མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་བོད་མི་ ༢༧༠ ལྷག་ལ་ཌེན་གྷོའུ་ན་ཚ་ཕོག་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་མགོ་ནས་བཟུང་ལྡི་ལིར་ཌེན་གྷོའུ་ཧྥེ་ཝིར་ཞེས་པའི་དུག་སྦྲང་གི་ན་ཚ་བྱུང་སྟེ། གཞིས་སྒར་བསམ་ཡས་གླིང་གི་བོད་མི་གཅིག་འདས་གྲོངས་དང་། བོད་མི་ཉིས་བརྒྱ་བདུན་ཅུ་ལྷག་ལ་སྨན་བཅོས་བྱེད་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག

ཟླ་འདིའི་ཚེས་ཤར་ཙམ་ནས་བཟུང་རྒྱལ་གར་གྱི་རྒྱལ་ས་ལྡི་ལིར་ཌེན་གྷོའུ་ཧྥེ་ཝེར་ (Dengue fever) ཞེས་པའི་དུག་སྦྲང་གི་ན་ཚ་ཞིག་བྱུང་ཡོད་པ་དང་། དམིགས་བསལ་ལྡི་ལི་གྲོང་ཁྱེར་གྱི་བྱང་ཕྱོགས་ཁུལ་དུ་ན་ཚ་རྒྱ་ཆེར་ཁྱབ་ཏེ། ལྡི་ལི་མན་ཇི་ཊི་ལ་བསམ་ཡས་གླིང་བོད་མི་གཞིས་སྒར་ཉེ་ཁུལ་དུ་རྒྱ་གར་གཞུང་གིས་འཕྲོད་བསྟེན་ལྟ་སྐྱོང་ཚོགས་པའི་ལས་ཁུངས་གསར་འཛུགས་ཀྱིས། ཡུལ་མི་དང་བོད་མི་གཅིག་མཚུངས་ཐོག་ཛ་དྲག་གི་སྔོན་འགོག་དང་སྨན་བཅོས་བྱས་ཡོད་ཀྱང་། ཌེན་གྷོའུ་ན་ཚ་དང་ན་ཚ་རྙིང་པའི་དབང་གིས་བོད་མི་ཨ་ཚེ་འབོད་པ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ས་གནས་སུ་ཡོད་པའི་བོད་མི་ ༢༠༠ ལྷག་ས་གནས་འཕྲོད་བསྟེན་སྨན་ཁང་དུ་སྨན་བཅོས་དང་། བོད་མི་ ༧༠ ལྷག་རྒྱ་གར་གྱི་སྨན་ཁང་ཆེ་ཁག་ཏུ་བསྐྱལ་ཏེ་ཛ་དྲག་སྨན་བཅོས་བྱེད་དགོས་བྱུང་ཡོད་འདུག

འདིའི་ཐད་བསམ་ཡས་གླིང་གི་ས་གནས་མགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་བརྗོད་པ་ལྟར་ན། ཟླ་འདིའི་ཚེ་ཤར་ནས་བཟུང་ཌེན་གྷོའུ་ཧྥེ་ཝེར་ཞེས་པའི་དུག་སྦྲང་གི་ན་ཚ་དེ་ལྡི་ལི་གྲོང་ཁྱེར་ཡོངས་སུ་ཁྱབ་ཡོད་པ་མ་ཟད། དམིགས་བསལ་ལྡི་ལི་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ན་ཚ་དེ་རྒྱ་ཁྱབ་དུ་ཕྱིན་སྟེ། ཡུལ་མི་ཁ་ཤས་འདས་གྲོངས་དང་བོད་མི་བརྒྱ་ཆའི་ ༧༠ % ཡས་མས་ཤིག་ན་ཚ་ཕོག་ཡོད་སྟབས། རྒྱ་གར་གཞུང་གིས་བསམ་ཡས་གླིང་གི་ཉེ་འཁྲིས་སུ་འཕྲོད་བསྟེན་ལྟ་སྐྱོང་ཚོགས་པའི་ལས་ཁུངས་གསར་རྒྱག་གིས་ཡུལ་མི་དང་བོད་མི་ཚོར་གཅིག་མཚུངས་ཀྱིས་སྔོན་འགོག་དང་སྨན་བཅོས། ས་གནས་མགོ་འཛིན་དང་བརྒྱ་དཔོན་ལས་ཁུངས། དེ་བཞིན། ས་གནས་གཞོན་ནུ་དང་བུད་མེད། གཞོན་སྐྱེས་ཚོགས་པ་བཅས་མཉམ་རུབ་ཐོག ཉིན་ལྟར་བོད་མི་ ༢༠ ཡས་མས་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་དུ་སྨན་བཅོས་དང་། བོད་མི་ ༧༠ ཡས་མས་ཤིག་རྒྱ་གར་གྱི་སྨན་ཁང་ཆེ་ཁག་སེན་ཕཱ་མན་དང་ཊེ་ལཱ་སྨན་ཁང་བཅས་སུ་བསྐྱལ་ཏེ་སྨན་བཅོས་བྱས་ཡོད་ཀྱང་།  ཐེངས་འདིར་བོད་མི་གཅིག་འདས་གྲོངས་དང་། གྲྭ་བ་གཅིག་དང་བུད་མེད་གཅིག་བཅས་བོད་མི་ ༣ ད་ལྟའི་ཆར་ཡང་རྒྱ་གར་སྨན་ཁང་དུ་ཛ་དྲག་གི་སྨན་བཅོས་བྱེད་མུས་ཡིན་འདུག  

ཁོང་ལ་ཐེངས་འདིར་འདས་གྲོངས་སུ་ཕྱིན་པའི་བོད་མི་ཁོང་ཌེན་གྷོའུ་ན་ཚས་གྲོངས་པ་ཡིན་མིན་དང་། བོད་གཞུང་གི་ངོས་ནས་སྨན་བཅོས་མཐུན་འགྱུར་དང་མི་འགྲོ་མངགས་གཏོང་སོགས་ཀྱི་རོགས་རམ་གནང་ཡོད་མེད་དྲིས་པར་ཁོང་གིས། “ ཨ་ཚེ་ལགས་ལ་མཚོན་ན། ཉེ་ཆར་གྲོངས་པའི་གནས་ཚུལ་བྱུང་རྗེས། སྨན་པའི་བརྟག་དཔྱད་གྲུབ་འབྲས་བསླེབས་འདུག དེའི་ནང་ཁོང་ཌེན་གྷོའུ་ན་ཚ་གཅིག་པུ་མིན་པར་མཆིན་པའི་ན་ཚ་སོགས་སྔོན་མའི་ནད་རྙིང་གི་དབང་གིས་གྲོངས་ཡོད་པའི་སྐོར་འཁོད་འདུག དེ་མིན་ད་ལྟའི་ཆར་གྲོངས་ཟིན་པའི་གནས་ཚུལ་བྱུང་མ་སོང་། ཉེ་ཆར་ཛ་དྲག་ཆགས་ཡོད་པའི་མི་དེ་དག་ཀྱང་། མི་མང་གིས་ཁྲག་སྦྱིན་བཏང་བ་སོགས་ཀྱིས་དབང་གིས་ད་ལྟ་ཡག་པོ་ཆགས་འདུག ཉེ་ཆར་ན་ཚ་བྱུང་རྗེས་ས་གནས་མགོ་འཛིན་ལས་ཁུངས་གཙོས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱ་གར་གཞུང་ལས་ས་གནས་སུ་སྔོན་འགོག་དང་སྨན་བཅོས་མཐུན་རྐྱེན་སྤྲོད་རྒྱུ་དང་། སྨན་རིན་ཆགས་ཡང་གནང་རྒྱུའི་རེ་སྐུལ་བྱས་པ་ལྟར་ཡག་པོ་གནང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བཀའ་བློན་ལ་སྙན་སེང་ཞུས་པ་ལྟར་མི་འགྲོ་དང་མཐུན་འགྱུར་གང་ཡོད་གནང་གི་ཡིན་ཞེས་གསུངས་སོང་། ང་ཚོའི་དཀའ་ངལ་གཙོ་བོ། ས་གནས་འཕྲོད་བསྟེན་ལས་ཁུངས་དུ་ནད་གཡོག་གི་དཀའ་ངལ་ཡོད་སྟབས། ང་ཚོས་རེ་སྐུལ་ཞུས་པ་ལྟར་ཉེ་ལམ་མི་གཅིག་བཏང་སྟེ་ལས་ཀ་བྱེད་བཞིན་ཡོད། དེ་མིན་རྒྱ་གར་གཞུང་གིས་རོགས་རམ་བྱེད་ཀྱི་ཡོད་སྟབས། དམིགས་བསལ་དཀའ་ངལ་འཕྲད་ཀྱི་མི་འདུག་ལ། ང་ཚོའི་ངོས་ནས་བསམ་ཡས་གླིང་གཅིག་པུ་མིན་པར་རང་ནུས་གང་ཡོད་ཀྱིས་རོ་ནཱེ་དང་ལཱ་རྗི་མུ་ནཱ་ཀཱ་བཅས་ས་གནས་ཡོངས་ལ་ལྟ་རྟོགས་བྱེད་ཀྱི་ཡོད། ”ཅེས་བརྗོད་བྱུང་།

ཡང་འཕྲོད་བསྟེན་དྲུང་འཕར་ཚེ་རྒྱལ་ལགས་སུ། ད་ལྟའི་ལྡི་ལིའི་ཛ་དྲག་གི་གནས་སྟངས་ཐད་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་དང་ལམ་སྟོན་གང་འདྲ་གནང་མིན་དྲིས་པར་ཁོང་གིས། “ ལྡི་ལིར་ཌེན་གྷོའུ་ན་ཚ་བྱུང་སྟེ་ཟླ་གཅིག་མ་ཟིན་ཙམ་འགྲོ་གི་ཡོད་པ་རེད། ད་ལྟའི་བར་ས་གནས་མངའ་སྡེ་གཞུང་གིས་བོད་མི་ཚོར་ཡུལ་མི་དང་གཅིག་མཚུངས་ཀྱི་མཐུན་འགྱུར་གནང་བཞིན་པ་རེད་ལ། ང་ཚོའི་ངོས་ནས་མན་ཇི་ཊེ་ལཱ་དང་བྷོ་ངྷི་བྷེ་ཡཱའི་བོད་མིར་དམིགས་ཏེ་བཙུགས་པའི་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་ཡོངས་ཀྱིས་གང་ཡོང་གནང་འདུག ད་ལྟའི་ཆར་མངའ་སྡེ་གཞུང་གིས་མཐུན་འགྱུར་ཆ་ཚང་བསྐྲུན་ཡོད་སྟབས། ང་ཚོས་ཟུར་དུ་བྱེད་དགོས་པར་མཐོང་གི་མེད། མི་འགྲོ་སོགས་ཀྱི་དཀའ་ངལ་ཡོད་པ་ཡིན་ན། ས་གནས་མགོ་འཛིན་གྱིས་སྙན་སེང་ལྟར་མངགས་གཏོང་བྱ་རྒྱུ་བང་བསྒྲིགས་ཡོད། སྨན་བཅོས་ཀྱི་མཐུན་རྐྱེན་ཕྱོགས་ནས་ལྡི་ལི་ནང་མཐུན་རྐྱེན་དང་ཕྱོགས་ཡོངས་འཛོམས་ཡོད་པ་རེད། ཁོང་ཚོ་ལྟ་བུའི་མཐུན་འགྱུར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་འདང་གི་མ་རེད་ལ། ཕུལ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གི་མཐུན་རྐྱེན་ཡོད་བཞིན་དུ་དམིགས་བསལ་བཀོད་མངགས་གནང་དགོས་པར་མཐོང་གི་མེད། གཙོ་བོ། གཞུང་ངོས་ནས་མཐུན་འགྱུར་གནང་བཞིན་པ་ལྟར་བོད་མི་ཚོས་རང་ངོས་ནས་སྔོན་འགོག་བྱ་རྒྱུ་དང་།  ན་བཞིན་པ་ཚོས་རང་ངོས་ནས་སྨན་བཅོས་བྱ་རྒྱུ་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་ལེགས་སྨན་ཁང་གི་ཨམ་ཆི་ཚེ་བརྟན་ལགས་སུ། ཌེན་གྷོའུ་ན་ཚ་བྱུང་སྟངས་དང་ནད་རྟགས། མི་མང་རང་ངོས་ནས་སྔོན་འགོག་གི་ཐབས་ལམ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ ཉེ་ཆར་ང་ལྡི་ལིར་འགྲོ་སྐབས་ན་ཚ་འདི་དང་ན་ཚ་རྙིང་པའི་དབང་གིས་བོད་མི་ ༡ གྲོངས་འདུག་ལ། བོད་མི་ ༢༠༠ ལྷག་ལ་ས་གནས་འཕྲོད་བསྟེན་ལས་ཁུངས་དང་། གཞན་ཁག་ཅིག་རྒྱ་གར་སྨན་ཁང་ཆེ་ཁག་ཏུ་ཛ་དྲག་སྨན་བཅོས་བྱེད་དགོས་བྱུང་འདུག སྔོན་མ་ན་ཚ་འདི་ཐེ་ལན་ཌི་མ་གཏོགས་རྒྱ་གར་ནང་བསླེབས་ཡོད་པ་མ་རེད། ལོ་ཤས་སྔོན་ནས་བཟུང་ལྡི་ལིར་བསླེབས་པ་དང་། ད་ལོ་དགུན་ཁ་མ་བསླེབས་གོང་ནས་བསླེབས་ཏེ་ཧ་ཅང་ཛ་དྲག་ཆགས་འདུག ན་ཚ་འདིར་མཚོན་ན་ནད་རྟགས་གཙོ་བོ། ཚ་བ་འཕར་བ་དང་རུས་ཟུག་རྒྱག་པ། གཟུགས་པོའི་རྨ་འབུར་དམར་བོ་ཐོན་པ་གཙོས། གཟུགས་པོ་ཐང་ཆད་པ་དང་ཁ་ལ་ཟ་མ་ཐུབ་པ་སོགས་ཀྱི་ནད་རྟགས་ཡོད་པ་རེད་ལ། རིགས་ཀྱི་ཕྱོགས་ནས་ལྕི་ཡང་རིགས་གཉིས་འདུག ལྕི་བའི་རིགས་ཀྱིས་ལུས་ཀྱི་ཁྲག་རྡོག་རྡོག་ཆགས་པའི་ནུས་པ་ཉམས་ཏེ། གཟུགས་པོའི་གང་སར་ཁྲག་ཤོར་བའི་ཉེན་ཁ་ཡོད་པ་དང་། གཟུགས་པོའི་ནང་གི་ཁྲག་དཀར་བོ་འགག་པའི་ནུས་པ་ཉམས་ཏེ། ཁྲག་རྒྱག་དགོས་པ་ཆགས་ཀྱི་རེད། ཡང་པོའི་རིགས་དེར་ཟུག་བཅག་དང་ཚ་བའི་སྨན་སྤྲད་པ་ཡིན་ན། དུས་ཡུན་གང་འཚམ་ནང་རང་བཞིན་གྱིས་དྲག་འགྲོ་གི་འདུག ད་ལྟའི་ཆར་ན་ཚ་འདིར་དམིགས་བསལ་སྨན་སྤྲོད་རྒྱུ་གང་ཡང་མི་འདུག “ཅེས་བརྗོད་སོང་། 

དེ་བཞིན། ཨམ་ཆི་ཚེ་བརྟན་ལགས་ཀྱིས་བརྗོད་ན། ཊེན་གྷེ་ན་ཚ་སློང་མཁན་གྱི་དུག་སྦྲང་དེའི་མིང་ལ་ཨེ་ཊེ་སི་ (Aedes) འབོད་ཀྱི་ཡོད་འདུག་ལ། འབུ་དེས་ཉིན་གུང་དང་ས་མ་རུབ་པའི་བར་དེར་མི་ལ་སོ་རྒྱག་གི་ཡོད་ཅིང་། མཱ་ལེ་རེ་ཡཱ་ (Maleria) འབོད་པ་དེས་མཚན་གུང་ཉལ་བསྡད་པའི་སྐབས་སུ་སོ་རྒྱག་གི་ཡོད་འདུག ན་ཚ་འདི་ཚ་བ་ཆེ་བའི་ས་ཁུལ་དུ་ཡོང་གི་ཡོད་སྟབས། གཙོ་ཆེ་ཤོས་དུག་སྦྲང་གི་སོ་རྒྱག་མི་ཐུབ་པའི་ཐབས་ཤེས་བྱ་ཆེད། སོ་སོའི་སྡོད་ཁང་སོགས་སུ་སྨན་གཏོར་རྒྱུ་དང་། ལུས་ལ་སྟོད་ཐུང་རིང་པོ་གོན་སྟེ་ལུས་གཅེར་བུར་མི་འདུག་པ། ལག་པ་དང་གདོང་སོགས་ལ་སྨན་བྱུགས་རྒྱུ་སོགས་རང་ངོས་ནས་བསྒྲུབ་དགོས་ཀྱི་ཡོད་འདུག་ལ། ལྷག་པར་དུ་ཆུ་རྒྱུགས་སའི་ཨུ་ཁུང་དང་། ཆུ་འཁྱིལ་སྡོད་ས་སོགས་གཙང་མ་བཟོ་རྒྱུ་དང་། དེའི་ནང་སྣུམ་ལྡུག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྡི་ལིར་མཚོན་ན། ཟ་ཁང་དང་ཁྱིམ་ཚང་མང་པོས་ཀོའུ་ལེར་ (Cooler) བཙུགས་ཡོད་སྟབས།  ཀོའུ་ལེར་གཙང་མ་བཟོས་ཏེ་དུག་སྦྲང་མི་འཁོར་བའི་ཐབས་ཤེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་འདུག 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 5

  1. ཐོ་རེངས། says:
    ལོ་ 13 སྔོན།

    རྒྱ་གར་གཞིས་ཆགས་ཀྱི་བོད་མི་འདི་ཚོས་བོད་སྤྱི་བའི་དོན་ཕར་ཞོག ད་ནི་རང་གི་འཕྲོད་རྟེན་གྱི་མགོ་ཙམ་ཡང་ཡག་པོ་ཞིག་ཀྱང་ཐོན་གྱིན་མི་འདུག
    ཅི་འདྲའི་སེམས་པ་སྐྱོ་བ་ལ།
    མྱུར་དུ་ནད་ལས་ཐར་བར་ཤོག

    Reply
  2. མལ་གྲོའི་བཙུན་པ་ says:
    ལོ་ 13 སྔོན།

    ཨ་ཙི་ཨ་ཙི་སྙིང་རྗེ་ཁོང་རྣམས་ནད་ངན་དེའི་འོག་ནས་མྱུར་དུ་ཐར་བར་ཤོགས།།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    ཨོ་ཧོ་ཧོ་་་་བོད་པ་ཚོ་སྙིང་རྗེ་་་་་་མི་ཞིག་ཡིན་དང་ཡིན་་་ཐ་ན་དུག་སྦྲང་ཞིག་གིས་ཀྱང་འདུག་ཀ་མི་འཇུག་གི་་་་་མིག་སྐྲང་ཐོག་ཏུ་ཁུ་ཚུར་་་་་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལཱ་རྗི་མུ་ནཱ་ཀཱ མ་རེད། ལྰཀྴམི། ནགར། ཞེས་འབྲི་དགོས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ གཟུགས་པོ་ཐང་ཆད་པ་དང་ཁ་ལ་ཟ་མ་ཐུབ་པ་སོགས་ཀྱི་ནད་རྟགས་ཡོད་པ་རེད་ལ། ་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese