མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨོ་བྷ་མར་སྐུལ་འདེབས་ཀྱི་རྩོམ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཞི་བའི་སྒོ་ནས་རྒྱ་ནག་ཡར་ཐོན་ཡོང་མིན་བོད་དོན་དཀའ་རྙོག་སེལ་མིན་ལ་རག་ལུས་ཡོད།

 སྲིད་འཛིན་ཨོ་བྷ་མས་ཨེ་ཤི་ཡའི་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས།

སྲིད་སྐྱོང་བློ་བཟང་སེང་གེ།

༄༅། །སྲིད་འཛིན་ཨོ་བྷ་མ་བསྐྱར་འདེམས་བྱུང་རྗེས་ཕྱོགས་བསྐྱོད་དང་པོ་དེ་ཨེ་ཤ་ཡའི་ནང་བསྐྱང་རྒྱུའི་ཐག་གཅོད་གནང་བ་ནི་ཨེ་ཤ་ཡ་གཙོ་བོར་གྱུར་པའི་ཕྱི་འབྲེལ་གྱི་སྲིད་བྱུས་འཛིན་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད། ཨེ་ཤ་ཡའི་གླིང་ཆེན་ཧྲིལ་པོ་དང༌། ལྷག་དོན་བོད་ནང་དེའི་སྐོར་དོ་སྣང་ཤུགས་ཆེ་བྱེད་ངེས་རེད། ད་རེས་ཁོང་ནང་པ་ཤུགས་ཆེ་ཡོད་པའི་རྒྱལ་ཁབ་ཀམ་པོ་ཌི་ཡ་དང་ཐའེ་ལེནཌ་གཉིས་ནང་ཕེབས་ཀྱི་ཡོད། དེ་བཞིན་ཁོང་འབར་མར་ཕེབས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཆགས་རྒྱུ་ཡིན། འབར་མ་ཡང་ནང་པ་ཤུགས་ཆེ་ཡོད་པའི་རྒྱལ་ཁབ་ཅིག་རེད།

            ཨོ་བྷ་མ་འབར་མའི་ནང་ཕེབས་ཀྱི་ཡོད་པ་ནི་བོད་མི་ཚོར་དམིགས་བསལ་འབྲེལ་བ་ཆགས་ཡོད། གང་ཡིན་ཟེར་ན་བོད་མི་ཚོས་རྒྱ་ནག་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་འབད་རྩོལ་ཁག་ལ་འབར་མའི་རང་དབང་འཐབ་རྩོད་པ་ཚོས་དོ་སྣང་ཞིབ་ཚགས་བྱེད་ཀྱི་ཡོད། ཐེངས་འདིའི་འཚམས་གཟིགས་ནི་ལྕམ་ཨང་སང་སུ་ཀིས་དབུ་འཁྲིད་པའི་མང་གཙོ་དང་རང་དབང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཆེན་པོ་ཞིག་ཡིན། ལྕམ་ཨང་སང་སུ་ཀིས་སྲིད་འཛིན་ཐེན་སུན་དང་མཉམ་འབྲེལ་གྱིས་གཉན་འཕྲང་ཆེ་བའི་ཁོར་ཡུག་འོག་ཇུན་ཊའི་དྲག་པོའི་སྲིད་གཞུང་དང་མཉམ་ཕྱག་ལས་གནང་གི་ཡོད།

            འབར་མའི་མི་མང་དང་ཁོ་ཚོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་གཉིས་ཀས་དཀའ་སྡུག་ཚད་མེད་མྱང་ཡོད། ༨༨༨༨ ཀྱི་གྱེན་ལངས་ལ་(༡༩༨༨ ཟླ་ ༨ ཚེས་ ༨ ཉིན་བྱུང་བའི་མང་གཙོའི་ལས་འགུལ་ཞིག)དྲག་གནོན་ཚབས་ཆེན་ཕོག་པ་མ་ཟད། ཇུན་ཊའི་དམག་མིས་འབར་མའི་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་བསད་བཏང་བ་དང༌། ཕྱི་ལོ་ ༡༩༩༠ ལོའི་འོས་བསྡུ་ཆེན་མོ་བརྒྱ་ཆ་ཚད་མཐོའི་སྒོ་ནས་རྒྱལ་ཁ་བྱུང་ཡང་ལྕམ་ཨང་སང་སུ་ཀི་མི་ལོ་ ༡༥ རིང་བཟང་བཙོན་དུ་བཅུག་པ་རེད། ཁོང་གི་ཡབ་ཨང་སན་ནི་དེང་རབས་ཀྱི་འབར་མའི་རྒྱལ་ཁབ་སྲོལ་གཏོད་མཁན་ཡིན་རུང༌། ཁོང་ཡང་ཕྱི་ལོ་ ༡༩༤༧ ལོར་དམར་བསད་བཏང་བ་རེད།

            ལྕམ་ཨང་སང་སུ་ཀིའི་འཐབ་རྩོད་ཀྱི་ངོ་བོ་དང་ཉམས་མྱོང་རྣམས་ནོ་བྷལ་ཞི་བདེའི་གཟེངས་རྟོགས་བཞེས་མཁན་གཅིག་མཚུངས་ཡིན་པ་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་རྣམ་དང་འདྲ་ཆོས་ཡོད། བཙན་དབང་འོག་རང་གི་མི་མང་དང་ལུང་པ་བྲལ་དགོས་བྱུང་རུང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་མགོ་འཛུགས་ཕྱག་བསྟར་གྱིས། ཆོས་དང་སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་དད་འབྱེད་རྒྱུ་དང༌། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་ལུགས་འདི་དག་མིག་དཔེ་འོས་པ་ཞིག་ཆགས་ཡོད།

            སྲིད་འཛིན་ཨོ་བྷ་མས་གོ་སྐབས་འདི་དང་བསྟུན་ནས་རྒྱ་ཆེ་ས་ནས་ནང་ཆོས་དང་མང་གཙོའི་ལམ་ལུགས་གཉིས་མཉམ་གནས་ཐུབ་པའི་གསལ་སྟོན་གནང་དགོས། འབར་མ་དང་ཐའེ་ལེན་ཌ་གཉིས་ཀྱི་མི་མང་དང་འདྲ་བར་བཙན་བྱོལ་བོད་མི་ཚོས་ཀྱང་མང་གཙོའི་ལམ་ལུགས་འཛུགས་སྐྲུན་བྱས་ཡོད། འབར་མའི་ནང་སེར་མདོག་ཅན་གྱི་གསར་བརྗེ་བྱུང་བ་ལྟར་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་པའི་དགེ་འདུན་པ་ཚོ་ཡང་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་གཙོ་བོའི་ཁོངས་ཆགས་ཡོད།

            སྲིད་འཛིན་ཨོ་བྷ་མས་ཚོགས་ཆེན་བཅོ་བརྒྱད་པར་བསྐོ་གཞག་བྱུང་བའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་དང་བོད་དོན་གླེང་སློང་ཤུགས་ཆེ་ཙམ་གནང་དགོས། འདས་པའི་ལོ་མང་རིང་བོད་མི་ཚོས་དྲང་བདེན་ཡོང་བའི་ཞུ་འབོད་བྱེད་བཞིན་པ་དང༌། རང་སྐྱོང་དང་ཆོས་དད་རང་དབང་དགོས་པའི་མངོན་འདོད་བཏོན་ཡོད། ད་བར་བོད་མི་ ༧༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་ ༧༠ བྱུང་བ་དང༌། ཟླ་བ་འདིའི་ནང་ཉིན་གཅིག་རང་ལ་མི་ལྔས་རང་ལུས་མེར་བསྲེགས་བཏང་ཡོད།             རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཐུན་མོང་གི་མངོན་འདོད་ནི་ྋགོང་ས་མཆོག་བོད་ལ་ཕྱིར་གདན་འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་བསྐྱར་གསོ་དགོས་པ་གཉིས་ཡིན།

            བོད་མི་ཚོས་འདས་པའི་མི་ལོ་བཅུ་ཕྲག་ལྔའི་རིང་མང་གཙོའི་ལམ་ལུགས་དང་འཚེ་བ་མེད་པའི་ལྟ་གྲུབ་རྒྱུན་སྐྱོང་བྱས་ཡོད། ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རི་ཁེ་ལིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་གནས་ནན་བརྗོད་གནང་བ་དང༌། ཉེ་སྔོན་ཨ་རིའི་རྒྱ་ནག་གཞུང་ཚབ་པ་གྷེ་རི་ལོཀ་བོད་ཀྱི་ས་ཁུལ་ཁག་ཏུ་ཆེད་ཕེབས་གནང་ཡོད། ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གསུམ་ནང་འཚམས་གཟིགས་འདི་ནས་མགོ་ཚུགས་ཏེ་འབྱུང་འགྱུར་ལོ་བཞིའི་ནང་ཨོ་བྷ་མ་སྲིད་གཞུང་གིས་ཨེ་ཤ་ཡ་གཙོ་བོར་བཟུང་བའི་ཕྱི་འབྲེལ་གྱི་སྲིད་བྱུས་དེ་དོན་སྙིང་ལྡན་པ་ཞིག་ཡོང་བར་རྒྱ་ནག་དང་མཉམ་བོད་དོན་གླེང་སློང་གནང་དགོས།

            བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཨ་རིའི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་མ་ཟད། འཐབ་བྱུས་ཀྱི་ཆ་ནས་ཀྱང་གལ་གནད་ཅན་ཞིག་ཆགས་ཡོད། རྒྱ་ནག་དཔལ་འབྱོར་ཆེན་པོའི་རྒྱལ་ཁབ་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་ཡར་ཐོན་བྱེད་པ་དེ་ཨ་རི་གཙོས་འཛམ་གླིང་ཧྲིལ་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན།  རྒྱ་ནག་ནང་བརྟན་ལྷིང་ཡོང་མིན་དང༌། ཨེ་ཤ་ཡའི་ནང་ཞི་བདེ་ཡོང་མིན་གྱི་ཚོད་བལྟ་ངོ་མ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲད་མིན་དེ་ཆགས་ཡོད།

            བོད་དོན་དཀའ་རྙོག་སེལ་ན་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོད། དེ་ལྟར་བྱུང་ན་བོད་མི་ཚོས་སླར་ཡང་སྲོལ་རྒྱུན་ལྟར་ཨེ་ཤ་ཡའི་མི་འབོར་ས་ཡ་མང་པོའི་འཚོ་རྟེན་དང་འབྲེལ་བ་ཡོད་པའི་བོད་ཀྱི་གཙང་ཆུ་དང༌། རང་བྱུང་ཐོན་ཁུངས་ཁག་སྲུང་སྐྱོབ་བྱེད་ཐུབ་པའི་གནས་བབ་བསྐྲུན་ཐུབ། 

            གལ་སྲིད་ཨ་རིས་རྒྱ་ནག་དང་མཉམ་བོད་དོན་གླེང་སློང་གྲུབ་འབྲས་ལྡན་པ་ཞིག་བྱེད་ཐུབ་ན། རྒྱ་གར་དང༌། བལ་པོ། འབྲུག་པ། སོག་པོ་བཅས་བོད་མི་དང་ཆོས་རིག་གོམས་སྲོལ་གཅིག་པ་ཡིན་པ་མི་འབོར་ས་ཡ་མང་པོའི་དགའ་བསུ་ཐོབ་རྒྱུ་རེད། གནས་ཚུལ་ཐོན་གསལ་ལྟར་ན་ད་ལྟའི་ཆར་རྒྱ་ནག་ཁྱོན་ཡོངས་ལ་ནང་པ་ས་ཡ་སུམ་བརྒྱ་ལྷག་ཡོད་པ་དང༌། ཨེ་ཤ་ཡའི་ཁུལ་གཞན་དུའང་ས་ཡ་མང་པོ་ཡོད།

            བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་ཨ་རིས་རྒྱ་ནག་དང་མཉམ་དོན་ཕན་ལྡན་པའི་འབྲེལ་གཏུགས་བྱེད་རྒྱུ་དེ་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ལངས་ཕྱོགས་དང་ཡང་མཐུན་པ་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་གྱེན་ལངས་བྱུང་སྐབས་ད་ཆ་བཙོན་ཁང་ནང་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོས་གཙོས་པའི་རྒྱ་རིགས་ཤེས་ཡོན་ཅན་དང༌། རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་ཀྱིས་ཡོངས་གྲགས་ཐོག་རྒྱ་ནག་གཞུང་ལ་མཚན་འཁོད་སྙན་ཞུ་ཕུལ་སྟེ། བདེན་པ་མ་ཡིན་པའི་ཕྱོགས་གཅིག་གི་དྲིལ་བསྒྲགས་མཚམས་འཇོག་དགོས་པ་དང༌། གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།

            དེ་ནི་ད་ལྟའི་ཆར་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་མང་པོའི་བསམ་ཚུལ་ཡིན་ལ། གཞིས་བཞུགས་བོད་མིའི་མངོན་འདོད་ཀྱང་ཡིན། དེར་བརྟེན་གནད་དོན་འདིའི་ཐད་སྲིད་འཛིན་ཨོ་བྷ་མས་ནུས་པ་འདོན་ཐུབ་ན་ཨེ་ཤ་ཡ་གཙོ་བོར་བཟུང་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐུབ།

(མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་འགོ་ཁྲིད་དང་ྋགོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་ཡུལ་སྲིད་སྐྱོང་བློ་བཟང་སེང་གེས་སྤེལ།)

གོང་གསལ་ཆེད་རྩོམ་འདི་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༤ ཉིན་ཝལ་སིཊིཊ་དུས་དེབ་ནང་འགྲེམས་སྤེལ་ཞུས་ཡོད།  

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    (མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་འགོ་ཁྲིད་དང་ྋགོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་ཡུལ་སྲིད་སྐྱོང་བློ་བཟང་སེང་གེས་སྤེལ།) ཟེར།

    Reply
  2. རྐང་གསུམ། says:
    ལོ་ 13 སྔོན།

    བཀའ་དྲིན་ཆེ་སྲིད་སྐྱོང་མཆོག་་་་་་ཡག་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese