མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་སྤྲུལ་ཚོ་བེད་སྤྱོད་གཏོང་སའི་ལམ་ཁ་རྙིང་བ་དེ་ད་དུང་ཡོད་པ་ཧ་གོ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp


མི་འགྱངས་པར་བཞུགས་སྒར་དུ་འཚོགས་འཆར་གྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་ཏེ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས།  

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། བསམ་བློའི་ཆ་ནས་བོད་ནང་གི་དཀའ་ངལ་དང་། ཛ་དྲག་རང་བཞིན་དེ་ང་ཚོའི་སེམས་ཤུགས་ཀྱི་འབྱུང་ཁུངས་ཡིན་དགོས་པ་ལས། གཞིས་ལུས་མི་མང་གི་འཐབ་རྩོད་ལ་ཕྱི་ལོགས་ན་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱེད་མཁན་དང་། གདུང་སེམས་བྱེད་མཁན་ཡོད་པ་དེ་ཚོ་གཞུང་སྒེར་གང་རུང་གིས་བེད་ལོག་གཏོང་མི་རུང་བ་མ་མཐའི་ཆ་རྐྱེན་རེད། གཉིས་པ། སྲིད་བྱུས་ཀྱི་ཆ་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱ་ཕྱོགས་ཐད། བོད་གཞིས་བྱེས་གཉིས་ནས་རང་བཙན་གྱི་དམ་བཅའ་སེམས་ལ་དམ་པོར་ཉར་ཏེ། རྒྱ་གཞུང་ལ་མི་བསྟུན་པའི་འཐབ་བྱུས་འཛིན་རྒྱུ་གཙོ་འདོན་དགོས་པ་རེད། མ་གཏོགས་རྒྱ་གཞུང་གི་མི་རིགས་ས་གནས་རང་སྐྱོང་ལག་བསྟར་དོན་འཁྱོལ་དགོས་སྐོར་དང་། ཞི་མོལ་བྱ་དགོས་ཞེས་ཕར་རེ་འདུན་བཏོན་པ་དང་། ཡང་ན་ཁ་བརྡུང་བཏང་བ་ཙམ་ཀྱིས་ཅི་གང་ཕན་རྒྱུ་མ་རེད། གཙོ་བོ་ཕ་རོལ་བོར་བསྟུན་མ་དགོས་པའི་ཐོག་ནས་སོ་སོའི་རང་འགུལ་གྱིས་ཅི་ཞིག་བྱ་ཐུབ་པ་དང་། རང་སྟེང་ན་ནུས་པ་གང་ཡོད་ངེས་ཟིན་པ་དགོས་པ་གཙོ་བོ་རེད། གསུམ་པ། ལས་འགུལ་གྱི་ཆ་ནས་དེང་སྐབས་གཡུལ་ས་མདུན་མ་བོད་ནང་ཆགས་འདུག་པ་དང་། འདི་ནས་རྒྱབ་སྣོན་མཁོ་སྤྲོད་བྱེད་མཁན་ཙམ་ལས་དངོས་གཞིའི་གཡུལ་སར་སླེབ་ཐབས་མེད་པའི་གནས་སྟངས་དངོས་ལ་གཞིགས་ཏེ། གཞིས་ལུས་མང་ཚོགས་ཀྱི་སེམས་ཤུགས་མི་གཅོག་རྒྱུ་གཙོ་འདོན་དང་། རྒྱབ་སྐྱོར་བྱེད་སྐབས་ཅི་ཞིག་བྱེད་ཐུབ་མིན་ལས་ཀྱང་། ཅི་ཞིག་བྱེད་རུང་མིན་དང་བརྗོད་རུང་མིན་ལ་བསམ་བློ་གཏོང་དགོས་པ་རེད། ཐ་ན་དམངས་ཀྱི་འབོད་ཚིག་ཡན་ཆད་བརྗེ་བོ་བརྒྱབ་ན་དཔེ་མི་སྲིད་པའི་སྐྱོ་བོ་རེད། 

དྲི་བ། དེ་སྔའི་དམིགས་བསལ་ཚོགས་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་དག་གི་གྲོས་ཆོད་དང་། ཐེངས་འདིའི་ཚོགས་ཆེན་ཐོག་གི་གྲོས་ཆོད་རིགས་ལག་བསྟར་ཐུབ་མིན་ཐད་དགོངས་ཚུལ་ག་རེ་ཡོད།

ལན། ལོ་འགའི་གོང་དམིགས་བསལ་ཚོགས་ཆེན་དང་པོ་འཚོགས་གྲུབ་རྗེས། ༸གོང་ས་མཆོག་གིས་ཚོགས་ཆེན་ལ་ཐོག་མའི་རེ་བ་བརྒྱབ་པ་ནང་བཞིན་ཡོང་མ་སོང་མོད། ལོ་འཁོར་ལས་བསྡོམས་ཚོགས་ཆེན་འདྲ་བོ་བྱུང་འདུག་གསུངས་ཡོད། དེ་དངོས་གནས་རེད། ཚོགས་ཞུགས་པ་ཚོས་ཀླད་པ་བརྡར་བའི་བསམ་ཚུལ་ལ་བདག་པོ་རྒྱག་མཁན་མེད་པར། ཚོགས་འདུ་ཚང་མ་གཞུང་འཛིན་པ་ཁ་མར་ལ་འཁོར་ནས་ལས་བསྡོམས་སྐྱོར་ས་འདྲ་བོ་ཞིག་དང་། ལྷག་པར་དུ་ཁོ་ཚོས་སྔོན་ནས་ཐག་བཅད་ཟིན་པ་ཞིག་ཚོགས་ཆེན་ཐོག་བསྣམས་ཏེ་ཕྱི་ཚུལ་ནས་ཁྲིམས་མཐུན་བཟོ་ས་ལྟ་བུ་ཞིག་ཆགས་པ་རེད། མི་མང་པོས་འགྲོ་སོང་འཕྲོ་ལྷག་རེད་ཟེར་ནས་སྐད་བརྒྱབ་པ་རེད། ད་ནི་ཚོགས་ཆེན་ཐེངས་འགར་ཚོགས་པའི་ཉམས་མྱོང་གཞིར་བཞག་ཐོག ཚོགས་ཆེན་ལ་ཁྲིམས་སྒྲིག་གི་དབང་ཚད་ཡོད་པ་ཞིག་དང་། གྲོས་ཆོད་ཁག་ལག་བསྟར་བྱེད་ཐབས་ལ། གཞུང་གིས་སྒྲུབ་ཐུབ་པ་ཁག་གཞུང་ལ་སྤྲད། གྲོས་ཚོགས་ཀྱིས་སྒྲུབ་ཐུབ་པ་ཁག་གྲོས་ཚོགས་ལ་སྤྲད། ཚོགས་སྐྱིད་ཁག་གིས་སྒྲུབ་ཐུབ་པ་ཚོགས་པ་ཚོར་སྤྲད་ཡོད་ཟེར་བ་སོགས་ཁྲལ་ལས་ཀྱི་འགྲོ་སྟངས་དེ་མ་ཡིན་པར། གྲོས་ཆོད་ཁག་ལག་བསྟར་བྱེད་མཁན་དང་། བརྡ་འདེད་གཏོང་མཁན་གྱི་སྡེ་ཚན་དམིགས་འཛུགས་དང་། བྱུང་ན་དེ་ལ་འབབས་པའི་སྔོན་རྩིས་དགོས་པ་རེད། སྤྱིར་ཆོས་པ་ཚོས་ཁྲ་ཁྲ་ཟང་ཟིང་གི་ཆོ་ག་ཕྱག་ལེན་ལ་བརྟེན་ནས་མང་ཚོགས་བློ་འགུག་བྱེད་པ་དང་། དབང་བསྒྱུར་བ་ཚོས་གནའ་སྲོལ་ཁ་འཁྱེར་དང་། ཚོགས་འདུ་འདྲ་མིན་ལ་བརྟེན་ནས་དབང་ཆ་རྒྱུན་གནས་ཡོང་ཐབས་ལ་འབད་པ་ནི་འགྲོ་སྟངས་རྙིང་བ་ཞིག་རེད། མ་གཏོགས་ཆོ་ག་ཕྱག་ལེན་ཙམ་ཀྱིས་ཆོས་རྣམ་དག་འགྲུབ་མི་ཐུབ་པ་ནང་བཞིན། གནའ་སྲོལ་ཙམ་དེ་རིང་གི་དབང་ཆའི་ཁྲིམས་མཐུན་གྱི་སྒྲུབ་བྱེད་ལ་མི་འགྲོ་ཁར། ཚོགས་འདུ་རྐྱང་རྐྱང་གིས་དམངས་ཀྱི་དཀའ་ངལ་ཡང་སེལ་ཐབས་མེད།  

དྲི་བ། བོད་ཕྱི་ཕྱོགས་ཀྱི་དགོན་སྡེ་ཆོས་ཚོགས་ཁག་དང་བླ་སྤྲུལ་ཚོའི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་འགན་ལེན་སྟངས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། ཚོགས་པ་ཁག་གི་དམིགས་ཡུལ་ཁ་ཁ་ཡིན་དུས་ཞུ་ཐུབ་པ་མི་འདུག དགོན་སྡེ་དང་། བླ་སྤྲུལ་རྣམ་པའི་སྲིད་དོན་གྱི་གནང་སྒོའི་ཐད། དེ་སྔ་རྒྱ་དམར་གཞུང་ལ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ཀུན་སློང་ཡོད་པར་ཆ་བཞག་ཀྱང་། ད་ཆ་ནུས་པ་དེ་ཁོ་རང་ཚོར་མེད་པ་ཧ་གོ་བ་དང་ཆབས་ཅིག བོད་ཀྱི་ཆོས་རིག་ཚོང་རྫས་བྱེད་ཐུབ་པ་དང་། བླ་སྤྲུལ་ཚོ་བེད་སྤྱོད་གཏོང་སའི་ལམ་ཁ་རྙིང་བ་དེ་ད་དུང་ཡོད་བསྡད་པ་ཧ་གོ་ཡོད་པ་རེད། དེ་ནི་མེ་མདའི་ཁ་ནས་རིག་གཞུང་བསྣུབས་པ་ལས་ཀྱང་ཉེན་ཁ་རེད། དེར་བརྟེན་རྒྱ་དམར་གཞུང་གིས་པཎ་ཆེན་རྫུན་མ་ཞིག་འཁྲིད་ཡོང་ཡོད་ཁར། ཏཱ་ལའི་བླ་མའི་ཡང་སྲིད་གཙོས་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སམ། མདོར་ན་བེད་སྤྱོད་གཏོང་ཐབས་ཀྱི་ཡིག་ཆ་ཨང་ལྔ་བ་ཟེར་བ་བཟོས་པའི་རྒྱུ་མཚན་ཡང་དེ་རེད།  ཁོ་ཚོས་བོད་ཀྱི་བླ་སྤྲུལ་ཚོ་བེད་སྤྱོད་གཏོང་ཐུབ་པ་དང་། གཏོང་སའི་ཚོང་ར་ཡོད་པར་མཐོང་ནས་དེ་ལྟར་བྱས་པ་རེད། དེར་བརྟེན། བླ་སྤྲུལ་ཚོས་རང་ཉིད་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པ་ཞིག་ཅིས་ཀྱང་ཐུབ་དགོས་ཚོད་རེད། གཞན་དུས་རབས་འདིའི་ཤེས་རིག་གི་ཁྲོམ་ར་ནས་བོད་ཀྱིོ་ཆོས་དང་རིག་གཞུང་ལ་རང་སྟེང་ན་སྐྱེས་སྟོབས་ཀྱི་ནུས་པ་དང་། ཚོང་ཟོག་གི་རིན་ཐང་ཡོད་པར་བརྟེན། ཕར་ཙམ་ཀྱི་རིང་སུ་གང་གིས་མེད་པ་བཟོ་ཐུབ་རྒྱུ་མ་རེད། དཔེར་ན། བོད་བརྒྱུད་ནང་བསྟན་བོད་ནང་བཀག་ཀྱང་རྒྱ་ནག་དང་། སོག་ཡུལ། ཐའེ་ཝན་སོགས་ཀྱི་ནང་འགོག་ཐུབ་ཀྱི་མེད་པ་ལྟ་བུ་རེད། དེ་རིང་བོད་ཀྱི་ཤེས་རིག་ལ་འཕྲད་པའི་དཀའ་ངལ་དངོས་ནི་སུས་བསྣུབ་ཐུབ་མིན་དེ་མ་ཡིན་པར། སུས་བཙོང་ཐུབ་མིན་དང་། བཙོང་བའི་ཡོང་འབབ་དེས་སོ་སོ་བོད་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཞིག་ཐོགས་མིན་དེ་རེད། བལ་ཡུལ་ནང་ལྟོས་དང་། བོད་ཀྱི་རིག་དངོས་ཚོང་གཉེར་བྱེད་མཁན་མང་ཆེ་བ་གོར་ཁ་ཆགས་འདུག་པ་ལྟར། ད་ཆ་བོད་ནང་དུའང་བོད་ཀྱི་ཤེས་རིག་ཐོན་དངོས་དང་། ཡུལ་སྐོར་སྤྲོ་འཆམ། དཔར་སྐྲུན། ཐ་ན་བོད་སྨན་ཡན་ཆད་རྒྱ་མིའི་ཚོང་ལས་ཆགས་འགྲོ་བཞིན་ཡོེད་པ་གསལ་བོ་རེད།  བླ་སྤྲུལ་ཚོས་སྲིད་དོན་ལས་ཀྱང་ཕྱོགས་འདིར་དོ་སྣང་གནང་གི་ཡོད་ཤག་དང་། གནང་དགོས་པ་རེད་བསམ་སོང་།

གཞན་ལོ་རྒྱུས་ཐོག་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་ལྟ་བུ་རེ་གཉིས་མ་གཏོགས། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་གནས་ཀྱི་མཇལ་སའི་མཚོན། ས་དགེ་བཀའ་རྙིང་གི་བླ་ཆེན་ཁག་གིས་རྒྱ་ཐོབ་བོད་ཐོབ་བཅོ་བརྒྱད་ཁུར་ཡོང་བའི་མཇུག་འབྲས་མཁྱེན་གསལ་རེད། དེ་སྔར་རྒྱ་སོག་གང་རུང་གིས་དབང་བསྒྱུར་གྱི་དགོས་མཁོར་དམིགས་ཏེ། བོད་ཀྱི་བླ་ཆེན་དང་། མི་ཆེན་ཚོར་ནོ་མོ་ཧན་དང་། ཧོ་ཐོག་ཐུ། ཐོའུ་ཀོན་སོགས་ཀྱི་མཚན་གནས་སྤྲད་པ་དེ་ཚོ་ད་དུང་ངོམ་སོར་འཁྱེར་ནས། དེ་རིང་གི་བླ་སྤྲུལ་ཚོས་ཀྱང་སོ་སོའི་མིང་གི་འགོར་བཙན་གྱིས་འདོགས་བཞིན་པ་ལྟ་བུ་ལོ་རྒྱུས་ཀྱི་སླབ་བྱའི་མ་འདེངས་པའི་སྐྱོན་ཅིག་ཏན་ཏན་རེད་འདོད། 

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 20

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཚིག་ཧྲག་གི་བརྗོད་བྱ་ཟབ་ཀྱིས། འོན་ཀྱང་ཨ་མདོ་བ་ཚོ་ཕྲག་དོག་དང་འགྲན་སེམས་ཆེ་ཡིས། སོ་སོའི་གོང་དུ་མི་ཞིག་ཤོར་འགྲོ་ན་རྐང་པ་ནས་འཇུས་ཏེས་མར་འབྲུད་རྒྱུ་ནི་ཁོ་ཚོའི་རང་གཤིས་སུ་གྲུབ་ཡོད་པ་རེད།

    Reply
  2. གཙང་ཆབ། says:
    ལོ་ 13 སྔོན།

    སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་གནང་བའི་དྲིས་ལན་དག་ལ་ལྗིད་ཁོག་འདུག་་་་་

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ཀླུ་བྱམས་ཅན་གྱི་སྐད་ཆ་ལ་ལྗིད་ཇི་ཙམ་ཡོད་མེད་ང་ཚོས་ཤེས་གསལ་རེད། ང་ཚོས་དངོས་ཀླུ་བྱམས་སོགས་ཀྱིས་བཤད་སྟངས་རེ་རེ་ལ་དོ་སྣང་བྱ་དགོས། ཁོ་པ་ཚོས་བཤད་སྟངས་བྱས་ན་ལོ་རྒྱུས་ཀྱི་ནག་ཉེས་ཡོད་ཚད་མེས་པོ་གོང་མ་ཚོར་བཀལ་འདུག ང་ཚོས་མེས་པོ་ཚོའི་མ་འདང་ས་ཡོད་ངེས་ཀྱང་ཁོ་རྣམས་ཀྱིས་བོད་ལ་བཅངས་པའི་བརྩེ་ཞེན་དང་ད་བར་རྒྱུན་བསྐྱངས་པའི་བོད་ཀྱི་རིག་གཞུང་འདི་ཇི་ལྟར་ང་ཚོའི་ལག་ཏུ་སླེབས་པའི་བཀའ་དྲིན་བསམ་ཤེས་པ་དགོས། མདོར་ན་སྐད་ཆ་ག་ཚོད་བཤད་ཀྱང་མཐའ་མར་ང་ཚོ་ནང་འཛྀང་ཤོར་ཡས་དང་གཅིག་སྒྲིལ་འཐོར་བའི་རྒྱུ་རྐྱེན་དུ་འགྲོ་ན་ང་ཚོས་བཀག་དགོས་ཀྱིན་རེད་དམ་རྒྱབ་སྐྱོར་བྱ་དགོས་རེད། ང་ཚོས་གཅིག་སྒྲིལ་སྲོག་རྩར་བརྩི་ནས་གོང་རྒྱག་དགོས་སོ། །

    Reply
  4. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    གཞན་ལོ་རྒྱུས་ཐོག་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་ལྟ་བུ་རེ་གཉིས་མ་གཏོགས། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་གནས་ཀྱི་མཇལ་སའི་མཚོན། ས་དགེ་བཀའ་རྙིང་གི་བླ་ཆེན་ཁག་གིས་རྒྱ་ཐོབ་བོད་ཐོབ་བཅོ་བརྒྱད་ཁུར་ཡོང་བའི་མཇུག་འབྲས་མཁྱེན་གསལ་རེད། དེ་སྔར་རྒྱ་སོག་གང་རུང་གིས་དབང་བསྒྱུར་གྱི་དགོས་མཁོར་དམིགས་ཏེ། བོད་ཀྱི་བླ་ཆེན་དང་། མི་ཆེན་ཚོར་ནོ་མོ་ཧན་དང་། ཧོ་ཐོག་ཐུ། ཐོའུ་ཀོན་སོགས་ཀྱི་མཚན་གནས་སྤྲད་པ་དེ་ཚོ་ད་དུང་ངོམ་སོར་འཁྱེར་ནས། དེ་རིང་གི་བླ་སྤྲུལ་ཚོས་ཀྱང་སོ་སོའི་མིང་གི་འགོར་བཙན་གྱིས་འདོགས་བཞིན་པ་ལྟ་བུ་ལོ་རྒྱུས་ཀྱི་སླབ་བྱའི་མ་འདེངས་པའི་སྐྱོན་ཅིག་ཏན་ཏན་རེད་འདོད།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱི་རྡོ་རྗེས་གསུང་ལ་དངོས་གནས་རྒྱུ་མཚན་འདུག མི་བུ་ཁོང་འདྲ་བ་བཙན་བྱོལ་ནང་ཉུང་བའི་སྐྱོན་ལས་མང་མེད། ད་དུང་མདོ་སྨད་སྐྱིད་སྡུག་གི་ལས་མེད་དེ་ཚོའི་གསོད་རྒྱུས་གཏུབ་རྒྱུས་ཡིན་ཟེར་མཁན་དེ་ཚོ་བཤད་རྒྱུ་མང་བ་ལ།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    ༼གཙོ་བོ་ཕ་རོལ་བོར་བསྟུན་མ་དགོས་པའི་ཐོག་ནས་སོ་སོའི་རང་འགུལ་གྱིས་ཅི་ཞིག་བྱ་ཐུབ་པ་དང་། རང་སྟེང་ན་ནུས་པ་གང་ཡོད་ངེས་ཟིན་པ་དགོས་པ་གཙོ་བོ་རེད།༽

    འདི་ཀླུ་བྱམས་གིས་བཤད་པ་རེད་་་་་་འདི་དང་འདྲའི་འགན་ཁུར་མེད་པའི་སྐད་ཆ་རྫིག་པོ་རེ་བཤད་ནསའཚོ་བསྡོད་བྱེད་མི་ཇེ་མང་རེད། དེས་ན་ངས་འདྲི་རྒྱུ་ཞིག་ལ་་་་གོང་གི་སྐད་ཆ་འདི་གཞིར་བཞག་ཐོག་་་་ཀླུ་བྱམས་ཁྱེད་ཀྱི་བྱེད་ཐུབ་པ་གང་ཞིག་འདུག་པ་དང་ཡང་ན་བྱས་ཟིན་ཅི་ཡོད་་་་་་་་་ཡང་ན་ང་ཚོའི་ད་ལྟའི་གནས་བབ་དང་་གོང་གི་སྐད་ཆ་གཉིས་ཀྱི་བར་ཐག་ལ་ལྟ་བཞིན་ཁྱེད་རང་གི་བཤད་པའི་སྐད་ཆ་ལ་རང་ཉིད་ནས་ལན་ཞིག་ཐོབ་དང་།

    Reply
  7. བསོད་དགའ། says:
    ལོ་ 13 སྔོན།

    ངོ་མ་ཀླུ་མཁར་བྱམས་ཀྱི་སྐད་ལ་གནས་ལུགས་ལྡན་པ་བཤད་འདུག རྩོམ་པ་པོ་ནི་ནམ་ཡང་དོགས་སློང་བ་དང་དགག་སྒྲུབ་ཞིག་གི་འོག་ནས་མི་གཞི་ཞིག་འཚོལ་དགོས་པ་དེ་རེད། དཔའ་བོ་ཀླུ་མཁར་ལ་གཤིས་ཀ་དེ་ལྡན་པའི་སྙིང་ནས་བཀུར་འོས་སོ།

    Reply
  8. སྐར་མདའ། says:
    ལོ་ 13 སྔོན།

    ཀླུ་མཁར་བྱམས་ཀྱིས་མྱི་སྐད་གསོན་པོ་ཞིག་བཤད་འདུག རྒྱ་གཞུང་གིས་བོད་ཀྱི་ཡོད་ཚད་པོ་བེད་སྤྱོད་གཏོང་གིན་ཡོད་རེད། ཡིན་ན་ཡང་། བཙན་བྱོལ་བོད་གཞུང་གིས་གཞན་ཞིག་ལྟ་ཅི། རང་ཉིད་ཀྱང་ངོས་མ་ཟིན་པར་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་མ་རེད།
    དེ་མིན་མཚན་གནས་ཀྱི་མཇལ་སའི་མཚོན་དེ་་་་་འཇའ་ས་ཞེས་འབྲི་དགོས་པར་འདོད།

    Reply
  9. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    སྐད་ཆ་དྲང་མོར་བཤད་འདུག་བསམ་སོང་། ད་བར་ཆབ་སྲིད་ཡིན་ཟེར་བ་ཚོས་རང་གི་ཁ་རྒྱབ་བསམས་ཏེ་རང་རང་གི་བསམ་ཚུལ་ཡང་དྲང་མོར་བཤད་ཐུབ་ཀི་མེད། མདོ་སྨད་རྒྱུན་ལས་སུ་བསྙད་པའི་མུག་ཕྲུག་ཚོས་གསོད་རྒྱུས་གཏུབ་རྒྱུས་ག་རེ་བཤད་རུང་། ཁྱེད་ཀྱི་རྣམ་དཔྱོད་དང་བློ་སྤོབས་ས་སྟེང་གྲགས་ཚར་བས་ད་ནི་བྱ་ཐབས་ཡོད་ས་མ་རེད།

    Reply
  10. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    ངས་ཁྱོད་ཀྱིས་བཤད་པ་དེར་བསམ་ཚུལ་ཞིག་གི་འདུ་ཤེས་བཟུང་སྟེ་བརྩི་བཀུར་ཞུས་ཡོད། འོན་ཀྱང་བསམ་ཚུལ་དེ་ལེགས་ཉེས་ཀྱི་ཆ་ནས་བཤད་ན། ད་རུང་གྲོགས་པོ་ལགས་ཀྱིས་བསམ་བློ་སྒོ་འཕར་ཡངས་པོར་ཕྱེ་ནས་བློ་གཟུ་བོར་གནས་ནས་སྐད་ཆ་རེ་བཤད་ཐུབ་ན་བཟང་བ་འདོད།

    Reply
  11. རྨེའུ་སྦྲ་གསར། says:
    ལོ་ 13 སྔོན།

    མཁས་པ་རེད། ཉམས་མྱོངས་པ་རེད། ད་ཁྱེད་རང་རང་སྟེངས་ནས་ལས་འགུལ་ཞིག་སྤེལ་ན་བཟང་ཐོག་ལ་རྒྱན་རེད།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྙིང་བ། མ་རེད། རྙིང་པ། རེད། བནྟེ་སྐྱབས། མརེད། བན་སྡེ་སྐྱབས། རེད། ཧ་ཧ་ཀུ་རེ་དང་བཅས།

    Reply
  13. གནས་ཚང་། says:
    ལོ་ 13 སྔོན།

    སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་གནང་བའི་དྲིས་ལན་དག་ལ་ལྗིད་ཁོག་འདུག རྒྱ་མིའི་གཞུང་གིས་བོད་མི་ཆ་ཚང་བེད་སྤྱོད་གཏོང་དང་བཏང་བཞིན་པ་རེད། བོད་ནང་ཡར་ལངས་སྐབས་སུ་བྱུང་བའི་བོད་བརྫུས་རྡུང་བསྲེག་འཕྲོག་བཅོམ་སྤེལ་མཁན་དག་ལས་བརྩིས་པའི་བོད་ཕྱི་ནང་གཉིས་སུ་བེད་སྤྱོད་མང་བོ་བཏང་ཡོད་པ་རེད། ཐ་ན་རྒྱ་མི་ཁ་ཤས་ཤིག་གི་སྐད་ཆར་གཞི་བཅོལ་ནས་གོང་ས་མཆོག་ལའང་དབུ་བསྐོར་བཏང་ཡོད་པ་རེད། དཔེར་ན། རྒྱ་མི་བརྒྱ་ཆའི་མང་བོ་ཞིག་གི་རྒྱབ་བསྐྱོར་ཡོད་ཚུལ་གྱི་རྫུན་བཤད་ཡོད་པ་རེད། དོན་ངོ་མར་བཤད་ན། རྒྱ་མི་བརྒྱ་ཆའི༩༠རང་ཉིད་སྡོད་སའི་ས་ཁང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཙམ་ཡང་མེད་ས་ཞིག་ཏུ་གཞན་ལ་དོ་ཁུར་ཡོད་མི་སྲིད་པ་ཞིག་རེད། ཡིན་ནའི། གལ་སྲིད་དོན་དག་ཅིག་གི་སྒང་ནས་དངུལ་རེག་པའི་དབང་དུ་བཏང་ན། ཚང་མ་མཉམ་རུབ་བྱེད་སྲིད་ཀྱང་བོད་ལ་སྟོབས་ཤུགས་དེ་ཡོད་པ་མ་རེད། རྒྱ་མིར་མཚོན་ན་ཡ་རབ་སྤྱོད་བཟང་ཟེར་བ་དེའང་ཁ་ནང་གི་ཚིག་ཙམ་ལས་དོན་ལ་ཁེ་བཟང་ཇི་ལྟར་བཟོ་ཐུབ་མིན་གྱི་བྱེད་ཐབས་གཙོར་འདོན་གནང་བཞིན་པ་ཞིག་རེད།

    Reply
  14. ཤག་སྒང་པ། says:
    ལོ་ 13 སྔོན།

    ཚིག་ཁ་ནས་བདེན་པ་ལྟར་མངོན་ཡང་ལག་བསྟར་ནས་སྟོང་བསམ་ཉིད་ལས་མ་འདས་སོ།།

    Reply
  15. སྟོང་བཙན་མགར་བུ། says:
    ལོ་ 13 སྔོན།

    བསམ་བློའི་ཆ། ཛ་དྲག་རང་བཞིན། མི་ཆོས་རིང་ལུགས་སོགས་ཀྱི་ཚིག་མཛེས་བོ་དག་བེད་སྤྱོད་གཏོང་ཕྱོགས་དང་གོང་དྲི་བ་གཉིས་ལ་བར་ཁྱད་ཆེན་པོ་ཤོར་འདུག ད་དུང། བོད་གཞིས་བྱེས་གཉིས་ནས་རང་བཙན་གྱི་དམ་བཅའ་སེམས་ལ་དམ་པོར་ཉར་ཏེ། རྒྱ་གཞུང་ལ་མི་བསྟུན་པའི་འཐབ་བྱུས་འཛིན་རྒྱུ་གཙོ་འདོན་དགོས་པ་རེད་ཟེར། དེ་ནི་ཚིག་རྐམ་པོ་རང་མ་རེད་དམ།

    Reply
  16. སའིི་ལྷ་མོ says:
    ལོ་ 13 སྔོན།

    ཐུགས་རྗེ་གཟིགས།
    ཆོ་གའི་དོན་གང་ཡིན་དང་ཕྱག་ལེན་ཞེས་པའི་ཚིག་ཟིན་ཙམ་ལ་ཡང་གོ་བ་མེད་པར་མདོ་སྔགས་ཀྱི་གཞུང་ལ་མཁས་མདོག་གིས་ཆོ་ག་ཕྱག་ལེན་ཞེས་པའི་ཚིག་འབད་སྤྱོད་གཏོང་བཞག་རོགས།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བླ་སྤྲུལ་ཚོས་རང་ཉིད་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པ་ཞིག་ཅིས་ཀྱང་ཐུབ་དགོས་ཚོད་རེད། ་་་་པཎ་རྫུན་རྒྱལ་ནོར་ནི། བླ་སྤྲུལ་ནང་ལ་མི་ཚུད། གཞནགབླ་སྤྲུལ་སུ་དང་སུ་ཡིན་ནམ། མིང་ཐོ་ཅིག་གནང་ཐུབ་བམ། ?? ཀླུ་བྱམས་ལགས། ???

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ བོད་གཞིས་བྱེས་གཉིས་ནས་རང་བཙན་གྱི་དམ་བཅའ་སེམས་ལ་དམ་པོར་ཉར་ཏེ། རྒྱ་གཞུང་ལ་མི་བསྟུན་པའི་འཐབ་བྱུས་འཛིན་རྒྱུ་གཙོ་འདོན་དགོས་པ་རེད། ་་་་ཟེར།

    Reply
  19. བཀྲ་ཤིས། says:
    ལོ་ 13 སྔོན།

    ད་ལྟའི་ཆར་མདོ་སྨད་ནང་ན་་སྐུ་ཞབས་ཀླུ་མཁར་བྱམས་ལས་ལྷག་གི་མྱི་མེད་པ་གསལ་བོ་རེད། བོད་པ་ཚང་ལ་འདི་ལ་་མི་བུ་འཇོན་ཐང་ཅན་ཡོད་ན་མེད་བཟོ་ཐབས་བྱེད་ཀི་རེད་ཡ།

    Reply
  20. བསོད་འོད says:
    ལོ་ 13 སྔོན།

    ཧཧ ག་རེ་བཤད་ཀྱི་ཡོད་རེད། དྲི་བ་དེ་དག་ལ་ལན་གཅིག་ཀྱང་རེག་ཡོད་ས་མ་རེད་ཀོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese