མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ལ་ཞུ་འབོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༣ ཉིན་གཞོན་ནུ
འི་དབུས་རྒྱུན་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མགོ་འཛུཊ་གནང་སྐབས་རྒྱ་གར་ཉེན་རྟོག་པས་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་ཀྱང་། ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་ནས་བཟུང་ལས་འགུལ་མུ་མཐུད་ཐུབ་པ་བྱུང་སྟེ་དེ་རིང་བར་ཉིན་ ༩ འགྲོ་བཞིན་ཡོད་འདུག  

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུའི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་སུ། ད་ལྟའི་ཆར་ཟས་བཅད་ངོ་རྒོལ་བ་གསུམ་གྱི་གཟུགས་པོའི་གནས་སྟངས་དྲིས་པར་ཁོང་གིས། “ ད་ཆར་ཁོང་ཚོའི་གཟུགས་པོའི་གནས་སྟངས་སྐྱོ་རུ་ཕྱིན་ཏེ་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀེ་ལོ་ ༩ དང་། སྤེན་པ་ཚེ་རིང་ལགས་ཀེ་ལོ་ ༧ །  འཇིཊ་མེད་ལགས་ཀེ་ལོ་ ༦ བཅས་མར་ཆགས་འདུག  སྤྱིར་ན་ཟས་བཅད་མགོ་འཛུགས་གནང་སྟེ་དུས་ཚོད་རིང་པོ་ཕྱིན་མེད་ཀྱང་། ཉེ་སྔོན་རྒྱ་གར་ཉེན་རྟོག་པས་ཁོང་ཚོར་དཀའ་ངལ་ཡང་ཡང་བཟོས་སྟབས། ད་ཆར་ཉིན་ ༡༥ ལྷག་འགོར་བ་ལྟ་བའི་གནས་སྟངས་ཆགས་འདུག” ཅེས་བརྗོད་བྱུང་།  

གཞོན་ནུ་ལྷན་ཚོགས་ཀྱིས་ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱལ་ཁབ་ ༥༡ ཙམ་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་ཟས་བཅད་ངོ་རྒོལ་བའི་གནས་སྟངས། དེ་བཞིན། ཟས་བཅད་ངོ་རྒོལ་གྱི་དགོས་འདུན་ཁག་བཅས་ཀྱི་ཞུ་སྙན་ཕུལ་ཡོད་པ་དང་། དེ་རིང་ཉིན་གུང་ཆུ་ཚོད་ ༡༡ ཡས་མས་སུ་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ལ། རྒྱལ་ཚོགས་དྲུང་ཆེ་བྷེམ་ཀེ་མོན་མཆོག་དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེ་བཅས་ཀྱི་མཚན་ཐོག་ཏུ། སྔོན་མའི་ཟས་བཅད་ངོ་རྒོལ་ལས་འགུལ་སྐབས་ཁས་ལེན་ཞུས་པའི་དགོས་འདུན་ཁག་དང་། ད་རེབ་ཀྱི་དགོས་འདུན་ཁག་ལག་བསྟར་ཡོང་ཆེད་སྙན་ཞུ་ཕུལ་ཡོད་པ་མ་ཟད། གཞོན་ནུའི་ཚོགས་མི་ ༣༠ མ་ཟིན་ཙམ་གྱིས་ཁེན་ཁྲོམ་ར་ ( KHAN MARKET) ནས་མགོ་བཙུགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་བར་རྐྱང་ཕྱག་འཚལ་ཏེ་ལས་འགུལ་ཞིག་སྤེལ་ཡོད་འདུག སང་ཉིན་ལྡི་ལིར་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཡན་ལག་ལས་ཁུངས་ལ་སྙན་ཞུ་འབུལ་རྒྱུ་དང་། མི་མང་མཉམ་འཛོམས་ཐོག་ཞུ་འབོད་ཀྱི་ལས་འགུལ་ཞིག་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་གཞོན་ནུའི་ས་གནས་ཁག་ཚང་མས་དུས་གཅིག་ཏུ་ཞུ་འབོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ང་ཚོའི་རྒྱལ་རབས་ནང་ལ། མདང་སྐྱེས་བུ་ལ་སོ་སྐྱེས་འདུག་ཀྱང་། ཞེས་པ་ལྟར། ཁ་སང་འདི་མདང་ལ་བཅོས་དགོས་མི་འདུག་གམ།

    Reply
  2. ཤག་སྒང་པ། says:
    ལོ་ 10 སྔོན།

    ཟས་བཅད་ཚོགས་རྭ་འདིའི་རྒྱལ་དར་དང་ཚོགས་དར་གཉིས་ཀྱི་དབུས་དཀྱིལ་དུ་བཞུགས་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞིག་ནན་གྱིས་ཅེར་ནས་ཞལ་སློབ་དྲོད་མོ་གང་གནང་ལ་མནོ་བསམ་ལེགས་པོ་ཐོངས་ཤིག་བློ་ལྡན་ཚོགས།

    Reply
  3. ཤག་སྒང་པ། says:
    ལོ་ 10 སྔོན།

    ལག་བསྟར་དངོས་གཞིར་ཞུགས་པའི་ལས་འགུལ་འདིར་ཡི་རང་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ།

    འདི་ལས་གལ་གནད་ཆེ་བ་ནི།

    ཁ་སྔོན་༸གོང་ས་མཆོག་ནས་ལ་དྭགས་དང་ཨཱི་ཊ་ལིར་གནང་བའི་བཀའ་སློབ་ཀྱི་སྙིང་དོན་ལ་དཔྱད་ཞིབ་ནན་མོ་ཛ་དྲག་དགོས་པར་མཐོང་།།

    ཡོད་ཚད་ཀྱི་མངའ་བདག་འདི་ཕྱིའི་སྐྱབས་གནས་དམ་པ་༸རྒྱལ་བ་དགོངས་པ་ཚོམ་མི་ཉན་པར་སོམས་ཤིག་རིགས་ཀྱི་བློ་རྒོད་དག

    Reply
  4. མྱི་དཀར says:
    ལོ་ 10 སྔོན།

    གཞོན་ནུ་ཚོགས་པ་ལ་ཐུགས་རྗེ་ཆེ་བོད་མི་ས་ཡ་དྲུག་གི་རེ་བ་ཆེ་ས་སྟེ་ཁྱེད་རང་ཚོ་རེད་མུ་མཐུན་ནས་འབད་བརྩོན་གནང་རོགས་ཁྱེད་རང་ཚོ་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist