མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཐོག་མདའ།
རྩོམ་ཁུངས། བོད་ཀྱི་དུས་བབ།

དེང་སང་གི་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་ལུགས་དང་དངོས་ཡོད་འཚོ་བའི་བར་གྱི་རྒྱང་ཐག་སྐོར་ལ་བསམ་གཞིག་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་བཞིན་ “སློབ་གྲྭའི་སློབ་ཚན་མང་པོ་ཞིག་དུས་ལས་ཡོལ་ཟིན་པའི་” ལྟ་ཚུལ་འདི་དེང་སྐབས་འཛམ་གླིང་ཡོངས་ལ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། དུས་རབས་ཉེར་གཅིག་པ་འདི་ནི་འཕྲུལ་རིག་ལག་རྩལ་དང་གནས་ཚུལ་ཁྱབ་འཕེལ་གྱི་མྱུར་ཚད་བསམ་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་། དེང་སང་གི་སློབ་གྲྭ་མང་ཆེ་བའི་སློབ་ཚན་དང་སློབ་ཁྲིད་བྱེད་སྟངས་ལ་བལྟས་ན། དུས་རབས་གོང་མའི་བཟོ་གྲྭའི་ལམ་ལུགས་ཀྱི་ཤུལ་བཞག་ལྟ་བུ་ལས་མ་འདས་པས། སློབ་སྦྱོང་གི་ནང་དོན་མང་པོ་ཞིག་དངོས་ཡོད་འཚོ་བ་དང་ཁ་ཐག་རིང་དུ་སོང་ཡོད།

སློབ་གྲྭའི་ནང་དེབ་ཐོག་གི་ཤེས་བྱ་བློར་འཛིན་བྱེད་རྒྱུ་གཙོ་བོར་འཛིན་པ་ལས། དེང་སང་གི་མི་མངོན་པའི་ནུས་རྩལ་སྟེ་གནད་དོན་ཐག་གཅོད་བྱེད་སྟངས། གསར་གཏོད་ཀྱི་བསམ་བློ། དེ་བཞིན་མི་དང་མིའི་བར་གྱི་འབྲེལ་ལམ་གྱི་སྒྱུ་རྩལ་སོགས་ལ་སློབ་སྦྱོང་སྤྲོད་རྒྱུ་ཤིན་ཏུ་ཉུང་། ང་ཚོས་ལོ་མང་པོར་སྦྱངས་པའི་རྩིས་རིག་དང་ཚན་རིག་གི་གཞུང་ལུགས་ཁ་ཤས་ནི། དངོས་ཡོད་ལས་ཀའི་ཁྲོད་བཀོལ་སྤྱོད་བྱེད་རྒྱུ་མེད་པ་ཆགས་བཞིན་པ་རེད།

དེང་སང་གི་དུས་སུ་མིས་བཟོས་རིག་ནུས་(AI) དང་རང་འགུལ་འཕྲུལ་ཆས་ཀྱིས་མིའི་ལས་ཀ་མང་པོ་ཞིག་གི་ཚབ་བྱེད་བཞིན་ཡོད། འོན་ཀྱང་སློབ་གྲྭས་ད་དུང་ཡང་འཕྲུལ་ཆས་ཀྱིས་ལས་སླ་པོར་བྱེད་ཐུབ་པའི་ “བློར་འཛིན་” དང་ “བསྐྱར་ཟློས་” ཀྱི་ལས་ཀར་ཨུ་ཚུགས་བྱེད་ཀྱི་ཡོད། འདིས་སློབ་མ་རྣམས་འབྱུང་འགྱུར་གྱི་འགྲན་རྩོད་ཁྲོད་ཕམ་ཉེས་འབྱུང་གཞིར་གྱུར་ཡོད།

སློབ་གྲྭ་ཐོན་པའི་སློབ་མ་མང་པོ་ཞིག་ལ་ཁྲལ་འཇལ་སྟངས་དང་། དངུལ་རྩིས་བདག་གཉེར་བྱེད་སྟངས། སེམས་ཁམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་འཚོ་བའི་ནང་མཁོ་བའི་ཤེས་བྱ་གང་ཡང་མེད། འདི་ནི་སློབ་གསོའི་ལམ་ལུགས་འདི་དེང་དུས་ཀྱི་དངོས་ཡོད་འཚོ་བ་དང་ཁ་བྲལ་བའི་རྟགས་མཚན་གསལ་པོ་ཞིག་རེད།

སློབ་གྲྭ་ནི་ཤེས་བྱའི་བང་མཛོད་ཅིག་ཡིན་དགོས་པ་ལས། དུས་ལས་ཡོལ་བའི་ཤེས་བྱ་བློ་ལ་འཛིན་སའི་བཙོན་ར་ལྟ་བུ་ཞིག་ཏུ་འགྱུར་མི་ཉན། གལ་ཏེ་ང་ཚོས་སློབ་གསོའི་ལམ་ལུགས་ལ་བསྐྱར་བཅོས་དང་དུས་ཚོད་ལ་བསྟུན་ནས་ཡར་རྒྱས་མ་གཏང་ན། མ་འོངས་པའི་མི་རབས་རྣམས་དུས་རབས་གསར་པའི་རྗེས་མི་ཟིན་པའི་ཉེན་ཁ་ཆེན་པོ་ཡོད།  དེང་སང་གི་དུས་འདིར་རིག་ནུས་དང་ཨང་སྒྲིག་མཉེན་ཆས་སོགས་ནི་སྦྱངས་ན་འགྲིག་པ་ཙམ་མ་ཡིན་པར། མེད་དུ་མི་རུང་བའི་དུས་རབས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

མ་འོངས་པའི་ལས་ཀ་མང་ཆེ་བ་ཞིག་ནི་འཕྲུལ་རིག་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། ཨང་སྒྲིག་ཤེས་མཁན་ཞིག་ཡིན་ན། རྩིས་འཁོར་དང་འཕྲུལ་ཆས་ལ་བཀོད་འདོམས་བྱེད་ཐུབ་པས། ལས་ཀའི་གོ་སྐབས་དང་ཐོབ་ཐང་ལེགས་པ་ཐོབ་རྒྱུ་ནི་སྨོས་མ་དགོས། ཨང་སྒྲིག་མཉེན་ཆས་སྦྱོང་རྒྱུ་ནི་རྩིས་འཁོར་གྱི་སྐད་རིགས་ཤེས་པ་ཙམ་མ་ཡིན་པར། དཀའ་ངལ་ཆེན་པོ་ཞིག་རིམ་པ་བཞིན་དབྱེ་ཞིབ་བྱེད་པ་དང་། གཏན་ཚིགས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པའི་བསམ་བློ་གཏོང་སྟངས་ཤིག་སྦྱོང་བ་ཡིན།  དེང་སང་ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ཁ་པར་དང་། དྲ་རྒྱ། སྤྱི་ཚོགས་འབྲེལ་མཐུད་ཀྱི་མཉེན་ཆས་ཚང་མའི་རྒྱབ་ལྗོངས་ནི་ཨང་སྒྲིག་དང་མིས་བཟོས་རིག་ནུས་ལ་བརྟེན་ཡོད། འདི་དག་གི་རྩ་བའི་འགྲོ་སྟངས་ཤེས་ན་ད་གཟོད་ང་ཚོ་ལག་རྩལ་གྱི་བྲན་གཡོག་ཏུ་མི་འགྲོ་བར། ལག་རྩལ་བེད་སྤྱོད་གཏོང་མཁན་ངོ་མ་དེ་ཆགས་ཐུབ།

སྔོན་མ་ཡིན་ན་ཡི་གེ་འབྲི་ཀློག་ཤེས་མིན་དེ་ “ཤེས་ཡོན་ཅན་” ཡིན་མིན་གྱི་ཚད་གཞི་རེད། འོན་ཀྱང་དུས་རབས་ཉེར་གཅིག་པའི་ནང་། རྩིས་འཁོར་གྱི་སྐད་རིགས་དང་རིག་ནུས་ཀྱི་འགྲོ་སྟངས་མི་ཤེས་པ་ནི་ “ཡིག་རྨོངས་པ་” གསར་པ་ལྟ་བུ་ཞིག་ཏུ་ཆགས་བཞིན་ཡོད། དེར་བརྟེན་ང་ཚོ་བོད་ཀྱི་སློབ་གྲྭའི་ནང་དེབ་ཐོག་གི་སྔར་སྲོལ་ཤེས་བྱ་ཁོ་ན་མ་ཡིན་པར། འདི་འདྲའི་དངོས་ཡོད་དང་མཐུན་པའི་ཚན་རྩལ་གྱི་རིག་པ་འདི་དག་སློབ་ཚན་གྱི་གཙོ་བོར་འགོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།  དུས་རབས་ཉེར་གཅིག་པའི་ནང་། ཚན་རིག་དང་ལག་རྩལ་གྱི་འཕེལ་རྒྱས་ནི་གློག་ཞགས་ལྟར་མྱུར་བས། དུས་རབས་ཉི་ཤུ་པའི་ནང་གསར་གཏོད་བྱས་པའི་ཚན་རྩལ་མང་པོ་ཞིག་དེང་སང་དངོས་མང་བཤམས་སྟོན་ཁང་གི་དངོས་པོ་ལྟ་བུར་འགྱུར་བཞིན་ཡོད། དེ་བཞིན་དེང་སྐབས་ཤོག་བུ་དང་སྨྱུག་གུའི་དུས་ཚོད་ཡོལ་ནས་འགྲེམ་སྟོན་ཁང་དུ་སླེབས་ཉེ་ཡོད།

དུས་རབས་ཉི་ཤུ་པ་ནི་བཟོ་ལས་དང་འཕྲུལ་འཁོར་གྱི་དུས་རབས་ཤིག་ཡིན་ལ། དེའི་སྐབས་ཀྱི་ཚན་རིག་གིས་མིའི་རིགས་ལ་ཡར་རྒྱས་ཆེན་པོ་བསྐྲུན་ཡོད། འོན་ཀྱང་། དེང་སང་གི་མྱུར་ཚད་ལ་བལྟས་ན། ལོ་བཅུ་ཕྲག་འགའི་སྔོན་གྱི་ “སྔོན་ཐོན་གྱི་ཚན་རྩལ་” མང་པོ་ཞིག་ད་ལྟ་དུས་ལས་ཡོལ་བའི་དངོས་པོ་ཆགས་ཟིན་ཡོད། དུས་རབས་ཉི་ཤུ་པའི་ནང་། ང་ཚོས་གནས་ཚུལ་ཉར་ཚགས་བྱེད་པར་ཤོག་བུ་དང་། སྤྲིན་ཤོག (Film) སྒྲ་ཐག་ (Cassette) འོད་སྡེར་སོགས་ལ་བརྟེན་གྱི་ཡོད། འོན་ཀྱང་དེང་སང་འདི་དག་ཚང་མ་སྤྲིན་མཛོད་Cloud Computing དང་གྲངས་མཛོད་ཆེན་མོ་*Big Data* ཡི་ནང་དུ་འཐིམ་ཟིན། སྔོན་མའི་དཔེ་ཐོག་གི་ཤེས་བྱ་ཙམ་མ་ཟད། འཕྲུལ་ཆས་རྙིང་པ་དེ་དག་བཀོལ་སྤྱོད་བྱེད་སྟངས་སྦྱོང་བ་ནི་དུས་ཚོད་འཕྲོ་བརླག་ལྟ་བུ་རེད།

ལག་ཤེས་ནས་རིག་ནུས་སུ་འཕོ་བ་གྲོང་འཇུག་བྱེད་དགོས། སྔོན་མ་འཕྲུལ་འཁོར་བཀོལ་སྤྱོད་བྱེད་པར་མིའི་ལག་རྩལ་གཙོ་བོ་ཡིན་ནའང་། དེང་སང་མིས་བཟོས་རིག་ནུས་(AI) དང་འཕྲུལ་མིས་ལས་ཀ་དེ་དག་དཔྱད་ཞིབ་དང་བཅས་ཏེ་ལས་སླ་པོར་བྱེད་ཐུབ། ང་ཚོས་སྦྱོང་དགོས་པ་ནི་འཕྲུལ་འཁོར་གྱི་ཨང་སྒྲིག་དང་། རིག་ནུས་ཀྱི་ལག་རྩལ་བེད་སྤྱོད་བྱས་ཏེ་གསར་གཏོད་བྱེད་རྒྱུ་དེ་ཡིན། ཚན་རྩལ་ནི་ལོ་རེ་བཞིན་མ་བསྡད་པར། ཟླ་རེ་དང་ཉིན་རེ་བཞིན་འགྱུར་བ་འགྲོ་བཞིན་ཡོད། གལ་ཏེ་ང་ཚོས་དུས་རབས་ཉི་ཤུ་པའི་ཚན་རིག་གི་རིགས་ལམ་རྙིང་པ་ཁོ་ན་ལ་འཐམ་ནས་བསྡད་ན། དེང་དུས་ཀྱི་འགྲན་རྩོད་ཁྲོད་གོ་སྐབས་བརླག་རྒྱུ་ཐག་ཆོད་པ་རེད། དེར་བརྟེན་ནམ་ཡང་དུས་བསྟུན་སློབ་སྦྱོང་བྱེད་པའི་བསམ་བློ་ནི་དུས་རབས་འདིའི་ནང་གི་ཆེས་གལ་ཆེ་བའི་འཚོ་གནས་ཀྱི་ནུས་པ་དེ་ཡིན།

སྔོན་མ་ཡིན་ན་དྲེད་མོང་གིས་མི་བཟུང་བ་ལྟར་གཅིག་བཟུང་ནས་གཅིག་མ་གློད་ལབ་ཀྱི་ཡོད་ཀྱང་། ད་ལྟ་དྲེད་མོང་གིས་མི་བཟུང་བ་ལྟར་བྱེད་དགོས་ཞེས་བཤད་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ཚན་རིག་ནི་རྨང་གཞི་ཡིན་ནའང་། དེ་ནི་དམིགས་ཡུལ་དངོས་དེ་མ་རེད། ང་ཚོས་རྨང་གཞི་དེའི་སྟེང་ནས་དེང་དུས་ཀྱི་རིག་ནུས་དང་། གཞི་གྲངས་ཆེན་མོ། ཚན་རྩལ་གསར་པ་དག་ལ་སྦྱོང་བརྡར་བྱེད་དགོས། ཤེས་ཡོན་ནི་ཆུ་བོ་བཞིན་དུ་རྒྱུན་མ་ཆད་པར་གསར་པ་ནས་གསར་པར་འབབ་དགོས་པ་ལས། རྫིང་བུ་བཞིན་དུ་བསྐྱིལ་ནས་བསྡད་ན་རུལ་འགྲོ་བ་ཡིན།

དེང་སང་གི་ལས་ཀ་མང་པོ་ཞིག་ནི་ “ཅི་ཞིག་ཤེས་ཀྱི་ཡོད་མིན་” ལས་ “ཤེས་བྱ་གསར་པ་ག་ཚོད་མྱུར་པོ་སྦྱོང་ཐུབ་མིན་” ལ་རག་ལས་ཡོད། མི་ལོ་ཉེར་ལྔ་ལྷག་གི་ཉམས་མྱོང་ཅན་གྱི་ལས་ཀ  ཉིན་སུམ་ཅུའི་རིང་རིག་ནུས་སྦྱོང་མཁན་གྱིས་འཕྲོག་བཞིན་ཡོད། ཚན་རྩལ་གྱི་འགྱུར་བ་འདི་ནི་ཧ་ཅང་མྱུར་པོ་ཡིན་པས། ང་ཚོའི་སློབ་སྦྱོང་གི་ལམ་བུ་ཡང་དེ་བཞིན་དུ་གསར་བརྗེ་བྱེད་དགོས་པ་གནད་འགག་ཆགས་འདུག  དུས་རབས་ཉེར་གཅིག་པའི་ནང་ཚན་རྩལ་གྱི་འཕེལ་རྒྱས་ནི་དྲག་ཏུ་འབབ་པའི་ཆུ་བོ་བཞིན་མྱུར་བས། ང་ཚོའི་སློབ་སྦྱོང་གི་ལམ་བུ་ལའང་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་གསར་བརྗེ་ཞིག་བྱེད་དགོས། སློབ་སྦྱོང་གི་གསར་བརྗེ་ཞེས་པ་དེ་འགྱུར་བ་མྱུར་བའི་ཚན་རྩལ་དང་འགྲོགས་པའི་ཤེས་ཡོན་གྱི་ལམ་བུ་དེ་རེད།

དེ་རིང་གི་འཛམ་གླིང་ནི་དུས་རབས་ཉི་ཤུ་པའི་བཟོ་ལས་དུས་རབས་ལྟ་བུ་མ་ཡིན་པར། གཞི་གྲངས་དང་རིག་ནུས་ཀྱིས་ཁ་ལོ་བསྒྱུར་བའི་དུས་རབས་ཤིག་རེད། ཚན་རྩལ་གྱི་འཕེལ་རྒྱས་ནི་ལོ་རེ་བཞིན་མྱུར་དུ་འགྲོ་བཞིན་ཡོད་པས། ང་ཚོའི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལ་གཤམ་གསལ་གྱི་གསར་བརྗེ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།  དེ་སྔོན་ཤེས་བྱ་ཉར་ཚགས་ནས་ད་ལྟ་ཤེས་བྱ་བཀོལ་སྤྱོད་དུ་འགྱུར་བ་འགྲོ་བཞིན་ཡོད། སྔོན་མའི་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དེབ་ཐོག་གི་ཤེས་བྱ་མང་པོ་བློ་ལ་འཛིན་རྒྱུ་དེ་རེད། འོན་ཀྱང་དེང་སང་གནས་ཚུལ་ཚང་མ་ཁ་པར་དང་རྩིས་འཁོར་གྱི་ནང་དུ་ཡོད་པས། ང་ཚོར་མཁོ་བ་ནི་ཤེས་བྱ་དེ་དག་ག་འདྲ་བྱས་ནས་འཚོལ་རྒྱུ་དང་། ག་འདྲ་བྱས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་བཀོལ་རྒྱུ་དེ་ཡིན། འདི་ནི་ “ཅི་ཞིག་ཤེས་ཀྱི་ཡོད་མིན་” ནས་ “ཅི་ཞིག་བྱེད་ཐུབ་མིན་” ལ་འགྱུར་བ་གཏོང་བའི་གསར་བརྗེ་ཞིག་རེད།

སྔོན་མའི་སློབ་གྲྭའི་ནང་སློབ་མ་ཚང་མར་སློབ་ཚན་གཅིག་པ་དང་ཚད་གཞི་གཅིག་པའི་སློབ་སྦྱོང་སྤྲོད་ཀྱི་ཡོད། འོན་ཀྱང་དེང་སང་གི་རིག་ནུས་ (AI) ལག་རྩལ་གྱིས་སློབ་མ་སོ་སོའི་དོ་སྣང་དང་ནུས་པ་ལ་གཞིགས་ནས། སྒེར་སོ་སོར་འཚམ་པའི་སློབ་སྦྱོང་གི་ལམ་བུ་བཟོ་ཐུབ། འདི་ནི་སློབ་གསོའི་ལམ་ལུགས་ཀྱི་གསར་བརྗེ་ཆེན་པོ་ཞིག་སྟེ། འདི་ནི་གཅིག་གྱུར་གྱི་ལམ་ལུགས་ནས་སྒེར་གྱི་དགོས་མཁོར་བསྟུན་པའི་སློབ་མ་རེ་རེའི་ཁྱད་ཆོས་དང་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད།

སྔོན་མ་སློབ་གྲྭ་ཐོན་པ་དང་སློབ་སྦྱོང་མཚམས་ཆད་འགྲོ་བ་ལྟ་བུ་རེད། འོན་ཀྱང་ཚན་རྩལ་གྱི་འགྱུར་བ་མྱུར་བའི་དུས་འདིར། ང་ཚོས་སྦྱངས་ཟིན་པའི་ལག་རྩལ་མང་པོ་ཞིག་ལོ་འགའི་ནང་དུས་ཡོལ་ཆགས་འགྲོ་གི་ཡོད། དེར་བརྟེན། ང་ཚོའི་བསམ་བློའི་ནང་ “སློབ་སྦྱོང་ནི་ནམ་ཡང་མཚམས་མི་ཆད་པའི་ལམ་བུ་ཞིག་ཡིན་པ་” དང་། དུས་རྟག་ཏུ་གསར་པ་ལ་སྦྱོང་བའི་ནུས་པ་དེ་རྩ་བའི་སྙིང་པོར་འཛིན་དགོས།

ཚན་རྩལ་ནི་རླུང་འཚུབ་ལྟར་མྱུར་བས། ང་ཚོ་གནས་ས་གཅིག་ཏུ་བསྡད་ན་རྗེས་སུ་ལུས་རྒྱུ་ཐག་ཆོད་པ་རེད། ང་ཚོའི་སློབ་སྦྱོང་གི་ལམ་བུ་ནི་འགྱུར་མེད་ཀྱི་རྡོ་རིང་ལྟ་བུ་མ་ཡིན་པར། དུས་རབས་ཀྱི་རྗེས་སྙེག་ཐུབ་པའི་གསར་བརྗེ་དང་ཡར་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྒྱུར་དགོས། དེ་ལྟར་བྱས་ན་ད་གཟོད་ང་ཚོས་ཚན་རྩལ་གྱི་བྲན་གཡོག་མ་བྱས་པར། ཚན་རྩལ་གྱི་བདག་པོ་བྱས་ཏེ་མདུན་སྐྱོད་བྱེད་ཐུབ།

དེང་རབས་ཀྱི་མྱུར་ཚད་དང་བསྟུན་ནས་ “ག་རེ་སྦྱོང་དགོས་པ” དང་ “ག་འདྲ་སྦྱོང་དགོས་པའི་” སྐོར་ལ་བསམ་གཞིག་བྱེད་རྒྱུ་ནི་ལམ་སྟོན་སྒྲོན་མེ་ལྟ་བུ་རེད། དུས་རབས་འདིར་ཤེས་བྱ་ཡོད་ཚད་སྦྱོང་མི་ཐུབ་པས། འབྱུང་འགྱུར་ལ་མཁོ་བའི་ “ནུས་པ་གཙོ་བོ་་” ཁག་ལ་དམིགས་དགོས་ན་ག་རེ་སྦྱོང་དགོས་སམ་ཟེར་ན། རིག་ནུས་དང་ཚན་རྩལ་འདི་དག་ནི་དེང་སང་གི་སྐད་ཡིག་ལྟ་བུ་རེད། AI བེད་སྤྱོད་གཏོང་སྟངས་དང་། གཞི་གྲངས་ལ་དཔྱད་ཞིབ་བྱེད་སྟངས། རྩིས་འཁོར་གྱི་རྩ་བའི་འགྲོ་སྟངས་བཅས་ནི་མེད་དུ་མི་རུང་བ་ཡིན།

དེ་བཞིན་གནས་ཚུལ་བདེན་རྫུན་འབྱེད་པ་དང་། དཀའ་ངལ་ལ་གདོང་ལེན་བྱེད་པའི་ནུས་པ་ནི་འཕྲུལ་ཆས་ཀྱིས་ལས་སླ་པོར་ཚབ་བྱེད་མི་ཐུབ་པའི་མིའི་ནུས་པ་དེ་ཡིན། མི་དང་མིའི་འབྲེལ་ལམ་ནང་སེམས་ཁམས་རིག་པ་དང་། བརྩེ་བ། གཞན་གྱི་གནས་སྟངས་ཤེས་པའི་སྙིང་རྗེ་བཅས་ནི་ཚན་རྩལ་གྱི་དུས་རབས་འདིར་དེ་བས་ཀྱང་གལ་ཆེ་རུ་འགྲོ་བཞིན་ཡོད། དུས་བསྟུན་རང་བཞིན་གྱི་ཤེས་བྱ་རྙིང་པ་དོར་ནས་གསར་པ་སྦྱོང་བའི་ནུས་པ་དེ། ཤེས་བྱ་རང་ཉིད་ལས་ཀྱང་གལ་ཆེ། ཤེས་བྱ་དེ་བེད་སྤྱོད་བཏང་ནས་ལག་རྗེས་ཤིག་འཇོག་དགོས་པ་དེ་གལ་ཆེན་པོ་རེད།

དེ་ག་འདྲ་སྦྱོང་དགོས་སམ་ཟེར་ན། སྔོན་མའི་སློབ་གྲྭའི་ལམ་ལུགས་ལས་བརྒལ་ཏེ། དེང་རབས་ཀྱི་ཐབས་ལམ་བེད་སྤྱོད་བྱེད་དགོས། དེ་ཡང་དགེ་རྒན་ལ་སྒུག་མ་བསྡད་པར་རང་མོས་སློབ་སྦྱོང་བྱས་ཏེ་། ཡུ་ཋུབ་ (YouTube) དང་། དྲ་ཐོག་སློབ་ཚན། རིག་ནུས་ AI བཅས་ལ་བརྟེན་ནས་རང་ཉིད་ཀྱིས་དོ་སྣང་ཡོད་སར་མཆོང་དགོས། ལྟ་རྒྱུ་གཅིག་པུ་མ་ཡིན་པར། ལས་ཀ་ཞིག་དངོས་སུ་ལག་པ་འགུལ་ནས་བྱེད་བཞིན་དུ་བསླབ་དགོས། དཔེར་ན། བརྙན་ཐུང་ཞིག་བཟོ་བའམ། མཉེན་ཆས་ཤིག་བཀོལ་སྤྱོད་བྱེད་པ་ལྟ་བུ་ལག་ལེན་དངོས་ལ་འཇུག་དགོས་པ་རེད། ཚན་རྩལ་དང་སྒྱུ་རྩལ། ལོ་རྒྱུས་དང་རྩིས་རིག་སོགས་ཕན་ཚུན་བསྲེས་ནས་ཕྱོགས་བསྡུས་སློབ་སྦྱོང་བྱ་ན། གསར་གཏོད་ཀྱི་བསམ་བློ་འཁོར་ཐུབ།

དེང་སང་གི་དུས་འདིར་ “ཤེས་ཡོན་” ཞེས་པ་ནི་ལག་ཁྱེར་ཞིག་ལ་མི་ཟེར་བར། འགྱུར་བ་འགྲོ་བཞིན་པའི་འཛམ་གླིང་འདིའི་ནང་ “གསར་པ་སྦྱོང་བའི་འདུན་པ་” དེ་ལ་ཟེར། གནད་འགག་ནི་ “དུས་ཚོད་དམ་འཛིན་གྱིས་ལག་ལེན་ལ་འབད་རྒྱུ་”དེ་རེད། ལག་ལེན་གྱི་གོམ་པ་དང་པོ་དེ།  དེ་རིང་ནས་བཟུང་རང་ཉིད་ཀྱིས་དོ་སྣང་ཡོད་པའི་ཚན་རྩལ་གསར་པ་ཞིག་གི་སྐོར་ལ་ཉིན་རེར་སྐར་མ་ ༣༠ རེ་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཤིག་བཟོ་དགོས་པ་དེ་ཡིན།

སློབ་ཕྲུག་ཚོར་གློག་ཀླད་དང་ཁ་པར་ངེས་པར་དུ་བེད་སྤྱོད་བྱེད་བཅུག་དགོས།

བོད་པའི་སློབ་ཕྲུག་ཚོར་གློག་ཀླད་དང་ཁ་པར་ངེས་པར་དུ་བེད་སྤྱོད་བྱེད་བཅུག་དགོས། གང་ཡིན་ཟེར་ན། དེང་གི་དུས་སུ་གློག་ཀླད་དང་ཁ་པར་ནི་རྩེད་ཆས་ཙམ་མ་ཡིན་པར། དེ་དག་ནི་ཤེས་བྱའི་རྒྱ་མཚོར་འཇུག་པའི་སྒོ་མོ་དང་། ལས་ཀ་བྱེད་པའི་ལག་ཆ་གལ་ཆེ་ཤོས་དེ་ཆགས་ཡོད། སློབ་གྲྭའི་ནང་འདི་དག་བེད་སྤྱོད་བྱེད་བཅུག་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་འགའ་ཤས་ཡོད། དེ་ཡང་གློག་ཀླད་དང་ཁ་པར་ནི་དེང་རབས་ཀྱི་སྨྱུག་ཁ་དང་ཤོག་བུ་ལྟ་བུ་རེད། སློབ་གྲྭའི་ནང་འདི་དག་བེད་སྤྱོད་མ་བཏང་ན། སློབ་མ་ཚོས་ལས་ཀའི་ས་མིག་ཏུ་དངོས་སུ་ཞུགས་སྐབས་མཉེན་ཆས་དང་། ཁ་པར་གྱི་མ་ལག་དེ་དག་བེད་སྤྱོད་གཏོང་སྟངས་མི་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་གྲྭ་ནི་ལག་རྩལ་འདི་དག་ལ་སྦྱོང་བརྡར་བྱེད་སའི་ལག་ལེན་ར་བ་ཞིག་ཏུ་འགྱུར་དགོས།

དེང་སང་ཤེས་བྱ་ཚང་མ་དེབ་གཅིག་གི་ནང་དུ་ཤོང་ཐབས་མེད། གློག་ཀླད་དང་ཁ་པར་བརྒྱུད་ནས་སློབ་མ་ཚོས་འཛམ་གླིང་ཡོངས་ཀྱི་གནས་ཚུལ་དང་། དཔྱད་རྩོམ། བརྙན་ལམ་སློབ་ཚན་བཅས་ལ་ལྟ་ཐུབ། འདིས་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་མ་ཟད། སོ་སོས་སློབ་སྦྱོང་བྱེད་པའི་ནུས་པ་ སྐྱེད་སྲིང་བྱེད་ཐུབ་ལ། གནས་ཚུལ་འཚོལ་བའི་ནུས་པ་གོང་འཕེལ་གཏོང་ཐུབ།  ཁ་པར་དང་གློག་ཀླད་བེད་སྤྱོད་བྱེད་བཅུག་པ་ཙམ་གྱིས་མི་ཆོག་པར། དེ་དག་ “འགྲིག་པ་དང་ཡང་དག་པའི་སྒོ་ནས་” ག་འདྲ་བེད་སྤྱོད་གཏོང་དགོས་མིན་སློབ་དགོས། དཔེར་ན། དྲ་ཐོག་གི་གནས་ཚུལ་བདེན་རྫུན་འབྱེད་སྟངས་དང་། དྲ་རྒྱའི་བདེ་འཇགས་སོགས་སློབ་གྲྭའི་ནང་དགེ་རྒན་གྱི་ལམ་སྟོན་འོག་སྦྱོང་རྒྱུ་ཤིན་ཏུ་གལ་ཆེ།

གལ་ཏེ་སློབ་གྲྭའི་ནང་ཁ་པར་དང་གློག་ཀླད་བཀག་སྡོམ་བྱས་ན། སློབ་གྲྭ་དེ་འཛམ་གླིང་འདིའི་གནས་སྟངས་དང་ཁ་བྲལ་བ་ལྟ་བུ་ཆགས་འགྲོ་གི་ཡོད། ཕྱི་ལོག་གི་ལས་ཀ་དང་འཚོ་བ་ཚང་མ་ཚན་རྩལ་དང་འབྲེལ་ནས་ཡོད་དུས། སློབ་གྲྭས་ཀྱང་སློབ་མ་ཚོར་ལག་ཆ་དེ་དག་བེད་སྤྱོད་བྱས་ཏེ་དཀའ་ངལ་སེལ་སྟངས་སློབ་དགོས་པ་དངོས་ཡོད་དང་མཐུན་པའི་སློབ་གསོ་རེད། སློབ་གྲྭ་ཁ་ཤས་ཀྱིས་སློབ་མ་ཚོ་ཁ་པར་ལ་མགོ་འཁོར་ནས་སློབ་སྦྱོང་ལ་བར་ཆད་ཡོང་བར་སེམས་ཁྲལ་བྱེད་ཀྱི་ཡོད་ནའང་། གནད་འགག་ནི་”བཀག་སྡོམ་”བྱེད་རྒྱུ་དེ་མ་ཡིན་པར། “ལམ་སྟོན་” བྱེད་རྒྱུ་དེ་རེད། གློག་ཀླད་དང་ཁ་པར་ནི་སློབ་སྦྱོང་གི་ “བར་ཆད་” མ་ཡིན་པར། དེ་ནི་སློབ་སྦྱོང་གི་ “ཐབས་ལམ་གཙོ་བོ” ཞིག་ཏུ་བསྒྱུར་དགོས།

བསམ་ཚུལ་འདི་ནི་དེང་རབས་ཤེས་ཡོན་གྱི་ཁ་ཕྱོགས་ངོ་མ་དེ་རེད། འདིའི་ཐད་ལ་སློབ་གྲྭའི་འགན་འཛིན་དང་ཕ་མ་ཚོས་ཀྱང་བསམ་བློ་གསར་པ་གཏོང་དགོས་པ་འདུག་བསམ་པའི་བློ་ཞིག་ང་ཚོའི་སྤྱི་ཚོགས་ལ་སྐྱེ་ཐབས་འབད་བརྩོན་གནང་དགོས། དེང་གི་ཤེས་ཡོན་ལམ་ལུགས་འདི་ཉིད་དུས་རབས་དང་མཐུན་པ་ཞིག་ཏུ་བསྒྱུར་བར། སློབ་གྲྭའི་འགན་འཛིན་དང་ཕ་མ་ཚོས་བསམ་བློའི་འཁྱེར་སོ་ལ་འགྱུར་བ་གཏོང་རྒྱུ་ནི་ཆེས་གལ་གནད་དུ་གྱུར་ཡོད།  འགན་འཛིན་དང་ཕ་མའི་བསམ་བློའི་གསར་བརྗེ་ནི་མ་འོངས་པའི་མི་རབས་ཀྱི་ལམ་སྟོན་ཆགས་ངེས་ཡིན།  དུས་རབས་ཀྱི་འཕེལ་རྒྱས་ནི་མགྱོགས་དྲགས་པས། ང་ཚོས་སྔོན་མའི་བསམ་བློ་དང་ལམ་ལུགས་རྙིང་པ་ཁོ་ནར་འཐམ་ནས་བསྡད་ན། རང་གི་བུ་ཕྲུག་དང་སློབ་མ་རྣམས་ཀྱི་མདུན་ལམ་ལ་བར་ཆད་བཟོ་བཞིན་ཡོད་པ་ངོས་ཟིན་དགོས།

སློབ་གྲྭའི་འགན་འཛིན་ཚོས་སློབ་གྲྭ་ནི་ “ཡིག་ཚད་གཏོང་ས་” ཙམ་མ་ཡིན་པར། “གསར་གཏོད་དང་ལག་ལེན་གྱི་ར་བ་” ཞིག་ཏུ་བསྒྱུར་དགོས་ལ། གློག་ཀླད་དང་དྲ་རྒྱའི་བརྒྱུད་ལམ་མཐུན་རྐྱེན་ནི་སློབ་གྲྭའི་རྒྱན་ཆ་ཙམ་མ་ཡིན་པར། དེ་ནི་སློབ་མའི་སློབ་སྦྱོང་གི་རྨང་གཞི་འདིང་ས་ཡིན། དུས་ཡོལ་ཟིན་པའི་ཤེས་བྱ་རྙིང་པ་དག་ཉུང་འཕྲི་དང་། རིག་ནུས་ (AI) དང་། ཨང་སྒྲིག་ (Coding) ལྟ་བུའི་དེང་རབས་ཀྱི་སློབ་ཚན་ཁག་སློབ་གྲྭའི་སློབ་ཚན་གཙོ་བོར་གསར་འཇུག་བྱེད་དགོས།

ཕ་མ་མང་ཆེ་བས་ད་དུང་ཡང་ “དེབ་ལ་བལྟས་ནས་བསྡད་ན་སློབ་སྦྱོང་བྱེད་ཀྱི་ཡོད་པ་” དང་། “ཁ་པར་དང་གློག་ཀླད་བེད་སྤྱོད་བཏང་ན་རྩེད་མོ་རྩེད་ཀྱི་ཡོད་པར་” འདོད་ཀྱི་ཡོད། ལྟ་ཚུལ་འདི་ནི་དེང་སང་གི་དངོས་ཡོད་གནས་སྟངས་དང་མཐུན་གྱི་མེད།  ཕ་མ་ཚོས་ཁ་པར་དང་གློག་ཀླད་འདི་དག་བུ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པར་ངོས་ཟིན་དགོས།
བུ་ཕྲུག་གི་ལག་ནས་ཁ་པར་འཕྲོག་རྒྱུ་མ་ཡིན་པར། ཁ་པར་ནང་གི་ཤེས་བྱ་བཟང་པོ་དག་ག་འདྲ་བྱས་ནས་ལེན་དགོས་མིན་གྱི་ལམ་སྟོན་བྱེད་དགོས། གལ་ཏེ་སློབ་གྲྭའི་འགན་ཁུར་བ་དང་ཕ་མ་ཚོས་བསམ་བློ་མ་བསྒྱུར་ན། སློབ་མ་ཚོས་ལོ་མང་པོར་སློབ་སྦྱོང་བྱས་ཀྱང་། སློབ་གྲྭ་ཐོན་སྐབས་དེང་དུས་ཀྱི་འཛམ་གླིང་འདིའི་ནང་ལས་ཀ་བྱེད་པའི་ནུས་པ་མེད་པ་ཆགས་སོང་ན། འདི་ནི་བུ་ཕྲུག་གི་དུས་ཚོད་དང་ཕ་མའི་དངུལ་རྩིས་གཉིས་ཀ་འཕྲོ་བརླག་རེད།

སློབ་གྲྭའི་འགན་འཛིན་དང་ཕ་མ་ཚོ་ནི་མ་འོངས་པའི་མི་རབས་ཀྱི་ཟམ་པ་ལྟ་བུ་ཡིན། ཟམ་པ་འདི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་གསར་བརྗེ་བྱས་ཏེ། བུ་ཕྲུག་ཚོ་དེང་རབས་ཀྱི་ཚན་རྩལ་དང་ཤེས་ཡོན་གྱི་རྒྱ་མཚོར་བདེ་བླག་ཏུ་བགྲོད་ཐུབ་པ་ཞིག་བྱེད་དགོས། ད་ནི་བསམ་བློ་གསར་པ་གཏོང་བའི་དུས་ལ་བབ་ཡོད།

ང་ཚོས་བུ་ཕྲུག་ཚོར་ “དུས་རབས་གོང་མའི་” ཤེས་ཡོན་སྤྲད་དེ་ “དུས་རབས་འདིའི་” ནང་འཚོ་གནས་ཐུབ་པའི་རེ་བ་རྒྱག་མི་རུང་། བོད་པའི་སློབ་གྲྭ་ཚང་མ་ད་དུང་སྔར་སྲོལ་རྒྱུན་སྐྱོང་གི་ཞབས་བྲོ་རྙིང་པ་བསྐྱར་འཁྲབ་བྱེད་བཞིན་འདུག  དེ་ལས་ད་ལྟ་ནས་གློག་ཀླད་གསར་ཉོ་དང་། དྲ་ལམ་ཤུགས་ཆེ་རུ་སྤར་རྒྱུ། ཁ་པར་བརྒྱུད་ནས་ཤེས་བྱ་གསར་པ་མང་པོ་སྦྱོང་སྤྱོད་འཚོལ་གསུམ་བྱེད་ཐུབ་པའི་མཐུན་རྐྱེན་སྐྲུན་ཐབས་གནང་ན་ཕྱི་དྲག་མེད།

སློབ་གྲྭའི་འགན་འཛིན་དང་ཕ་མ་ཚོའི་བསམ་བློ་བསྒྱུར་རྒྱུ་ནི་གནད་ཀྱི་དོན་པོ་རེད། འདི་ནི་དངོས་གནས་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད།  འདི་ནི་སློབ་གྲྭ་གཅིག་དང་ཁྱིམ་ཚང་གཅིག་གི་གནད་དོན་ཙམ་མ་ཡིན་པར། སྤྱི་ཚོགས་ཡོངས་ཀྱི་མ་འོངས་པའི་མདུན་ལམ་དང་འབྲེལ་བའི་ཛ་དྲག་གི་གནད་དོན་ཞིག་ཡིན།  སྤྱི་ཚོགས་ཡོངས་ཀྱི་གནད་དོན་གཙོ་བོ་ནི་ཤེས་ཡོན་གྱི་གསར་བརྗེ་དང་མི་རིགས་ཀྱི་མདུན་ལམ་ཡིན་པ་ལྟར། དེང་རབས་ཀྱི་ཚན་རྩལ་དང་ཤེས་ཡོན་གྱི་འགྱུར་བ་འདི་ནི། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་གདོང་ལེན་བྱེད་དགོས་པའི་ལོ་རྒྱུས་ཀྱི་འགྱུར་མཚམས་ཤིག་ཡིན། གལ་ཏེ་སྤྱི་ཚོགས་ཡོངས་ཀྱིས་འདིའི་ཐད་ལ་བསམ་བློ་གསར་པ་མ་བཏང་ན། ང་ཚོ་འཛམ་གླིང་གི་རྗེས་སུ་ལུས་རྒྱུ་ཡིན་པ་ནི་སྨོས་མ་དགོས་པ་རེད།

སྤྱི་ཚོགས་ཤིག་གི་སྟོབས་ཤུགས་ནི་སྤྱི་ཚོགས་དེའི་མི་རྣམས་ཀྱི་ཤེས་ཡོན་དང་ནུས་པ་ལ་རག་ལས་ཡོད། གལ་ཏེ་ང་ཚོའི་སློབ་གྲྭ་ཁག་གིས་དུས་ཡོལ་ཟིན་པའི་ཤེས་བྱ་ཁོ་ན་བསླབས་ནས་བསྡད་ན། ང་ཚོའི་སྤྱི་ཚོགས་ལ་མ་འོངས་པར་ཚན་རྩལ་དང་། དཔལ་འབྱོར། གསར་གཏོད་ཀྱི་ནུས་པ་མེད་པའི་དཀའ་ངལ་འཕྲད་རྒྱུ་རེད། དེར་བརྟེན། ཤེས་ཡོན་གྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ལ། ཤེས་ཡོན་ནི་སྤྱི་ཚོགས་ཀྱི་སྲོག་རྩ་ཡིན།

ང་ཚོའི་སྤྱི་ཚོགས་ཀྱི་གྲལ་རིམ་དང་། ཕྱུག་པོ། དབུལ་པོའི་དབྱེ་བ་མེད་པར་སློབ་མ་ཚང་མར་གློག་ཀླད་དང་རིག་ནུས་ཀྱི་ཤེས་བྱ་སྦྱོང་བའི་གོ་སྐབས་འདྲ་མཉམ་ཐོབ་དགོས། འདི་ནི་གཞུང་དང་། ཚོགས་པ། མི་སྒེར་བཅས་སྤྱི་ཚོགས་ཡོངས་ཀྱིས་མཐུན་རྐྱེན་སྦྱོར་དགོས་པའི་གནད་དོན་ཞིག་རེད། གོ་སྐབས་འདྲ་མཉམ་མེད་ན་སྤྱི་ཚོགས་ཀྱི་ཡར་རྒྱས་ཀྱང་འདྲ་མཉམ་ཡོང་མི་ཐུབ།  སྤྱི་ཚོགས་ནང་དུ་ “ཤེས་ཡོན་” ཟེར་ན་ལག་ཁྱེར་གཅིག་པུ་དང་། “ལས་ཀ་” ཟེར་ན་གཞུང་ཞབས་གཅིག་པུ་ལ་འདོད་པའི་ལྟ་བ་རྙིང་པ་དེ་དོར་དགོས། དེང་སང་གི་འཛམ་གླིང་ནང་གསར་གཏོད་པ་དང་། ལག་རྩལ་བ། རང་གཏོང་ལས་རིགས་ (Freelancer) སོགས་ལམ་ཁ་མང་པོ་ཡོད་པ་དེ་སྤྱི་ཚོགས་ཡོངས་ཀྱིས་ངོས་ཟིན་དགོས།

སློབ་གྲྭས་ལག་རྩལ་སློབ་པ། ཁྱིམ་ཚང་གིས་ལམ་སྟོན་བྱེད་པ། སྤྱི་ཚོགས་ཀྱིས་མཐུན་རྐྱེན་དང་གོ་སྐབས་བསྐྲུན་པ་བཅས་གསུམ་ག་མཉམ་དུ་འཛོམས་ན། ད་གཟོད་ང་ཚོས་དུས་རབས་དང་མཐུན་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་ལ། འདི་ལ་མཉམ་རུབ་ཀྱི་སྟོབས་ཤུགས་ཟེར།  དུས་རབས་ཀྱི་འཕེལ་ཕྱོགས་འདི་ནི་སུ་གཅིག་གིས་ཀྱང་འགོག་མི་ཐུབ་པའི་རྦ་རླབས་ཤིག་རེད། ང་ཚོ་རྦ་རླབས་འདིའི་འོག་ཏུ་ནུབ་འགྲོ་བའམ། ཡང་ན་རྦ་རླབས་འདིའི་སྟེང་ནས་མདུན་དུ་སྐྱོད་རྒྱུ་ནི། དེ་རིང་ང་ཚོ་སྤྱི་ཚོགས་ཡོངས་ཀྱིས་ག་འདྲ་བྱས་ནས་བསམ་བློ་གཏོང་མིན་ལ་རག་ལས་ཡོད།

དེང་རབས་ཀྱི་མྱུར་ཚད་དང་འགྲོས་མཉམ་པར་བྱེད་པ་ལ། དུས་བསྟུན་འགྱུར་བ་གཏོང་བའི་ནུས་པ་དགོས།  དེ་ལ་བསྟུན་འགྱུར་ཟེར། བསྟུན་འགྱུར་ནི་ལག་ཤེས་གང་ལས་ཀྱང་གལ་ཆེ་བ་ཞིག་ཡིན། བསྟུན་འགྱུར་གྱི་ནུས་པ། དུས་རབས་གསར་པའི་འཚོ་གནས་ཀྱི་ལྡེ་མིག་རེད། འཛམ་གླིང་འདིའི་སྟེང་འགྱུར་བ་མེད་པ་ནི་ “འགྱུར་བ་” རང་ཉིད་ཁོ་ན་རེད། ང་ཚོ་ག་འདྲ་ཞིག་གི་མཁས་པ་ཡིན་མིན་ལ་མ་ལྟོས་པར། གལ་ཏེ་དུས་ཀྱི་འགྱུར་བ་དང་བསྟུན་ནས་རང་ཉིད་བསྒྱུར་མ་ཤེས་ན། རྦ་རླབས་ཀྱིས་བདས་པའི་བྱེ་མ་བཞིན་དུས་རབས་ཀྱི་རྒྱབ་ཏུ་ལུས་རྒྱུ་ལས་མ་འདས།

སྔོན་མའི་དུས་སུ་ཐེངས་གཅིག་བསླབས་པའི་ལག་རྩལ་ཞིག་གིས་ཚེ་གང་འཁྱོལ་ཐུབ་ཀྱི་ཡོད། འོན་ཀྱང་དེང་སང་གི་ཚན་རྩལ་དང་ཤེས་བྱ་ནི་འོ་མའི་ཁ་ལུད་བཞིན་མགྱོགས་པར་འཕེལ་བཞིན་ཡོད། བསྟུན་འགྱུར་བྱེད་ཤེས་མཁན་ཞིག་ཡིན་ན། རང་གིས་སྦྱངས་ཟིན་པའི་ཤེས་བྱ་དེ་དུས་ཡོལ་ཆགས་པ་དང་། དེ་མ་ཐག་གསར་པ་ལ་སྦྱོང་བའི་སེམས་ཤུགས་ཡོད་ལ། འདི་ལ་སྦྱངས་པ་དོར་ནས་གསར་དུ་སྦྱོང་བའི་ནུས་པ་ཞེས་ཟེར།

བསྟུན་འགྱུར་བྱེད་མི་ཤེས་མཁན་ལ་འགྱུར་བ་ནི་ “འཇིགས་སྣང་” ཞིག་ཡིན་ལ། བསྟུན་འགྱུར་བྱེད་ཤེས་མཁན་ལ་འགྱུར་བ་ནི་ “གོ་སྐབས་” ཤིག་ཡིན། དཔེར་ན། རིག་ནུས་དར་ཁྱབ་བྱུང་སྐབས། མི་ཁ་ཤས་ཀྱིས་ལས་ཀ་ཤོར་བར་སྐྲག་ནས་སྡོད་དུས། བསྟུན་འགྱུར་བྱེད་ཤེས་མཁན་ཚོས།  རིག་ནུས་བེད་སྤྱོད་བཏང་ནས་རང་གི་ལས་ཀའི་སྤུས་ཚད་ག་འདྲ་མཐོ་རུ་གཏོང་དགོས་མིན་ལ་བསམ་བློ་གཏོང་གི་ཡོད།  བསྟུན་འགྱུར་བྱེད་པ་ནི་རང་གི་རྩ་དོན་དོར་བ་མ་ཡིན་པར། དམིགས་ཡུལ་ལ་སླེབས་བྱེད་ཀྱི་ “ཐབས་ལམ་” བསྒྱུར་རྒྱུ་དེ་ཡིན། ལྕང་མ་ནི་རླུང་འཚུབ་དྲག་པོའི་ཁྲོད་དུ་མགོ་བོ་གུག་ཤེས་པས་མ་ཆག་པར་གནས་ཐུབ་པ་བཞིན། མིའི་བསམ་བློར་ཡང་ལྡེམ་ཆ་ཡོད་ན་ད་གཟོད་དཀའ་ཚེགས་ཀྱི་གནས་སྟངས་འོག་ཏུ་འཚོ་གནས་དང་ཡར་རྒྱས་ཡོང་ཐུབ།

མ་འོངས་པའི་འཛམ་གླིང་འདིར་ཤེས་ཡོན་ཆེ་ཤོས་དེ་སུ་ལ་ཡོད་མིན་མ་རེད། འགྱུར་བ་མྱུར་ཤོས་དེ་སུ་ཡིས་བྱེད་ཐུབ་མིན་དེ་རེད། ང་ཚོས་སློབ་གྲྭ་དང་སྤྱི་ཚོགས་ནང་དུ་བུ་ཕྲུག་ཚོར་ “ཤེས་བྱ་བྱེ་བྲག་པ་” ཞིག་སློབ་པ་ལས་ཀྱང་། “འགྱུར་བ་དང་བསྟུན་ནས་འཚོ་ཤེས་པའི་ནུས་པ་” དེ་སློབ་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་དེ་ཡིན། སྟོབས་ཤུགས་ཆེ་ཤོས་དེ་འཚོ་བར་གནས་ཐུབ་པ་མ་ཡིན་ལ། རིག་པ་རྣོ་ཤོས་དེ་ཡང་མ་ཡིན་པར། འགྱུར་བ་ལ་བསྟུན་འགྱུར་བྱེད་ཐུབ་མཁན་དེ་ཉིད་འཚོ་གནས་ཐུབ་པ་ཡིན།

ང་ཚོ་བོད་ཀྱི་སྤྱི་ཚོགས་དང་སློབ་གྲྭའི་ནང་དུས་ལས་ཡོལ་བའི་སློབ་གསོའི་ལམ་ལུགས་རྙིང་པ་དེ་མཚམས་བཞག་ནས། དུས་རབས་གསར་པའི་ཚན་རྩལ་གྱི་བསམ་བློ་སླེབས་པར་འགྱུར་བ་གཏོང་དགོས། འདི་ནི་འགྱུར་བ་གཏོང་བ་ཙམ་མ་ཡིན་པར། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ལམ་ཁ་བརྗེ་རྒྱུ་དེ་རེད།  སྲོལ་རྒྱུན་གྱི་ཤེས་བྱ་ནི་མི་རིགས་ཤིག་གི་ལོ་རྒྱུས་དང་ངོ་བོ་ཡིན་ཡང་། དེང་རབས་ཀྱི་ཤེས་བྱའི་སྒོ་ཆེན་འདི་རྒྱབ་ཏུ་བསྐྱུར་ནས་དེར་སྦྱངས་པ་བྱེད་པ་ནི། ནུས་པ་མེད་པའི་ལག་ཆ་རྙིང་པ་ཞིག་ལ་བརྟེན་ནས་དེང་རབས་ཀྱི་ལྕགས་རི་རིང་པོོ་གཏོར་ཐབས་བྱེད་པ་དང་མཚུངས་པས། དངོས་ཡོད་ཀྱི་དགོས་མཁོ་དང་མདུན་ལམ་གང་གི་ཐད་ནས་ཀྱང་ཕན་ཐོགས་དམིགས་བསལ་མེད། དེར་བརྟེན་དེང་དུས་རིག་གནས་ལ་འབད་པ་གཙོ་བོ་དང་། སྲོལ་རྒྱུན་རིག་གནས་ཞོར་སྦྱོང་བྱས་ན་གནའ་དེང་ཟུང་འབྲེལ་ཡོང་ཐུབ།།

འབྲེལ་ཡོད་གསར་འགྱུར།

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས།

སྐར་མ ༣༨ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese