མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསང་ཁོག་ཏུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

མདང་ནུབ་བླ་བྲང་བསང་ཁོག་ཞང་ཐོག་ཏུ་བོད་རིགས་ན་གཞོན་རང་ལོ་ ༡༨ ཡིན་པ་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

ས་རཱ་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པའི་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ།  རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

 

ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་བཞོན་ནས་བསང་ཁོག་ཞང་ཐོག་ཏུ་བསླེབས་ཡོད་པ་དང་། མེར་བསྲེགས་མ་བཏང་བའི་སྔོན་ཏག་ཏག་ལ་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཟེར་བར་ཁ་པར་འབྱོར་ཏེ། “ ཨ་རོགས། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་ལན་བསྐྱེལ་ཡོད་འདུག སྐབས་དེར་ཚེ་བྷེས་ “ཨ་རོགས། ཨ་རོགས།  དེ་ལྟར་མ་བྱེད། ཅུང་བསྒུག་དང” ཅེས་པ་ཙམ་ལས་བཤད་ཁོམ་མ་བྱུང་བར་ཁ་པར་སྒོ་བརྒྱབ་ཡོད་འདུག དེའི་རྗེས་ཁ་པར་ཅི་ཙམ་བཏང་ཡང་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་འདུག

 

ནང་མི་སྐོར་ཞིག་གང་མགྱོགས་བསང་ཁག་ཞང་ཐོག་ཏུ་ཕྱིན་སྐབས། སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ཚར་ཡོད་འདུག་ལ། ཉེ་འཁོར་གྱི་མི་ཚོས་བརྗོད་ན། མེར་བསྲེགས་སྐབས་ཁོང་གིས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས” ཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུ་གནང་ཡོད་འདུག

 

ཐེངས་འདིར་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་དེ་ནི། དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་གྱི་ཉེ་འཁྲིས་ཡིན་འདུག་ལ། སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་ནམ་ཁོ་དང་མའི་མིང་ལ་སྒྲོལ་མ་འཚོ་ཟེར་གྱི་ཡོད་པ་དང་། སྤུན་ཆེ་བའི་མིང་ལ་འཕགས་པ་ཚེ་རིང་དང་། ཨ་ཅེ་ཡི་མིང་ལ་ཚེ་རིང་སྒྲོལ་མ། ནུ་བོའི་མིང་ལ་སྐལ་བཟང་ཚེ་རིང་བཅས་འབོད་ཀྱི་ཡོད་ལ། རྒྱལ་གཅེས་དཔའ་བོ་ཁོང་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག དེ་སྔོན་ཁོང་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་ཡོད་འདུག ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ཞིག་ཡིན་འདུག

 

 

 

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 2

  1. ལོག་འཇོམས་རལ་གྲི། says:
    ལོ་ 14 སྔོན།

    དོན་ངོ་མ་བོད་མི་ཚོས་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེག་བཞིན་ཡོད་པ་རེད་ལ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་དྲངས་དགོས་པ་འདི་ནི་རང་དབང་དེའི་ཆ་ཤས་ཤིག་རེད། ཁོང་ཚོས་མེར་སྲེག་རིམ་བཞིན་རྒྱལ་བ་རིན་པོ་ཆེ་བོས་པ་ནི་བྱིས་པའི་ཨ་མ་འབོད་པའི་ངང་ཚུལ་རེད།།

    ཡིན་ན་ཡང་བཙན་བྱོལ་བ་དག་གི་ངོས་ནས། བོད་མི་དམངས་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་དགོས་ལ། རང་ལུས་མེར་སྲེག་མཁན་དག་གི་དགོངས་པ་ཡང་དེས་རྫོགས་ཀྱི་རེད། ཁོང་ཚོའི་ཆེད་དུ་སྨོན་ལམ་མཆོད་འབུལ་ལས་དེ་བཟང་བ་རེད།

    ཡིན་ན་ཡང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ཚོར་སྨོན་ལམ་དང་མཆོད་འབུལ་ཙམ་ལས་ཅི་ཡང་མེད་ན་དེ་ནི་བློ་གཏད་ས་ནས་སྙིང་ཕུག་པ་ལས་ཅི་ཞིག་ཡིན་ཨང་།།

    Reply
  2. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    གོང་གི་གནས་ཚུལ་སྐོར་ལ་ཞིབ་ཏུ་སྒྱུས་ལོན་གནང་འདོད་ཡོད་རིགས་ཚོས་ཁ་པར་ཨང་ ༩༨༨༢༣༨༨༢༣༤ འདི་ལ་འབྲེལ་བ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese