མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་འདུ་ཤེས་བསྐྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ཆར་བཙན་བྱོལ་བོད་པའི་དམངས་གཙོའི་སྒྲོམ་གཞི་ལ་ཆ་ལག་ཡོངས་སུ་རྫོགས་པ་ཚང་ཡོད་ན། ད་ནས་ང་ཚོས་སེམས་པ་རྩེ་གཅིག་གིས་དམངས་གཙོའི་དམིགས་རྣམ་བསྐྱངས་ཏེ་དམངས་གཙོའི་འདུ་ཤེས་བསྐྱེད་དགོས་ཀྱི་འདུག

    བཙན་བྱོལ་བོད་མིའི་དམངས་གཙོ་འདི་དགུང་ལོ་ང་གཉིས་ལ་སོན་ཡོད། གལ་སྲིད་མི་ཞིག་ཡིན་ན་གཞོན་པ་ནས་དར་མ་དང་དར་མ་ནས་རྒན་པའི་གྲས་སུ་གོམ་པ་སྤོས་ཡོད། ཉེ་ཆར་དམངས་གཙོའི་དུས་དྲན་ཉིན་མོར་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དམངས་གཙོའི་ཆ་ལག་ཡོངས་སུ་རྫོགས་པ་བཙུགས་ཐུབ་པ་བྱུང་ཡོད་ཟེར། ཆ་ལག་ཡོངས་སུ་ཚང་བ་ཙམ་གྱིས་དམངས་གཙོའི་སྤུས་ཚད་འཇལ་མི་ཐུབ་ལ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་འཛམ་གླིང་དམངས་གཙོའི་འཕེལ་རིམ་ཁྲོད་དུ་བོད་པའི་དམངས་གཙོ་འདི་ད་དུང་བྱིས་པ་དམར་འབྱར་ཞིག་དང་། དེང་རབས་དམངས་གཙོའི་རྒྱལ་ཁབ་ཁག་གི་ཁྲོད་ནའང་བོད་མིའི་དམངས་གཙོ་འདི་ལོ་ན་ཧ་ཅང་གཞོན་གཞོན་ཡིན། གཞོན་ཉམས་དོད་པའི་དམངས་གཙོ་འདིས་མཚམས་རེར་ཧོལ་རྒྱུག་ཐོད་རྒལ་དང་། སྐབས་རེར་རྙིང་ཞེན་མཁྲེགས་འཛིན་གྱི་སྤྱོད་པ་ཡ་མ་བརླ་སྟོན་པའང་ཆོས་ཉིད་ཡིན།

    སྤྱི་ཚོགས་ཤིག་གི་དམངས་གཙོའི་སྤུས་ཀ་གླེང་ན། སྤྱི་ཚོགས་དེའི་རིམ་པ་ཁག་གི་དམངས་གཙོའི་སྒྲོམ་གཞི་གྲུབ་སྟངས་དང་། མི་མང་སྤྱི་བྱིངས་ནང་དམངས་གཙོ་ལག་ལེན་བསྟར་ཕྱོགས། གང་ཟག་སྒེར་རེ་རེའི་དམངས་གཙོའི་འདུ་ཤེས་བཅས་ལ་བལྟ་དགོས། ང་ཚོར་སྒང་ནས་ཁྲིམས་དང་སྒྲིག་གཞིས་དམངས་གཙོ་མ་སྤྲད་པའི་དཀའ་ངལ་ཡེ་ནས་མེད། མགོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་གཞུག་ཚོགས་པ་ཁག་གི་སྒྲིག་གཞིའི་བར། ཡིག་ཐོག་ན་ང་ཚོར་དམངས་གཙོ་ཁྲ་ཆིལ་ལེར་འོད་ཆེམ་མེར་ཡོད་ཀྱང་། གང་ཟག་སྒེར་བའི་རྒྱུད་ན་དམངས་གཙོའི་སྨྱུ་གུ་འབུས་སའི་ཞིང་ས་གཤིན་པོ་མེད་སྟབས། སྤྱི་ཚོགས་ལག་ལེན་ཁྲོད་ན་ཁྲིམས་དང་སྒྲིག་གཞི་ལས་ལམ་དང་ལུགས་སྲོལ་གཙོ་བའི་སྟོང་ཆ་ཆེན་པོ་ལྷག་ཡོད།

    ཡིག་ཐོག་གི་དམངས་གཙོའི་བཅའ་སྒྲིག་སྦོམ་བཤད་ལས་མི་སྒེར་གྱི་དམངས་གཙོའི་གཤིས་ཀ་བྱེ་བྲག་གིས་སྔོག་ན། བཙན་བྱོལ་སྤྱི་ཚོགས་འདི་མི་སྣ་བཞི་ལས་གྲུབ་པར་ངོས་འཛིན་བྱས་ཆོག ལྔ་བཅུ་དང་དྲུག་ཅུ་རེ་གྲངས་ནང་བཙན་བྱོལ་ལ་ཐོག་མར་འབྱོར་བའི་བོད་མི་རྙིང་ཞེན་ཅན་སྐོར་ཞིག་དང་། དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་པ་སྐོར་ཞིག དེ་བཞིན། བོད་ནས་ཕྱིས་སུ་འབྱོར་བའི་རྒྱ་ནག་དམར་པོའི་སློབ་གསོ་ཐོབ་པ་སྐོར་ཞིག་དང་། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་སྟེ་ཕྱི་ཕྱོགས་ཀྱི་སློབ་གསོར་བག་ཆགས་ཕྲན་བུ་ཡོད་པ་སྐོར་ཞིག་ཡིན། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་དམངས་གཙོའི་གཤིས་ཀ་ལྡན་པར་ཆ་འཇོག་བྱེད་དགོས་མོད། ཕྱི་མ་ཕྱི་མར་སྔ་མ་སྔ་མའི་བག་ཆགས་རྔམས་མཐུག་ཅིང་གཏིང་ཟབ་ལ། མི་སྒེར་གྱི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཚུན་ལའང་དམངས་གཙོ་སྐྱ་ཟད་སྔོ་གཏུགས་ཆགས་ཡོད།

            ང་ཚོས་ནམ་རྒྱུན་བཙན་བྱོལ་བོད་མིའི་ཐུན་མོང་མ་ཡིན་པའི་དམངས་གཙོའི་ལམ་བཟང་ཞེས་སྒྲོག་གི་ཡོད་ལ། བསྒྲགས་ཀྱང་ལོས་ཆོག བོད་མིའི་དམངས་གཙོ་འདི་བྱུང་རབས་དང་ལྟ་བ། ལག་ལེན་གསུམ་ཐད་ནས་གཞན་དང་མི་འདྲ་ཀུན་དང་མི་མཚུངས་པ་ཞིག་ཡིན། ༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བའི་དམངས་གཙོའི་བྱུང་རིམ་ཐུན་མོང་མ་ཡིན་པ་ཞིག་དང་། ནང་པའི་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་དམངས་གཙོའི་ལྟ་བ་ཐུན་མོང་མ་ཡིན་པ་ཞིག རང་གི་ལུང་པ་མེད་པར་གཞན་དབང་སྟབས་བསྟུན་འོག་གི་དམངས་གཙོའི་ལག་ལེན་ཐུན་མོང་མ་ཡིན་པ་ཞིག་ཡོད། འོན་ཀྱང་ཐུན་མོང་མ་ཡིན་པ་ཟེར་བའི་ཚིག་ཟིན་ན་གཞན་ལས་ལེགས་པོ་ཡིན་པའི་ནང་དོན་མེད་ལ། ཐུན་མིན་གྱི་ཁྱད་ཆོས་འདི་དག་གིས་དམངས་གཙོ་ཡང་དག་པར་མཐུན་སྣང་ཡང་མི་གྲུབ་བོ།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese