མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཚོཊ་ཞབས་ཞུ་ཁང་གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་མང་གཙོ་ཚོཊ་པའི་ཚོཊ་ཟུར་འཆི་མེད་གཡུང་དྲུང་ལཊ་ཀྱིས། ངྷ་ས་མེག་གྷན་དུ་༼བོད་ཀྱི་སྤྱི་ཚོཊ་ཞབས་ཞུ་ཁང་༽ཞེས་པའི་ཚོཊ་པ་ཞིག་གསར་འཛུཊ་གནང་འདུག

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བཞུཊ་སྒར་ངྷ་ས་མེག་གྷན་དུ། ༼བོད་ཀྱི་སྤྱི་ཚོཊ་ཞབས་ཞུ་ཁང་༽(Tibetan Social Service ) ཞེས་པའི་ཚོཊ་པ་ཞིག་གསར་དུ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོ་དེར་མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལཊ་གཙོས། བཞུཊ་སྒར་ངྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་ཁོང་སྒེར་གྱི་གྲོཊ་པོ་བཅས་ཁྱོན་མི་ ༥༠ ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་ཚོཊ་པ་གསར་འཛུཊ་གནང་མཁན་བོད་རྒྱལ་ཡོངས་མང་གཙོ་ཚོཊ་པའི་ཚོཊ་ཟུར་འཆི་མེད་གཡུང་དྲུང་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ཚོཊ་ཞབས་ཞུ་ཚོཊ་པ་དེ་ནི་བོད་མིའི་སྤྱི་ཚོཊ་ལ་ཞབས་ཞུ་བསྒྲུབ་རྒྱུའི་གཞུང་འབྲེལ་མིན་པའི་ཚོཊ་པ་ཞིག་ཡིན་པ་དང་། ཚོཊ་པ་གསར་འཛུཊ་ཀྱི་དམིཊ་ཡུལ་གཙོ་བོ་བཙན་བྱོལ་སྤྱི་ཚོཊ་ནང་བོད་པ་རྣམས་ཁ་འཐོར་དུ་གནས་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུཊ་གཞུང་ངོས་ནས་བསྒྲུབ་མ་ཐུབ་པ་དང་ལག་པ་སྙོབ་མ་ཐུབ་པའི་དཀའ་ངལ་རིཊ་སེལ་ཐབས་གནང་རྒྱུ་དང་། བཙན་བྱོལ་ནང་མགོ་ཁྲིད་སྦྱོང་བརྡར་དང་གོ་རྟོཊ་ལས་འགུལ། ཤེས་ཡོན་སློབ་གསོ། སྤྱི་ཚོཊ་ཞབས་ཞུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཤུཊ་ཆེ་རུ་གཏོང་རྒྱུ་བཅས་ཡིན་འདུག

སྤྱི་ཚོཊ་ཞབས་ཞུ་ཁང་དེས་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོཊ་ཁྲོད་དཔལ་འབྱོར་དང་འཚོ་བ། སྨན་བཅོས་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་རིཊ་ལ་རོཊ་རམ་འཚོལ་ཐབས་བྱ་རྒྱུ་དང་། གློ་བུར་དུ་ན་ཚ་བྱུང་སྟེ་སྨན་ཁང་དུ་འགྲོ་རྒྱུའི་སྒོར་མོ་མེད་མཁན་དང་། ཁང་པ་ཉམས་གསོ་དང་བུ་ཕྲུག་སློབ་འཇུག དཔལ་འབྱོར་ཡོང་ཁུངས་མེད་པར་ཉིན་རེའི་འཚོ་བར་དཀའ་ངལ་ཡོད་མཁན་ཚོར་དམིགས་བསལ་རོཊ་རམ་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་ཚོཊ་མི་དང་ཕྱི་རྒྱལ་སྐུ་མགྲོན། བོད་ཀྱི་བླ་ཆེན་བཅས་ངྷ་སར་ཕེབས་སྐབས་སྐབས་བསྟུན་གྱི་སྡོད་གནས་དང་ཐུག་འཕྲད། གསུང་སྒྱུར་བཅས་ཀྱི་རོཊ་རམ་དང་། བོད་དོན་ཉམས་ཞིབ་བྱེད་མཁན་ཚོར་དཔྱད་གཞིའི་ཡིག་ཆ་མཁོ་སྤྲོད་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་བཅས་གནང་རྒྱུ་ཡིན་འདུག

ད་ཆར་སྤྱི་ཚོཊ་ཞབས་ཞུ་ཁང་འདི་ལ་རྒྱུན་ལས་མི་ ༦ དང་རྒྱལ་ཁབ་དང་ས་གནས་འདྲ་མིན་ནང་ཚོཊ་མི་ ༤༠ ཙམ་ཡོད་འདུག ཚོཊ་པ་འདིས་ལོ་གསུམ་རེའི་ནང་ཚོཊ་འདུ་ཐེངས་གཅིག་རེ་བསྐང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 11

  1. མཉམ་ཞུགས says:
    ལོ་ 13 སྔོན།

    མི་རྣམས་ཀྱིས་དགག་སྒྲུབ་གཉིས་ཀྱི་སྒོ་ནས་བསམ་ཚུལ་བཤད་ཀྱི་འདུག་ལ་རྒྱ་རྙི་ཟེར་བ་ཞིག་དགག་ཕྱོགས་ནས་བསམ་ཚུལ་འདོན་མཁན་དེ་རྒྱ་མིས་གསོ་ཕྲུག་རེད་ཟེར།འདི་ནི་ང་ཚོས་ཁ་ནས་ཡོང་ཚད་བཤད་རྗེས་སོ་སོའི་སྐད་ཆར་སོ་སོས་འགན་མི་ཁྱེར་བའི་ཧ་ཅང་གི་གོམས་གཤིས་ངན་པ་ཞིག་རེད།བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྲོད་རྒྱ་མིས་གསོ་ཕྲུག་ཅིག་ཡོད་ཚེ་དེ་ནི་རྒྱ་མིའི་སོ་བ་ལས་འགྲོ་ས་མེད་པས་དེ་ཚོ་རྒྱ་མི་སོ་བ་རེད་ཟེར་བ་དང་གཅིག་པ་རེད།རྒྱ་རྙི་ཟེར་བ་དེས་བདེན་དཔུང་གང་ཡང་མེད་པར་འདིར་དགག་ཕྱོགས་ནས་བསམ་ཚུལ་སྤེལ་མཁན་ཚོ་རྒྱ་མིའི་གསོ་ཕྲུག་རེད་ཅེས་བཤད་སྟངས་ལ་ལྟོས་ན་རྒྱ་རྙི་ཟེར་བ་དེ་སྐབས་ཐོག་གི་ཚོར་བ་དང་འབྲེལ་ཁ་ནས་ཐོན་ཚུལ་བཤད་མཁན་ཞིག་ལས་བསམ་བློ་བཏང་སྟེ་བསམ་ཚུལ་འདོན་མཁན་ཁྱོན་ནས་རེད་མི་འདུག།ཁོ་ནི་ཕྱོགས་ཞེན་གྱི་དྲྭ་བར་ཚུད་པའི་ཆགས་སྡང་གི་གོང་བུ་ཞིག་ཡིན་པ་འདྲ།

    Reply
  2. རྒྱ་རྙི། says:
    ལོ་ 13 སྔོན།

    སྐུ་ཞབས་འཆི་མེད་གཡང་དྲུང་ལགས་ཀྱི་བྱ་བ་བཟང་པོ་འགོ་འཛུགས་གནང་བར་ཡག་བྱུང་། ལམ་འགྲོ་ཡོང་བར་ཤོག
    རྒྱ་མིས་གསོས་ཕྲུག་ཁག་ཅིག་གིས་སྡུག་སྐད་འདོན་བཞིན་འདུག་མོད་འདི་ཚོར་གང་ཡང་ལྷག་ཡོད་པ་མ་རེད།
    ཐོས་བསམ་དང་རྡོ་རྗེ་ཐར་སོགས་དྲ་འབིའི་སྙིང་ལ་མཛེར་མ་རྒྱོབ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མི་ངན་གྱི་དཔོན་ལས། མི་བཟང་གི་གཡོག་སྐྱིད། ཅེས་པ་དང་མི་མཚུངས་སམ། ལགས།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    སྙིང་ཉེ་བའི་གྲོགས་པོ་འཆི་མེད་ལགས་ཀྱི་ཚོགས་པ་འདིས་སྤྱི་ཚོགས་ཐོག་ཕན་ཐོགས་ཆེན་པོ་ཡོང་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  5. ཐོས་བསམ། says:
    ལོ་ 13 སྔོན།

    དཀྱིལ་དུ་ཡོད་པའི་བུད་མེད་དེ་ངོ་ཤེས་མ་སོང་། རིགས་སུ་གྱུར་བ་ཕྱོགས་སུ་མཐུན་ཟེར་བ་ལྟར། གཡས་གཡོན་ཀྱི་མི་དེ་གཉིས་ཀྱི་བྱ་བ་སྤྱོད་པ་ཧ་ཅང་འདྲ་བོ་ཡོད་ལ། ཀུན་སློང་ཡང་གཅིག་མཚུངས་ཡིན་ཟེར་ཆོག འདི་ངྷ་རམ་ས་ལར་རྒྱུས་མངའ་ཡོད་མཁན་ཚང་མས་ཤེས་ངེས་ཡིན། ལྷག་པར་དུ་འཆི་མེད་གཡུང་དྲུང་ཟེར་བ་འདིར་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་ཅི་ཙམ་ཡོད་པ་དང་། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ནང་དུ་ལྟ་ཚུལ་གང་འདྲ་ཡོད་མེད་ས་རིས་ཐང་གསལ་ཡིན། སྤྱིར་མི་ཞིག་ལ་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོད་པ་ཙམ་གྱིས་མི་དེ་ངན་པ་ཞིག་ཡིན་པས་མ་ཁྱབ་ཀྱང་། མི་དེའི་འདས་དོན་ཁྲོད་ཀྱི་བྱ་བ་སྤྱོད་པ་དངོས་ལ་ཕྱིར་མིག་བལྟས་ཏེ་ད་ལྟའི་ལས་ཀ་བྱེད་ཕྱོགས་དང་། མ་འོངས་པའི་མཇུག་འབྲས་ལེགས་ཉེས་ལ་དཔྱོད་ཐུབ་པ་ཞིག་ཡིན།
    གོང་དུ་ཚེ་རིང་ནོར་བུ་ཞུ་བ་ཞིག་གིས་གསུངས་པ་དེར་ཧ་ཅང་མོས་མཐུན་ཡོད། བོད་གཞུང་གིས་མ་སྙོབ་ས་དང་སྒྲུབ་མ་ཐུབ་པ་དག་སྒྲུབ་རྒྱུ་ཡིན་ཟེར་བ་དེ་ཧ་ཅང་ཚད་ལས་བརྒལ་བའི་ཧམ་བཤད་རེད།
    དེ་ནས་མགོ་འཁྲིད་སྦྱོང་བརྡར་དང་ཤེས་ཡོན་སློབ་གསོ་ཟེར་བ་དེ་རེད། ཨང་དང་པོ་སོ་སོར་མགོ་འཁྲིད་ཀྱི་ཉམས་མྱོང་ཅི་ཙམ་ཡོད་པ་དང་སྤྱི་ཚོགས་ཤིག་གི་ཤེས་ཡོན་སློབ་གསོ་གོང་སྤེལ་གཏོང་ཐུབ་པའི་གནས་ཚད་དང་ཆ་རྐྱེན་གང་ཞིག་ཚང་ཡོད་དམ།
    གསུམ་པ། བོད་པའི་སྤྱི་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཟེར་བ་ཞིག་གི་ཐོག་ལ་ལས་ཀ་ཇི་ལྟར་བྱེད་དགོས་པ་རེད། རྒྱལ་ཁབ་གཞན་དང་མི་རིགས་གཞན་པའི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་འཚོལ་རྒྱུ་ཡིན་ཟེར་གྱི་ཡོད་ན། དེ་ནི་རྡ་རམ་ས་ལའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གི་ལས་འགན་མ་རེད།

    Reply
  6. རྡོ་རྗེ་ཐར། says:
    ལོ་ 13 སྔོན།

    ད་ལྟད་མོ་འདུག རྡ་སའི་སྐབས་འཚོལ་བ་འདི་ཚོས་ཚོགས་པ་འདྲ་མི་འདྲ་མང་བ་ཞིག་བཙུགས་ཀྱིན་འདུག རྨོག་རོ་ཟེར་བ་དེས་ལྷོ་ཕྱོགས་ལ་ཚོགས་པ་མང་པོ་བཙུགས་ནས་མཐར་མ་འཁྱོངས། རྡ་སར་ཟླ་བ་ཚེ་རིང་གི་རྐུབ་གཡོག་ལོ་ཤས་བྱས་ཏེ་མཐར་མ་འཁྱོངས་སྐད། ད་ཡང་འཆི་མེད་གཡུང་དྲུང་མཉམ་དུ་ཚོགས་པ་ཞིག་བཙུགས་ཡོད་ཚོད་འདུག འཆི་མེད་གཡུང་དྲུང་གིས་མང་གཙོ་ཚོགས་པའི་ལས་དོན་གྱི་ཆ་ཤས་ཤིག་ཚུར་ཁུར་ཡོང་བ་ཡིན་རྒྱུ་རེད། སྔོན་མ་བུད་མེད་ཚོགས་པ་སོགས་ཀྱི་ཚོགས་གཙོ་ཟུར་བ་འགས་འདི་འདྲ་བྱས་པ་མང་པོ་ཡོད་རེད། ད་མ་འོངས་པའི་སྤྱི་འཐུས་ཐོབ་ཆེད་གྲ་སྒྲིག་བྱེད་བཞིན་པ་ཡིན་རྒྱུ་རེད། མི་གཞན་ལ་འགོ་ཁྲིད་ཟབ་སྦྱོང་སྤྲད་རྒྱུ་ཕར་ཞོག ཁོ་རང་གི་སྡིངས་ཆ་ག་ཚོད་བེད་སྤྱོད་བཏང་ཡང་སྤྱི་འཐུས་ཐོབ་མ་སོང་བ། ད་ལྟད་མོ་ཡོད་རེད། ད་དུང་དབུས་བོད་མིའི་སྒྲིག་འཛུཊ་གཞུང་ངོས་ནས་བསྒྲུབ་མ་ཐུབ་པ་དང་ལག་པ་སྙོབ་མ་ཐུབ་པའི་དཀའ་ངལ་རིཊ་སེལ་ཐབས་གནང་རྒྱུ་དང་། བཙན་བྱོལ་ནང་མགོ་ཁྲིད་སྦྱོང་བརྡར་དང་གོ་རྟོཊ་ལས་འགུལ། ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བཞུགས་སྒར་ངྷ་ས་མེག་གྷན་དུ། བོད་ཀྱི་སྤྱི་ཚོཊ་ཞབས་ཞུ་ཁང་། Tibetan Social Service ཞེས་པའི་ཚོགས་པ་ཞིག་གསར་དུ་དབུ་འབྱེད་གནང་བར་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྤྱིར་ངས་འདི་ལྟར་མགོ་ནས་བཟུང་དགག་པ་བརྒྱབ་ཡོང་བ་ཡིན་ན་བཟང་སྤྱོད་ཀྱི་ཐོག་ནས་ཏག་ཏག་བསྡད་མེད་མོད། གནས་ཚུལ་འདིའི་ཐད་དུ་ལས་གཞི་འདིའི་མགོ་ཁྲིད་མཁན་དང་ལས་གཞིའི་དམིགས་ཡུལ་གང་ཐད་ནས་རྒྱབ་སྐྱོར་བྱ་དགོས་དོན་སྤུ་ཙམ་ཡང་མེད་པ་ཞིག་ཆགས་ཡོད། ཟེར།

    Reply
  9. རྒྱ་རྙི། says:
    ལོ་ 13 སྔོན།

    ཚེ་རིང་ནོར་བུ་ཟེར་བ་ལགས་ཁྱོད་ཀྱིས་མནའ་བསྐྱལ་བར་གཞན་གྱིས་ཡིད་ཆེས་ཀྱང་བྱེད་ཐུབ་ཀྱི་མ་རེད། ལྷག་པར་སོ་སོའི་ངོ་མདོང་རྫུན་མ་དེར་སུས་ཆ་འཇོག་བྱེད་ཐུབ་བམ།
    དེ་ལས་རང་གིས་གང་བྱེད་ཐུབ་མིན་ལ་བལྟས་ན་མི་བཟང་ངམ། བོད་པ་མགོ་ནག་ཚང་གི་ཕྲག་དོག་འདི་ད། ཨ་ཨ་་་་

    Reply
  10. ཤག་སྒང་པ། says:
    ལོ་ 13 སྔོན།

    གྲོགས་པོ་འཆི་མེད་གཡུང་དྲུང་ལགས་ཀྱི་ལས་འཆར་གསར་པ་འདིར་རྟེན་འབྲེལ་བཀྲིས་བདེ་ལེགས།

    Reply
  11. ཚེ་རིང་ནོར་བུ། says:
    ལོ་ 13 སྔོན།

    རང་ཉིད་ཆེ་འདོད་འཐོབ་འདོད་ཁོ་ན་ལས་མི་འདི་ལ་ལྷག་བསམ་གྱི་དྲི་ཙམ་ཡང་མི་བྲོ་བ་ངས་མནའ་བསྐྱལ་ཐུབ། ལྷག་པར་དུ་ཚོགས་པ་འདིའི་དམིགས་ཡུལ་ཟེར་ན་འདྲ། ལས་གཞི་ཟེར་ནའང་འདྲ། འཆར་གཞི་ཁ་ཤས་གསལ་བཤད་བྱས་ཡོད་པ་དེ་དག་ཕྱི་རྒྱལ་གྱི་སྦྱིན་བདག་དང་རོགས་ཚོགས་འཚོལ་ཆེད་ཁོ་ན་རེད་མ་གཏོགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་དང་། གནས་ཚུལ་འདི་དག་ཐོག་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་བསྡད་པ་ཞིག་མ་རེད་ལ། གལ་སྲིད་ཡིན་པའི་དབང་དུ་བཏང་ནའང་ཁྱེད་ཅག་གིས་ཅི་ཞིག་བསྒྲུབ་ཐུབ་པ་དང་ཇི་ལྟར་བསྒྲུབ་པའི་གྲ་སྒྲིག་དང་ཆ་རྐྱེན་ཚང་ཡོད་དམ། ངས་དཔེ་མཚན་ཙམ་ཞུ།
    ༡༽ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲུབ་མ་ཐུབ་པ་དང་ལག་པ་མ་སྙོབ་ས་ཞིག་ལ་ཁྱེད་ཅག་གིས་ཅི་ཞིག་བསྒྲུབ་ཐུབ་པ་དང་། གཞུང་ལས་ལྷག་པའི་ཁྱེད་ཅག་ལ་ལག་པ་སྙོབ་ཐུབ་པའི་ནུས་པ་ཅི་ཞིག་ཡོད་དམ།
    ༢ ༽ མགོ་འཁྲིད་སྦྱོང་བསྡུར་ཟེར་བ་དེ་ཆབ་སྲིད་ཚན་རིག་གི་ཁྱབ་ཁུངས་ཤིག་རེད། གཞུང་དང་ཁྲིམས་བཟོ་ལྷན་ཁང་། ཆེད་མཁས་ལྷན་ཚོགས་དེ་འདྲས་བསྒྲུབས་ཏེ། སྦྱོང་བརྡར་དང་གོ་རྟོག་སྤེལ་དགོས་པ་ཞིག་རེད། འདི་ལ་ཁྱེད་ཅག་ལ་འོས་ཐོབ་མེད་པ་ཞིག་དང་ལྷག་པར་དུ་སྦྱོང་བརྡར་སྤྲོད་ཡུལ་གྱིས་ངོས་ལེན་ཡིད་ཆེས་ཡོང་ཐབས་མེད་པ་ཞིག་ཆགས་ཡོད།
    ༣ ༽ ཤེས་ཡོན་སློབ་གསོ་ཟེར་བ་འདི་སྦོམ་བཤད་གང་ཡང་གོ་རྒྱུ་མེད་པ་ཞིག་རེད། སློབ་གྲྭའི་སློབ་གསོ་ཡིན་ན་སློབ་གྲྭ་ནས་སྤེལ་གྱི་ཡོད། ཁྱིམ་ཚང་སློབ་གསོ་དང་ཕ་མའི་སློབ་གསོ་ཡིན་ན་འབྲེལ་མེད་དོན་གཞན་ཞིག་རེད། ཀུན་སྤྱོད་དང་ཆོས་སེམས་སྐོར་འདྲ་ཡིན་ན་དགོན་པ་དང་བླ་སྤྲུལ་ཚོ་ཡོད་ཡོད་པ་རེད། ཁྱོན་ནས་གོ་རྒྱུ་ཡོད་པ་ཞིག་མ་རེད།
    ༤ ༽ བོད་དོན་རྒྱབ་སྐྱོར་ཟེར་བ་འདི་རྒྱལ་ཁབ་དང་མི་རིགས་གཞན་ལ་གོ་དགོས་པ་ཞིག་རེད། བོད་པ་ཞིག་དང་ལྷག་པར་དུ་བཙན་བྱོལ་བོད་མི་ཞིག་ལ་བོད་དོན་རྒྱབ་སྐྱོར་ཟེར་བའི་སྐད་ཆ་འདི་ལྷག་གི་ཡོད་པ་མ་རེད།
    སྤྱིར་ངས་འདི་ལྟར་མགོ་ནས་བཟུང་དགག་པ་བརྒྱབ་ཡོང་བ་ཡིན་ན་བཟང་སྤྱོད་ཀྱི་ཐོག་ནས་ཏག་ཏག་བསྡད་མེད་མོད། གནས་ཚུལ་འདིའི་ཐད་དུ་ལས་གཞི་འདིའི་མགོ་ཁྲིད་མཁན་དང་ལས་གཞིའི་དམིགས་ཡུལ་གང་ཐད་ནས་རྒྱབ་སྐྱོར་བྱ་དགོས་དོན་སྤུ་ཙམ་ཡང་མེད་པ་ཞིག་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese