མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད་ཀྱང་ཕྱོགས་ཡོངས་ཀྱི་གནས་བབ་མང་དག་ཅིག་ལ་བསྟུན་དགོས་སྐོར་སོགས་གསུངས་སོང་། 

༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་བཅས་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཞོགས་པར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་བཀའ་ཤག་ལྷན་རྒྱས་དང་། བོད་མི་མང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་མཇལ་ཁ་བསྩལ་ཡོད་ཅིང་། མཇལ་ཁའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་འཛིན་སྐྱོང་བཀའ་ཤག་གི་སྲིད་སྐྱོང་དང་བཀའ་བློན་རྣམས་ལ། ད་ང་ཚོའི་མི་རབས་གསར་པ་རྣམས་བསླེབས་པ་རེད། ད་ལྟ་བོད་ཀྱི་གནས་ཚུལ་དེ་འཛམ་བུ་གླིང་གི་སྒང་ལ་གསལ་དུ་གསལ་དུ་ཕྱིན་པའི་ཟོལ་ཞིག་དང་། མང་པོ་ཞིག་གིས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་དེ་དངོས་གནས་ཆ་འཇོག་འཕེལ་བ་ཞིག་ཏུ་རྩིས་ནས་ཚང་མས་དགའ་པོ་བྱེད་ཀྱི་འདུག་གཱ ང་མདོ་སྨད་སྐུ་འབུམ་ནས་སྐྱེས་པའི་མི་འདིས་བོད་བསྟན་སྲིད་ཀྱི་དོན་དུ་འགན་ཞིག་ཁུར་ནས་བྱས་རྗེས་དང་ཕན་ཐོགས་ཞེ་དྲགས་ཡག་པོ་བྱུང་སོང་། ད་དུང་ཡང་ངོས་རང་གི་སྙིང་སྟོབས་ཞུམ་པ་མེད། དངོས་གནས་དྲང་གནས་བོད་བསྟན་སྲིད་ཀྱི་བདེ་དོན་མཐར་ཐུག་བར་དུ་ངོས་རང་གིས་བསྒྲུབ་བསམ་བསྡད་ཡོད། ཐུགས་རྗེ་ཆེ། ཞེས་གསུངས་འདུག

མཇལ་ཁ་གྲུབ་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཙོ་བོ་གཞིར་བཞག་ནས། བཅའ་ཁྲིམས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས།  ལྷག་པར་བོད་ནང་ལ་ཡོད་པའི་བོད་མི་རྣམས་ཀྱིས་དཀའ་ངལ་མང་པོ་ཞིག་མྱོང་གིན་ཡོད་པ་རྣམས་ལ་དཀའ་སེལ་གྱི་ཐབས་ལམ་ག་རེ་བསྟན་དགོས་རུང་། ང་ཚོས་རང་ནུས་གང་ལྕོགས་ཀྱི་ནུས་པ་གདོན་རྒྱུའི་དམ་བཅའ་བརྟན་པོ་ཡོད། དེ་བཞིན་དེ་རིང་ཞོགས་པར་དབྱར་གསོལ་ཞེས་ལོ་ལྟར་གཞུང་འབྲེལ་གྱིས་གནས་ཆུང་སྤྱན་འདྲེན་ཞུ་ཡི་ཡོད་པ་དེའང་། དེ་རིང་ཞོགས་པའི་ཆུ་ཚོད་བདུན་པར་སྤྱན་འདྲེན་ཞུས་ནས། འདས་པའི་ཉིན་ཤས་རིང་ལ་མ་འོངས་པར་ཁ་ཕྱོགས་བཟང་ཕྱོགས་སུ་འགྲོ་ཐུབ་རྒྱུར་རྟགས་དང་རྟེན་འབྲེལ། བླ་མའི་ཐུགས་རྗེ་བྱིན་རླབས། ལྷ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་གྲོགས་དང་འཕྲིན་ལས་ཡོང་རྒྱུར་རྟེན་འབྲེལ་བཟང་པོ་ཞིག་འདུག ཅེས་གསུངས་སོང་། 

ཁོང་གིས། ང་ཚོ་མི་རྣམས་འཆུག་ནས་ཕན་ཚུན་འཁོན་འཛིན་དང་བསམ་བློ་གུ་དོག་པོ་བཏང་ནས་བསྡད་པ་ཡིན་ན། ང་ཚོར་མུ་མཐུད་དུ་དཀའ་ངལ་འཕྲད་ཀྱི་རེད། དེ་ལས་བསམ་བློ་རྒྱ་ཆེ་ཙམ་ཐོངས། བོད་སྤྱི་པའི་རྩ་དོན་ལ་བསམ་བློ་བཏང་ནས་བོད་རིགས་ཡོད་དོ་ཅོག་མཉམ་གཅིག་ཏུ་སྤུངས་ཐུབ་པ་ཡིན་ན། ང་ཚོས་ལས་ཀ་གང་བྱས་པ་ཡིན་ན། སྐད་ཆ་ག་རེ་བཤད་པ་ཡིན་ན། དེ་ཁ་གཏད་ལ་ཕན་གྱི་འདུག་གམ། སོ་སོ་ལ་ཕན་མིན་བསམ་བློ་གཏང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། དེ་འདྲ་ཞིག་ཡོང་བ་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནང་བཞིན་གྱི་དབུ་འཁྲིད་ཅིག་བྱུང་བ་དང་། དབུ་འཁྲིད་དེ་འདྲ་ཞིག་གི་འོག་ནས། འཐབ་རྩོད་དང་སྒྲིག་འཛུགས་ཀྱི་འགྲོ་སྟངས་སོགས་ཚང་མ་ཚད་ལྡན་ཞིག་བཟོས་གནང་ཡོད་པས། ང་ཚོ་སྐལ་བ་བཟང་པོ་ཞེ་དྲགས་རེད། ཅེས་གསུངས་སོང་། 

༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་བཅས་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཡང་སྲིད་སྐྱོང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད་པ་ནི་དངོས་ཡོད་ཀྱི་གནས་སྟངས་རེད་ལ། ལོ་མང་པོའི་སྡོན་ནས་གསལ་པོ་རེད་དེ་གནས་སྟངས་མང་པོ་ཞིག་ལ་རག་ལས་ཀྱི་ཡོད་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་ཡོད་པ་དེ་མངོན་གསལ་གནང་གི་ཡོད་རེད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ག་རེ་གནང་གི་ཡོད་ནའང་། དེ་དག་ཚང་མ་ལྷག་བསམ་རྣམ་དག་གི་ཐོག་ནས་བཀའ་གནང་གི་ཡོད་པ་ལས། དེའི་རྒྱབ་ལྗོངས་ལ་སྲིད་ཇུས་དང་ཆབ་སྲིད་གང་ཡང་ཡོད་མ་རེད་དེ། རྒྱ་ནག་གཞུང་གིས་ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཆིབས་བསྒྱུར་གནང་བ་ཡིན་ན། བོད་ནང་ལ་གཏན་འཇགས་བཞུགས་དགོས་ལུགས་ལབ་ཀྱི་ཡོད་རེད། ལོ་མང་སྔོན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་བོད་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ན། ངོས་རང་བོད་ལ་འགྲོ་ཡི་ཡིན། འོན་ཀྱང་། ངོས་རང་བོད་ལ་བསྡད་ཐུབ་ཀྱི་མ་རེད། ངོས་རང་ཤི་བ་ཡིན་ནའང་། རྒྱ་གར་གྱི་གྲོགས་པོ་ཚོ་དང་མཉམ་དུ་བསྡད་ནས་ཤི་རྒྱུའི་འདོད་པ་ཡོད། ཅེས་བཀའ་གནང་བ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་ད་ལྟའང་སྐུ་གཟུགས་ཀྱི་གནས་བབ་ཀྱི་ཐོག་ནས་བོད་ལ་ཆིབས་བསྒྱུར་གནང་ཐུབ་རྒྱུ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གནས་གཟིགས་དང་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད་ན། ང་ཚོས་འབད་བརྩོན་བྱ་ཆོག་གི་རེད་དེ། ད་ལྟ་རྒྱ་ནག་གཞུང་གི་མཁྲེགས་བཟུང་དང་། རྒྱ་ནག་གི་ཆ་རྐྱེན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་བཞུགས་དགོས་ཟེར་ན་ཡོང་ཐབས་མེད་པ་རེད། དེ་འདྲ་སོང་ཙང་དེ་ནི་གནས་སྟངས་མང་པོ་ཞིག་ལ་བལྟས་ནས་རེད་མ་གཏོགས། དེང་སང་སྤྱི་ཚོགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་མ་སོང་ཟེར་བ་དང་། བོད་རྒྱའི་འབྲེལ་མོལ་མགོ་བཙུགས་མ་སོང་ཟེར་ནའང་། གནས་སྟངས་མང་པོ་ཞིག་ང་ཚོའི་ལག་ཏུ་ཡོད་ན་ང་ཚོས་བྱ་རྒྱུ་རེད། ད་བར་མི་ལོ་དྲུག་ཅུ་རེ་དྲུག་དེ་འདྲ་བྱས་ནས་ལྷག་པ་རེད་མ་གཏོགས། ང་ཚོས་འཛམ་བུ་གླིང་གི་གནས་སྟངས་ཞིབ་འཇུག་དང་འཛམ་གླིང་གི་འགྱུར་འགྲོས་དང་བོད་ཀྱི་གནས་སྟངས། རྒྱ་ནག་གི་གནས་སྟངས་དང་། བོད་ནང་གི་གནས་སྟངས་སོགས་ལ་བལྟས་ནས་གོམ་པ་བརྒྱག་དགོས་རེད། ཅེས་གསུངས་སོང་། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ། 

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

སྐར་མ ༥༩ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese