མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་ ༥ ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་བྲག་མགོ་རྫོང་གི་སྤྲུལ་སྐུ་གཅིག་གཙོས་པའི་གྲྭ་པ་ལྔ་ལ་ལོ་ལྔ་ནས་བདུན་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་ངག་དབང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ སྟེ། རྒྱ་ནག་གི་དཔྱིད་གསར་དུས་སྟོན་ཉིན་ཁམས་བྲག་མགོའི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་པའི་ཉིན་ཤས་རྗེས་སུ། སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ་བཅས་ཞི་རྒོལ་དོན་རྐྱེན་གྱི་ཉེས་མིང་འོག་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་འཛིན་བཟུང་བྱས་ཡོད་པ་དང་། ཟླ་ ༤ ཚེས་ ༢ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལཊ་བྲག་མགོ་རྫོང་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱས་ཏེ། ཟླ་བ་ ༡༠ ལྷག་གི་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་མེད་པ་ལྟར།  ཟླ་འདིའི་ཚེས་ཤར་ཙམ་ལ་རྒྱ་གཞུང་གིས་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་ ༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་ ༦ ། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ བཅས་ཀྱིས་ཁྲིམས་ཐག་བཅད་འདུག

ཉེ་ལམ་ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོས་ཉིན་ ༡༥ རྗེས་སུ་རྒྱ་གཞུང་གིས་ཁོང་ཚོར་ཁྲིམས་ཐག་བཅད་དེ་ཁྲིན་ཏུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་ཙམ་ལས། ཁོང་ཚོར་ནག་ཉེས་ཅི་ཞིག་གི་འོག་ཁྲིམས་ཐག་བཅད་མིན་དང་ད་ལྟའི་གནས་སྟངས་གང་འདྲ་ཆགས་མིན་སོགས་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། འདི་ལོའི་བྲག་མགོ་རྫོང་གི་ཞི་རྒོལ་སྐབས་རྒྱ་གཞུང་གིས་གང་བྱུང་མེ་མདའ་བརྒྱབ་ཏེ་བོད་མི་ ༦ དམར་གསོད་དང་། བོད་མི་ ༤༣ རྨས་སྐྱོན་བཟོས་ཡོད་པ་མ་ཟད། བོད་མི་ ༣༦ ཙམ་ལ་ཚེ་བཙོན་ནས་ལོ་གཅིག་དང་ཟླ་བ་བརྒྱད་བར་གྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། བོད་མི་ཡོན་ཏན་བཟང་པོ་དང་བཀྲ་ཤིས་དར་རྒྱས། རྣམ་རྒྱལ་དོན་འགྲུབ་བཅས་བོད་མི་ ༣ ད་ཆར་ཡང་གར་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist