མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛོད་དགེ་རྐྱང་ཚ་རུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཕྱི་དྲོར་རྔ་པ་ཁུལ་མཛོ་དགེ་རྫོང་རྐྱང་ཚ་ཞང་སྲིད་གཞུང་སྒོ་འགྲམ་དུ་བོད་རིགས་ན་གཞོན་སྐལ་བཟང་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཞང་སྒོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་བཀྲ་པོ་ཚང་གི་ཕ་ཁྲོ་རྒྱལ་དང་མ་ཨ་ཆོས་གཉིས་ཀྱི་བུ་སྐལ་བཟང་སྐྱབས། རང་ལོ་༢༤ ཡིན་པ་ཁོང་གིས་རྐྱང་ཚ་ཞང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་ནས་ “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ༸ཀིརྟི་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག” ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་སྟེ་དེ་མ་ཐག་སྐུ་གྲོངས་ཡོད་འདུག

སྐབས་དེར་ཉེ་འཁོར་གྱི་ཆུ་རྒྱུད་གཤོག་ཀ་དང་སྐེ་རྒྱུད་གཤོག་ཀ་སོགས་ཀྱི་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་ལ་གདན་དྲངས་ཏེ་དྲན་པ་དགོན་པ་དང་། རྒྱལ་དགེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག ཁོང་གིས་དང་ཐོག་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་མ་སླེབས་ཙམ་ལ་གཟུགས་པོར་ས་སྣུམ་ལྡུག་བཞིན་གོང་གསལ་གྱི་སྐད་འབོད་བྱས་ཏེ་ཡོང་ཡོད་པ་དང་། ཞང་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་དུས་གཞི་ནས་མེ་བསྒྲོན་ཡོད་ཅིང་། དེ་རྗེས་ཀྱང་སྐད་འབོད་མང་པོ་བྱས་འདུག

ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་དུས་ཚོད་མང་ཆེ་བ་ནོར་ལུག་གི་རྫི་བོ་བྱས་ཏེ་བསྐྱལ་ཡོད་པ་ལས། སློབ་གྲྭར་འགྲོ་མྱོང་མི་འདུག རྒྱུན་དུ་མི་གཤིས་ཧ་ཅང་འཇམ་པོ་ཞིག་དང་། སྐད་ཆ་མང་པོ་མི་བཤད་མཁན་ཞིག་ཡིན་འདུག ཉིན་ཤས་གོང་ནས་མི་རེ་ཟུང་ལ་རང་ལུས་མེར་བསྲེགས་གཏོང་གི་ཡིན་ཞེས་པའི་སྐད་ཆ་རེ་བཤད་ཡོད་ཀྱང་། མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་མེད་པ་དང་། ཁ་སང་འབྲོག་ས་ནས་གྲོང་ལ་ཡོང་སྟེ།  དེ་རིང་ཞོགས་པ་སྔ་བོ་ནས་མདོ་བ་མེ་དགེ་སྡེ་བ་ནས་སྤྱི་ལེ་ ༣ ལྷག་ཡོད་པའི་རྐྱང་ཚ་ཞང་ཐོག་ལ་སོང་སྟེ་ཕྱི་དྲོ་རང་ལུས་མེར་བསྲེགས་བཏང་འདུག གནས་ཚུལ་དེ་བྱུང་རྗེས་བཞག་ལྡོམ་ཞང་ཐོག་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་རྐྱང་ཚ་ཞང་ཐོག་ལ་འབྱོར་ནས་ས་གནས་སུ་དམ་དྲག་བྱེད་མུས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས།

སྐར་མ ༢༩ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

སྐར་མ ༥༥ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧

མཆན། 6

  1. Ngawang Norbu says:
    ལོ་ 13 སྔོན།

    ༄༅། ཚེ་གྲུབ་རྡོ་རྗེ་ལགས། ཁྱེད་རང་ངོས་ནས་བོད་དོན་ཐོག་ལོ་མང་རིང་ཕྱག་ལས་གནང་གི་ཡོད་ལུགས་གསུངས་པ་དངོས་འབྲེལ་ཡིན་དགའ་གསུ་ཡོད། གནང་དགོས་ཀྱི་ཡང་རེད། ང་རང་གིས་ཀྱང་ད་བར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདྲ་མིན་ཐོག་ཕྱི་ལོ་ ༢༠༠༤ ནས་ད་བར་ཨ་རིའི་ས་ཁུལ་གང་མང་ནང་བོད་རང་བཙན་ཆེད་གོམ་འགྲོད་ལོ་ལྟར་ཞུ་མུས་ཐོག་འཆར་ལོའི་ཟླ་བ་ ༣ ནང་བྱང་ཨ་རི་ཀེ་ལི་ཕོར་ནི་ཡའི་གོམ་འགྲོད་བྱེད་འཆར་ཡོད།་སོང་ཙང་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་རང་ངོས་ནས་གང་ཐུབ་ཀྱི་ལས་འགུལ་བརྩམ་རྒྱུ་ལས་གཞན་ལ་མགུགས་རྒྱུའི་དུས་ཚོད་མེད་པ་རེད། ཚེ་རྡོར་ལགས་ཁྱེད་རང་ལ་དུས་ཚོད་ཡོད་ན་ང་ཚོའི་གྲ་རྒྱ་ (Rangzen.org) ལ་གཟིགས་རྟོགས་གནང་རོགས་ཞུ། ཐུགས་རྗེ་ཆེ། བཀའ་རྐྱོན་མེད་པ་ཞུ།

    Reply
  2. རིག་བཟང་། says:
    ལོ་ 13 སྔོན།

    གསོལ་བ་མ་འདེབས་སྨོན་ལམ་མ་རྒྱག་ རིག་པ་སྒྲིམས། དངོས་སུ་ལས་ལ་ཞུག། མཐུན་འབྲེལ་གནང་། སྒེར་དོན་གཡུག། སྤྱི་དོན་སྒྲུབ།

    Reply
  3. ཚེ་གྲུབ་རྡོ་རྗེ། says:
    ལོ་ 13 སྔོན།

    དབྱིན་མིང་Ngawang Norbu ཅན་ལགས། ཁྱོད་ཀྱིས་སྐད་ཆ་བཤད་སྟངས་ལ་བལྟས་ཡོང་ན་གངས་ཅན་སྐྱིད་གཤོངས་ཀྱི་དཔོན་པོ་ཁ་རྒྱག་ཁོག་སྟོང་ཅན་ཚོ་དང་འདྲ་བོ་འདུག དེ་མིན་ཚེ་བཀའ་ཁྲི་དང་ཚོགས་གཙོ་གང་རུང་ལ་ལུང་ཞེན་བྱེད་ཀྱི་ཡོད་པ་འདྲ།
    ང་སྒེར་ལ་མཚོན་ན་འདས་པའི་ལོ་མང་རིང་ནས་ད་ལྟའི་བར་བོད་པའི་འཐབ་རྩོད་ཐོག་ལས་ཀ་བྱས་པའི་ཁུལ་ཡིན་ལ་ད་དུང་ཡང་མུ་མཐུད་དུ་ལས་ཀ་བྱ་འདོད་ཀྱི་དམ་བཅའ་དང་གྲ་སྒྲིག་གཉིས་ཀ་ཡོད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སླར་ཡང་དལ་བའི་རྟེན་བཟང་མི་ལུས་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།

    Reply
  5. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །ཚེ་གྲུབ་རྡོ་རྗེ་ལགས། བཀའ་ཁྲི་ཚོགས་གཙོ་དང་གཞོན་གཙོ་རྣམས་ལ་མ་མགུགས་པར་རང་ཉིད་ནས་ལས་འགུལ་གང་ཞིག་བརྩམ་ཀྱང་མཐུས་པས་གནང་དགོས། མ་རྟོགས་གཞན་ལ་འཛུབ་མོ་རྩུགས་པར་རང་ཉིད་ལ་འཛུབ་མོ་བཞི་རྩུགས་ཡོད་པ་མཁྱེན་དགོས།

    Reply
  6. ཚེ་གྲུབ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་འབར་ཐལ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ག་རེ་གསུང་གི་འདུག་གམ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཅི་ཞིག་གནང་གི་འདུག་གམ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་གང་དུ་རྒྱུག་གི་འདུག་གམ། བོད་འབར་ཐལ། བོད་མི་ཚར་ཐལ། བོད་ཡུལ་འཇིག་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese