མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་ངག་བཅད་བྱས་ནས་ཟླ་གཅིག་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བལ་གཞུང་གིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཟླ་ ༥ ལྷག་འགྲོ་བཞིན་པ་ལྟར།  ཁོང་གིས་བཙོན་ཁང་ནང་ཞི་བའི་ངག་བཅད་བྱས་ཏེ་ཟླ་གཅིག་ཙམ་ཕྱིན་ཡོད་འདུག

བལ་གཞུང་གིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཁྲིམས་ཐག་བཅད་དེ་ཟླ་ ༥ ཙམ་ཕྱིན་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ས་དཀར་བསྟན་འཛིན་དང་དོན་ལྡན། སྐལ་བཟང་གསུམ་བལ་ཡུལ་བཙོན་ཁང་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཐུག་འཕྲད་དུ་ཕྱིན་ཡོད་ལ།  ད་ལྟའི་ཆར་ཁོང་གི་ལུས་ཕུང་བདེ་ཐང་ཡིན་འདུག་ཀྱང་།  ཁོང་གིས་བཙོན་ཁང་ནང་ཞི་བའི་ངག་བཅད་བྱས་ཏེ་ཟླ་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་འདུག 

གླིང་ཚར་ཐུག་འཕྲད་དུ་བསྐྱོད་མཁན་དོན་ལྡན་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་དོན་ལྟར་ན།  ཁོ་ཚོས་ཕན་ཚུན་ཡི་གེའི་ལམ་ནས་སྐད་ཆ་བཤད་སྐབས།  གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། “ངས་མུ་མཐུད་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན། མི་རིགས་ཤིག་གི་བདེན་པ་རྩོད་དགོས་ན།  སོ་སོའི་ལུང་པར་རྐང་པ་བཞག་སྟེ་རྩོད་དགོས་པ་ལས།  ཕྱི་ལོགས་ནས་བོད་དོན་རྒྱབ་སྐྱོར་དང་ཞལ་འདེབས་བསྡུ་རུབ་བྱས་ནས་ཕན་ཐོག་གང་ཡང་ཡོད་པ་མ་རེད། ང་བཙོན་གྲོལ་མ་ཐོབ་བར་དུ་ཞི་བའི་ངག་བཅད་བྱེད་རྒྱུ་ཡིན་ལ།  ངའི་ཞི་བའི་འཐབ་རྩོད་ཀྱི་དགོས་པ་དང་ཉིང་དགོས་སོགས་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་དཔྱད་ཞིབ་གནང་རོགས། ཁ་ཤས་ཀྱིས་ངའི་རྩོམ་ཡིག་མང་པོ་དྲྭ་ཐོག་ཏུ་བརྒྱུད་འགོད་བྱས་ན། ང་བཙོན་གྲོལ་ཡོང་རྒྱུར་དཀའ་ལས་ཁག་རབས་སོགས་བརྗོད་ཀྱིན་འདུག  མི་དེ་ཚོའི་རིགས་ཀྱིས་ངའི་ཞི་བའི་འཐབ་རྩོད་དང་ང་བཙོན་གྲོལ་བྱེད་པར་ལག་པ་མ་འཆང་རོགས། ”ཞེས་བརྗོད་ཡོད་པ་རེད།   

དེ་བཞིན།  ཁོ་ཚོ་བཙོན་ཁང་ནས་ཕྱིར་ཡོང་ཁར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། “ཁྱོད་རང་ཚོས་ངའི་ཆེད་དུ་ཞལ་འདེབས་སྐར་གང་ཡང་སློང་མི་ཆོག    མི་སུས་བསླང་ན་ངས་ངོས་ལེན་རྩ་བ་ནས་མེད།  མང་པོ་ཞིག་གིས་ལས་འགུལ་སྤེལ་གྱི་ཡོད་ཟེར་ནས། མི་མང་གི་ལག་ནས་ཞལ་འདེབས་བསྡུ་རུབ་བྱས་ཏེ་མི་མང་སུན་པོ་བཟོ་བཞིན་ཡོད་པས་དེ་འདྲ་མ་བྱེད་རོགས། ངས་མུ་མཐུད་དུ་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན་ལ།  ཞི་བའི་འཐབ་རྩོད་མ་ཤི་བར་དུ་བྱེད་ངེས་ཡིན།  ང་ཕྱིར་འདོན་རྒྱུ་དེ་གནས་ལུགས་རྒྱུ་མཚན་ཡོད་པའི་སྒོ་ནས་ལས་ཀ་བྱེད་དགོས།” ཞེས་ནན་སྐུལ་བྱས་ཡོད་འདུག 

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བཙོན་གྲོལ་ཡོང་ཐབས་སུ།  ས་དཀར་བསྟན་འཛིན་དང་དོན་ལྡན་གཉིས་ཀྱིས་བལ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པ་དེར་གནས་ལུགས་རྒྱུ་མཚན་གང་ཡང་མེད་ལ།   ཁོང་ནི་བདེན་པ་རྩོད་མཁན་ཞིག་ཡིན་པས་ཉེས་ཆད་དེ་འདྲ་ཞིག་འབབ་འོས་མེད་པའི་སྐོར་འབྲེལ་ཡོད་སྡེ་ཁག་ལ་སྔ་རྗེས་སྙན་ཞུ་ཐེངས་མང་ཞུས་ཡོད་པ་མ་ཟད།  ཕན་ཚུན་ངོ་ཐུག་སྟེ་སྐད་ཆ་བཤད་ན་མང་པོ་ཞིག་ར་འཕྲོད་ཐུབ་པར་དམིགས་ཏེ།  བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི། བོད་གཞུང་དོན་གཅོད་སྐུ་ངོ་བཅས་ལ་རེ་སྐུལ་ཞུས་ཏེ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཐུག་འཕྲད་དུ་ཁྲིད་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྐུ་ངོ་དོན་གཅོད་ལགས་ཀྱིས་ཁ་པར་བཏང་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཁོང་ཕྱིར་བཏོན་རྩིས་བྱས་མོད།  ཁོང་གིས་ང་རང་བཙོན་གྲོལ་ཐོབ་པ་དང་མཉམ་དུ་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན་བརྗོད་ཀྱི་འདུག  གོམ་བགྲོད་ལ་འགྲོ་རྒྱུ་ཡིན་ན་གཞུང་ལ་གྲོས་མཐུན་བྱེད་ཁག་པོ་ཆགས་ཀྱི་འདུག  ག་རེ་བྱེད་དགོས་མིན་ཁོང་ལ་སྐད་ཆ་ཞིག་དྲིས་ཞེས་བརྗོད་པ་ལྟར།  ཕྱི་ཚེས་ ༡༡ ཉིན་ས་དཀར་བསྟན་འཛིན་དང་དོན་ཡོན་ཁོང་གསུམ་ཆེད་དུ་བལ་ཡུལ་བཙོན་ཁང་ནང་བསྐྱོད་དེ།  གླིང་ཚ་ཚེ་བརྟན་རྡོ་རྗེས་ལགས་སུ་ཐུག་འཕྲད་བྱས་རྗེས།  ཁོང་གིས་བརྗོད་པའི་སྐད་རྣམས་སྐུ་ངོ་དོན་གཅོད་ལགས་སུ་སྙན་གསན་ཞུས་ཡོད་འདུག 

དོན་ལྡན་ལགས་ཀྱིས་བརྗོད་ན།  སྐབས་དེར་སྐུ་ངོ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་ཀྱིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གཞུང་ཚབ་ཁང་སོགས་ལ་གྲོས་བསྡུར་ཞིག་བྱས་ནས་ལན་སྤྲོད་ཡོང་།  བལ་ཡུལ་དུ་ལོ་གསར་སྐབས་དང་ཁེལ་ཡོད་པའི་ཐག་ཆོད་མགྱོགས་པོ་ཡོང་རྒྱུ་མ་རེད་ཅེས་བརྗོད་སོང་ཟེར། 

གནས་ཚུལ་མཁོ་གཏོང་པ་དོན་ལྡན་ལགས་ཀྱིས།  “ངེད་གསུམ་ཁོང་ལ་སྐད་ཆ་འདྲི་རུ་ཕྱིན་པ་ཡིན།  ངོ་མ་ཁོང་གི་སྙིང་སྟོབས་དང་། ཆོད་སེམས།  ལ་རྒྱ་སོགས་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད། བཙོན་ཁང་ནང་དཀའ་ངལ་ག་ཚོད་ཡོད་མེད་ང་ཚོས་ཤེས་གསལ་རེད། ཡིན་ན་ཡང་། བོད་དོན་ཞི་བའི་འཐབ་རྩོད་པ་ཁོང་གིས་ཞི་བའི་ངག་བཅད་བྱས་ནས་ཟླ་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་རེད།” ཅེས་བརྗོད་དེ། བོད་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་བལ་གཞུང་གིས་ཁྲིམས་ཐག་བཅད་དེ་ཟླ་ལྔ་ལྷག་འདས་པའི་རིང་།  མདོ་སྨད་ས་རྒྱུན་གྱི་གཙོས་ཚོགས་པ་སྐྱིད་སྡུག་ཁག་གིས་ཁོང་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་པ་ཡག་པོ་ཞིག་བྱས་མེད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས། གཞུང་ཚབ་ཁང་སོགས་ལ་ཁོང་བཙོན་གྲོལ་དགོས་པའི་རེ་སྐུལ་ཡིག་ངག་གཉིས་ནས་བཏོན་མྱོང་མེད་སྐོར་བརྗོད་སོང་།

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་ཞི་བའི་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། བཞུགས་སྒར་དྷ་ནས་ཞི་བའི་གོམས་བགྲོད་ཀྱི་མགོ་བཙུགས་ཏེ་རྒྱ་བལ་ས་མཚམས་སུ་བསླེབས་སྐབས།  བལ་གཞུང་ཉེན་རྟོག་པས་ཁོང་ཚོར་གཅར་རྡུང་བཀག་འགོག་བྱས་ཡོད་ལ།  དེ་རྗེས་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་གཅིག་པུ་གསང་སྟབས་ཀྱིས་བལ་ཡུལ་ནང་ཞི་བའི་གོམ་བགྲོད་བྱས་ཡོད་ཀྱང་།  ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཤིང་། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བལ་གཞུང་གིས་ཁོང་ལ་བལ་ཡུལ་ཡོང་ཆོག་པའི་ཡིག་ཆ་མེད་པའི་ཉེས་མིང་འོག   ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གླིང་ཚའི་ངག་བཅད་རྗེས་སུ་ཡི་རང་ཡོད། །
    གླིང་ཚའི་ལུས་བདེ་སེམས་པ་བག་ཕེབས་ཤོག །

    Reply
  2. བློ་འཕེལ། says:
    ལོ་ 13 སྔོན།

    གླིང་ཚའི་བུ་རྒོད་ལགས། བོད་དོན་གྱི་ལས་འགུལ་ནི་ཆུ་ཚོད་དང་སྐར་ཆ་ཁ་ཤས་ཀྱི་རིང་ཁོ་ནར་སྤེལ་ན་ཅི་འདྲའི་ཕང་བ་ཞིག་རེད། དཔའ་ངར་དང་རྒྱལ་ཞེན་ཆེ་བའི་དཔའ་བོ་དཔའ་མོའི་སྙིང་སྟོབས་ནི་བརྗོད་ལས་འདས་པ་ཞིག་ལོས་ཡིན་མོད་ལས་འགུལ་གྱི་དུས་ཡུན་ཅུང་ཙམ་བསྲང་ན་ཇི་འདྲའི་དགའ་བ་ལ།
    དེར་བརྟེན་སྐུ་ཉིད་ཀྱི་ལས་འགུལ་འདི་ཚེ་རིང་ལ་ཡུན་དུ་གནས་པའི་སྨོན་འདུན་ཞུ།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    “ངས་མུ་མཐུད་ཞི་བའི་གོམ་བགྲོད་བྱེད་རྒྱུ་ཡིན། མི་རིགས་ཤིག་གི་བདེན་པ་རྩོད་དགོས་ན། སོ་སོའི་ལུང་པར་རྐང་པ་བཞག་སྟེ་རྩོད་དགོས་པ་ལས། ཕྱི་ལོགས་ནས་བོད་དོན་རྒྱབ་སྐྱོར་དང་ཞལ་འདེབས་བསྡུ་རུབ་བྱས་ནས་ཕན་ཐོག་གང་ཡང་ཡོད་པ་མ་རེད། ང་བཙོན་གྲོལ་མ་ཐོབ་བར་དུ་ཞི་བའི་ངག་བཅད་བྱེད་རྒྱུ་ཡིན་ལ། ངའི་ཞི་བའི་འཐབ་རྩོད་ཀྱི་དགོས་པ་དང་ཉིང་དགོས་སོགས་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་དཔྱད་ཞིབ་གནང་རོགས། ཁ་ཤས་ཀྱིས་ངའི་རྩོམ་ཡིག་མང་པོ་དྲྭ་ཐོག་ཏུ་བརྒྱུད་འགོད་བྱས་ན། ང་བཙོན་གྲོལ་ཡོང་རྒྱུར་དཀའ་ལས་ཁག་རབས་སོགས་བརྗོད་ཀྱིན་འདུག མི་དེ་ཚོའི་རིགས་ཀྱིས་ངའི་ཞི་བའི་འཐབ་རྩོད་དང་ང་བཙོན་གྲོལ་བྱེད་པར་ལག་པ་མ་འཆང་རོགས། ”——སྐད་ཆ་འདི་དོན་དངོས་ཀྱི་ྒནས་ཚུལ་རང་རེད།

    Reply
  4. ཨ says:
    ལོ་ 13 སྔོན།

    མི་མང་ཁ་གསེར་ཞེས་པ་ཡི་གནའ་དཔེའི་ནང་དོན་ལྟར་རངརེའི་ཚོས་དཔའ་གླིང་སྐོར་གྱི་དོན་དག་མང་པོ་ལ་གཞིག་ནས་གྲོས་བྱ་རོགས་་་་་

    Reply
  5. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་རྗེས་སུ་ཡི་རང་ཞུ། ཁྱེད་ཀྱིས་ད་བར་རང་གི་ཁས་བླངས་དམ་བཅའ་བའི་དོན་འཁྱོལ་ལས་ལ་ཞུགས་བཞིན་པ་དང་ལྷག་པར་དུ་ཁྱེད་དང་ཁྱེད་འདྲ་བའི་རྒྱལ་གཅེས་པ་སྐོར་ཞིག་གི་མཛད་རྗེས་རྣམས་དེང་སྐབས་ཚོང་རྫས་སུ་གྱུར་དང་འགྱུར་བཞིན་པ་འདི་ལ་སྔོན་འགོག་གི་བརྡ་ཞིག་གནང་པ་ནི་དངོས་གནས་རྣམ་དཔྱོད་ལྡན་པའི་བསམ་དོན་ཡིན་པས་བསྔགས་འོས་དང་དེ་འདྲ་བའི་ལས་ལ་ཞུགས་མཁན་ཚོ་ནི་བོད་ཀྱི་བླ་འཚོང་བ་དངོས་ཡིན་པས་ཡིད་སྐྱོ་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese