མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་གནམ་གྲུ་གས་འཐོར།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་ཞོགས་པར་བལ་ཡུལ་རྒྱལ་ས་ནས་ཇོ་མོ་གླང་མའི་ཕྱོགས་སུ་འཕུར་མཁན་གྱི་གནམ་གྲུ་ཞིག་གས་འཐོར་བྱུང་སྟེ། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་ཁ་ལོ་བ་བཅས་མི་ ༡༩ རྐྱེན་ལམ་དུ་ཕྱིན་འདུག

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ དང་སྐར་མ་ ༡༥ ཙམ་ལ་བལ་ཡུལ་རྒྱལ་ས་ཀཱ་ཐཱི་མན་ཌུ་ནང་གི་ཊི་རེ་བྷུ་ཡན་རྒྱལ་སྤྱིའི་གནམ་ཐང་(Tribhuyan International Airport) ནས་ཇོ་མོ་གླིང་མའི་ཕྱོགས་སུ་འཕུར་བཞིན་པའི་གནས་གྲུ་ཞིག་གས་འཐོར་བྱུང་ཡོད་ཅིང་། གནམ་གྲུ་དེའི་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ ༡༦ དང་། གནམ་གྲུའི་ཁ་ལོ་བ། ཁ་ལོ་བའི་ལས་རོགས། ཞབས་ཞུ་པ་བཅས་མི་ ༡༩ ཡོད་པ་ཚང་མ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གནམ་གྲུ་དེ་གནམ་ཐང་ནས་འཕུར་རྗེས་ཀྱི་སྐར་མ་འགའི་ནང་སྐྱོན་ཤོར་ཏེ། གནམ་ཐང་ནས་སྤྱི་ལེ་ ༢ ཙམ་གྱི་སར་ཡོད་པའི་མཱ་ནཱ་ཧ་རཱ་(Manahara river bank) གཙང་འགྲམ་དུ་ཟེགས་ཡོད་འདུག་ལ། བལ་ཡུལ་ཉེན་རྟོག་མགྲིན་ཚབ་པ་བྷེ་ནོ་ཌི་ཡིས། གནམ་གྲུར་སྐྱོན་ཤོར་མ་ཐག་ཁ་ལོ་བས་མར་འབབ་རྩིས་བྱས་ཡོད་ཚོད་འདུག་ཀྱང་། སྟབས་མ་ལེགས་པ་ཞིག་ལ་གནམ་གྲུ་ས་ངོས་སུ་ཐུག་མ་ཐུག་པའི་སྐབས་སུ་མེ་འབར་ཡོད་ཚུལ་བརྗོད་འདུག

གནམ་གྲུའི་ནང་གི་འགྲུལ་བ་ཕལ་ཆེ་བ་ཨི་ཊ་ལི་ནས་ཡིན་འདུག་ལ། བལ་ཡུལ་དབྱིན་ཇི་གཞུང་ཚབ་ཁང་གིས་རྐྱེན་འདས་སུ་གྱུར་པའི་ཁྲོད་དབྱིན་ཇི་བ་ཁག་ཅིག་ཚུད་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 5

  1. ངམ་རིང་བསྟན་པ། says:
    ལོ་ 14 སྔོན།

    བནྡེ་སྐྱབས་ལགས་གསར་འགྱུར་ཞིབ་ཚགས་མོ་དང་ཁུངས་དག་མོ་འབྲི་གནང་རོགས། ཁྱོད་ཀྱི་གསར་འགྱུར་ཁག་ལ་དཀའ་ངལ་ཞིག་འདུག དབྱིན་ཡིག་གི་གསར་འགྱུར་ནང་གནམ་གྲུ་དེའི་ནིང་ན་མི་ལྔ་རྒྱ་མི་ཡིན་ཚུལ་ཞིག་དང་། གནམ་གྲུ་ཕུར་ནས་ཀའེ་ལོ་མའེ་ཊིར་ཕྱེད་ཙམ་ལབ་འདུག

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་འདྲ་ལས་སེམས་པ་སྐྱོ་བ་ཞིག་རྩ་ནས་མེད་པ་རེད། ༸གོང་ས་༸སྐྱབས་མགོན་མཆོག་མཁྱེན། བདེ་ལྡན་ཞིང་དུ་སྐྱེས་བར་ཤོག

    ཕ་གི་དམག་གོས་སྔོན་པོ་གྱོན་པའི་སྐོར་སྲུང་བ་དེ་ཚོ་མཐོང་བ་དང་ཞེད་མེར་ཞིག་ལངས་ཡོང་གི་འདུག དེ་ཚོས་གཅིག་འཇོན་ནམ།

    བོད་པར་ཐུབ་ཚོད་མ་གཏོགས་་་་་་་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གནམ་གྲུའི་སྤུས་ཚད་ཞན་པས་ཡིན་ཡང་སྲིད་པས་་་་་ ཨ་ཁ། རྙིང་རྗེས་གྲོང་མཁན་ཚོ།

    Reply
  4. thapkegyatso says:
    ལོ་ 14 སྔོན།

    ཅི་འདྲའི་དོན་རྐྱེན་གློ་བུར་བ།ཁོང་ཚོར་མ་འོངས་པའི་འཆར་སྣང་ཅི་འདྲ་མོད་ཨང་།དེ་བཞིན་་་་་་

    Reply
  5. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    bbc བརྗོད་ན་དེའི་ནང་རྒྱ་མི་དྲུག་ཡོད་སྐད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese