མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་དྲང་བདེན་རེད་དམ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་དང་བོད་པ་ལས་འབྲས་ཀྱི་བདག་པོ་ཡིན་རབས་བཤད། བོད་འབར་ཐལ། བོད་མི་ཚར་ཐལ། ང་ཚོས་འདི་ལྟར་རྒྱང་ནས་ལྟད་མོར་ལྟ་བསྡད་ན་དྲང་བདེན་མ་རེད། ལས་རྒྱུ་འབྲས་ལའང་འགྲོ་བ་མ་རེད། ཕར་ཕྱོགས་ན་ཤ་ཁྲག་གཅིག་པའི་མིང་སྲིང་ཚོས་གཟུགས་པོ་མེ་རུ་བསྒྲོན་ཏེ་འུ་ཅག་དང་འུ་ཅག་གི་མ་འོངས་པའི་ཆེད་དུ་ “བོད་པའི་རང་དབང་” ཞེས་འབོད་སྒྲ་སྒྲོག་བཞིན་གཅིག་འཕྲོར་གཅིག་མཐུད་དུ་འགྱེད་བཞིན་འདུག ཚུར་ཕྱོགས་ན་གཞུང་ཚོགས་སྒེར་གསུམ་གྱིས་གདུང་སེམས་མཉམ་སྐྱེད་ཡོད་ཁུལ་དང་དད་པ་དག་སྣང་ཆེ་མདོག་གིས་“བླ་མ་དཀོན་མཆོག” ཞེས་བསྔོ་སྨོན་མཆོད་འབུལ་གྱིས་ཉི་མ་འཕུད་ཐབས་དང་མི་ཚེ་སྐྱེལ་ཐབས་བྱེད་ཀྱི་འདུག འདི་དྲང་བདེན་རེད་དམ། འདི་འདྲ་མཉམ་རེད་དམ།

        སྤྱིར་ད་ལྟ་ཐོབ་ཐང་དང་འདྲ་མཉམ་གླེང་བའི་དུས་ཚོད་ཅིག་མ་རེད་ལ། ནང་ཁུལ་གྱི་གནས་ཚུལ་ཐོག་མཛུབ་གེར་གྱིས་སྡིགས་ར་གཏོང་ཚོད་དེ་བས་ཀྱང་མིན་པ་ཤེས་ཀྱི་ཡོད། ཛ་དྲག་གཉན་འཕྲང་གི་དུས་ཚོད་ཅིག་ལ། ལས་རྒྱུ་འབྲས་དང་འདྲ་མཉམ་ལ་མངོན་གསལ་དོད་པོས་རྡོག་བརྫིས་བཏང་དང་གཏོང་བཞིན་པ་འདི། སྨྲ་ཤེས་ཤིང་དོན་གོ་མཁན་སུ་ཞིག་གི་མཐོང་ཐོས་དྲན་རེག་གི་ཡུལ་ནས་བཟོད་བསྲན་བྱེད་ཐབས་མེད་ལ། ཐ་ན་ཚེ་སྲོག་གི་རྒྱུ་བ་བོད་དོན་ལ་བཅད་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྣམ་ཤེས་དག་ཀྱང་ཐུགས་བདེ་བར་བཞུད་ཐབས་དཀའ། ད་དུང་མུ་མཐུད་དུ་ཕར་ཕྱོགས་ལ་ལྟད་མོར་ལྟ་བསྡད་ན་འདྲ་མཉམ་དང་དྲང་བདེན། ལས་རྒྱུ་འབྲས་སོགས་གླེང་མཁན་དང་རྩོད་མཁན་བོད་ཕྱི་ནང་གཉིས་ནས་ཇེ་མང་དུ་འགྲོ་སྲིད།

        བསྔོ་སྨོན་མཆོད་འབུལ་བྱེད་པ་འདས་པོའི་ཆེད་ཡིན་དུ་ཆུག་ཀྱང་། འདས་པོ་དག་གི་རེ་བ་བསྔོ་སྨོན་མཆོད་འབུལ་ཙམ་མ་རེད། ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ཐོག་ལས་ཀ་བྱས་ཏེ་བོད་ཕྱི་ནང་འཐབ་ཕྱོགས་གྱུར་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་རྩོད་ལེན་བྱེད་རྒྱུ་དེ་རེད། དགོས་མཁོ་དང་ཁེ་ཕན་ལ་ཐུག་ན་བྱེས་པ་ཚོས་ནམ་རྒྱུན་ང་ཚོ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་མགྲིན་ཚབ་ཡིན་རབས་འུད་ཀྱིས་རྗོད་ཀྱི་ཡོད། དགོས་གལ་དང་ཛ་དྲག་ལ་ཐུག་ཡོང་དུས་རྒྱབ་བཤོལ་བརྒྱབ་སྟེ་ཕན་ཚུན་ལ་འཁང་ར་དང་ནང་ཁུལ་གྱི་སྐྱོན་མཚང་འབྲུ་པ། ད་དུང་གོ་སྐབས་འཇུས་ཏེ་སྒེར་དོན་བསྒྲུབ་པ་དང་། ལོ་རབས་དང་དུས་རབས་ཀྱི་ནད་རྙིང་ལ་འཁོན་ལན་སློག་རྒྱུར་རེམ་མཁན་ཡང་མི་ཉུང་བ་ཞིག་གང་སར་བྱུང་དང་འབྱུང་བཞིན་འདུག

        གཞིས་སྲུང་སྤུན་ཟླ་ཚོས་རེ་བའི་མིག་འབུར་ཕྱི་ལ་གཏད་དེ་ཡུན་རིང་ཕྱིན་སོང། ཡིད་ཆེས་བློ་གཏད་བྱེས་ལ་བཅོལ་ཏེ་ལོ་མང་འགོར་སོང། བྱེས་གྱར་བ་ང་ཚོས་ད་དུང་ཁོང་ཅག་གི་འདོད་པ་ཁེངས་པའི་གྲུབ་འབྲས་ཤིག་ལེན་ཐུབ་མེད་ལ། ཐ་ན་སྐུ་ལུས་མཆོད་འབུལ་གནང་མཁན་དག་གི་ཞལ་ཆེམས་མཐོང་བཞིན་དུ། འབོད་ཚིག་གདངས་སུ་གྱེར་པ་ཐོས་བཞིན་དུ་ཁོང་རྣམ་པའི་མངོན་འདོད་ཐོག་རྩོད་གླེང་བྱེད་ཀྱི་ཡོད། ད་ནི་གསར་ལམ་ཁག་ལ་ཅེར་ཏེ་སྒུག་སྡོད་རྒྱུ་མིན་པར། མ་མཐར་བོད་ནང་གི་གྲོང་ཁྱེར་གྲོང་རྡལ་གྲོང་གསེབ་མེད་པར་གནས་ཚུལ་ཆེ་ཆུང་གང་ཞིག་ལྷག་ཀྱང་ཆད་ལྷག་ནོར་འཕྱུག་མེད་པར་ཕྱི་ལོགས་སུ་ལེན་ཐུབ་པ་དང་། དུས་ཐོག་ཏུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱལ་ཐུབ་ཐབས་ལ་འབད་དགོས། འདི་བྱེས་སྡོད་བོད་མིའི་ལས་འགན་ཡིན་ལ། ལས་འགན་འདི་བསྒྲུབ་པའི་གོ་སྐབས་དང་ཆ་རྐྱེན་ཡང་བྱེས་སྡོད་བོད་མི་ཚོར་འཛོམས་ནས་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༦ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༦ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese