མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱིས་རྒྱ་ནག་དམར་ཤོག་ཚོཊ་ཆེན་ཐོག་དོན་ཚན་ ༤ ཅན་གྱི་འབོད་སྐུལ་ཞིག་ཕུལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པ་ནན་སྐུལ་བྱས་སོང་།

སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོཊ་ཆེན་འཚོག་ལ་ཉེ་བའི་སྐབས་དང་བསྟུན་ཏེ། དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུཊ་སྒར་ངྷ་རམ་ས་ལའི་གངས་སྐྱིད་བཀའ་ཤག་ཡང་སྟེང་ཚོཊ་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོཊ་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས། གསལ་བཤད་དོན་ཚན་ ༣ ་དང་འབོད་སྐུལ་དོན་ཚན་ ༤ ཅན་གྱི་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་ཏེ། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་གང་མགྱོགས་དྲག་གནོན་མཚམས་འཇོག་གིས་དོན་དམ་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པ་ནན་སྐུལ་ཞུས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གསལ་བསྒྲཊ་དེའི་ནང་། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་ནང་བོད་མི་ ༡༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེཊ་བཏང་ཡོད་ཅིང་། ལས་འགུལ་དེ་ནི་བོད་ནང་རང་ལུས་མེར་བསྲེཊ་བཏང་བའི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཀྱི་ཟླ་བ་ཞིག་ཆཊ་ཡོད་ལ། ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༦༣ ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་ཡོད་པའི་ཁྲོད་མི་ ༥༢ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་ནང་ཕོ་ ༥༥ དང་མོ་ ༨། གྲྭ་པ་ ༢༡། བཙུན་མ་ ༣། མི་སྐྱ་ ༣༤། བུད་མེད་ ༥ བཅས་དང་། ཁོང་ཚོའི་ཁྲོད་ཀྱི་ལོ་ན་མཐོ་ཤོིས་ལོ་ ༦༤ དང་ཆུང་ཤོས་ལོ་ ༡༧  ཡིན་ལ། རང་བསྲེཊ་གཏོང་མཁན་ཁག་ཅིག་རྒྱ་གཞུང་གི་ལག་འོག་ཏུ་ཚུད་དེ་ད་ཆར་གར་ཡོད་ཅི་བྱུང་གི་གནས་སྟངས་མ་ཤེས་པར་ལྷག་ཡོད་པ་དང་། བོད་མིའི་རང་ལུས་མེར་བསྲེཊ་གཏོང་བ་དེ་འགྲོ་བ་མིའི་ལོ་རྒྱུས་འཕེལ་རིམ་ཁྲོད་སྔར་བྱུང་མ་མྱོང་བའི་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པར་གཞིགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་དུས་གཅིག་ཏུ་སྤེལ་དགོས་པ་ཞིག་ཆགས་ཡོད་ཀྱང་། ད་ལམ་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོག་ལ་ཉེ་བ་དང་འཁེལ་སྟབས། རྒྱ་ནག་དམར་ཤོག་ནང་གཡོན་ཐལ་མཁྲེགས་འཛིན་པའམ་སྐབས་འཚོལ་རིང་ལུགས་པ་ཚོས། ལས་འགུལ་དེར་གཡས་ཁག་གཡོན་དཀྲི་དང་འགྲེལ་བརྗོད་ལོག་པ་བྱ་སྲིད་པས། ད་ཐེངས་ཆེད་དུ་ཞུ་སྐུལ་འདི་ཕུལ་ཞིག་ཡིན་པ་བརྗོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་འབོད་སྐུལ་དོན་ཚན་ ༤ ཕུལ་ཡོད་པ་ནི།  གཅིག སྐབས་བཅོ་བརྒྱད་པའི་ཚོཊ་ཆེན་དེའི་ཐོག་བོད་མིས་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་གནད་དོན་ཐོག་གླེང་སློང་དགོས་རྒྱུ་དང་། དོན་རྐྱེན་དེ་ཡོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པར་ཞིབ་འཇུག་མཐིན་ཕྱིན་བྱས་ཏེ། བོད་ཐོག་བོད་མིའི་མངོན་འདོད་དང་མཐུན་པའི་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་དགོས་རྒྱུ། གཉིས། རྒྱ་གཞུང་གིས་༸གོང་ས་མཆོག་དགྲ་རུ་འཛིན་པའི་ནོར་འཁྲུལ་སྲིད་བྱུས་སྲིད་བྱུས་འོག ཁོང་ལ་སྒྲོ་སྐུར་འཁྱོག་བཤད་ཀྱི་མཚན་སྨད་དང་ཁོང་གི་སྐུ་པར་ཡན་སྒྲིག་ཤོམ་མི་ཆོག་པའི་བྱེད་སྟངས་དེས། བོད་མི་ཚོའི་སྙིང་ལ་གྲི་བཙུཊ་པ་ལྟར་ན་ཟུག་གཏོང་བཞིན་ཡོད་སྟབས། སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོས་རང་དབང་གི་སྒོ་ནས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སོཊ་རྒྱུན་འཛིན་དང་བཀོལ་སྤྱོད་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་དགོས་རྒྱུ། གསུམ། རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་སུ་ཉེས་ཡང་གྲོད་གྲོལ་ཆེན་པོ་བདུན་ཙམ་བཏང་མྱོང་བའི་ལམ་སྲོལ་ཡོད་པ་ལྟར། ཚོཊ་ཆེན་བཅོ་བརྒྱད་པ་དེས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཉེས་ཡང་གློད་གྲོལ་བཏང་སྟེ། བོད་ནང་བཟང་ཕྱོཊ་ཀྱི་འགྱུར་བ་ཞིག་འགྲོ་ཐུབ་པའི་སྲིད་བྱུས་ལག་བསྟར་དགོས་རྒྱུ། བསླེབ་ལ་ཉེ་བའི་རྒྱ་ནག་མགོ་ཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་ལ་ད་ལྟའི་གཞུང་ནང་བཞིན་གཡོལ་ཐབས་སམ། “བོད་ཀྱི་གནད་དོན་ཟེར་བ་མེད ” ཅེས་ཧམ་བཤད་ལྟ་བུའི་དུས་ཚོད་འགྱངས་ཐབས་ཁོ་ན་མ་བྱས་པར། བོད་ཀྱི་གནད་དོན་སེལ་ཆེད་བོིད་མིའི་སྒྲིག་འཛུཊ་དང་ལྷན་དུ་དོན་དམ་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། བཅས་ཡིན་པ་རེད།

དེ་བཞིན། རྒྱ་གཞུང་ལ་ཕུལ་བའི་གསལ་བཤད་དོན་ཚན་ ༣ ནི།  དང་པོ། སྤྱི་འཐུས་ལྷན་ཚོཊ་ཀྱིས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་ཅིང་། བོད་ས་ཁྱོན་ཡོངས་སུ་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་རང་བསྲེཊ་ངོ་རྒོལ་བྱས་དང་བྱེད་བཞིན་པ་འདི། འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། གཉིས། བོད་མིའི་སྒྲིག་འཛུཊ་ཀྱིས་བོད་ནང་གི་བོད་མི་ཚོར་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་རང་ལུས་མེར་བསྲེཊ་བཏང་བ་དེ། ཏཱ་ལའི་ཁ་བྲལ་རིང་ལུཊ་པས་རྒྱ་ནག་ཁ་བྲལ་གཏོང་ཆེད་བརྒྱུད་སྐུལ་བྱས་པར་བསྙད་བཏཊ་ཏེ། འདས་པའི་ལོ་ ༦༠ རིང་བོད་ནང་གི་བོད་མི་ཚོར་ཡ་ང་སྙིང་རྗེ་མེད་པའི་རྡུང་རྡེག་དང་བཙོན་འཇུག་མནར་གཅོད། དགོན་སྡེ་ཁག་ཏུ་ལས་དོན་རུ་ཁག་དང་ས་གནས་གང་སར་ཉེན་རྟོག་ས་ཚིཊ་གསར་འཛུཊ། རྒྱ་མི་འབོར་ཆེན་བོད་དུ་གནས་སྤོ་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་རྩ་བརླག་གཏོང་བ། འགྲོ་འདུག་རང་དབང་ལ་བཀག་སྡོམ། མི་རིཊ་དབྱེ་འབྱེད་དང་མཐོང་ཆུང་སོཊ་གཏོང་བཞིན་པར། བོད་ནང་གི་བོད་མི་ཚོས་སྡོད་བཟོད་མ་ཐུབ་པར་ཞི་རྒོལ་འདྲ་མིན་སྣ་ཚོཊ་སྤེལ་དགོས་བྱུང་བར་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད། གསུམ། འདས་པའི་མི་ལོ་ ༡༠ རིང་རྒྱ་ནག་རྒྱལ་ཁབ་དེ་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་དེ་དང་འཚམ་པའི་ཆབ་སྲིད་རང་དབང་རང་དབང་ཐོག་ཡར་རྒྱས་གང་ཡང་ཕྱིན་མེད་པར་མ་ཟད། སྤྱི་ཚོཊ་ཁྱོན་ཡོངས་སུ་ཞེ་འཁོན་ཁོང་ཁྲོ་མེ་རི་གས་ལ་ཉེ་བ་ལྟར་ཆཊ་པ་དང་། དམིཊ་བསལ་བོད་དོན་ཐོག་རིག་གནས་གསར་བརྗེ་ལས་ཀྱང་གདུག་རྩུབ་ཆེ་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས། བོད་མི་རྣམས་ད་ལྟའི་རྒྱ་ནག་གཞུང་གི་མགོ་ཁྲིད་འོག་སྡོད་འདོད་མེད་པར། “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས ”ཞེས་སོཊ་ཀྱི་འབོད་སྒྲའི་འོག གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེཊ་གཏོང་བཞིན་ཡོད་པ་བཅས་རེད།

བོད་མི་མང་སྤྱི་འཐུས་ཀྱི་གསལ་བསྒྲགས་ཡི་གེ་དེའི་མཇུག་ཏུ། “གོང་གསལ་དོན་ཚན་བཞིའི་ཐོག་རྒྱ་ནག་གཞུང་གིས་བསམ་ཞིབ་དགོངས་བཞེས་གནང་ཐུབ་ན། བོད་ནང་གི་ཛ་དྲག་གི་གནས་སྟངས་ལྷིང་འཇགས་སུ་འགྲོ་ཐུབ་པ་དང་། རྒྱ་ནག་གི་བརྟན་བརླིང་སྲུང་སྐྱོབ་ལ་ཕན་པ། བོད་རྒྱ་གཉིས་འཆམ་མཐུན་མཉམ་གནས་ཡོང་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཐོག་རྒྱ་ནག་གུང་ཁྲན་ཏང་གི་གཟུགས་བརྙན་དང་མཐོང་ཆེ་རུ་འགྲོ་ངེས་ལའང་ང་ཚོས་ཡིད་ཆེས་དང་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད།” ཅེས་བཀོད་འདུག 

གསར་འགོད་པ། དཔལ་ལྡན།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ གསལ་བཤད་དོན་ཚན་ ༣ ་དང་འབོད་སྐུལ་དོན་ཚན་ ༤ ཅན་གྱི་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་ཏེ། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་གང་མགྱོགས་དྲག་གནོན་མཚམས་འཇོག་གིས་དོན་དམ་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པ་ནན་སྐུལ་ཞུས་ཡོད། ་་་་་་ཟེར།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    ”བོད་མི་ཚོའི་སྙིང་ལ་གྲི་བཙུཊ་པ་ལྟར་ན་ཟུག་གཏོང་བཞིན་ཡོད་”

    ཅེས་པའི་གཞུང་ཚིག་འདི་ང་ཚོར་ཡུན་རིང་ནས་གོམས་པའི་འཚེ་མེད་ལྟ་སྤྱོད་དང་འགལ་བས་སྙན་པོ་འོས་འཚམ་དུ་མ་མཇལ་ལོ།།

    དེ་མིན་དེ་རང་རེད། ལེགས་པོར་གསུངས་ནས་འདུག་པས་དགའ་གུས་ཡི་རང་ངོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese