མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་གིས་ཉེན་རྟོག་པར་གྲི་བཙུཊ་རྗེས་སོ་སོར་གྲིས་བརྒྱབ་པ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ངྷ་སའི་བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་བོད་མི་ཞིག་གིས། རྒྱ་གར་ཉེན་རྟོག་པ་ཞིག་ལ་གྲི་བཙུགས་པ་དང་། དེའི་རྗེས་སོ་སོར་ཡང་གྲི་བཙུགས་ཏེ་ད་ཆར་གཉིས་ཀ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་ལ་ངྷ་སའི་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་ཉེ་འགྲམ་དུ་རང་ལོ་ ༣༢ ཡིན་པའི་བོད་མི་དར་རྒྱས་ཞུ་བ་ཞིག་གིས། རྒྱ་གར་ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ (Rajender Kumar) ཞེས་པ་ཞིག་ལ་གྲིས་བསྣུན་ཡོད་པ་དང་། དེའི་རྗེས་ཁོ་རང་ཉིད་ལའང་གྲི་ཐེངས་ ༩ ཙམ་བཙུགས་ཏེ་ཕྱོགས་གཉིས་ཀར་རྨས་སྐྱོན་ཆེན་པོ་ཕོག་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་ཉེན་རྟོག་པ་དང་དར་རྒྱས་གཉིས་ཀ་ཀང་རཱ་སྨན་ཁང་དུ་ཁྲིད་ཡོད་ཅིང་། ཉེན་རྟོག་པར་ཉེན་ཁ་ཆེན་པོ་མེད་ཀྱང་དར་རྒྱས་ཛ་དྲག་ཆགས་ཏེ་བཤག་བཅོས་བྱས་ཡོད་འདུག ད་ཆར་ཕན་ཚུན་གཉིས་ཀ་དྲག་སྐྱེད་གང་འཚམ་བྱུང་ཡོད་ཀྱང་བོད་པ་དེའི་རྨས་སྐྱོན་ཅུང་ལྕི་མོ་ཡིན་པ་མ་ཟད། དེ་རིང་ཞོགས་པའི་བར་ཁ་ཡང་གྲག་མ་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་གསར་འགོད་པ་ངྷ་ས་བདེ་དོན་ལས་ཁུངས་སུ་བཅར་ཏེ་གནས་ཚུལ་རྒྱུས་ལོན་བྱས་པར།  དར་རྒྱས་ནི་ཁམས་སྟེང་ཆེན་ནས་ཡིན་པ་དང་། ༢༠༠༢ ཡས་མས་ཤིག་ལ་རྒྱ་གར་ལ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕྱིན་ཏེ། ད་ཆར་ངྷ་སར་ལྷ་བྲིས་དང་ཟུར་དུ་ཟ་ཁང་ནང་ལས་ཀ་བྱེད་ཀྱི་ཡོད་འདུག དར་རྒྱས་ངོ་ཤེས་མཁན་ཚོ་དང་ཁོང་སྡོད་སའི་རྒྱ་གར་ཁང་བདག་གིས་བརྗོད་ན་དར་རྒྱས་ལགས་ནི་དུས་རྒྱུན་མི་ཉམས་ཆུང་ཞིག་ཡིན་རབས་འདུག  

ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་ཞིབ་ཕྲའི་གནས་ཚུལ་དྲིས་པར་ཁོང་གིས་བརྗོད་ན། གནས་ཚུལ་གྱི་ཐོག་མའི་བྱུང་སྟངས་ལ་བལྟས་ན། དར་རྒྱས་ཞུ་བ་ཁོང་སྐབས་དེར་སེམས་ཁམས་ཅུང་བདེ་མིན་གྱི་དབང་གིས་དོན་རྐྱེན་བྱུང་བ་མིན་ནམ་སྙམ་པའི་དོགས་པ་ཡོད་སྐོར་དང་། ཐོག་མར་ཁོས་མེག་ལོར་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་སྒེའུ་ཁུང་ལ་རྡོ་གཞུ་བཞིན་པའི་སྐབས་སུ་བོད་པའི་ཕོ་གསར་ཞིག་གིས་དེ་འདྲ་མ་བྱེད་ཅེས་བཤད་སྐབས། ཁོས་ཕོ་གསར་དེར་ས་ཕག་གཞུ་རྩིས་བྱས་ཡོད་ཚུལ་བརྗོད་བྱུང་།

བསོན་ནམས་རྡོ་རྗེ་ལགས་ཀྱིས་མུ་མཐུད་དུ་བརྗོད་ན། ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ཉིན་དེར་ཉེན་རྟོག་པའི་ལ་བ་མ་གྱོན་པར་དེའི་ཉེ་འདབས་ཀྱི་རྒྱ་གར་བའི་གཉེན་སྟོན་ཞིག་ཏུ་ཡོང་ཡོད་པར། བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་རྙོག་གྲ་འབྱུང་བཞིན་ཡོད་པ་ཤེས་འཕྲལ་དེ་གར་ཡོང་སྟེ་གནས་ཚུལ་དེ་བྱུང་ཡོད་པ་དང་། དེ་མ་ཐག་ཉེ་འཁོར་གྱི་རྒྱ་གར་བ་ཚོས་ལག་ཏུ་རྡོ་དང་དབྱུགས་པ་བཟུང་སྟེ་དར་རྒྱས་ལ་ཉེས་རྡུང་གཏོང་རྩིས་བྱས་པར། དར་རྒྱས་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་ཁང་སྟེང་དུ་འཛེགས་ཏེ་སོ་སོའི་ལུས་ལ་གྲི་བཙུགས་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་དང་ནང་སྲིད་དྲུང་ཆེ། ངྷ་ས་ས་གནས་མགོ་འཛིན་བཅས་ཀང་རཱ་སྨན་ཁང་དུ་རྨས་མ་གཉིས་ལ་གཟིགས་སྐོར་གནང་ཡོད་འདུག་ཅིང་། གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ལ་སེམས་གསོ་དང་སྦྲགས། ཉེན་རྟོག་པ་དང་ཁོང་གི་ནང་མི་ཚོའི་རྣམ་འགྱུར་ཡག་པོ་ཡོད་སྐོར་གསུངས་སོང་ལ། དར་རྒྱས་བཤག་བཅོས་གྲུབ་ཟིན་ཙམ་ཡིན་སྟབས་སྐད་ཆ་བཤད་ཐུབ་མེད་ཀྱང་། མ་འོངས་པར་མཐུན་འགྱུར་གང་དགོས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

གསར་འགོད་པས་བདེ་སྲུང་དྲུང་ཆེ་ལགས་སུ་དར་རྒྱས་ཀྱིས་བདེ་སྲུང་ཡན་ལག་ལས་ཁུངས་ལ་རྡོ་གཞུ་དོན། དེ་སྔ་ཁོང་དང་བདེ་སྲུང་བར་རྙོག་གླེང་རིགས་བྱུང་ཡོད་མེད་དྲིས་པར། དེ་འདྲ་མེད་སྐོར་དང་བོད་མི་ཚོས་རྒྱ་གར་ཡུལ་མི་དང་མཐུན་པོ་བྱ་རྒྱུ་གལ་ཆེན་ཡིན་པ། བོད་པ་ཚོ་རྒྱ་གར་ནང་གནས་དགོས་སྟབས་མཚམས་རེར་གྱོང་ཅུང་རེ་རག་ཀྱང་འཁུར་དགོས་སྐོར། གལ་སྲིད་ཡུལ་མི་དང་གནས་ཚུལ་རིགས་བྱུང་ཚེ་ཉེན་རྟོག་པར་སྙན་གསན་ཞུས་ཏེ་གནས་ཚུལ་མ་ལྷག་པ་གནང་གལ་ཆེ་ཚུལ་འབོད་སྐུལ་གནང་སོང་།

གནས་ཚུལ་འདིའི་ཐད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས། དར་རྒྱས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྨན་སྦྱོར་སོགས་ལ་མཐུན་འགྱུར་གནང་འཆར་ཡོད་སྐོར་དང་། གནས་ཚུལ་རྒྱུས་ལོན་བྱས་སྐབས་དར་རྒྱས་ནི་དུས་རྒྱུན་ཀུན་སྤྱོད་གཙང་མ་དང་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་པ་མ་ཟད། དེང་སྐབས་བོད་ནང་གནས་ཚུལ་ཛ་དྲག་ཆགས་ཡོད་པས་བོད་མི་ཚོར་སེམས་ཀྱི་དཀའ་ངལ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལའང་བསམ་ཚུལ་ཡོད་སྲིད་པས། དར་རྒྱས་ཀྱིས་བདེ་སྲུང་ལས་ཁུངས་ལ་དེ་ལྟར་བྱས་པ་ནི་ཕྱོགས་གཅིག་ནས་སེམས་ཚོར་ཕྱི་རུ་ཐོན་པ་ཞིག་ཀྱང་ཡིན་སྲིད་པས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ན་གཞོན་ཚོའི་སེམས་ཚོར་ལ་བདག་པོ་རྒྱག་དགོས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. འཇམ་གཅེས ། says:
    ལོ་ 13 སྔོན།

    ཧ་ཧ་ཧ་་གསེར་འབྲུག་འདིའི་དེ་རིང་བཤད་སྟངས་ཡག་པ་་ལ་ལ་ལ་ལ་ལལ་ལ་ལ

    Reply
  2. བསམ་འགྲུབ། says:
    ལོ་ 13 སྔོན།

    གསར་འགོད་པ་ཞིག་གི་ལས་འགན་ཡག་པོ་འཁུར་འདུག གནས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། གནད་དོན་སྔོག་འདོན་བྱས་པ་ཧ་ཅང་ཡག་པོར་མཐོང་སོང་། ད་དུང་གསར་འགྱུར་ཡང་ཁ་གསལ་ཐག་ཆོད་པ་ཞིག་སྤེལ་འདུག

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྨས་མ་གཉིས་ལ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་། འབྲེལ་ཡོད་རྣམས་པས་གནང་སྟངས་ཡག་པོ་གནང་འདུག་ལ་གསུངས་སྟངས་ཀྱང་ཡག་པོ་གསུངས་འདུག་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    མདོ་དོན། ལུང་པ་རང་ལ་མེད་ན། གཞན་གྱི་བྲན་གཡོག་ཡིན་ནོ། བསམ་བློ་ཐོང་གི་འདུག་ན། མཁས་པ་་་་་་་་་་ལ་ལ་ལ་ལ། ཟེར་བའི་གཞས་དེ་དྲན་གྱི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese