དཀའ་སྡུག་འདྲ་མཚུངས་མྱངས་ཡོད་པས། གལ་ཆེ་ཤོས་དཀའ་སྡུག་གི་ཁྲོད་ནས་ཡར་ལངས་ཐུབ་དགོས་པ་དང་། བོད་མི་རིགས་ཀྱི་རྒྱུ་ནོར་རྩ་ཆེ་ཤོས་དཀའ་སྡུག་འཕྲད་སྐབས་ཀྱི་ལོ་རྒྱུས་ཕྱོགས་སྡོམ་བྱ་རྒྱུ་དེ་ཡིན་ཚུལ་སོགས་བརྗོད་སོང་།

མཐར་གསར་འགོད་པས་ཙི་ནན་རོང་གིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ཞིབ་ཏུ་དྲིས་པར་ཁོང་གིས། ཙི་ནན་རོང་ནི་ཐའེ་ཝན་དུ་སྐྱེས་ཤིང་། ཁོང་གི་ཕ་ནི་གོ་མིན་ཏང་ཐའེ་ཝན་དུ་ཡོང་སྐབས་རྒྱ་ནག་སྐམ་ས་ནས་ཡོང་པའི་རྒྱ་རིགས་ཤིག་ཡིན་པ། ཙི་ནན་རོང་གིས་ཐའེ་ཝན་རང་བཙན་ཡིན་པར་བརྗོད་ཅིང་ ‘རང་དབང་གི་དུས་རབས’ ཞེས་པའི་ཚགས་པར་ཁང་ཞིག་གཉེར་ཏེ། ཚགས་པར་སྟེང་ཐའེ་ཝན་རང་བཙན་དང་། ཐའེ་ཝན་རང་བཙན་བཅའ་ཁྲིམས་ཞེས་པའི་ཡིག་ཆ་དཔར་འགྲེམས་བྱས་པ་སོགས་ཀྱིས། ༡༩༨༩ ཟླ་ ༡ ནང་གོ་མིན་ཏང་སྲིད་གཞུང་གིས་ཁོང་འཛིན་བཟུང་བཀའ་རྒྱ་བཏང་སྟེ། ཁོ་རང་ཉིད་ཀྱི་ཚགས་པར་རྩོམ་སྒྲིག་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ “ངའི་གཟུགས་པོ་ཁྱོད་ཚོས་ཁྲིམས་ཁང་དུ་འཁྱེར་ཐུབ་ཀྱང་། ངའི་སེམས་པ་ཁྱོད་ཚོས་འཁྱེར་ཐུབ་པ་མ་རེད་”ཅེས་བརྗོད་ཡོད་འདུག ལོ་དེའི་ཕྱི་ཟླ་ ༤ ཚེས་ ༧ ཉིན་གཞུང་དམག་རྩོམ་སྒྲིག་ཁང་དེར་འཛུལ་ཏེ་བཙན་འཁྲིད་བྱ་འཆར་སྐབས། ཁོང་གིས་སྔོན་ཚུད་ནས་ས་སྣུམ་ཉལ་ཁྲིའི་འོག་སྦས་སྐུང་བྱས་ཡོད་པ་རང་གི་ལུས་སྟེང་དུ་བླུགས་ཏེ། “ཐའེ་ཝན་རང་བཙན་ཡིན” ཞེས་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དོན་རྐྱེན་དེས་ཐའེ་ཝན་རང་བཙན་ལས་འགུལ་ལ་སྟོབས་ཤུགས་ཆེན་པོ་བསྣན་ཡོད་པ་མ་ཟད། དེང་སྐབས་ཐའེ་ཝན་རང་བཙན་གྱི་མཚོན་རྟགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོབ་བྱུང་།

ཆུ་ཚོད་ ༢ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༣ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༤ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

མཆན། 7

  1. མདུང་ཐུང། says:
    ལོ་ 11 སྔོན།

    བོད་རང་བཙན་དངོས་གནས་ཤིག་རྩོད་ན། ཁྱབ་བསྒྲགས་ཀྱིས་མ་འདང་བའི་དཀའ་ངལ་ཡོད་པ་མ་རེད། རྩོད་སྟངས་དེ་འཚེ་བ་ཡིན་མིན་གཉིས་ཀ་དང་རང་སྲོག་ཀྱང་གློད་དང་མ་གློད་གཉིས་ཀ་ཡོང་ན་ལྟ་ས་ཞིག་ཡོད་པ་རེད།

    གཞན། ཐའེ་ཝན་ས་ཁོངས་ཧྲིལ་བོའི་ས་ཁྲའི་དཀྱིལ་དུ་བོད་ཀྱི་དར་ཆ་བཞག་འདུག་པ་དེ་ཚོ་གཟབ་གཟབ་བྱས་མ་གཏོགས། རྒྱ་འདི་བ་ཚང་གིས་ནམ་ཞིག་བེད་སྤྱོད་ལོག་པར་གཏོང་གི་རེད་གདའ། གཟབ་གཟབ་བྱོས།།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    ལག་སྟོང་ཁུག་སྟོང་གསར་འབྱོར་ལས་ངན་ལས།།
    ཁ་སྟོང་ཚིག་སྟོང་མང་ན་འཇོན་ཐང་ཡིན།།
    ངན་ངོན་འཚོ་བས་མི་ངོ་འཚོ་བ་ལས།།
    རབ་རིབ་བོད་དོན་བཤད་ན་བཟའ་བཏུང་རེག།

    Reply
  3. གནས་ཚང་། says:
    ལོ་ 11 སྔོན།

    ཚོགས་པ ༡༡ ཡང་བསྐྱར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་དཔོན་རིགས་དེ་གནས་དབྱུང་གཏོང་རྒྱུ་དང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་བདེ་སྐྱིད་མེད་ཀི་ཟེར་མཁན་ཚོར་ཁ་རྡུང་གཏོང་རན་པ་མ་རེད་དམ།

    ཡིན་ནའི། ཆོས་དབྱིངས་སྐྱིད་མཆོད་མཇལ་ལ་འགྲོ་བཞིན་པ་དེ་ཆོས་དད་རང་མོས་ཡོད་རྟགས་སུ་དྲུད་ཡོང་བ་དེའང་བོད་རང་བཙན་པས་ཨོ་རྩེད་བེད་སྤྱོད་བཏང་བ་དང་གཅིག་མཚུངས་མ་པས། སྤྱང་པོ་ཞེ་བོ་འདུག

    Reply
  4. མི་ཆུང་། says:
    ལོ་ 11 སྔོན།

    གསར་འགྱུར་འདིའི་ནང་དོན་ལ་འགྲེལ་ཇི་ལྟར་བྱེད།

    བོད་རང་བཙན་པས་ཡང་བསྐྱར་ཨོ་རྩལ་འགྲན་ཚོགས་བེད་སྤྱད་ནས་བོད་དོན་གླེང་བ།
    སྤེལ་དུས། 2012-09-05   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཀོ་ཧྲེང་།

    ༢༠༡༢ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་ནས་དུས་ཡུན་ངེས་ཅན་ཕྱིན་ཞིང་། ཀྲུང་གོའི་ལུས་རྩལ་བས་ཨོ་རྩལ་འགྲན་ཚོགས་སྟེང་གི་འབད་པ་དང་བྱ་དགའ་བླངས་པའི་ངོ་མཚར་བའི་རྣམ་པས་མི་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་བཞག དེ་ལྟར་ཡིན་མོད། བོད་རང་བཙན་པས་ཨོ་ལིན་ཕིག་གི་དགོངས་དོན་དར་སྤེལ་བྱེད་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ་དེའང་ཤོར་དུ་མི་འཇུག་པར་དེ་བེད་སྤྱོད་བྱེད་ཀྱི་འདུག

    ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་ལ་ཉེ་བའི་སྐབས། ཀྲུང་གོའི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ༢༠ཅན་གྱི་གོམ་བགྲོད་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་ནས་བོད་རིགས་ཀྱིས་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ལེན་པའི་ཟིན་ཐོ་གསར་བ་བཏོད། དབྱིན་ཇིའི་གསར་འགྱུར་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཆོས་དབྱིངས་སྐྱིད་ཀྱིས་བྱ་དགའ་བླངས་པ་དེས་བོད་མི་རྣམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་བྱིན་ཞིང་། ཀྲུང་གོ་བ་མི་ཉུང་བས་ཆོས་དབྱིངས་སྐྱིད་ཀྱིས་འགྲན་བསྡུར་བྱེད་སྐབས་ལག་ཏུ་རྒྱལ་དར་བཟུང་ནས་ཁོང་མོ་ལ་ཤུགས་རྒྱོབས་ཞེས་སྐད་བསྒྲགས་པའི་དུས་མཚུངས་སུ་བོད་རང་བཙན་པ་འགའ་ཤས་ཀྱིས་ཀྱང་ལག་ཏུ་བོད་རང་བཙན་པའི་དར་ཆ་བཟུང་ནས་སྐད་འབོད་བྱས་འདུག ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྐད་གསལ་བོ་ཐོས་ཀྱང་ཕན་ཚུན་སྣང་མེད་ངང་རང་གི་སྐད་བསྒྲགས་པ་རེད། གསར་འགོད་པས་ཆོས་དབྱིངས་སྐྱིད་ལ་དེའི་སྐོར་གྱི་ཚོར་སྣང་འདྲི་སྐབས། ཆོས་དབྱིངས་སྐྱིད་ཀྱིས་དེའི་སྐོར་ལ་ལན་ཅི་ཡང་འདེབས་ཀྱི་མིན་ཞེས་བརྗོད་བྱུང་།

     བྱ་དགའ་ཐོབ་པ་ནི་མ་གཞི་དགའ་འོས་པའི་ལས་ཤིག་ཡིན་མོད། ཡིན་ནའང་མི་རེ་འགས་དོ་སྣང་བྱེད་ཡུལ་བྱ་དགའ་མ་ཡིན་པར་མི་བཤད་དགུ་བཤད་བྱས་པའི་རྒྱུ་མཚན་ནམ་དམིགས་ཡུལ་ཡང་སྙིང་ཅི་ཡིན་ཞེ་ན།

     བཙན་བྱོལ་བོད་གཞུང་གི་སྲིད་དོན་པ་ཞིག་གིས་དེའི་སྐོར་ལ་འདི་སྐད། ཆོས་དབྱིངས་སྐྱིད་ཀྱིས་ནུས་ཤུགས་ཡོད་རྒུ་ཕུད་ཡོད་ཐག་ཆོད་ཡིན། ཡིན་ནའང་ཁོང་མོས་རང་དབང་གི་བོད་མཚོན་མི་ཐུབ་པར་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་ཅིང་། དེ་རྗེས་སླར་ཡང་བོད་རང་བཙན་པས་དེའི་སྐོར་ལ་འདི་ལྟར། ཀྲུང་གོས་ཚབ་མི་བྱེད་རང་བྱེད་བྱུང་བའི་བོད་ཀྱི་ཨོ་རྩལ་འགྲན་ཞུགས་པ་རྣམས་ལ་བདེ་སྐྱིད་ངོ་མ་ཡོད་མི་སྲིད་ཅེས་གཏམ་བརྗོད་སྤེལ་ཡོད་པ་རེད། ངས་མི་དེ་རྣམས་ལ་འདྲི་བསམ་པ་ནི་ཁྱེད་ཅག་གིས་ཅི་ལྟར་བྱས་ནས་ཁོང་མོ་བདེ་སྐྱིད་མིན་པ་ཤེས་བྱུང་། ཁྱེད་ཅག་གིས་ཁོང་མོས་བརྗོད་ཡོད་པའི་སྐད་ཆ་ལ་ཉོན་དང་།

      ཆོས་དབྱིངས་སྐྱིད་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་འདི་སྐད། ང་རང་ ཁྱིམ་ཚང་ནང་གི་ཡོད་ཚད་ལ་བློ་ཚིམ་གྱི་ཡོད་ལ། འབྲོག་པ་ཞིག་ཡིན་པའི་ཆ་ནས་དངོས་པོའི་ཆ་རྐྱེན་གཞན་དང་བསྡུར་ན་སྤྱིར་བཏང་ཙམ་ཡིན་ནའང་། ང་རང་བདེ་སྐྱིད་དང་ལྡན་ཞེས་དང་། ང་ནི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་བོད་རིགས་ཐོག་མ་ཡིན་པའི་ཆ་ནས་ཧ་ཅང་གཟི་བརྗིད་ཆེ་ཞིང་རྗེས་ཕྱོགས་བོད་རིགས་སྔར་ལས་མང་པོས་ལུས་རྩལ་བྱ་འགུལ་གཉེར་བའི་རེ་བ་ཡོད་ཅེས་བཤད། ཁོང་མོ་ལོན་ཏོན་དུ་མ་ཡོང་གོང་མཆོད་མཇལ་དུ་ཕྱིན་ཡོད་ལ། ཁོང་མོས་བརྗོད་པ་ལྟར་ན་གང་ན་ཕྱིན་ཡང་མཆོད་མཇལ་དུ་འགྲོ་གི་ཡོད་པ་རེད།

     ཆོས་དབྱིངས་སྐྱིད་ཀྱི་བྱ་དགའ་ཐོབ་རྗེས་ཀྱི་དགའ་སྤྲོས་ཁེངས་པའི་ངོ་གདོང་ལས་མཐོང་ཐུབ་པ་ནི་ཁོང་མོས་འགྲན་བསྡུར་ལེགས་པོ་བྱས་ནས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བ་དང་། རང་དབང་ངང་ཆོས་ལ་དད་པ་བྱེད་པ་ལས་བྱ་བ་གཞན་ལ་དོ་སྣང་བྱེད་བསམ་གྱི་མེད་པ་རེད།

      བོད་རང་བཙན་པས་རྒྱལ་སྤྱིའི་བྱ་འགུལ་ཆེ་ཤོས་གང་ཡང་ཤོར་དུ་མི་འཇུག་པར་བོད་རང་བཙན་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། མིག་སྔར་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་དང་བསྟུན་ནས་ཁོ་ཚོ་ཡང་ཁ་རོག་གེར་གྱུར་འདུག ཏཱ་ལའི་རུ་ཚོགས་ལ་ཁ་ཏ་ཞིག་བྱེད་རྒྱུ་ལ། རྗེས་ཕྱོགས་སུ་ཆབ་སྲིད་ཀྱིས་ལུས་རྩལ་ལ་བར་ཆད་མི་བཟོ་རྒྱུ་དང་། ལུས་རྩལ་བེད་སྤྱད་ནས་དགོད་བྲོ་བའི་བྱ་བ་མི་སྒྲུབ་རྒྱུ་ཞེས་པ་དེའོ།།

    Reply
  5. མི་ཆུང་། says:
    ལོ་ 11 སྔོན།

    བཟང་མོད། འོན་ཀྱང་ང་ཚོར་ཆང་དང་། བུད་མེད། སྒོར་མོ་གསུམ་གྱིས་བསླུ་མི་ཐུབ་པའི་མི་དཀོན་ཚོད་འདུག་པས། བློ་ཕམ་རེད།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 11 སྔོན།

    གཏམ་བཟང་ངོ་། ཐེ་ཝན་དང་བོད་ཉི་ཧོང་གསུམ་མཉམ་འབྲེལ་གྱི་ལག་གདང་སྦྲེལ་དགོས་པ་རེད་ལ་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་བཟོ་དགོས་ངེས་རེད། བོད་འདི་རྒྱལ་ཁབ་ཆུང་ཆུང་འདི་གཉིས་ཀྱི་མཁར་བ་ལ་བརྟེན་ནས་འགྱེལ་ས་ནས་ལང་ཐབས་བྱས་ན། ནམ་ཞིག་ཆུ་ཁུངས་མཐོ་སྒང་ལ་བརྟེན་སྡད་པའི་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁབ་མང་ཆེ་བ་དེ་ཚོ་བོད་ལ་རྒྱབ་སྐྱོར་མ་བྱེད་རང་བྱེད་ཆགས་ཀྱི་རེད་ལ་རྒྱ་ནག་གིས་ཆུ་གཏོང་ཚོད་འཛིན་ལ་འདོད་མོས་མེད་པ་དེ་རང་བཞིན་གྱིས་ཕྱིར་མངོན་ཡོང་གི་རེད། སྐབས་དེ་དུས་རང་བཞིན་ལྡན་པའི་གོ་སྐབས་ཤར་སྲིད་པས་དུས་ད་ལྟ་ནས་བོད་འདི་རྒྱལ་ཁབ་གཅིག་གི་ངོ་བོར་གནས་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད།

    Reply
  7. གསེར་སེར་པོ། says:
    ལོ་ 11 སྔོན།

    རྫུན་སྐྱག་གཡོ་རྒྱུ་མིན་ན་བཟང་མོད་ཀྱང་།།
    སྒྲོག་འུར་བསྒྲགས་གཏམ་མིན་ན་དེ་ལས་བཟང་།།
    ཙམ་འཁྱུགས་འགུལ་མིན་རང་བཙན་ལེན་སྟངས་ཅིག །
    རབས་རྒྱལ་མངོན་བྱུང་གཏམ་རྒྱུད་གང་དུ་གསལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist