ཤར་ཕྱོགས་ཁུག་རྟ།
ད་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་སླེབས་སོང། ཕྱི་ཟླ་བཅུ་གཉིས་པ་འདི་གྲོས་མོལ་གྱི་ལམ་ནས་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཚང་མས་རེ་སྒུག་བྱས་པའི་ཟླ་བ་ཞིག་ཡིན། ཟླ་བ་བཅུ་གཉིས་པ་ནི་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར་ཕྱིན་པ་མ་ཟད་ཞིས་ཅིན་ཕིན་གྱིས་མཛད་འཕྲིན་སྐྱོང་བཞིན་པའི་སྒང་ཡིན། བོད་མི་ཚོའི་རྣ་བ་དང་སེམས་ངོགས་ན་ད་ལྟ་ད་དུང་ཡལ་མེད་པའི་སྐད་ཆ་ཚ་ལམ་མེ་བ་ཞིག་ཡོད་པ་ནི། ཕྱི་ཟླ་བཅུ་གཉིས་པ་འདིའི་ནང་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་མ་ཟད། སྐུ་ཚབ་ཀྱང་བསྐོ་བཞག་བྱེད་ཀྱི་ཡིན་ཅེས་པའི་ང་ཚོའི་སྲིད་སྐྱོང་མཆོག་གི་གསུང་འདི་རེད།
ད་བར་རང་སྲེག་ཐད་རྒྱལ་སྤྱིས་ནུས་ལྡན་གྱི་རྒྱབ་སྐྱོར་མ་བྱས་ཀྱང། རང་སྲེག་གིས་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་ཞིག་སྤྲོད་བཞིན་པའི་སྐབས་འདིར། ཞིས་ཅིན་ཕིན་གྱི་ཁྱིམ་བརྒྱུད་དང་རྒྱལ་སྤྱིའི་སྣང་བརྙན་ལ་མི་གསོད་ལག་དམར་ཧུའུ་ཅིན་ཐའོ་ལས་གདེང་འཇོག་འོས་འཚམས་བྱེད་བཞིན་པའི་སྐབས་འདིར། སྐུ་ཞབས་ཞིས་ནས་ཀྱང་རུལ་སུངས་རྩད་གཅོད་དང་སྔོན་འགོག་གི་ལས་དོན་ཞིག་རྒྱ་ཁྱབ་ལག་བསྟར་བྱེད་པའི་སྐབས་འདིར། ཐ་ན་ཞིས་ཀྱི་ཨ་ཕས་དེ་སྔ་༸པཎ་ཆེན་རིན་པོ་ཆེར་སྤྲིངས་པའི་འཕྲིན་ཡིག་ཅིག་ཀྱང་དེང་སྐབས་བསྐྱར་དུ་ཚགས་པར་སྟེང་བཀོད་དེ་པེ་ཅིང་དུ་གླེང་སློང་ཡ་མཚན་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་ལ་མངོན་དང་མི་མངོན་པའི་འགལ་བ་རྣོ་ངར་ཅན་ཡོད་པའི་སྐབས་འདིར། རང་ཉིད་ལ་གདེང་ཚོད་ཆེན་པོ་ཡོད་པའི་བོད་ཀྱི་སྲིད་སྐྱོང་གིས་གོ་སྐབས་འདི་རྣམས་ཇི་ལྟར་བླངས་ཏེ་སྐུ་ཚབ་བསྐོ་བཞག་གིས་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་མིན་དེ་རེད།
སྐབས་འདིར་ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ༢༠༠༨ ལོའི་ལོ་རྒྱུས་སུ་མ་གྲགས་པའི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་ནས་བྱུང་བའི་ཞི་རྒོལ་ལ་མིང་འདོགས་སྣ་ཚོགས་ཤིག་བཏགས་པ་མ་ཟད་ཞི་རྒོལ་ངན་སྐུལ་བ་༸གོང་ས་མཆོག་ཡིན་ཚུལ་སྒྲོག་བཞིན་པའི་སྐབས་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་རྭ་ནས་སྲིད་བློན་ཝུན་ཅཱ་པོས་ཁོ་རང་གི་ངོས་ན་བརྡ་ལན་ཞིག་བཙན་བྱོལ་བོད་གཞུང་ལ་བསྐྱལ་རྒྱུ་ཡོད་པ་རྡ་རམ་ས་ལར་འབྱོར་ཡོད་པ་འདྲ་ལ། སྲིད་བློན་རྒྱལ་ཕྱི་ལའོ་སིར་འབྱོར་ནས་ནམ་རྒྱུན་འཆར་ཅན་གྱི་བཀའ་མོལ་ནང་“༸གོང་ས་སྐྱབས་མགོན་ཆེན་པོས་ཤུགས་གནོན་བེད་སྤྱོད་བཏང་ནས་བོད་ནང་ལྷིང་འཇགས་བཟོ་རོགས་”ཞེས་པ་ཞིག་བཅུགས་ནས་ཡོངས་བསྒྲགས་གནང་རྐྱེན། ༸གོང་ས་ཆེན་པོས་ཕྱི་ཟླ་ ༣ ཚེས ༡༩ ཉིན་ཧུའུ་ཅིན་ཐོའི་མིང་ཐོག་ལ་ཐད་ཀར་བཀའ་ཡིག་ཅིག་སྩལ་ཏེ། སྲིད་བློན་ཝུན་ཅཱ་པོའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་ན། ༸གོང་ས་མཆོག་གི་ནུས་ཤུགས་བོད་དུ་བསླེབ་རྒྱུར་ཆ་རྐྱེན་བསྐྲུན་ན་སྐུ་ཚབ་ཆེད་གཉེར་གནང་དགོས་བྱུང་ནའང་གོ་སྒྲིག་ཡོད་ཅེས་གསུངས་སྟབས། ཕྱི་ཟླ ༤ ཚེས ༢༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་འབྲེལ་མོལ་བྱ་རྒྱུ་ཡིན་པའི་བརྡ་ལན་འབྱོར་སྟབས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཛ་དྲག་གི་སྐབས་ཀྱི་ནང་མོལ་དེ་བྱུང་བ་རེད།
བྱུང་རིམ་འདིའི་སྐབས་ཀྱི་གནས་ཚུལ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་ལ་ཇུས་འགོད་བྱས་ཚུལ་དང། ཡང་ཕྱོགས་གཞན་ཞིག་ནས་འུ་ཐུག་ནས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་གཏན་འགོག་གནང་གི་མི་འདུག་ཅེས་སྤྱི་མཚུངས་སྐད་ངན་མང་པོ་ཤོར་ཡོད། ཡིན་ནའང། བྱུང་རབས་ལྟར་སོང་ན། སྲིད་སྐྱོང་མཆོག་གིས་ཕྱི་ཟླ་བཅུ་གཉིས་པ་འདི་དམིགས་བསལ་གསལ་འདོན་བྱེད་དགོས་དོན་ཡང་འབྲེལ་མོལ་བསྐྱར་གསོ་བྱེད་ལ་ཉེ་བའམ། བྱེད་དགོས་པའི་གནས་བབ་ཅིག་ངོས་ལེན་དང་སྦྲགས་མེ་ཡིས་འབར་བཞིན་པའི་བོད་ནང་གི་ཛ་དྲག་གནས་བབ་གང་མགྱོགས་རྒྱ་གཞུང་དཔོན་རིགས་དང་ཐུག་འཕྲད་ཀྱིས་ཐག་གཅོད་བྱེད་དགོས་དགོངས་པ་ཡིན་ནམ་སྙམ།
སྲིད་སྐྱོང་གི་ཐུགས་རེ་འདི་དང་འབྲེལ་ནས་བསྐོ་བཞག་བྱ་རྒྱུའི་སྐུ་ཚབ་སྐོར་ལའང་ང་ཚོས་གླེང་སློང་བྱེད་དགོས་པ་འདྲ་སྟེ། སྐུ་ཚབ་ནི་འབྲེལ་མོལ་གྱི་རྩ་དོན་ཡིན་པ་ཚང་མར་ཉམས་མྱོང་བྱུང་ཡོད་པ་དེ་རེད། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རྩ་དགོངས་ཞུས་ནས་ཉིན་ཤས་མ་འགོར་ཡང། ད་ལྟ་གཞི་ནས་ཤེས་ཚོད་བྱས་ན་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་ལམ་སེང་བསྐོ་བཞག་གིས་ཕྱག་ལས་གནང་བཞིན་པ་ཡིན་ནའང། ཨ་རི་གཞུང་དང་གཞུང་གི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་གཏིང་ཟབ་ཡོད་པའི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རིན་པོ་ཆེ་མཆོག་ལ་ད་བར་ལས་གནས་གང་ཡང་གོ་སྒྲིག་ཞུས་མེད་སྟབས། ཁོང་ཉིད་བསྐྱར་དུ་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་སྟེང་མ་ཕེབས་ཐབས་མེད་ཡིན་ཚུལ་ལ་ཚོད་དཔག་བྱེད་མཁན་མང་པོ་ཡོད། དེ་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་སྐུ་ཚབ་ཟུར་པ་མཆོག་ལ་ཨ་བོད་བར་གྱི་ཟམ་པ་ལྟ་བུའི་ཕྱག་ལས་གནང་མཁན་དང་། རྒྱ་བོད་འབྲེལ་བའི་སྐོར་གྱི་བྱས་པར་གྲོས་ཆོད་ཅིག་བཞག་ཡོད་པ་དང་འབྲེལ་བ་ལོས་ཡོད་བསམས་མོད། ཕྱོགས་གཞན་ཞིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་པ་པོ་ཡེ་རྡོར་གྱིས་བྲིས་པའི་བློ་རྒྱ་བར་གྱི་དཀྲོགས་གཏམ་ཀྱང་སྐུ་ཚབ་དང་འབྲེལ་བའི་དཔྱད་གླེང་ནང་ཚུད་ཡོད། ངས་ནི་རིན་པོ་ཆེའི་དགུང་ནའི་བབ་དང་མཛད་བྲེལ། བསྒྲགས་གཏམ་ཁག་གང་ལ་གཞིགས་ཀྱང་ཁོང་ཉིད་བསྐྱར་དུ་སྐུ་ཚབ་གནང་འདོད་མེད་པ་ནི་གསལ་རྟོགས་འདྲ་ཞིག་བྱུང། དེ་བཞིན་སྐུ་ཚབ་སྐལ་རྒྱམ་ཡང་འགན་བློས་བཟོད་བྲལ་ལ་རེ་བ་གསར་པ་ཞིག་ཡོང་ཤེས་མེད་པ་དང། ཡོང་གི་ཡོད་ན། ད་ཐེངས་མི་མང་ལ་གསལ་བཤད་ཡོད་པའི་ལམ་ནས་ཕེབས་དགོས་སྟབས། འདིའང་ངས་བལྟས་ན་ཕལ་ཆེར་ཡོང་རེ་བྲལ།
དེས་ན་ང་ཚོས་གང་ཟག་སུ་ལ་འབྲེལ་མོལ་སྐུ་ཚབ་ཀྱི་འོས་འགན་འབབ་ཀྱི་ཡོད་པ་དང། སུའི་སྟེང་ན་འོས་ཆོས་ཚང་གི་ཡོད་མེད་དེ་གླེང་སློང་ཤུགས་ཆེན་གྱིས་བཀའ་ཤག་གསར་པར་གཞོགས་འདེགས་བྱེད་དགོས་པ་དེ་རེད། གཞོགས་འདེགས་ཐད་ཅི་ཡང་མི་ཤེས་མཁན་ང་ལྟ་བུ་ཞིག་གིས་ཀྱང་མི་མང་གི་གླེང་ཕྱོགས། དངོས་ཡོད་གནས་བབ་གང་ལ་བལྟས་ཀྱང་བཤད་ཐུབ་པ་ཞིག་ནི། སྐུ་ཚབ་རྣམ་པ་གཉིས་སྟག་སེང་ཁ་སྤྲོད་བཞིན་འགྱིང་ཡོད་པ་སྟེ། ༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང། སྐུ་ཞབས་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་རེད། ངས་འདི་ལྟར་བཤད་ན་ཆོས་ཀྱི་སེམས་ཁམས་ཀྱིས་སྲིད་སྟེགས་སྟེང་ཕན་འབྲས་མི་ཐོན་པར་བཤད་པའི་ཁུངས་མེད་རུ་དཔུང་གི་ཐུགས་ལ་འཕྲོད་པ་ཞིག་མི་ཡོང་ཡང་བྱ་ཐབས་བྲལ། ཁོང་རྣམ་པ་གཉིས་ཀྱིས་རྒྱལ་སྤྱི་དང་རྒྱ་ནག བོད་མི་རིགས་དང་བཅས་པའི་མཚོ་མཐའ་མི་བསྐོར་བའི་གནས་བབ་གང་ཡང་མེད་པ་ཡིན་སྟབས། སྐུ་ཚབ་འདི་འདྲ་ཞིག་རྒྱ་ནག་ལ་ཕེབས་ཏེ་གྲོས་མོལ་གནང་ཐུབ་པ་ཡིན་ན། སྤྱིར་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་འདོད་མེད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། རྒྱ་ནག་གི་མགོ་བསྐོར་འོག་ཚུད་རྒྱུ་མིན་པའི་བློ་བདེ་བོ་དེ་བོད་མི་ཚོས་རྒྱུན་བཅངས་ཞུ་ཆོག་གི་རེད་བསམས།
རང་སྲེག་ས་འབར་གནམ་འབར་དུ་སོང་རྐྱེན་དེང་རང་རེའི་སྨྱུག་འཛིན་པ་དག་ཀྱང་ལྐུགས་པའི་ངང་ཚུལ་འཛིན་མཁན་ཞེ་གཅིག་ཏུ་འགྱུར་བཞིན་པ་འདིས། འབྲེལ་མོལ་དང་སྐུ་ཚབ་སྐོར་གཞར་ཡང་བསམ་ཚུལ་སྤུངས་བརྩེགས་ཤིག་ཡོང་མིན་ཐེ་ཚོམ་ཡིན་ནའང། ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་ཛ་དྲག་ནང་མོལ་གནང་དགོས་པའི་ཆབ་སྲིད་དབུ་ཁྲིད་ཀྱི་བློ་སྟོབས་དང། ནང་མོལ་སྐབས་གསལ་བཤད་གནང་བ་ཁག་ཅིག་མཇུག་ཏུ་སྨྲ་ན། སྲིད་སྐྱོང་གི་འབྲེལ་མོལ་བསྐྱར་གསོ་དང་སྐུ་ཚབ་བསྐོ་རྒྱུ་ཇི་ལྟར་ཁས་བླངས་དམ་བཅའ་བཞིན་ཟླ་བ་འདི་ག་རང་ལ་གནང་ཐུབ་པ་ཞིག་དང། དེ་དེ་བཞིན་ལམ་ལྷོང་ཡང་ཡོང་བར་ཤོག
དེ་ཡང། ༢༠༠༨ ལོར། བོད་ས་ཡོངས་སུ་སྔར་མ་གྲགས་པའི་སྡེབས་ལངས་ཞི་རྒོལ་ཆེན་པོས་གནམ་ས་སྒྲིབ་སྐབས། འབྲེལ་མོལ་ཐེངས་དྲུག་པ་མུ་མཐུད་རྒྱུའི་གནས་བབ་མེད་ནའང། དུས་སྐབས་ཛ་དྲག་འདི་འདྲ་ཞིག་གི་སྐབས་སུ་ཁ་གཏད་རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཙམ་ཡང་མ་ཐུབ་པར། ཐག་རིང་ནས་བསྒྲགས་གཏམ་རེ་སྤེལ་ན་འཐུས་རྒྱུ་མིན་པ་བྱུང་རབས་ཀྱིས་གསལ་ཁ་བྱེད་པར་དགོངས་ཏེ། ཐབས་ཤེས་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་ཛ་དྲག་ནང་མོལ་མ་གནང་ཐབས་མེད་དང། གནང་བ་དེའང་འབྲེལ་མོལ་སྔར་འཕྲོ་མིན་པར་དང་པོ་ནས་ཆ་རྐྱེན་གྱི་གྲས་སུ་བཀོད་དེ་ཁས་ལེན་དུ་བཅུགས་པ། ནང་མོལ་སྐབས་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ་དང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཁུངས་སྐྱེལ་ག་རེ་ཡོད་མེད་ནག་འདེད་བྱས་པ། ཐ་ན་རྒྱ་གཞུང་ལ་སྐུ་ཚབ་རྣམས་པ་ཚོ་དང་མཉམ་དུ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྡ་རམ་ས་ལའི་ལས་ཁུངས་ཁག་གི་ཡིག་ཆ་ཞིབ་འཇུག་ཆེད་གཏོང་རོགས་གནང་ཞེས་གདོང་དང་གདོང་ཐུག་ནས་ངོ་ཚ་དགོས་པའི་གནས་སྟངས་དམར་རྗེན་དུ་བཟོས་པར། ཡུན་ཙམ་རིང་ནུས་དེ་ག་རང་ཐོན་པ་མ་ཟད། འབྲེལ་མོལ་མུ་མཐུད་པ་དང་བོད་མིའི་མངོན་འདོད་རང་སྐྱོང་༼ བསམ་འཆར ༽ཡང་མདུན་ཅོག་གཅིག་གི་སྟེང་བགྲོ་གླེང་གི་ལམ་ནས་ངོ་སྤྲོད་ཚད་ལྡན་བྱས་པར་དངོས་སུ་ལན་མེད་པའི་ཐོག་སྤྲོད་ཐུབ་པ་བྱུང་ཡོད།
སྐབས་དེར་བཀའ་ཤག་གི་ཛ་དྲག་ནང་མོལ་གནང་དགོས་པའི་དགོངས་གཞིའི་ནང་“རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དང་ཐད་ཀར་འབྲེལ་བ་ཞིག་མ་གནང་ན་ད་ལྟ་ལམ་སེང་འཕྲལ་དུ་ཁེ་དང་གྱོང་གི་ཁྱད་པར་ཞིག་མ་བྱུང་རུང་འབྱུང་འགྱུར་བྱུང་རབས་ཀྱི་ནང། སྐབས་དེ་དུས་འབྲེལ་བ་གནང་ཡོད་ན་དགེ་མཚན་ཡོང་རྒྱུ་ཞིག་ཡིན་པ་ལས་དེ་གནང་མི་འདུག་ཟེར་རྒྱུའི་གནས་ཚུལ་ཞིག་ལྷག་སྲིད། དེ་ཙམ་དུ་མ་ཟད་ང་ཚོའི་ངོས་ནས་གང་གནང་རྒྱུ་ཡོད་པ་དེ་དག་གང་དགའ་ཅི་ལེགས་ཀྱིས་ཆ་ཚང་བ་ཞིག་མ་གནང་ན་གཅིག་བྱས་ན་མ་འདེང་བའམ་ཆད་པའི་སྐྱོན་ཡོང་སྲིད་”ཅེས་རྡོ་རྗེ་གཡར་དམ་བརྟན་པོར་བཅས་ཏེ། ཛ་དྲག་ནང་མོལ་བྱུང་བ་མ་ཟད་འབྲེལ་མོལ་མུ་མཐུད་རྒྱུའི་དུས་ཚེས་རྣམས་ཀྱང་གཏན་འབེབས་བྱུང་སྟེ་རྒྱ་ནག་ཡིབ་ས་མེད་པ་ཞིག་བཟོས་པའི་ང་ཚོའི་སྐབས་མིག་མཐོང་ལག་ཟིན་གྱི་བྱུང་རབས་ཀྱིས་ཐོག་དྲངས་ན། སྲིད་སྐྱོང་ལྷན་རྒྱས་ནས་ཀྱང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་གནང་མི་ཐུབ་པའི་གནས་བབ་ཅིག་ནམ་ནམ་ཞར་ཞར་དུ་མེད་པ་རིག་པས་མཚུངས་བསྡུར་གྱིས་ར་འཕྲོད་པ་འདི། ཕྱི་ཟླ་བཅུ་གཉིས་པ་འདི་ཁུག་རྟས་གནམ་ཆར་སྒུག་པའི་གཏམ་རྒྱུད་གསར་པ་ཞིག་ཀྱང་ཡིན་ལོས་ཆོག
༢༠༡༢། ༡༢། ༡༤ ། ཉིན་བྲིས།
ཐབས་མཆོག་དབུ་མའི་ལམ་གྱི་བྱུང་རིམ་ནང།།
མ་འདོད་བོད་མིའི་རྣམ་འགྱུར་ཚུལ་མིན་རིགས།།
གསང་བ་ལྐོག་གྱུར་གནས་ནས་རབ་གསལ་སྟེ།།
ཁུག་རྟས་དྲག་རྡུང་བྱེད་འདིར་ཁོ་བོས་བསྟོད།།
ཅེས་ཀྱང་སྨྲའོ།།
ཤར་ཕྱོགས་ཁུག་རྟར་རྒྱ་མི་དེས་བཤད་པའི་སྐད་ཆའི་ཐད་བསམ་གཞིགས་ངེས་པར་དུ་གཏོང་དགོས་པ་ཞིག་རེད། གླེང་ཐུབ་མཁན་ཡོད་ན་ག་ལེར་གླེང་ཆོག
སྐུ་ཚབ་བསྐོ་བཞག་དང་ཞི་མོལ་གྱི་སྐད་ཆ་དེ་གཞོང་པ་སྟོང་པའི་གཞུང་འཛིང་བརྒྱབ་པ་ལས་གཞན་གང་ཡང་མེད།
སྐད་ཆ་མདོར་བསྡུས་ནས་བཤད་ན་རྒྱ་བོད་གཉིས་ཀྱི་རྩ་དོན་ཐད་ནས་བཤད་ན་བོད་ཀྱི་རྩ་དོན་དེ་དུས་ཚོད་འདིར་དཔགས་ན་་་་་་ད་དུང་བོད་དོན་ཐད་རབ་རིབ་ཙམ་ལས་གཞན་ཅི་ཡང་མེད་་་་་་་་
གནས་ལུགས་དེ་གཞི་ལུས་བོད་རིགས་དང་ཕྱི་སྡོད་བོད་རིགས་ཚོས་ཤེས་དགོས།
དྲ་ངོས་འདིར་ག་དུས་ཡིན་ན་གླེན་བཤད་རྐྱང་རྐྱང་ཤོད་སྡོད་མཁན། ཟ་དང་ཟུར་ནས་དབུ་མའི་ལམ་ལ་ཅིག་ཨེ་ཤོད་ལྟ་ཁུལ། ཐ་ན་རང་གི་ངོ་གདོང་ཙམ་ཡང་སྟོན་མི་ནུས་མཁན་གསེར་འབྲུག་སྡེ་ལྔ་དང་མིག་མི་འཛུམ་སོགས་ཀྱི་ཉོག་བཤད་ལ་དངོས་གནས་གད་མོ་ཤོར་གི རྒྱ་མི་དེའི་སྐད་ཆ་དེ་ཁྱོན་ནས་བདེན་པ་མ་རེད་ཅེས་ཤོད་རྒྱུའི་ནུས་པ་ཞིག་ཁོག་ན་མེད་པ་མིས་མཐོང་གི་རེད། ད་ཞུ་དག་ཐེངས་ཤིག་གཏོང་རོགས། དྲ་ངོས་འདི་དང་ཁ་བརྡ་དྲ་བའི་སྟེང་བྲིས་པའི་སོ་སོའི་མཆན་ལ་ཅིག་ལྟོས་དང། མི་རྣམས་ནི་ལོང་པ་མིན་ལ་འོན་ལྐུགས་དེ་བས་ཀྱང་མ་རེད་དོ།། ལྷན་རྒྱས་རྐང་བཞི་ཚོ། ཧཧཧཧ
ཤར་ཕྱོགས་ཁུག་རྟས་གནད་འགག་གླེང་ཐུབ་པ་དང་གླེང་ཤེས་པ་བཀའ་དྲིན་ཆེ། ཕྱོགས་རིས་ཅན་དང་རྒྱ་མའི་དྲ་འབུ་ཁ་ཤས་ཀྱིས་འུར་རྒྱག་ཁུལ་ལ་སྐྱག་པ་སྦྱིན་ཅིག སྐུ་ཚབ་སྐོར་གྱི་མ་རྩོམ་དེའང་དོན་ལ་གནས་ལ། མཆན་བུ་རྒྱ་མིའི་སྐད་ཆ་དེ་གཞི་རྩ་མེད་པ་ཞིག་གཏན་ནས་མ་རེད། ལོ་ཁ་ཤས་གོང་རྡོ་རྗེ་གདན་ནས་༸གོང་ས་མཆོག་དང་བཀའ་ཁྲི་མཆོག་གཉིས་ཀྱིས་བོད་ནས་ཕེབས་པའི་གསར་འབྱོར་ཚོར་བོད་ནང་དཀྲོགས་གཏམ་བཀྲམས་མཁན་ཁ་ཤས་ཀྱི་མགོ་བསྐོར་འོག་མ་ཚུད་ཅེས་གསལ་བོ་གསུངས་ཡོད་པ་རེད། སྐབས་དེར་དབུ་མའི་ལམ་གྱི་བྱུང་རིམ་གསལ་བཤད་དང་བོད་ནང་དབུ་མའི་ལམ་རྒྱ་མིར་མགོ་འདོགས་ཀྱི་ཡོད་ཚུལ་དང། བོད་བློས་གཏོང་གི་ཡོད་རབ་སོགས་ཀྱི་དཀྲོགས་གཏམ་སྤེལ་མཁན་བྱུང་བ་སོགས་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་བཀའ་ཕེབས་ཡོད་པ་རེད། ཤར་ཕྱོགས་ཁུག་རྟ་དངོས་གནས་རང་དབུ་མའི་ལམ་པ་དངོས་གནས་པ་ཞིག་རེད། ཁྱེད་ཀྱིས་ཕྱི་ནང་གསང་གསུམ་རང་གཞན་གཉིས་ཀྱི་མཚང་བརྟོལ་བ་ནི་དབུ་མའི་ལམ་མྱུར་ཏུ་གྲུབ་འབྲས་ཐོན་ཆེད་ཡིན་སྟབས། རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།། ཨ་མའི་བུ་རྒོད་ཤུགས་རྒྱོབ།། དེང་སང་རྡ་ས་མི་ཚང་མ་ཁེ་ཕན་པ་རྐྱང་རྐྱང་ཡིན་པས་དེ་ཚོའི་རྐུབ་སྟོན་དགོས་པ་གལ་ཆེན་རེད།།
གསེར་འབྲུག་གི་གསུང་ལ་མངོན་པར་བསྟོད་དོ། ། ཕན་པ་གང་ཡང་བྱུང་མེད་ཀྱང་ཡོད་མདོག་གིས་ད་མི་དམངས་ལ་མགོ་སྐོར་མ་གཏོང་རོགས། ཤར་ཁུག་གི་ཁུངས་གཏུགས་ས་གཙོ་བོ་དང་རྒྱབ་བརྟེན་རང་ཡང་རྒྱ་རྒན་མཁས་པ་ཅིག་ཡོད་ཟེར་བ་དེ་རེད་འདུག་ག་་་་ཧཧཧ་་ད་ཚར་བྱ་་བདེན་པ་ར་སྤྲོད་བྱེད་ཐབས་གཞན་མེད་པ་འདྲ། ་་འཇམ་གཅེས་ལགས་ངས་བལྟས་ན་ཁྱོད་ཀྱི་འདིའི་བགྲོ་གླེང་གི་གཞི་ཤེས་ཀྱི་མེད་པ་འདྲ། འདིར་སུ་གང་ནས་ལམ་དབུ་མ་འགྲིག་མི་འདུག་ཟེར་མཁན་བྱུང་མ་སོང་ལ་་་་༧གོང་ས་མཆོག་ལ་ཅིག་ལབ་མཁན་ཡང་བྱུང་མ་སོང་་་་་ལན་འབྲི་འདོད་ཡོད་ན་དང་བོ་གསལ་བོ་ཞིག་ཀློག་རོགས་གནང་་་ཧཧ
དུས་བབས་ཚང་ལ་ཞུ་རྒྱུར།
ད་དུང་ངའི་རྗེས་མཆན་གཉིས་པོ་དེ་ཡིན་ཅིག་དྲ་ངོས་སུ་འགོད་རོགས་གནང་། མཆན་གཉིས་པོ་དེའི་ནང་གནས་ལུགས་རྒྱུ་མཚན་ངེས་ཅན་ལྡན་ཡོད།
ཤར་ཁུག།
ད་དུང་འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་དང་བསྟུན་པའི་རྒྱལ་ཁ་བླངས་རབས་ལ་གསལ་ཁ་མི་འདུག་ལ།
ཀྲུང་ནན་ཧེའེ་ཡིས་ཏཱ་ལའི་བླ་མ་དང་བོད་ཐོག་འཛིན་པའི་འཁྱོག་བརྗོད་དང་མཁྲེགས་འཛིན་གྱི་སྲིད་ཇུས་དང་བཤད་ཡམས་དེ་ད་དུང་གཏོར་ཐུབ་མེད་ལ་རྒྱུན་ལྡན་བཞིན་འགྲོ་མུས་རེད། དགོངས་ཚུལ་དང་བསམ་ཚུལ་ཉན་འདོད་ཡོད་ཞེས་བཤད་པ་ཙམ་གྱིས་རྒྱལ་ཁ་བླངས་ཡོད་བསམས་ན་ནོར་བ་རེད། དེ་ལྟ་བུ་ནི་ཡིག་ཐོག་ལ་མེད་པའི་ཏེང་གིས་རྒྱལ་ལོ་དོན་གྲུབ་ལ་རང་བཙན་ཕན་ལ་ག་རེ་ཡིན་ན་ཡང་སྐད་ཆ་བཤད་ཆོག་ཟེར་བ་འདྲ་པོ་རེད་ལ། ཏེང་གིས་ལབ་པ་དེ་ཡིན་མདོག་ཁ་ཁ་འདྲ་ཞིག་མི་འདུག་གས། བྱས་ཙང་རྒྱལ་ལོ་དོན་གྲུབ་ཀྲུང་གོའི་གཞུང་ཚབ་ཁང་དུ་ཕྱིན་ནས་གསུང་སྐད་ཤོར་དོན་ཡང་འདིར་འཐུག་ཡོད་པ་རེད།
དེས་ན་དངོས་དོན་བརྗོད་པའི་གྲོ་གླེང་མི་བྱེད་པར་གཡས་གཡུགས་གཡོན་གཡུགས་བྱེད་པའི་ལམ་ལུགས་འདིས་ག་རེ་མཚོན་པ་རེད། ཀྲུང་དབྱང་གིས་བོད་ཀྱི་གནད་དོན་བསེལ་རྒྱུའི་ཆོད་སེམས་དང་འདུན་པ་མེད་པ་གསལ་པོ་མཚོན་ཐུབ།
དེ་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་རང་སྐྱོང་མངོན་འདོད་བསམ་འཆར་ཡིག་ཆ་དེ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་རྗེས། ཅིའི་ཕྱིར་ངོས་ལེན་མ་བྱས་པ་རེད། ཅིའི་ཕྱིར་མཁས་ལེན་མ་བྱས་པ་རེད། ཅིའི་ཕྱིར་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་པ་རེད། ཅིའི་ཕྱིར་རྒྱུན་མཁྱོངས་དང་མཐའ་འཁྱོངས་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་རིམ་པ་བཏོན་པ་རེད།
འོ་ན་རྒྱ་ནག་གི་རྩ་ཁྲིམས་འབྲུ་འདོན་ལ་གོ་བ་མི་ལོན་པའི་རྒྱུ་མཚན་ག་རེ་རེད། ཀྲུང་གོས་རང་གི་རྩ་ཁྲིམས་ལ་རྒྱུས་མངའ་རྩ་བ་ནས་མེད་པ་ཨེ་རེད། ཟམ་གདོང་བླ་མས་སྐད་གསེང་མཐོན་པོས་བཤད་པ་དེ་ཀྲུའུ་ཝེ་ཆོན་གྱིས་ལག་ལེན་ལ་འཁེལ་ཐབས་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད། དྲི་རྟགས་འདི་ཚོ་རང་བཞིན་གྱི་ཡོང་གི་ཡོད་པ་རེད་ལ་རེ་རེ་བཞིན་ལན་འདེབས་མེད་ན་རྣམ་པར་རྒྱལ་བའི་རྒྱལ་ཁ་ཞིག་ཆགས་མེད་པ་རེད།
ད་དུང་གོ་ལ་ཧྲིལ་པོ་འདི་སྟེང་བོད་ཀྱི་གནད་དོན་དང་དཀའ་ངལ་བསེལ་ཐུབ་མེད་ལ། འདི་ལྟར་བསེལ་དགོས་ཞེས་མཛུབ་མོ་འཛུགས་ས་གསལ་པོ་དེ་བས་མེད་པ་རེད། དེས་ན་ཚུལ་མཐུན། གཉིས་སྨན་ཟེར་བ་དེ་ཕྱོགས་གཉིས་ཀས་མཁས་ལེན་དགོས་པ་རེད་ལ། ལག་པ་ཡ་གཅིག་གིས་བཟློག་པ་ཡོང་ཐབས་ཡོད་པ་མ་རེད།
རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གཞི་གདན་དེ་ཡང་ཁ་ཞེ་མཐུན་པའི་རྒྱབ་སྐྱོར་ཞིག་ད་ལྟ་ཕན་ལ་བྱུང་མྱོང་མེད་ལ་མ་འོངས་ཡང་ཁག་པོ་རེད། མ་ཟད་ཨ་རིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོས་རྒྱ་ནག་གི་དཔོན་རིགས་དང་འཐུག་འཕྲད་བྱེད་སྐབས་དང་བླངས་ཀྱི་དཔང་པོ་རྫུན་མ་ཞིག་ཐོན་གྱིན་པ་ནི་བོད་འདི་ཀྲུང་གོ་དང་ཁ་བྲལ་དུ་མེད་པའི་ཆ་ཤས་ཞིག་རེད་ཟེར་བ་སྔོན་དུ་བཏང་ནས། ཁ་ཞེ་མི་མཐུན་པའི་ལམ་དབུ་མར་རྒྱབ་བསྐྱོར་ཡོད་མདོག་བྱས་པ་མ་གཏོག་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞིག་ནམ་ཡང་བྱས་མེད་པ་རེད། དེ་ནི་གཞན་གང་ཡང་མིན་པར་ལམ་དབུ་མ་འདི་རྒྱལ་སྤྱིའི་སྣེ་མང་བཤམ་སྟོན་ཁང་གི་ཚོང་རྫས་ལྟ་བུ་ཆགས་ནས་ཚང་མས་རང་རང་གི་ཁེ་ཕན་ཟ་གང་ཐུབ་ལྟ་ཡི་ཡོད་པ་རེད། བྱས་ཙང་ཁ་ཞེ་མི་མཐུན་པའི་རྒྱབ་སྐྱོར་དེས་ད་བར་ང་ཚོ་མགོ་འཁོར་བསླུ་བྲིད་ཀྱི་འོག་ཏུ་ཚུད་ཡོད་པ་རེད་ལ་བོད་ཀྱི་རྩ་དོན་འདི་རང་ཚུགས་མི་བརྟན་པ་བཟོས་ཡོད་པ་རེད་ལ། ནམ་ཡང་རྒྱལ་ཁ་ཞིག་མ་རེད་དོ།
འཇམ་གཅེས་ཁྱི་སྨྱོན་ཁྱོད་དང་པོ་བྱེད་སྒྲ་འབྲེལ་སྒྲའི་རྣམ་དབྱེ་དང་སྔོན་རྗེས་ཀྱི་འཇུག་པ་དེ་ཚོ་ཡག་པོ་ཞིག་སྦྱོངས་དང་། དེ་ནས་ཁ་སྣོན་དང་ཟུར་སྣོན་སོགས་བརྒྱབ་ཡོང་ན་ལན་པོ་འདྲ་ཞིག་ཡོད་པ་རེད། དེ་མིན་ཁྱོད་རང་གི་བྲིས་པའི་ཡི་གེ་དེ་ཚོར་ཡང་སྐྱར་ཚར་གཅིག་ཀློགས་དང་དགོད་སྤྱད་ཅིག་མ་རེད་པས།
རེད་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་གཙོ་ཀྲུའུ་ཝེ་ཆོན་གྱིས་བསམ་འཆར་དེ་བཏོན་པ་བདེན་པ་རེད། འོན་ཀྱང་བསམ་འཆར་དེ་སླེབས་དགོས་པའི་རྒྱུ་མཚན་མི་ཤེས་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། དོན་དངོས་བསམ་འཆར་དེ་སླེབས་དགོས་པའི་རྒྱུ་མཚན་ནི་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་རྒྱུའིི་ཆོད་སེམས་དང་འདུན་པ་སྤུ་ཙམ་ཡང་མེད་པ་རེད་ལ་བོད་འདི་གནའ་སྔ་མོ་ནས་ཀྲུང་གོའི་བདག་དབང་ཆ་ཚང་ཡོད་ཤག་ཤག་བྱེད་ཀྱི་ཡོད་པ་རེད། བྱས་ཙང་ཏང་ཀྲུང་དབྱང་སྲིད་གཞུང་གིས་རྩ་ཁྲིམས་ལ་གཞི་བཅོལ་གྱི་མེད་པ་མ་ཟད་ལག་བསྟར་ནི་ག་པར་ག་པར། དེས་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་ལྷ་སྐུ་ནང་བཞིན་སྒྲིག་གཤོམ་བྱེད་ཡས་རེད་མ་གཏོག་ལག་བསྟར་བྱེད་སྤྱད་ཞིག་མ་རེད་ལ། དེའི་ནང་གི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ཐོབ་ཐང་རང་སྐྱོང་ཟེར་བ་དེ་མིང་ཙམ་གྱིས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་དཀའ་རྙོག་མ་ཡོང་ཆེད་ཐོབ་ཐང་ཡོད་མདོག་གི་མགོ་བསྐོར་གཏོང་ཆེད་རེད་མ་གཏོག་དོན་དངོས་དེ་ལྟར་ཡོད་པ་མ་རེད།
འོན་ཀྱང་ཡུལ་གྱར་བ་ཚོས་མེད་ས་ནས་གཅིག་རྩོད་པར་བརྟེན་མིང་ཙམ་དེ་རྙོག་འཛིང་སྣ་མང་རང་བཞིན་ཅན་དུ་འགྱུར་ཉེན་གྱིས་ཀྲུའུ་ཝེ་ཆོན་གྱི་བསམ་ཚུལ་དེ་སླེབས་པ་རེད་ལ་རྒྱ་ནག་གི་རྩ་ཁྲིམས་རླུང་ལ་བསྐུར་གྲབས་བྱས་པ་རེད།
ད་དུང་ཁོ་པས་ཕྱི་རྒྱལ་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བོད་རྒྱ་འབྲེལ་མོལ་སྒོ་ཆེན་ཡངས་པོར་ཕྱེས་ཡོད་པ་རེད་ཅེས་བཤད་པ་རེད། པེ་ཅིང་གིས་བོད་ཕྱོགས་སུ་ཕྱེས་ཡོད་པའི་སྒོ་ཆེན་དེའི་ནང་མི་བཞག་ནས་ཙི་ཙི་ཡང་ཐར་གྱི་མེད་པ་དེ་རེད།
ཐར་ས་དང་འཛུལ་ས་མེད་པའི་སྒོ་ཆེན་དེའི་ནང་ལོག་ནས་ཅ་དངོས་རྩ་ཆེན་ཞིག་བླངས་ཡོད་ཟེར་ན་དགོད་སྤྱད་ཅིག་མ་རེད་པས། དེ་ལ་སུས་ཡིད་ཆེས་བྱེད་ཀྱི་རེད། ད་དུང་ཨུ་ཚུགས་ཀྱི་འཛུལ་གྱི་ཡིན་ཟེར་ན་གང་འདྲ་རེད། ཧ་ཧ་ཧ། ཧུ་ཧུ།
ཨ་ཨ། ཤར་ཕྱོགས་ཙི་ནའི་ཡུལ་གྱི་ཁུག་རྟ།
ངས་ཁྱོད་ཀྱི་སྒོ་ལྔའི་དབང་ཤེས་དང་ཀླད་རྩ་ཉམས་འདུག་ཞེས་བཤད་པ་དེ་དོན་ལ་གནས་པ་མ་རེད་པས།
བྱས་ཙང་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་གྲུབ་དང་ཟ་རྔམས་དང་འདོད་རྔམས་རང་བཞིན་ཅན་གྱི་དྲི་མ་ཡལ་མ་མྱོང་བའི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་འདོམས་འོག་ཡོད་པའི་རྒྱ་རིགས་དེ་ཚོའི་ཁ་ལ་ཉན་པ་མ་ཟད། ཁོང་ཚོར་ཡིད་བརྟན་བཅོལ་བའི་ལམ་ལུགས་དེས་ཁྱོད་ཀྱི་མི་གཤིས་གསལ་གསལ་ཐིང་ཐིང་གིས་ཐང་ལ་འབུད་ཡོང་བ་རེད།
མ་གཞི་ངས་དྲང་བདེན་གྱིས་ཏང་གི་བྱ་སྤྱོད་ཐེར་འདོན་བྱེད་ཐུབ་མཁན་རྒྱ་རིགས་སྒྱུ་རྩལ་གྲགས་ཅན་ཨཱེ་ཝེ་ཝེ་མ་གཏོག་ཝང་ལིང་ཞོན་མཚོན་པའི་མི་རིགས་ཆེན་པོའི་རིང་ལུགས་ཀྱི་དྲི་མ་མ་བྲལ་བའི་མཁས་པ་གཅིག་ཡིན་མདོག་དང་བོད་ལ་ཤ་ཞེན་ཡོད་མདོག་བྱེད་མཁན་དེ་ཚོར་ཡིད་ཆེས་དང་གདེངས་འཇོག་ནམ་ཡང་བྱེད་ཀྱི་མེད། རྒྱུ་མཚན་ཨཱེ་ཝེ་ཝེ་ཁོང་གིས་ལྟ་གྲུབ་གཅིག་བོད་དེ་ལག་པ་མ་འཆངས་བར་ཟུར་དུ་འཇོག་དགོས་ཞེས་པ་དེ་རེད།
དེ་མིན་རྒྱ་ནག་ཁ་བྲལ་འགྲོ་རྒྱུར་སེམས་ཕྲལ་ཆེན་པོས་བོད་ལ་ཤ་ཞེན་ཡོད་མདོག་བྱེད་ཀྱི་ཡོད་པ་རེད་ལ། གཡོ་འཁྲུལ་དེས་བོད་ཀྱི་མཐོ་རིམ་མི་སྣ་མཚོན་པའི་མང་དག་གཅིག་ངལ་བ་འབྲས་མེད་ཀྱི་རེ་བའི་ཀློང་དུ་བསྐྱལ་བ་རེད་ལ། བོད་ཀྱི་བདེན་པའི་འཐབ་རྩོད་དེ་རང་ཚུགས་མི་བརྟན་པར་གཡས་འཁྱོག་གཡོན་འཁྱོག་བྱེད་དགོས་པའི་གནས་ཚུལ་འདི་བྱུང་ནས་ནང་ཁུལ་ཆབ་སྲིད་ལྟ་གྲུབ་ཀྱི་འགལ་འདུ་རང་བཞིན་ཅན་ལ་གྱུར་བ་དང་། མི་རབས་གསར་རྙིང་གི་ལྟ་ཚུལ་མི་མཐུན་པ་བཟོས་པ་རེད།
བྱས་ཙང་བོད་སྐྱོད་ཅིང་གྲོལ་དམག་ཐོག་དང་པོ་བོད་ལ་སླེབས་སྐབས་འཛུགས་བསྐྲུན་དང་ཡར་རྒྱས་རོགས་ཕན་སོགས་ཀྱིས་མི་སེམས་འགུལ་བའི་གླུ་དབྱངས་གྱེར་བཞིན་སླེབས་པ་རེད་ལ། མགོ་བོ་སླ་པོ་ཡིན་པའི་བོད་རིགས་ཁག་གཅིག་གིས་བསྟོད་གླུ་ཡང་བླངས་པ་རེེད། མཐའ་མ་ཅིང་གྲོལ་བཏང་ཚར་བའི་མཇུག་འབྲས་དེ་དོན་ལྔ་སྣོད་དྲུག་ཚང་ཚང་ཡོད་ན་དྲན་ངོས་སུ་གསལ་ལེར་གནས་ཡོད་ཚོད་ཡིན། འདི་རྒྱ་མི་རིགས་ཀྱི་གཡོ་སྒྱུ་རང་བཞིན་ཅན་དེར་ཡིད་ཆེས་བློས་འགེལ་ནམ་ཡང་མི་ཐུབ་པའི་དཔེ་མཚོན་ཙམ་ཡིན།
དེ་ལྟ་བས་ན་ངས་གཡོ་ཅན་ཝ་མོ་དང་ཟ་རྔམས་ཅན་གྱི་འཕར་སྤྱང་དེ་ཚོ་ལ་གླེང་མོལ་བྱེད་འདོད་མེད་ཀྱང་འཕྲིན་འདི་ཁྱོད་ཀྱི་ཚད་མའི་སྐྱེས་བུ་ལྟ་བུའི་མི་གཅིག་སེམས་གཅིག་གི་གྲོགས་མཆོག་རྒྱ་རིགས་དེའི་སྡུག་ལྕོག་ནང་འཁྱོལ་ཐབས་བྱེད་རོགས།
ང་ཚོ་བོད་མི་རིགས་འདི་དཀྲོག་གཏམ་གྱི་ཁ་ལ་ཉན་ཆོག་ཆོག་ཞིག་མ་རེད་ལ་བཙན་པོའི་གདུང་རྒྱུད་འཁྲུལ་མེད་གཅིག་དང་བཙན་པོའི་སྙིང་སྟོབས། མི་རིགས་ཀྱི་ལ་རྒྱ་དང་ལྟ་བ། མི་རིགས་ཀྱི་གདུང་ཞེན། མཐོ་སྒང་མི་རིགས་ཀྱི་ཁྲག་རྒྱུན་དྲོན་མོ་བཞུར་མཁན་གྱི་མི་རིགས་ཞིག་ཡིན་ལ། ༧གོང་ས་ཏཱ་ལའི་བླ་མར་ཆོས་ཕྱོགས་ནས་བླ་མའི་འདུ་ཤེས་དང་ཆབ་སྲིད་ནས་བཤད་ན་ལོ་རྒྱུས་དོན་སྙིང་ལྡན་པའི་མི་སྣ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་མཁན་གྱི་མི་རིགས་ཞིག་ཡིན་ལ། སྤྱང་ཀི་དམར་པོ་དང་ཁ་བྲལ་ལོག་སྤྱོད་པའི་ཞྭ་ནག་འབུལ་མཁན་གྱི་མི་རིགས་ཞིག་ནམ་ཡང་མིན་ཞེས་བཤད་རོགས།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ལ་མཚོན་ན་ཁྱོད་ཚོ་ཕྱི་སྡོད་རྒྱ་རོ་དང་མི་འདྲ་བ་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལྡན་པའི་ངང་ཏཱ་ལའི་བླ་མར་ཆོས་ཕྱོགས་ནས་དད་གུས་བླ་ན་མེད་པ་ཞིག་ཞུ་བཞིན་ཡོད་པ་རེད་ལ། ཆབ་སྲིད་ཐད་ལྟ་གྲུབ་མི་མཐུན་པ་ཏོག་ཙམ་ཡོད་ཀྱང་དེ་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལྡན་པའི་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་གོང་འོག་ཕན་ཚུན་ཞེ་འཁོན་དང་སྡང་ཟུག་སྤུ་ཙམ་ཡང་མེད་པར་རྡོག་རྡོག་གཅིག་ཡིན་པས་ཁྱོད་གཡོ་ཅན་ཝ་མོས་ནམ་ཡང་མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད་ལ་ཁྱོད་སྙིང་རླུང་སྟོད་ལ་འཚངས་བ་སྡུག་གྱོང་བགྱིས་ལབ་རོགས།
ད་དུང་བོད་ནང་གི་མེར་སྲེག་ལས་འགུལ་རང་བཞིན་ཅན་དེ་རྙོག་འཛིང་རང་བཞིན་ཅན་ལ་བསྒྱུར་མཁན་དང་པོ་དེ་ཏང་ཀྲུང་དབྱང་སྲིད་གཞུང་རེད་ལ། ཀྲུང་གོས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱིས་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པ་དེའི་མཇུག་འབྲས་རེད་ལ་འཛམ་གླིང་ལ་རང་ཉིད་ཀྱི་ངོ་གདོང་སྦས་ཆེད་མེར་སྲེག་གི་ལས་འགུལ་ཁ་ལོ་བསྒྱུར་གང་ཐུབ་ཀྱིས་བཟའ་ཚང་གི་རྩོད་རྙོག་དང་ཁྱིམ་ཚང་གི་རྩོད་རྙོག་ལ་བསྒྱུར་གང་ཐུབ་བྱས་པ་རེད།
གཉིས་པ་དེ་ཙི་ནའི་ཤར་ཁུག་གིས་གཙོས་པའི་བོད་མི་རིགས་ཀྱི་ལ་རྒྱ་དང་གདུང་ཞེན། མི་རིགས་ཀྱི་ལྟ་བ་མི་གཤིས་ཡོད་ཚད་དོར་ཟིན་པའི་མི་བུ་ཡ་མ་བརླ་ཅན་དེ་ཚོས་མེར་སྲེག་གི་ལས་འགུལ་དེ་འཚེ་བར་བསྒྱུར་གང་ཐུབ་ཀྱིས་ནུས་མེད་དུ་གཏོང་རྒྱུའི་སེམས་ངན་བཅངས་ཡོད་པ་རེད།
དེ་ནས་བོད་ཕྱི་ཕྱོགས་ནས་བོད་ནང་ལ་ཏཱ་ལའི་བླ་མའི་དགོངས་གཞི་ལམ་དབུ་མར་དཀྲོག་གཏམ་སྤེལ་མཁན་སུ་གཅིག་ཀྱང་མེད་པ་རེད་ལ། རྒྱ་གར་དམངས་གཙོ་དང་ནུབ་ཕྱོགས་དམངས་ཚད་མཐོ་བའི་སྤྱི་ཚོགས་ནང་གནས་བཅའ་བཞིན་པའི་ངོས་ནས་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་ཡོང་ཆོག་པ་དེ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ཀྱི་ཁྱབ་ཁོངས་ནང་ཡོད་པ་རེད་ལ། ཡུལ་གྱར་བོད་མིའི་སྤྱི་ཚོགས་འདི་ཏཱ་ལའི་བླ་མས་དམངས་གཙོ་མར་གསོལ་རས་གནང་བར་བརྟེན་དམངས་གཙོ་ཡང་དག་པའི་ལམ་དུ་བསྐྱོད་རྒྱུར་གཞོག་འདེགས་དང་བསྐུལ་འདེད་གཏོང་གི་ཡོད་པ་རེད་མ་གཏོག་དཀྲོག་གཏམ་གྱི་རྒྱུ་རུ་ནམ་ཡང་འགྲོ་གི་མ་རེད་ལ་དོན་དངོས་ཀྱི་དཀྲོག་གཏམ་དེ་ཚོ་ཁྱོད་ཚོས་སྤེལ་གྱི་ཡོད་ཙང་དེར་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་དེ་ཁྱོད་ཚོར་ཡིན།
མ་གཞི་ཁྱོད་ཚོ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་གྲུབ་དང་གཅིག་བསྡུས་རིང་ལུགས་འོག་མི་ཚེ་བསྐྱལ་བ་སོང་ཙང་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་དོན་སྙིང་དང་ཁེ་འཕན་སོགས་རྩ་བ་ཉིད་ནས་ཤེས་ཀྱི་མེད་ཙང་བྱས་པ་རེད།
དེས་ན་༧གོང་ས་ཏཱ་ལའི་བླ་མ་དང་རྒྱ་གཞུང་བར་དང་རྡ་ས་དང་པེ་ཅིང་བར་དོན་འབྲས་ཅི་ཡང་མེད་པ་དེ་ནི་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་རྒྱུའི་ཆོད་སེམས་དང་འདུན་པ་མེད་པ་དེས་བྱས་པ་རེད།
མ་འོངས་པར་བོད་ནང་གི་བོད་མི་ཚོའི་གནས་བབས་ཛ་དྲག་ཇེ་ཆེ་ཇེ་སྡུག་ཏུ་འགྲོ་ངེས་པ་དང་གཏོང་ངེས་པ་དེ་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ངོ་མ་དེ་རེད་ལ་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པས་བོད་དང་བོད་མི་རིགས་འདི་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་དང་རེ་ངན་དེ་མའོ་དང་ཏེང་ནས་རིམ་པར་བརྒྱུད་ཡོང་བ་ཞིག་རེད་མ་གཏོག་གསར་བྱུང་གང་ཡང་མ་རེད།
རྒྱ་བོད་མི་རིགས་གཉིས་དབར་མཛའ་མཐུན་མཉམ་གནས་ཡོང་རྒྱུ་ཟེར་བ་དེ་ཁྱོད་ཚོ་རྒྱ་རིགས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་དོར་ནས་བོད་མི་རིགས་མཚོན་པའི་གྲངས་ཉུང་མི་རིགས་ཁག་བརྩི་འཇོག་དང་འབྲེལ་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཆ་ཚང་ཕྱིར་བསློག་བྱས་ན་ད་གཟོད་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་མི་རིགས་གཉིས་དབར་དུས་བདེ་ཞི་འཇམ་དང་མཛའ་མཐུན་མཉམ་གནས་ཡོང་རྒྱུར་འགན་ལེན་ཐུབ། དེ་མིན་མཇུག་འབྲས་ཞེད་སྣང་ཚ་པོ་དེ་ཡོང་དུས་ཕྱིས་དྲག་པ་རེད་ལ་རྒྱ་བོད་མི་རིགས་གཉིས་ཀ་གནས་བཟོད་མི་བདེ་བ་མ་ཟད་དཀའ་སྡུག་མྱོང་རྒྱུ་ཉག་གཅིག་རེད།
ད་དུང་རེ་བསྐུལ་ཞུ་རྒྱུ་ཞིག་ལ་ཁྱོད་རང་གི་སྤུན་ཟླ་ཚོར་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རགས་རྒྱུར་རྩོད་ལེན་དང་ཇུས་ཏོག་མང་ཙམ་བྱེད་རོགས་མ་གཏོག་ང་ཚོར་ཇུས་ཏོག་རྩ་བ་ནས་དགོས་ཡས་མེད་ཞེས་འཕྲིན་འདི་གང་ཐུབ་འཁྱོལ་ཐབས་བྱེད་རོགས།
རེད་ཡ་ངས་འདིའི་ཁ་སྣོན་ཅུང་ཟད་བཟོ་འདོད། སྐབས་སྔོན་མའི་བཀའ་ཤག་ནས་བོད་རྒྱལ་འབྲེལ་མོའི་རྒྱུད་རིམ་ནང་དུ་གྲུབ་འབྲས་གང་ཡང་མ་བྱུང་བ་འདོད་མཁན་དག་ནི་ལིང་རྟོགས་ངན་པའི་དབང་གིས་དྲང་བདེན་དང་གནས་ལུགས་ལ་རྨོངས་པའམ་ཡང་ན་སྒེར་ནད་དང་། དེ་མིན་ལས་འགན་དམིགས་བསལ་ཕན་གྱི་དབང་གིས་དེ་བཞིན་བཤད་པར་ངོ་འཛིན་དགོས་ངེས་རེད། འདི་ལོར་ཟླ་ཤས་སྔོན་དུ་དབུས་འཐབ་ཕྱོགས་གཅིག་འགྱུར་པུའི་མགོ་གཙོ་ཀྲུས་འེ་ཁྱོན་གྱིས་བསམ་འཆར་འམ་རྩོམ་ཡིག་ག་རེ་སྤེལ་བ་རེད། མི་རིགས་སུལ་རང་སྐྱོང་མེད་པར་བཟོ་དགོས་པའི་བསམ་ཚུལ་འདི་རྒྱུ་མཚན་ག་རེ་ལ་བརྟེན་ནས་བྱུང་བ་རེད། དེ་ནི་ཆབ་སྲིད་མི་ཤེས་མཁན་མི་ཞིག་གིས་བལྟས་ཀྱང་། དབུ་མའི་ལམ་གྱིས་སྲིད་ཇུས་དང་དེའི་དགོས་འདུན་ཁག་ལ་ཐུགས་ཡོད་པར་ཤེས་དགོས། མདོར་བསྡུས་ནས་བཤད་ན་ལམ་དབུ་མིའི་སྲིད་ཇུས་འདིར་རྒྱ་དམར་འུ་ཐུག་གི་ཡོད་པ་རེད། ཡིན་ཟེར་ན་ཡང་ཐག་གཅོད་ནུས་པའི་བློ་ཁོག་མེད་པ་དང་། མིན་ཟེར་ཡང་སོ་སོའི་ཁྲིམས་ཡིག་དང་འགལ་གྱི་ཡོད་པའི་མགོ་བོ་དགྱེར་ན་ལྷ་ལ་ཕོག་པ་དང་འཇུག་མ་ཕབས་ན་ཀླུ་ལ་ཕོག་ཟེར་བ་བཞིན་བསྡད་ཡོད་པའི་ང་ཚོའི་ངེས་པར་དུ་ཐབས་ལམ་འདིར་བློ་རྟེན་འགྱུར་མེད་ངང་ནས་རྒྱུན་འཆང་དང་གང་འཕེལ་གཏོང་དགོས། དེ་མིན་དྲ་འབུ་དག་མི་ཤེས་ན་ཁ་ཁར་འདུག་དང་ཕྲལ་བཀོལ་མཁན་ཡོད་པ་མ་རེད།
ང་ལ་གྲོགས་པོ་རྒྱ་མི་ཤེས་ཡོན་ཅན་ཞིག་ཡོད། ཁོང་ཕྱི་ལོག་ན་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་ལ་དོ་སྣང་ཆེན་པོ་རེད། ཁོང་གིས་ད་ཐེངས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས། ཁྱེད་ཚོའི་བོད་མིའི་ཁྲོད་ནས༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་ཟུར་ཟ་དང་མ་འདོད་པ་བྱེད་མཁན་ཁག་ཅིག་གིས་རང་སྲེག་འདི་རྙོག་འཛིང་ཚ་བོ་བཟོ་བཞིན་ཡོད་པ་རེད་ཟེར། ད་དུང་བོད་ནང་དཀྲོགས་གཏམ་ཁྱབ་བཞིན་པ་དག་ཁོང་ཚོར་ཏན་ཏན་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་བྱུང། ངས་ཧང་སངས་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར། ཁྱེད་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་ཀྲུང་གུང་ལ་ཞེན་ཁོག་ཡོད་པ་ཅི་ཁག་ཅེས་རྩེད་མོ་ཞུས་སྐབས། ཁོང་གིས་ཡང་བསྐྱར་ནན་ཏན་ཆེན་པོས། ༸ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་ནས་བོད་ནང་ཕྱི་ལོག་ནས་དཀྲོགས་གཏམ་གེགས་རྐྱེན་གཏོང་མཁན་རིམ་པར་བྱུང་ཡོད་ཟེར། ཁོང་ཚོས་ད་ལྟའི་གནས་བབ་འདིར་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་བར་དོན་འབྲས་གང་ཡང་མེད་པ་བཟོས་ཏེ། འཐབ་རྩོད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དེ་དམིགས་ཡུལ་ལ་འཛིན་གྱི་ཡོད་པ་རེད་ཟེར། དེར་ཁྱེད་ཚོས་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་དང། ཁོང་ཚོས་མིག་རྒྱང་ཐུང་བའི་རྐྱེན་ངན་ལམ་དུ་ལྷོང་པ་ཡིན་ན། མ་འོངས་པར་བོད་ནང་གི་བོད་མི་ཚོའི་གནས་བབ་ད་དུང་ཇེ་སྡུག་ཏུ་འགྲོ་ངེས་པ་དང། རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་བས། མཇུག་འབྲས་ཞེད་སྣང་ཚ་བོ་ཡོང་གི་རེད་ཅེས་གསུངས་སོང།།
༢༠༠༢ ནས་མགོ་འཛུགས་བྱས་པའི་འབྲེལ་མོལ་རིམ་བྱུང་གིས།
བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཟེར་བའི་འཁྱོག་བརྗོད་མཁྲེགས་བཟུང་གི་བཤད་ཚུལ་དེ་ཡོངས་སུ་གཏོར་ནས། རྒྱ་ཕྱོགས་ནས་༸གོང་ས་མཆོག་ལ་བོད་ཀྱི་བརྟན་བརླིང་དང་འཕེལ་རྒྱས་ལ་དགོངས་ཚུལ་ལེགས་པ་གང་ཡོད་མེད་དང། དེ་བཞིན་རང་སྐྱོང་གི་རྣམ་པ་ག་འདྲ་ཞིག་འཚོལ་གྱི་ཡོད་མེད་འགྲེལ་བརྗོད་ཁ་གསལ་རྩ་ཁྲིམས་དང་མ་འགལ་བའི་ས་གནས་རང་སྐྱོང་སྐོར་ཁྱེད་ཚོའི་བསམ་ཚུལ་ཇི་ཡོད་ལ་ཉན་འདོད་ཡོད་ཅེས་བཤད་དགོས་ཐུག་པ་འདི་གཅིག་པུས་ཀྱང། དངོས་དོན་བརྗོད་པའི་བགྲོ་གླེང་ཅོག་ཙེ་སྟེང་རྒྱ་ནག་གཞུང་གནས་ལུགས་ཀྱིས་ཕོངས་ཤིང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་བོད་མིའི་མདུན་ལམ་ཐག་གཅོད་བྱེད་པར་འོས་བབ་ཡོད་པ་ཁས་ལེན་བྱས་འདུག་པ་མ་ཟད། མདུན་ལམ་ཅི་ལྟར་ཐག་གཅོད་བྱ་མིན་གྱི་གནད་དོན་སྐོར་བཀའ་མོལ་གནང་དགོས་བྱུང་འདི་སོགས་ནི་འབྲེལ་མོལ་རིམ་བྱུང་སྐབས་སྐབས་དང་དུས་མཚམས་སོ་སོར་བླངས་པའི་བླ་ན་མེད་པའི་གྲུབ་འབྲས་ཡིན།
དེའི་རྗེས་༼ བསམ་འཆར ༽རྒྱ་གཞུང་ལ་སྤྲད་རྗེས། དེ་ཁས་ལེན་གནང་མི་ཐུབ་པའི་རྒྱུ་མཚན་གཉིས་དགོས་པ་སྐབས་དེའི་བཀའ་ཁྲི་མཆོག་གིས་གསལ་འདོན་གནང་བ་སྟེ། གཅིག རྒྱ་ནག་གི་རྩ་ཁྲིམས་འབྲུ་དོན་ལ་གོ་བ་ལེན་སྟངས་མ་འགྲིག་པའི་ངོས་དང། གཉིས། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་རྩིས་མེད་གཏོང་གི་ཡིན་པའི་རྣམ་འགྱུར་ཁས་ལེན་དགོས་པ་ཡིན་པ་སྐད་གསེང་མཐོན་པོས་ཞུས་ཡོད་པ་དེའི་གནས་བབ་ད་ལྟ་རང་འཇགས་བསྡད་ཡོད་པ་མ་གཏོགས། འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་སྟབས། ཧམ་ཤེད་དྲག་སྤྱོད་རྫུན་བཟོའི་ཁྱབ་ཁོངས་མ་རྩིས་པ་ཡིན་ན། རང་ཕྱོགས་འབྲེལ་མོལ་གྱི་རིམ་པ་དེར་ཧ་ཅང་རྣམ་པར་རྒྱལ་ཡོད་པ་ཡོངས་གྲགས་ཆགས་ཡོད།
དེ་ནས་བཟུང་འཇིག་རྟེན་ཧྲིལ་བོའི་སྟེང་བོད་ཀྱི་དཀའ་ངལ་འདི་ལྟར་སེལ་དགོས་ཞེས་མཛུབ་མོ་འཛུགས་ས་གསལ་བོ་དང། ཚུལ་མཐུན། གཉིས་སྨན་ཞིག་བྱུང་ཡོད་པ་སོགས་ཀྱང་སྐབས་དང་དུས་མཚམས་སོ་སོའི་རྒྱལ་ཁ་ཡིན་ལ། ད་ལྟའི་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གཞི་གདན་དེ་ག་རང་དུ་གནས་ཡོད་ལ། རྒྱ་ནག་གི་མགོ་ཁྲིད་དང་ཐུག་འཕྲད་བྱས་པའི་རྒྱལ་སྤྱིའི་མགོ་ཁྲིད་ཚོས་༼ བསམ་འཆར ༽མཇུག་གནོན་དགོས་ཚུལ་ལ་སྤོབས་པ་ཆེན་པོས་རྒྱབ་སྐྱོར་གནང་ཐུབ་ཀྱི་ཡོད།
དེ་བཞིན་ཚད་ལྡན་ཞིབ་འཇུག་བྱས་པ་ཡིན་ན། རྨོངས་པའི་མུན་པ་སངས་པའི་གྲུབ་འབྲས་རླབས་ཆེན་དག་མཐོང་ངེས་པ་ཡིན་པས་ལར་ནས་ཤེས་ནས་སྨྲ་རྒྱུར་འབོད་སྐུལ་ཆབས་གཅིག་ཞུའོ།།
རེད་རེད་་་་་་་དུས་བབ་ཚང་གི་དྲྭ་བ་འདི་ཕོ་ཤེད་ཁུར་ས་མ་རེད་ལ་དེ་བཞིན་དཀྲུགས་ཤིང་སློང་ཆེད་དུ་ཡང་མ་རེད། ད་དུང་ཤེས་དགོས་པ་ཞིག་ལ་༧གོང་ས་མཆོག་གིས་དབུས་རང་གཞུང་དང་མི་མང་ལ་བཀའ་དྲིན་ཆེ་བའི་སྐཻས་ཆེ་ན་དང་མཁས་དབང་དག་ལ་དངོས་ཤུག་བརྒྱུད་གསུམ་ནས་ངོ་རྒོལ་དང་ངན་སྨྲས་བཟོ་ས་དེ་ལས་ཀྱང་མ་རེད། དེ་ཚོ་ཤེས་ན་ཡག་པོ་རེད། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་ཕྱིན་དེ་འདྲའི་མཁས་དབང་དང་དྲང་བདེན་ཅན་ཞིག་ངོས་ལ་འཛིན་པ་ནི་ཁྱོད་ཀྱིས་རང་དབང་རེད་ལ། ཁྱོད་ཀྱིས་རྨོངས་རྟགས་དྲིན་ངན་འཐུལ་བ་ཞིག་ཀྱང་རེད། ད་དུང་དྲྭ་འབུ་འམ་ལོག་སྤྱོད་པ་ཞིག་གིས་ཡང་ངུ་ཟུག་བཟོ་བཞིན་འདུག་པ་དེ་ལ་ཡང་ཁྱོད་ཀྱིས་དྲི་ངན་འཐུལ་གསོ་ཚིག་དེ་ཕུལ་ནས་ལྷན་དུ་མཆོད་གནང་རོགས། དེ་རིང་ངན་པ་དགུ་འཛོམས་ཀྱི་ཉིན་འདིར་དྲྭ་འབུ་ཡོངས་ལ་གསོལ་ཚིགས་ཡང་དེ་གའི་འཐུས་པ་ཡིན། །
བོད་རྒྱ་འབྲེལ་མོལ་མཐའ་མ་ལས་ག་རེ་འབྲས་བུ་བྱུང་བ་རེད། འབྲེལ་མོལ་དེ་ཆད་ལ་ཉེ་བའི་སྐབས་ནས་བོད་ལ་མ་བདེ་བ་བྱུང་འགོ་འཛུགས་པ་རེད། 2008ལོའི་ཞི་རྒོལ་བྱས་ནས་བོད་མི་ག་ཚོད་དམར་གསོད་བཏང་སོང་། དེ་ནས་ད་བར་དུ་ལོ་རྒྱུས་ནས་བྱུང་མ་མྱོང་བའི་ཨུ་ཐུག་ཐབས་ཟད་ཀྱིས་བོད་ནང་དུ་རང་ལུས་མེ་སྲེག་བརྒྱ་ཕྲག་ཅིག་དང་། བཙོན་འཇུག་རྒྱུན་ཆད་མེད་པར་འབྱུང་བཞིན་པ་འདི་ཡིན་ན་མ་གཏོགས་ང་ཚོའི་མཐུན་མོང་སྣང་ཚོད་ལ་མ་བྱུང་། གཞན་ཁོ་བ་ཚོ་ལ་ཅིག་རེག་ཡོད་ན་མི་ཤེས།
ཧཧཧ་་་འཇམ་གཅེས་་་་ད་ག་དུས་ཡིན་ན་དྲ་འབུ་དང་ཁྱི་སྐྱག་སོགས་གཞན་ལ་སྨོད་པ་རྐྱང་བྱས་ནས་ཅི་ཡོང་། དུས་བབ་ཚང་གི་དྲ་རྒྱ་འདི་ནི་མི་ཆེ་ཆུང་ཀུན་གྱི་རང་མོས་སྐད་ཆ་དང་ལྟ་ཕྱོགས་བཤད་ས་རེད། མ་གཏོགས་འདི་དཔུང་ཤེད་ངོམས་
ས་མ་རེད། དཔུང་ཤེད་དང་རྫིག་མདོག་ག་ཚོད་བསྟན་ན་རང་འཚང་ཕྱིར་ངོམས་པ་ལས་སུ་གང་ཞེད་ཀྱི་མ་རེད། ངས་ད་དུས་ཡིན་ཡང་ང་ཟམ་གདོང་ལས་མཁས་པ་ཡིན་ཞེས་ལབ་མེད་ལ་ལབ་ཡང་ག་ལ་ཕོད། ཡིན་ན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་ཕྱིན་ང་ཚོ་བཙན་བྱོལ་ནང་༧གོང་ས་མཆོག་ཕུད་གཞན་སུ་ཡང་སྲིད་ཕྱོགས་ནས་མགྲན་གྱི་དོ་མེད་ཡིན་པ་ཨ་ཅང་ཅང་རེད།
ཡང་རྒྱའི་ཁྱི་སྨྱོན་དེས་མི་གང་བྱུང་མང་བྱུང་སོ་བརྒྱག་གི་རེད་དོ།
དེས་ན་ཁྱེད་ཀྱིས་འབྲེལ་མོལ་སྔ་མ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་ཇི་ལྟར་ཕམ་པ་རེད། ཇི་ལྟར་མ་ཕམ་པ་རེད། འབྲས་བུ་སྟོང་པ་མ་ཡིན་པ་འབྲས་བུ་དོན་ལྡན་ཇི་ལྟར་བྱུང་བ་རེད།
འོ་ན་འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་དང་བསྟུན་པའི་རྒྱལ་ཁ་ག་དུས་དང་ག་རེ་ག་རེ་བླངས་པ་རེད། མ་བྱུང་བར་བྱུང་མདོག་དང་། མ་ཐོབ་པར་ཐོབ་མདོག། མ་དགའ་བར་དགའ་ལྡོག། མ་འཆམ་པར་འཆམ་ལྡོག། མ་ཡིན་པར་ཡིན་མདོག་བྱེད་པ་འདིས་ག་དུས་ཡང་བོད་དང་བོད་མི་རིགས་ཀྱི་གནད་དོན་བསེལ་མི་ཐུབ་ལ་དཀའ་རྙོག་གི་དོང་དུ་རྫོངས་བྱེད་གཅིག་རེད།
དོན་དངོས་བྱས་ན་འབྲེལ་མོལ་སྔ་མ་ལན་དགུ་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་ཆུང་དུ་འགྲོ་དགོས་ངེས་ཀྱང་། དེ་ལས་ལྡོག་ཏེས་སྐུ་ཚབ་ཚོགས་པ་པེ་ཅིང་ལ་ཡོད་གིན་ཡོད་གིན་བོད་ནང་དམར་གསོད་དང་བཙོན་འཇུག་རྡུང་བརྡེག་ཚ་ནན་གཏོང་བར་ཁྱུག་ཙམ་ཡང་འཚམས་འཇོག་མི་བྱེད་པ་དེ་རྒྱུ་མཚན་ག་རེ་རེད། དེ་འབྲེལ་མོལ་སྔ་མའི་རྒྱལ་ཁ་ཡིན་བསམས་པ་ཨེ་རེད། དེ་གཅིག་ཡིན།
དེ་ནས་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་དང་བོད་མི་རིགས་ཀྱི་གནད་དོན་བསེལ་རྒྱུའི་ཆོད་སེམས་མེད་པའི་རྒྱུ་མཚན་དངོས་དེ། སྐུ་ཉིད་སྒོ་ལྔའི་དབང་ཤེས་དང་ཀླད་རྩ་ཉམས་མེད་ན་འབྲེལ་མོལ་སྔ་མ་ལན་དགུས་འགྲེལ་བརྗོད་ཟིན་པ་རེད་ལ། ད་ཆ་སྒོ་ཕར་ག་ཚོད་བརྡུང་ཀྱང་ཨ་ལན་མི་བསྟེར་བ་མ་ཟད་འབྲེལ་མོལ་སྔ་མའི་བསྒྲུབ་དོན་དུས་ཚོད་ནར་འགྱངས་ཁོ་ནས་ཏཱ་ལའི་བླ་མའི་སྐུ་ཚེ་འཕེན་པ་རྫོགས་རྒྱུར་ངང་བསྒུག་བྱེད་བཞིན་པ་དེས་གསལ་གསལ་ཐིང་ཐིང་ཤེས་ཚོད་ཡིན་། དེས་ན་ཁུངས་མེད་རུ་དཔུང་གི་བཤད་ཡམས་ཀྱི་རྗེས་སུ་འབྲངས་ཡོད་མེད་ཁྱེད་ཀྱིས་དཔྱད་པར་འཚལ།
ཤར་ཁུག་ལགས།
འབྲེལ་མོལ་སྔ་མ་དག་གི་འབྲས་བུ་སྒོར་ཐིག་ཡིན་པ་དེ་ལྷའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྦྱར་ནས་སྒོམས་ནས་སྟོང་སྦྱངས་བྱེད་དགོས་པ་ཨེ་རེད།
བྱས་ན་འབྲེལ་མོལ་སྔ་མ་དག་གི་འབྲས་བུ་སྒོར་ཐིག་ཅན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐུ་ཚབ་རྒྱ་རི་ཚང་སྐུ་མདོག་དཀར་ལ་སྐུ་ཤ་ཅུང་རྒྱགས་པ་དང་། ཕྱག་རོགས་སྐལ་བཟང་རྒྱལ་མཚན་མཆོག་སྐུ་མདོག་ཅུང་ནག་ལ་ནམ་རྒྱུན་གསུང་བཤད་གནང་དུས་སྤྱན་གཉིས་བཙུམས་ནས་ཞལ་རས་ནམ་མཁར་ཕྱོགས་ཏེས་ཞལ་ནས་རྒྱུན་ཆད་མེད་པར་ལུའུ་ལུའུ་ཞེས་གསུང་མཁན་དག་འཁོར་དང་བཅས་པ་ཞིང་རྡ་རམ་ས་ལ་ཞེས་བྱ་བ་ནས། དཀྱིལ་འཁོར་གྱི་གཙོ་བདག་ཟམ་གདོང་བླ་མ་ཞེས་བྱ་བའི་བཀོད་མངགས་འོག་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་རང་སྐྱོང་མངོན་འདོད་ཡིག་ཆ་ཞེས་བྱ་བ་དེ་བསྣམས་ནས་ལམ་དབུ་མའི་གནམ་གྲུར་བཞུགས་སྟེས་ཞིང་པེ་ཅིང་ཞེས་བྱ་བའི་ཕྱོགས་སུ་གཤེགས་སོ། དེའི་ཚེ་དེའི་དུས་ན་ཞིང་པེ་ཅིང་ན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཞེས་བྱ་བ་ཀྲུང་ནན་ཧེའེ་ཡི་དཀྱིལ་འཁོར་འོག་མ་འོག་མ་དེས་གསོལ་སྟོན་བཤམས་པ་དང་ཅུང་ཡར་རྒྱས་ཕྱིན་པའི་ས་ཁུལ་ཁག་ལ་གདན་དྲངས་སོ།
ཞིང་རྡ་ས་ནས་བསྣམས་པའི་རང་སྐྱོང་མངོན་འདོད་ཡིག་ཆ་དེ་དཀྱིལ་འཁོར་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ཕུལ་ཡོད་ཀྱང་། དཀྱིལ་འཁོར་འཐབ་ཕྱོགས་གཅིག་གྱུར་པུའུ་གཙོ་འཁོར་དང་བཅས་པས་ངོས་ལེན་མི་མཛད་མཁར་རང་བཙན་རྣམ་པ་དུ་མའི་རྒྱན་གྱིས་རྒྱན་ཏེས་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་བསྒྲུབ་མི་ཐུབ་པའི་ཆ་རྐྱེན་དང་བཅས་ཕྱག་སྟོང་པ་སྟོང་རྐྱང་ཞིང་རྡ་སར་ཕྱིར་ལོག་ཕེབས་པའོ།
དེ་ལྟ་བས་ན་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་དབུ་མའི་ས་ལམ་ལ་འབྲས་བུ་མ་བྱུང་བའམ་སྟོང་པ་ཉིད་དོ་ཞེས་ཕྱི་རྒྱལ་གསར་ལམ་གྱིས་བཅར་འདྲི་དང་ལེན་གནང་སྐབས་གསུངས་པས་སོ།
ཧ་ཧ་ཧ། དང་པོར། ཁག་མེད་སྤྱིར་ཆབ་སྲིད་ཀྱི་འགྲོ་སྟངས་མི་ཤེས་དང་། ལྷག་པར་འབྲེལ་ཡོད་གནས་ཚུལ་ཡོང་ཁུང་ལ་དཔྱད་བྱེད་ཀྱི་བློ་མིག་ཞ་ར་ཡིན་སོང་བས་རྐྱེན་དང་ཞེན་ཆ་གྱི་དབང་གི་ཆུང་ངུ་ཞིག་ལ་ཆེན་པོ་ཡིན་མདོག་འུར་ཤོད་བཟོ་དགོས་བྱུང་བ་དེ་རེད། གཉིས་པར། ཟམ་གདོང་པཎ་ཆེན་ཐབས་ག་ཚོད་སྐྱོ་རུང་དེང་གི་དྲྭ་འབུ་ཁྱོད་དང་ཁྱོད་འདྲ་བས་ནི་བསྡུར་ཐབས་མེད་པར་གཟི་གནས་བློ་ལྡན་ཀུན་གྱིས་མཁྱེན་ངེས་རེད། གསུམ་པར། ཁྱོད་ཚོས་བདག་ལ་འགྲེལ་བཤད་དང་ངོས་འཛིན་གང་འདོད་སྔར་བྱས་ཟིན་ལ་ཕྱིས་སུ་ཡང་དེ་བཞིན་བྱོས་ཤིག །རྒྱུ་མཚན་ཡང་ཡོད་སྟེ། ཁྱོད་ཚོ་ནི་ཡོད་ཚད་ཁ་འཁྱེར་ལ་དགའ་བས་སོ། བཞི་པར། སྐྱག་པའི་སྐྱག་པར་བསྟོད་པ་ཐོང་ཤིག །
ཨ་རིའི་མཐུས་མིས་གསུང་བ་རྣམས་ཉོག་བཤད་ཡིན་པའི་རྒྱུ་མཚན་དུ་འཇམ་གཅེས་རང་ནས་ཉ་ཉོག་ལུང་བ་གང་བཤད་བྱ། དེ་ལ་ཟམ་གདོང་རང་ངོས་ནས་གསལ་བྱེད་བཤད་རྒྱུ་མེད་ན་མ་གཏོགས་སྐྱོན་འཛུགས་དེ་འདྲ་ཆེན་པོ་བྱས་པ་དང་། བྱེད་མཁན་ཡང་ང་ཚོ་འདྲ་བོ་མི་རང་ག་བ་ཞིག་མ་རེད། ཕྱོགས་གང་ནས་བལྟས་ཀྱང་ལན་ཞིག་དགོས་ངེས་རེད་ལ། ང་ཕོད་འཇིགས་མེད་ཀྱི་གསུང་ཚུལ་སོགས་ལས་ཀྱང་ཟམ་གདོང་སོགས་ད་ག་རེ་བྱས་ཀྱང་ཐར་ས་མ་རེད་ཡ་་་
གསེར་འབྲུག་གི་གསུང་བ་ལ་མངོན་པར་བསྟོད་དོ། མི་ལ་རྡུང་གི་ཡིན་དང་འཇོག་གི་མིན་ཟེར་མཁན་རྣམས་ནི་ཅིག་གི་ཨ་ཕྲུག་ཡིན་པས་རང་རྟགས་གསལ་བོ་རེད།
འབྲེལ་མོལ་སྔ་མ་དག་ལ་གྲུབ་འབྲས་ཐོན་མེད་པར་བཤད་པ་ནི་ཞིབ་འཇུག་མེད་པའི་སྐད་ཆ་རེད། ཅི་ལྟར་ཕམ་པ་རེད། ཅི་ལྟར་ཕམ་གྱི་མ་རེད། རྒྱལ་ཕམ་གྱི་གནས་སྟངས་ག་འདྲ་ཞིག་འབྱེད་དགོས་པ་རེད། དེ་ཚིག་གཅིག་གཉིས་ནང་བཤད་ཐུབ་པ་ཞིག་མིན་ཡང། འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་དང་བསྟུན་པའི་རྒྱལ་ཁ་གང་འཚམས་བླངས་ཡོད་པ་གསལ་བོ་རེད།
རྒྱ་ནག་གིས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་ཡོད་མེད་རྒྱུ་མཚན་དང་བཅས་ཏེ་དངོས་ར་གསལ་འཕྲོད་ཅིག་དགོས་པ་གལ་ཆེན་རེད་མ་གཏོགས། ཁུངས་མེད་རུ་དཔུང་གི་བཤད་ཡམས་ཀྱི་རྗེས་སུ་འབྲངས་ན་དགེ་ཕན་ཆུང།
ལར་ནས། རང་གི་ནོངས་དང་རྣམ་རྟོག་གཞན་སྦྱོར་བྱེད་པ་འདི་མིའི་ཆོས་ཉིད་ལྟ་བུར་གྲུབ་ཀྱང། གང་ཐུབ་ཐུབ་རྣམ་རྟོག་རྒྱ་ཡན་དུ་མི་གཏོང་བར་ཚོད་འཛིན་བྱས་ན། ད་གཟོད་ང་ཚོ་རྒྱུ་མཚན་རང་ལ་འཇུ་ཐུབ་པའི་གུ་ཡངས་ཀྱི་བགྲོ་གླེང་བྱ་སྲོལ་ཞིག་ཆགས་ངེས་པ་རེད།
སྐུ་ཚབ་སྐྱ་སེར་སུ་ཡིན་ཡང་གལ་གནད་མི་ཆེ། གཙོ་བོ་ཡོད་ཚད་ཁར་འཁྱེར་བ་ཞིག་མིན་ན་བཟང་། ད་དུང་གཞུང་གི་སྲིད་ཇུས་ལ་མིག་ནང་ཚེར་མ་བཞིན་འཛིན་མཁན་ཞིག་མ་ཡོང་བ་ཤོག་ཟེར་རྒྱུ་ཡིན་ལ། དྲྭ་འབུ་སུ་ཡང་རུང་བ་དག་ལ་ཟེར་གྱིན་ཡོད་དོ།
སྤྱིར་བོད་རྒྱ་འབྲེལ་མོལ་ཐད་སྐུ་ཚབ་སུ་གཏོང་ལ་རག་ལུས་མེད་པ་རེད་ལ། གཙོ་བོ་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་དང་དཀའ་རྙོག་བསེལ་འདོད་ཡོད་མེད་དང་གླེང་གི་ཡོད་མེད་ལ་རག་ལུས་པ་ཞིག་རེད། བྱས་ཙང་ད་བར་ཏང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་ཟེར་བ་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་རྩ་བ་ནས་གླེང་གི་མེད་པ་དེ་ཡང་གསལ་པོ་ཤེས་དགོས་པའི་གནད་དོན་ཞིག་རེད། དེས་ན་པེ་ཅིང་དང་རྡ་སའི་ཕར་ཕྱིན་ཚུར་ལོག་གི་བརྒྱུད་རིམ་དགུའི་ནང་འབྲས་བུ་སྒོར་ཐིག་དང་། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱང་རྐུབ་བརྡབ་བརྡབ་བཏང་ནས་ཕེབས་ཟིན་པ་དེས་འགྲེལ་བརྗོད་གསལ་པོ་ཟིན་པ་རེད་ལ། ཏང་ཀྲུངདབྱང་སྲིད་གཞུང་གིས་བོད་ཐོག་འཛིན་པའི་འཆར་གཞི་ལག་བསྟར་རང་བཞིན་ལྡན་པའི་སྲིད་ཇུས་དེ་འགྱུར་བ་གང་ཡང་ཕྱིན་མེད་པར་སྔར་ལས་ལྷག་པའི་གདུག་རྩུབ་ཇེ་ཆེ་མ་རེད་པས།
འོན་ཀྱང་ཡོད་ཚད་གཞན་བསྟེན་དང་རེ་བ་ལ་བཅོལ་བའི་ལམ་ལུགས་དེས་རྒྱ་བོད་འབྲེལ་མོལ་སྐྱར་མཐུད་ཡིན་གཅིག་གནང་དགོས་ཚེ་སྐུ་ཚབ་སུ་གཏོང་ཐད་སྲིད་སྐྱོང་སེངྒེ་ཚང་གིས་གྲ་སྒྲིག་ཨང་གསར་ཡོད་ངེས་ལ། འདི་ན་ནམ་རྒྱུན་ཞེན་ཁོག་སྐམ་པོས་ཕྱོགས་ལྷུང་གི་མིག་ཤེལ་སྟུག་པོ་གྱོན་པའི་དྲ་འདྲེ་ཚོས། རང་རང་གི་འདོད་ཕྱོགས་ཀྱི་མི་སྣ་རྒྱ་བོད་འབྲེལ་མོལ་གྱི་སྐུ་ཚབ་ཏུ་བཙན་གྱིས་འདྲུད་ཡོང་བ་འདི་ཡག་རྟགས་ཞིག་རྩ་བ་ནས་མ་རེད། ལར་ནས་ཆོས་ལུགས་ཀྱི་མི་སྣ་དེ་ཚོ་ཆབ་སྲིད་ཀྱི་སྡིང་ཆར་བཙན་གྱིས་སྐྱེལ་ཐབས་བྱེད་པ་འདི་ཆོས་མིན་སྲིད་མིན་གྱི་ལམ་ལུགས་གསར་གཏོད་བྱ་འདོད་ཡིན་རྒྱུ་རེད་པ། མ་ཟད་བོད་རྒྱ་འབྲེལ་མཐུད་པའི་སྐུ་ཚབ་སྔོན་མའི་སློབ་སྟོན་པ་ཞིག་ད་ཆ་སྐུ་ཚབ་དངོས་སུ་ཕེབས་ན་རེ་བ་འབུམ་གྱིས་ཁེངས་སོང་བ་ཨེ་རེད། ཧ་ཧ་ཧ་ཧ། དེ་འདྲའི་རེ་བ་ཆེ་མདོག་ལ། འབྲེལ་མོལ་བྱེད་ཡུལ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱི་སྐད་ཆ་འདི་རང་རེའི་དེང་གི་ཐབ་སྡུག་ཛ་དྲག་གི་གནས་བབ་དང་མ་འོངས་ཉེན་ཁའི་རང་བཞིན་སོགས་སེམས་ཀྱིས་མ་བཟོད་པར་དྭངས་གཙང་གིས་དྲན་སྣང་ཞིག་ཏུ་གུས་ནས་ངོས་འཛིན་ཞུ་བཞིན་པར་མ་ཟད་མཐའ་གཅིག་ཏུ་རྒྱབ་སྐྱོར་ཀྱང་ཞུ་རྒྱུ་ཡིན། མ་ཟད། གོང་སྨོས་སྐུ་ཚབ་རྣམ་གཉིས་ལས་གཞན་འཛམ་གླིང་སྤྱི་དང་ཁྱད་པར་བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་ལ་རྒྱུས་མངའ་ཡོད་མཁན་ཞིག་དང་། ལྷག་པར་སྒེར་དོན་ཞོར་སྒྲུབ་ལས་སྤྱི་དོན་རྐྱང་བ་སྒྲུབ་མཁན་ཞིག་བཙན་བྱོལ་ནང་འཛུབ་མོ་འཛུགས་ས་ཁེག་པོ་རེད། ཁུག་རྟ། ཕན་དང་མི་ཕན་ལ་མ་ལྟོས་པའི་སྤྱི་སེམས་རྣམ་དག་རེ་དང་རིགས་ཞེན་གཙང་མ་རེས་བསྐུལ་པའི་སྐད་ཆ་རེ་ཤོད་དུས་ཁ་རྡུང་དང་ཁ་གཏད། སྐྱོན་མཚངས། ངན་དམོད་སོགས་བྱེད་པ་ནི་ང་ཚོའི་སྤྱི་ཚོགས་འདིའི་ནད་ཡམས་ཤིག་རེད། ནད་ཡམས་དེ་འདྲར་གཉེན་སྨན་ད་དུང་ལོ་རབས་ཕྱེད་ཀར་རེག་ཁེག་པོ་རེད། སེམས་ཤུགས་མ་ཆག
ད་དུང་དྲ་འབུ་ཁ་ཤས་ཀྱིས། སྲིད་སྐྱོང་མཆོག་གི་གྲོས་ཚོགས་འཐུས་མིའི་ལོག་བཤད་དེ་སྲིད་སྐྱོང་རང་ཉིད་ལས། དེ་མིན་གསལ་བཤད་གནང་མ་སོང་ཟེར་ནས་སྡུག་སྐད་འདོན་མཁན་ཉུང་ཤས་ཞིག་འདུག་པས་དེ་དག་ཉོན་ཤིག །ག་རེ་བྱས་ནས་དག་སེལ་དགོས་སམ། དག་སེལ་དགོས་གལ་གཟིགས་ཚེ་རང་ངོས་ནས་གནང་དགོས་པ་ལས་ཚབས་རྒྱུག་དགོས་དོན་གང་ཡོད་དམ། རྒྱུ་མཚན་གང་ཡང་མེད་པའི་ཁྱི་སྨྱོན་གི་སོ་བཏབ་ནང་བཞིན་མ་གནང་ཤིག །
རང་དབང་དང་། རྩོམ་ཡིག །ཟམ་གདོང་སོགས་ཉོག་གཏམ་འདི་ཚོའི་གྲས་ལ་འདི་ཡིན་ལན་འདེབས་མི་འདོད། ཡིན་ཡང་ཉེར་སྔོན་ཨ་རི་གྲོས་འཐུས་མི་དེའི་ཡིག་ཉོག་དེར་སངས་རྒྱས་གི་གསུང་ལས་ལྷག་པར་འཛིན་མཁན་གྱི་གསར་བུ་མགོ་སྟོང་ཀུན་ལ་གསལ་བཤད་མདོར་བསྡུས་ཤིག་བཟོ་རྒྱུ་ཡིན། འགན་འཁུར་དང་། བཟང་སྤྱོད་ཡོངས་སུ་བྲལ་བས་འཐུས་མིའི་ཉོག་གཏམ་ལ་ཁུང་ལུང་གང་ཡང་མེད་པའི་འུར་བཤད་བཟོ་དགོས་དོན་གང་ཡང་མི་འདུག །བཙན་བྱོལ་ནང་གིས་མི་ངན་རེ་ཟུང་གྱིས་ངན་བྱུས་བཤམ་ནས་བྱུང་བ་ཡང་ས་རིས་ཐང་གསལ་ཟེར་བ་བཞིན་རེད །ཨ་རི་ནུབ་ཕྱོགས་མངའ་སྡེ་ཀ་ལི་ཕོན་ནི་ཡ་ནས་ཡིན་པའི་འཐུས་མི་དེས་ཐོག་མར་འམ་ལོ་མང་སྔོན་ཞིག་ནས་བོད་དོན་རྒྱབ་སྐྱོར་བྱས་ཡོད་རུང་། ཕྱིས་སུ་ཨ་རི་ནང་དུ་ཁོ་ལས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་བ་མང་པོ་བྱུང་ཡོད་པ་དང་། དེ་དག་གིས་ནང་དུ་ཡང་ཁོ་དང་ལྟ་གྲུབ་མི་མཐུན་པ་མང་པོ་བྱུང་བ་དང་། ད་དུང་རྒྱུ་རྐྱེན་རེ་ཟུང་ལ་བརྟེན་ནས་ཕྱིས་སུ་བོད་དོན་ལ་ཕན་ལས་གནོད་ཚབ་ཆེ་བ་བཟོ་མཁན་གྱི་མི་ཞིག་ལ་གྱུར་ཡོད། རྒྱབ་ལྗོང་ལོ་རྒྱུས་གང་དུ་ཡང་ཞིབ་འཇུག་མི་དགོས་པར་གཅིག་གི་གཅིག་ལ་འུར་བཤད་བཟོ་བར་དགའ་བས་དྲྭ་འབུ་དག་གིས་མི་ཤེས་ན་སྨ་བ་ཉུང་ཙམ་བྱོས། སུ་དང་གང་གིས་སྒོ་ཁྱི་ཡིན་མིན་ཡང་རང་མདོག་སྟོན་སྟངས་ཀྱི་ངོས་ནས་གསལ་བཞིན་པ་རེད་འདུག་ན་འདིར་མི་སྨོས།
རྣམ་པ་ཚོ་ཕེབས་ནས་བསམ་ཚུལ་གསུངས་པ་དགའ། དོགས་འདྲི་ཡོད་ན་ཕེབས་རྐྱང་བྱོས། །
ཤར་ཕྱོགས་ཁུག་རྟ་་་་ཞེས་པའི་མིང་འདི་ལས་མི་འདི་ག་འདྲ་ཞིག་ཡིན་ཤེས་ཐུབ། ཤར་ཕྱོགས་རྒྱ་ནག་གི་མིང་དང་། ཁུག་རྟ་ནི་བྱ་ཞིག་གི་མིང་སྟེ་དོན་དུ་ཕོ་ཉ་ལ་གོ་བས་ང་མི་འདི་ལ་དོགས་པ་ཟ་གི་ཡོད། མི་འདི་ང་ཚོ་ལ་བྱུས་གཏོགས་མེད་པ་དེ་གླེང་ནས་དམིགས་ཡུལ་གཞན་ཞིག་སྒྲུབ་རྩིས་ཡོད་པ་རེད།
འཇམ་གཅེས་ཁྱོད་སྙིང་རྗེ་་དང་བོ་ཁྱོད་ཀྱི་འདི་རྒྱ་གར་ལུང་པ་ཡིན་པ་དང་། སྨྲ་བརྗོད་རང་དབང་ཡིན་པ་ཤེས་ན་ཡག་གི་རེད། ཨ་རི་གྲོས་ཚོགས་མཐུས་མིས་གསུང་བ་དེ་ལ་གསལ་བྱེད་བཤད་རྒྱུ་མེད་པར་ང་ལ་རྫིག་མདོག་སྟོན་དགོས་དོན་ཡོད་མ་རེད། སུ་སུའི་ཨ་ཁྲུག་ཡིན་པ་གསལ་བོ་རེད། ཟམ་གདོང་༧་གོང་ས་མཆོག་གི་ཕྱག་གཡས་ཡིན་པ་བདེན་དབང་ག་རེ་ཡོད། དེ་སྔོན་སྐུ་ཚབ་འབྲེལ་བ་རྗེས་མ་བྱུང་ནས་མ་ཆད་བར་དུ་ཟམ་གདོན་བཀའ་ཁྲི་རེད་ག་རེ་བྱུང་སོང་། གང་ཡང་བྱུང་མེད་པས་ད་ཡང་བསྐྱར་འདེམ་ནས་དགོས་པ་གང་འདུག མ་གཞི་ནས་རྩོམ་ཡིག་འདི་ང་ཚོ་ལ་དཀྲུགས་ཞིང་ཆེད་དུ་རེད་མ་གཏོགས། སྐུ་ཚབ་སྐོར་ང་ཚོ་འོས་འདེམ་བྱེད་དགོས་མ་རེད།
འདི་ན། དམིགས་བསལ་སྐུ་ཚབ་སྐོར་འོས་འཕེན་བྱས་པའི་དྲ་འབྲེལ་ཞིག་འདུག http://www.khabdha.org/?p=29887#more-29887
བོད་རྒྱ་ཞི་མོལ་ཚོགས་ཆུང་གི་མི་སྣ་འདེམས་སྒྲུག་བྱེད་པ།
སྤྱི་ཁྱབ་སློབ་སྟོན་པ།
ཟམ་གདོང་རིན་པོ་ཆེ།
དམིགས་བསལ་སྐུ་ཚབ་རྣམ་གཉིས།
ཟམ་གདོང་རིན་པོ་ཆེ་དང་སྐུ་ཞོགས་ཨ་ཀྱཱ་རིན་པོ་ཆེ།
སྐུ་ཚབ་གཞན།
བཀའ་ཟུར་ཐུབ་བསྟན་ལུང་རིགས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་གཉིས།
ཚོགས་མི།
རྔ་བ་ཚེ་རྒྱམ།
འབའ་བ་སྐལ་རྒྱམ།
ཡོ་རོབ་དོན་ཁང་གི་བློ་བཟང་ཉི་མ།
ཨེ་ཤ་ཡ་རླུང་འཕྲིན་ཁང་གི་སྐལ་ལྡན་བློ་གྲོས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང།
རྨེའུ་མགོན་པོ་མཚོ།
ལས་བྱེད།
ད་ཡོད་ལས་བྱེད་དེ་གཉིས་རང་འཇགས་ཐོག
རྒྱ་ཕྱོགས་དང་བོད་ནང་བོད་དང་འབྲེལ་བའི་གནས་ཚུལ་ཁྱོན་ཡོངས་ལ་ལྟ་ཤེས་མཁན་ལས་བྱེད་གཉིས་གསར་སྣོན་དགོས་པར་སེམས།
བཛྲ་སི་མ་ཏི་འདི་སྙིང་རྗེ། བློ་སེང་གི་ཨབ་ཕྲུག་ཡིན་པའི་རྐུབ་བསྟན་འདུག ཧཧཧཧཧ ཆབ་སྲིད་པ་མགོ་བདེ་བློ་སེང་དང་བློ་སྙན་གཉིས་བུ་མོར་དགའ་བ་སྐད་གྲགས་ཡོད་ཙང། ལྕམ་ལིག་ལ་འབྲེལ་བ་ཡོད་མེད་སུས་བཤད་ཐུབ། སྐལ་ལྡན་བློ་གྲོས་ཨིས་མལ་དེའི་ནང་དུ་ག་འདྲ་འཆར་གཞི་སྒྲིག་མི་འདུག་གམ། ཧ་ལམ་མ་སོང་ན་སྲིད་འཛིན་ཨའོ་བྷ་མ་བློ་སེང་ལ་ཐུག་འཕྲད་དུ་ཁྲིད་པ་འདྲ་བོ་མི་འདུག་གམ། ཧཧཧཧ
ད་དུང་རྒྱ་རི་འདྲེ་རྒན། བོད་མི་མང་ལ་གསལ་བཤད་གང་ཡང་མེད་པར་སྐུ་ཚབ་ནས་བྲོས་བྱོལ་བྱས་པ་ཁོང་རྡར་མ་ཁོང། ཁོང་དང་རྒྱལ་ལོ་དོན་གྲུབ་གཉིས་ཀས་ཅིག་འཇོན་མདོག་མདོག་བཤད་ནས་ཅི་ཡང་མ་འཇོན་པ་གསལ་བོ་མིན་མིན།
མི་མགོ་བདེ་སྲིད་དོན་པ་འདི་ཚོའི་བར་ལ་ཟམ་གདོང་རིན་པོ་ཆེ་དྲུད་ཡོང་བ་བཛྲ་སི་མི་ཏ་ཕྱོགས་ལྷུང་ཅན་གྱི་རྒྱུགས་ཁྱི་ཡིན་པ་ཐག་ཆོད་རེད། རིན་པོ་ཆེར་འཇུ་ཆེན་ཨབ་ཕྲུག་ཚོ་མི་དགའ་བ་མ་གཏོགས་བོད་མི་ས་ཡ་དྲུག་གི་གཅེས་པའི་ནོར་དང་བློ་གྲོས་ཀྱི་བང་མཛོད། ༸སྐུ་མདུན་རིན་པོ་ཆེའི་ཕྱག་གཡས་ཡིན། ཁྱེད་ཚོས་རིན་པོ་ཆེ་ཚེ་གང་བོར་ག་ཚོད་ལབ་ཀྱང་བདེན་པ་གཅིག་ཀྱང་ད་བར་མེད་ཐག་ཆོད་མིན་ནམ།
བཙན་བྱོལ་སྤྱི་ཚོགས་དཀྲུགས་ནས་ད་ཚོད་བཟུང་ན་མི་འགྲིག་གམ། སྨྱོ་བཤད་མ་རྒྱགས། སློབ་དཔོན་ཁོང་ལས་སྐུ་ཚབ་ལ་འོས་པ་འཇོན་པ་སུ་ཡོད་དམ། བློ་སེང་ལ་རིན་པོ་ཆེ་ལྟ་བུ་སྐུ་ཚབ་ལ་བསྐོ་རྒྱུའི་བསོད་བདེ་བྱས་རྗེས་གང་ཡང་ཡོད་པ་མ་རེད་དེ། ༸གོང་ས་མཆོག་གིས་བཀའ་གནང་ན་རིན་པོ་ཆེས་ངོས་ལེན་མི་བྱེད་རང་བྱེད་ཡིན་སྟབས། བློ་སེང་གིས་ཅིག་ཡིན་མདོག་མདོག་བྱེད་ཀྱི་ཡོད་པ་རེད། དེ་མེད་ན། ཁོས་སྐུ་ཚབ་རག་གི་མ་རེད། ཧཧཧཧ བདེ་སྐྱིད་ཆོས་དབྱིངས་འདྲ་བོ་ཅིག་བསྐོ་ན་མ་གཏོགས། ཚེ་རིང་དབང་ཕྱུག་འདྲ་བོ་ཅིག་བསྐོས་ན། ཧཧཧཧཧ ད་གད་མོ་མི་བཟུང་གི
ཁ་སང་སྲིད་སྐྱོང་གིས་གསལ་བཤད་ནང་རང་ཉིད་གཅིག་པུ་ང་རིན་པོ་ཆེ་འཁྲབ་མི་འདུག་གམ། ཧཧཧཧཧ བཛྲ་སི་མ་ཏི་ཁ་ཚུམས་ནས་བཞུགས་ན་དགའ་ནི་རེད་ལོ།།
བོད་བསྟན་སྲིད་སྤྱིའི་ཆེད་དུ་ལོ་མང་རིང་དུ་༧གོང་ས་ཡིད་བཞིན་ནོར་བུའི་དབུ་འོག་དཔུང་འདེབས་ཞུས་དང་ཞུ་བཞིན་པའི་མི་སྣ་དག་གིས་བོད་དོན་ལ་གནོད་པས་བྱ་བ་བྱས་མིན་ལོང་བས་བལྟས་ཀྱང་རྒྱལ་ཁམས་གསལ་ཞེས་པ་བཞིན་ཡིན་ཙང་ངས་འདི་གང་ཡང་ངོ་མི་སྤྲོད། བོད་དོན་ལ་གནོད་པའི་བྱ་ངན་ངོ་མ་ནི་ཆོས་སྲིད་ལུགས་གཉིས་ལ་རྨོངས་པས་དྲྭ་འབུ་དང་རྒྱུག་ཁྱི་ཁྱེད་ཚོས་ལས་གཞན་ས་སྟེང་འདི་ན་མེད་པས། དེ་བཞིན་ནར་ནར་ལྕེ་ལ་བདག་པོ་མི་རྒྱག་ན། །རིལ་རིལ་མགོ་ལ་འོ་རྒྱལ་བཟོ་ཡོང་ཟེར་བས་དཔེ་ཡིད་ལ་ངེས་པར་བྱོས་ཤིག །དེ་མིན་འུ་ཐུག་ན་སུ་ཡིན་ཡང་འུ་ཐུག་པའི་ལས་ཀ་་བཟོ་མི་སྲིད་པ་གང་ཡང་མིན། དྲན་བསྐུར་ཙམ་ཡིན་་་་་་་་་་་་་་་་་་་་་་
བོད་ཀྱི་དཔོན་རིགས་གཞན་པ་བློ་བཟང་སྙན་གྲགས་དང་། རྒྱ་རི་བློ་གྲོས། ཟམ་གདོང་རིན་པོ་ཆེ་ལ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་དེ་ཕུལ་བ་ཞིག་ཡིན། ཞེས་ཉེ་ཆར་རང་ཨ་རིའི་གྲོས་ཚོགས་མཐུས་མིས་གནད་དོན་གལ་ཆེན་འདི་འདོན་མ་ཐག་ཡིན་པས། སྐུ་ཚབ་ཏུ་ཕ་རིའི་སྤང་རྒྱན་རེད། འདི་ལ་ཁོང་ངོས་ནས་ད་བར་ལན་ཚིག་གཅིག་གསུང་མ་ཐུབ་པས་ཀྱང་གནད་དོན་དེ་བདེན་པ་ཡིན་པ་བརྒྱ་ཆ་དགུ་མཐོང་གི་འདུག
གོང་གི་སེམས་ངན་ཁོག་བཅིང་གི་རྩོམ་འདི་ལ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་གསུངས་པ་འདི་ལས་ལྷག་པའི་ལན་ཅིག་རྒྱག་རྒྱུ་མི་འདུག ཤར་ཁུག་ལགས། ཕར་འཁོར་ནས་བཤད་མ་འདུག གཞུང་གིས་འཛིན་པའི་སྲིད་ཇུས་ཀྱི་མིང་ཐོག་ན་ལྟོ་ཟ་བཞིན་ཡོད་པ་མ་ཤེས་སམ། རང་ཚོས་ཚ་ཚ་འུར་འུར་གྱིས་ལས་འགུལ་གང་མང་སྤེལ་དགོས་ངེས་ལས་གཞན་ལ་བཤད་རྒྱུ་ལྷག་མི་འདུག་གོ།།
དབུ་མའི་ལམ་འདི་ཁྱེད་ཅག་གི་འཚོ་རྟེན་དང་ཁ་རྒྱག་པ་བཤད་ས་ཙམ་ལ་གོང་ས་མཆོག་གིས་གནང་ཡོད་ཤག་འདྲ་ཞིག་བྱས་མ་འདུག་ལོ། ་་་་་བདེན་པ་རང་ལགས་སོ། ། ངས་ཀྱང་འདི་བཞིན་སྨྲས་ན་འདོད་དོ། །
བཙན་བྱོལ་མཐོ་རིམ་དཔོན་རིགས་ནང་ཁུལ་ལའང། རྒྱ་ནག་དཔོན་རིགས་ལྟར་འཁྲུག་འཛིང་མངོན་གསལ་དོད་པོ་མེད་ཀྱང། གཅིག་གིས་གཅིག་ལ་དགའ་མ་དགའ། བྱེད་ཕྱོགས་ཁ་ཤས་ལ་སྣང་བ་འགྲོ་མ་འགྲོ་བྱས་ཏེ། བློ་སེང་ལ་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་ཅུང་ཙམ་ཁག་པོ་མེད་འགྲོ དཔེར་ན། ཁོང་གིས་ཚོགས་གཙོ་ལས་ཟུར་མང་ཆེ་བའི་ཐུགས་འདོད་ལ་ལྟ་དགོས། དེ་རྣམས་ནི་འབྲེལ་མོལ་བསྐྱར་གསོར་འདོད་པ་ཡོད་ཡོད་པ་རེད། ཡིན་ནའང། དབུས་གཙང་གི་ཆེ་གྲས་རེ་འགའ་གང་ཟག་ལ་བརྟེན་ནས་དེར་བཏང་སྙོམས་སུ་འཇོག་གི་མེད་འགྲོ རྒྱ་རི་བློ་རྒྱན་བློ་སེང་ལ་རྒྱབ་སྐྱོར་མེད་པ་མངོན་སུམ་ཆགས་ཚར་བ་རེད། འདི་རྣམས་ནི་ཡོད་ན་ཡོད་ཚུལ་མི་ཤེས་ཤིང། སྒུལ་ན་འགུལ་གྱི་མེད་པ་དག་མིན་ནམ།
བློ་སེང་ལ་ཚུར་ཕྱོགས་གྲོས་ཚོགས་ནང་དེང་སང་ཆུ་སྒང་ཕྱོགས་ཁག་གིས་རྒྱབ་སྐྱོར་འདྲ་ཞིག་བྱེད་པ་དང་བསྟོད་མ་འཐེན་བཞིན་པ་དེས། འབྲེལ་མོལ་བསྐྱར་གསོ་གྲོས་ཚོགས་ནང་ཁ་རྡུང་མི་ཡོང་རྒྱུའི་ཚོད་དཔག་ཅུང་ཙམ་ཡོད་ནའང། ཆུ་སྒང་ཕྱོགས་ཁག་གི་བྱེད་བབ་ལ་མཐའ་འབྲས་ཡག་པོ་མེད་པ་ཡིན་དུས། བཙན་བྱོལ་ནང་ཁུལ་གྱི་རྙོག་འཛིང་ཁྲོད་ནས་བློ་སེང་གིས་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུར་ཁག་ཙམ་མེད་འགྲོ
ཡིན་ནའང། མྱུར་ཏུ་སྐུ་ཚབ་ཅིག་བསྐོ་བཞག་བྱས་འགན་གནང་བ་ཡིན་ན། དེར་ཁྱད་པར་ཅུང་མེད་འགྲོ དེང་སང་འབྲེལ་མོལ་དང་དབུ་མའི་ལམ་ལ་བར་ཆད་གཏོང་མཁན་མང་བས་མ་ཟད། འཇམ་ནོར་ཕྱོགས་གཏོགས་ཀྱིས་གོ་སྐབས་ནམ་བྱུང་ལ་དམའ་འབེབས་ཆར་ལྟར་འབེབས་སྐབས། ཐ་ན་རང་སྲེག་ཐད་ལའང་བཙན་བྱོལ་ནང་རྒྱུད་སྐུལ་བྱེད་མཁན་གྱི་ཚོགས་སྡེ་སྒེར་བ་དེ་འདྲ་ཡོད་ཚོད་འདུག་པ་སོགས་ཀྱིས། མེ་འབར་དུས་མཉམ་ལྟ་མཉམ་འགུལ་བྱས་རྗེས་མེས་མཇུག་འབྲས་བློ་སེང་གི་སྲིད་བྱུས་དང་ནུས་པ་ལ་མི་མང་ཐང་ཆད་རེ་བ་ལྷག་འཇུག་རྒྱུའི་ཇུས་ཡོད་ཙང། དེའི་ཕྱོགས་ནས་བཤད་ནའང། འབྲེལ་མོལ་བསྐྱར་གསོར་ཤུགས་སྣོན་སེང་གེ་གངས་ལ་འཆོང་བ་ལྟར་མ་གནང་དུས་ཕྱི་ནང་གི་བར་ཆད་རུ་འཛིང་འཐབས་བསྡད་ཡོད་པ་རེད་གདའ།
ཤར་ཁུག་གིས་ཀྱང། དམིགས་བསལ་ཆུ་སྒང་ཕྱོགས་ཁག་གི་བྱེད་བབ་ཐེར་འདོན་བྱ་ཐུབ་ན། དེ་དང་མཉམ་བསྲེས་ལྟ་བུའི་འཇམ་ནོར་ཨབ་ཕྲུག་བཅས་པར་དགག་པ་རྒྱག་ཐུབ་ན། དབུས་སྒྲིག་འཛུགས་ཀྱི་དབུ་མའི་ཏང་ཁག་ལ་རྒྱབ་སྐྱོར་མི་ཐོབ་པ་ཅི་ལ་ཡོད།། ཧཧཧཧཧཧ ཕོག་མ་འགྲོ་ཨ། གནད་འགག་རང་བཤད་ཡོད།
ཤར་ཁུག་ལགས། ཕར་འཁོར་ནས་བཤད་མ་འདུག གཞུང་གིས་འཛིན་པའི་སྲིད་ཇུས་ཀྱི་མིང་ཐོག་ན་ལྟོ་ཟ་བཞིན་ཡོད་པ་མ་ཤེས་སམ། རང་ཚོས་ཚ་ཚ་འུར་འུར་གྱིས་ལས་འགུལ་གང་མང་སྤེལ་དགོས་ངེས་ལས་གཞན་ལ་བཤད་རྒྱུ་ལྷག་མི་འདུག་གོ།།
དབུ་མའི་ལམ་འདི་ཁྱེད་ཅག་གི་འཚོ་རྟེན་དང་ཁ་རྒྱག་པ་བཤད་ས་ཙམ་ལ་གོང་ས་མཆོག་གིས་གནང་ཡོད་ཤག་འདྲ་ཞིག་བྱས་མ་འདུག་ལོ།
སྐུ་ཚབ་ཀྱི་ཐད་ནས།
ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ལ་ཁ་སྣོན་ཅིག་དགོས་ཀྱི་འདུག
ཤེས་རིག་བཀའ་ཟུར་ཐུབ་བསྟན་ལུང་རིགས། སྐལ་ལྡན་བློ་གྲོས། གཉིས་ཡག་པོ་འདུག་བསམས་སོང།
འཇམ་གཅེས་ལ།
ང་ཚོའི་ཕྱོགས་ནས་སྐུ་ཚབ་ཅིག་མྱུར་ཏུ་བསྐོ་བཞག་མ་བྱས་ཚེ། སྲིད་སྐྱོང་མཛད་བྲེལ་ཡིན་ན། འཇོན་གི་མེད་ན་གང་ལྟར་ཅིག་འགྲིག་གི་མེད་ཐག་ཆོད་རེད། སྔ་མོ་ཡིན་ནའང་སྐུ་ཚབ་ཀྱིས་ཆེད་མངགས་དུས་ཚོད་བཏང་ནས་དེའི་ཐད་འབྲེལ་བ་བྱས་བྱས་པ་རེད། དེ་འདྲ་ཞིག་མེད་ན་ག་བ་ཡོང་གི་རེད།
སྲིད་སྐྱོང་ལ་གཞོགས་འདེགས་ཡིན་ཟེར། སྐུ་ཚབ་ལ་ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱཱ་རིན་པོ་ཆེ་བཟང་ཟེར། དེ་གཉིས་སྟག་སེང་ཁ་སྤྲོད་ཡིན་ཟེར།
ཟམ་གདོང་རིན་པོ་ཆེས་༢༠༠༨ ལོར་འབྲེལ་མོལ་གནས་ཐུབ་ཡོད་པ་རེད། སྲིད་སྐྱོང་གིས་ད་ལོར་འབྲེལ་བ་གནང་མི་ཐུབ་པའི་གནས་བབ་ཅིག་ནམ་ནམ་ཞར་ཞར་དུ་མེད་ཟེར།
ཤར་ཁུག་འདི། མི་ཤེས་ནའང་ཅི་ཞིག་བཤད་སྡོད་མཁན་ངར་བ་ཞིག་རེད།
ཕྱོགས་གཉིས་ཀའི་་་་་་་་་་་་་་་་་་ནོར་བཅོས་གནང་རོགས་་་་་་་་
རེད་ཡ་་བསམ་ཚུལ་ཡག་པོ་འདུག །ཡིན་ཡང་གཙོ་བོ་རྒྱལ་གཞུང་དཔོན་རིགས་ཚོར་གོ་གནས་གཏན་ཁེལ་དགོས་པ་དང་། དེ་ནས་ཕྱོགས་ཀའི་གྲོས་མོལ་འམ་འབྲེལ་མོལ་གང་ཡིན་ཡང་དགོས་པ་ལས་་བཙན་བྱོལ་ཚང་གཅིག་པུའི་སྐུ་ཚབས་ཞིག་བསྐོ་བཞག་བྱས་ཀྱང་དོན་འབྲས་དེ་ཙམ་མི་ཡོང་། དུས་ལ་བབ་ཚེ་སྐུ་ཚབས་ཀྱིས་ཀ་ངལ་མཐོང་གྱི་མི་འདུག །
ཤར་ཁུག་ལགས་ཀྱི་སྐུ་ཚབ་བསྐོ་བཞག་དང་འབྲེལ་བའི་དཔྱད་བརྗོད་རྩོམ་ཡིག་ཞིག་བྲིས་པ་འདི་ལ་རང་ཉིད་ཀྱིས་བསམ་ཚུལ་ཞིག་བརྗོད་ན་གོང་དུ་གསུང་བའི་ནང་དོན་དེ་དངོས་ཡོད་གནས་ཚུལ་ཞིག་རེད་དྲན་སོང་སྲིད་སྐྱོང་མཆོག་གིས་སྐུ་ཚབ་བསྐོ་བཞག་བྱེད་རྒྱུ་གྲ་སྒྲིག་ཡོད་གསུང་བ་བཞིན་ཕྱི་ཟླ་བཅུ་གཉིས་ཟིན་ཚར་པ་རེད་རྒྱ་ནག་དམར་གཞུང་གི་མགོ་འཁྲིད་འཚོ་ལ་འགྱུར་བ་བྱུང་ཚར་བ་རེད་ད་ག་རེ་སྒུག་ནས་ཡོད་འུ་ཚོའི་སྤུན་ཟླ་ཚོ་ཉི་མ་རེ་རེ་བཞིན་རང་ཉིད་ཀྱི་གཅེས་བའི་རང་སྲོག་མེད་ལ་སྒྲོན་ནས་བདེན་དོན་གླེང་བཞིན་འདུག་འུ་ཚོས་ད་དུང་ཅི་ཞིག་སྒུག་ནས་ཡོད་ད་དུང་སྤུན་ཟླ་གང་མང་ཞིག་གི་རང་སྲོག་གཏོང་དགོས་པ་ཡིན་ནམ་གང་ལྟར་རྒྱ་ནག་དམར་གཞུང་དང་གྲོས་མོལ་བྱུང་རུང་མ་བྱུར་རུང་འུ་ཚོས་དངོས་ནས་གྲ་སྒྲིག་བྱས་ནས་ཕར་གྲོས་མོལ་བྱེད་དགོས་ང་ཚོས་སྐུ་ཚབ་བསྐོས་ཡོད་པས་བརྡ་བཏང་དགོས་པ་ལས་འུ་འཚོ་ལ་ད་གྲོས་མོལ་བྱེད་ཟེར་ནས་བརྡ་གཏོང་རྒྱུ་ཁག་པོ་རེད་དྲན་སོང་གང་ངེས་པར་རྒྱ་ནག་དམར་གཞུང་ལྷན་དུ་གདོང་ཐུག་ནས་གླེང་མོལ་གནང་ཐུབ་པ་ཡིན་ན་ཕན་ཚུན་གཉིས་ཀྱི་བསམ་ཚུལ་ཤེས་ཀྱི་རེད་དེ་འདྲ་མ་བྱུང་བར་རྒྱལ་ཁབ་གཞན་རྒྱུད་ནས་ག་ཚོད་གླེང་བ་ཡིན་ན་ནུས་པ་དེ་ཙམ་ཐོན་གྱི་མེད་པ་དངོས་ཡོད་རེད་འུ་ཚོ་རང་ཉིད་ཀྱི་འགོ་རྩམ་དགོས་པ་གལ་ཆེན་རེད་ཉིན་མཚན་མེད་པར་བོད་མིའི་རྩ་དོན་སྒྲུབ་བཞིན་ཡོད་པ་ལ་ཡི་རས་དང་བཀྲིན་ཆེ་ཞུ་ད་དུང་མགྱོགས་མྱུར་ངང་རྒྱ་བོད་འབྲེལ་མོལ་འགོ་འཛུགས་བྱེད་དགོས་པ་གལ་ཆེན་རེད་བསམ་བྱུང་དེ་བཞིན་ཤར་ཁུག་ལྟ་བུའི་སྨྱུག་ཐོག་པ་གང་མང་ཞིག་འདི་ལྟ་བུའི་དཔྱད་བརྗོད་གང་གནང་བའི་རེ་བ་རེད།
ད་ཡིན་ན་སེང་གེ་བློ་བཟང་གི་མགོར་བྱེའུ་ཁུག་རྟས་ཡང་བསྐྱར་སྐྱག་པ་བཏང་འདུག བློ་སེང་གིས་འབྲེལ་མོལ་མི་བྱེད་པ་དེ་དབུ་མའི་ལམ་ལ་ཡིད་ཆེས་མེད་པས་ཡིན་ཚུལ་ནི་དཀྲོགས་གཏམ་རང་ཡིན་རྒྱུ་རེད་འདོད། དེ་མིན་ཁྱེད་ཚོས་ནག་འདེད་ག་རེ་བྱས་ན་བྱས། ང་ཚོ་ཀློག་པ་པོ་ཚོར་སྐྱིད་པོ་ཞིག་འདུག
ཨ་ཅལ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ནི་ངོ་ནས་གྲང་ནས་སྐུ་ཚབ་ལ་འོས་པོ་འདུག
ཨ་མའི་བུ་ཁྱེད་ལ་དངོས་གནས་དགོད་ས་ཅིག་ཡིན་ཐག་ཆོད་རེད། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་ལས་སྐུ་ཚབ་ལ་འོས་པ་ཅིག་གང་ན་འདུག རྒྱུ་མཚན་རང་སྟེང་ནས་བཤད་རྒྱུ་མ་གཏོགས་ཕྱོགས་ལྷུང་བྱས་ན་ག་བ་ཡོང་གི་རེད། ཁུངས་འཁྱོལ་གྱི་མ་རེད།
དེ་ནས་རྩོམ་ཡིག་འདིའི་བརྗོད་དོན་རྟོགས་པ་ལ་བཙན་བྱོལ་དབུས་སྒྲིག་འཛུགས་ལ་རྒྱུས་མེད་དུས་ཁག་པོ་ཆགས་ཀྱི་རེད་བསམས་སོང། དྲ་འབུ་ཚོ།
ཨ་ལ་ལ་ཞེས་པའི་དྲ་འབུ་དེ་ཨ་རིག་འགྱུར་མེད་ཤར་ཕྱོགས་ཁུག་རྟའི་དྲ་འབུ་ཁ་བ་འདྲ་ལ། ཧཧཧཧཧ ད་ལྟད་མོ་འདུག
ཤར་ཁུག་གིས་དགོད་རྒྱུ་ཡོང་བ་ཞིག་བཤད་འདུག ཟམ་གདོང་རིན་པོ་ཆེ་གྲོས་མོལ་སྐུ་ཚབ། ཧཧཧཧཧཧ། དངོས་གནས་གོ་རྟོགས་ཟེར་བ་དེ་རི་བོང་གི་རྭ་རང་རེད་འདུག རྩོམ་ཡིག་ཡིན་འདོད་པའི་ཚིག་སྦྱོར་དང་ནང་དོན་གང་ནས་བསམ་ན་ད་དུང་ཆབ་སྲིད་དཔྱད་བརྗོད་འབྲི་རྒྱུ་མི་འོས་པ་ཞིག་འདུག
རྗེས་ཕྱོགས་འདི་འདྲའི་མདོ་རྩ་མེད་པའི་རྩོམ་ཡིག་མ་བྲིས་ན་ལེགས།
ཡ་ཁྱེད་ཤར་ཕྱོགས་ན་བསྡད་ནས་བྱང་ཕྱོགས་སུ་འགྲེལ་བ་སླ་ལ་རང་ཉིད་ས་དེར་ཕྱིན་ནས་་མྱོང་བ་ཞིག་སླེབས་ཚེ་གཞི་ནས་རྒྱ་མཚོའི་གཏིང་མཐའ་ལོན་ལེ་རེད་རྒྱ་རིག་རིན་པོ་ཆེ་ལས་ཀ་མེད་པ་ཨེ་ཡིན། འདི་འདྲའི་ཚིག་ཐག་ཆོད་པོ་ལབ་ཉན་ལེ་མ་རེད་ད་ཆབ་སྲིད་འཐབ་རྩོད་ཞེས་པ་དར་མས་བློ་ངར་ངར་དང་གཏན་ནས་འདྲ་ཡི་མ་རེད། དེར་བརྟེན་ཆེད་རྩོམ་སྤེལ་བ་ཡག་བྱུང་ཡིན་ཡང་ཁྱེད་ཀྱི་བསམ་བློ་ད་དུང་ནར་སྨིན་མེད་པ་གསལ་ལེ་འདུག་ཆེད་རྩོམ་ནང་། གལ་དེ་སྲིད་དོན་སྨྲ་བ་བྱེད་དགོངས་ན་ཉམས་མྱོང་ཅན་གིས་རྒན་རབས་སྲིད་མཁས་ལ་བསྟེན་གལ་ཆེ་ཞིང་བློ་རིག་ཡོད་ཚད་དེ་སྟེང་བུངས་ཚེ་ནམ་ཞིག་དངོས་ནས་ཁྱེད་ཀྱང་མཁས་ཁྱད་ལྡན་པའི་སྲིད་རྩོད་འགོ་ཁྲིད་ཞིག་ཆགས་རྒྱུ་རེད། དེ་ནི་ང་ཚོ་བོད་པར་དགོས་མཁོའི་ཆབ་སྲིད་ཤོག་པ་གཅིག་རེད། ངས་རྨོང་འཇགས་དང་། ནོར་བ་སྲིད་པའི་ཆོས་ཉིད་བརྟེན་ནོར་བཅོས་ནི་ངས་ཤེས་རབ་ཀྱི་ལྡེ་མིག་ཏུ་ངོས་ལེན་བྱེད་བཀྲིན་ཆེ།།།།།
ཤར་ཁུག་ལ། ཡེ་རྡོར་གྱིས་བྲིས་པའི་རྒྱ་རི་དང་བློ་སེང་བར་གྱི་དཀྲོགས་གཏམ་ཟེར་བ་གང་ན་ཡོད། འདིར་བཀོད་རོགས། ད་དུང་ཁྱེད་ནས་ཟམ་གདོང་རིན་པོ་ཆེ་དང་བློ་སེང་བསྡུར་བ་འདི་ཁྱེད་རང་ཅུང་རྩ་མི་ཚང་བའི་རྟགས་མིན་ནམ། བློ་སེང་ལ་མིང་ཙམ་ཞིག་མ་གཏོགས་ང་ཚོ་འདྲ་བོ་མི་ལབ་རྐྱང་རྐྱང་རྒྱག་མཁན་ཞིག་མ་རེད་དམ།། མིན། ཁྱེད་རང་ག་རེ་གནང་ན་འདོད་པ་རེད། ང་བློ་སེང། རིན་པོ་ཆེར་བསྡུར་ན་གད་མོ་གཏིང་ནས་ཤོར་གི བློ་སེང་ཆུ་སྒང་ལ་ཡ་མཚན་ཞིག་ཡིན་མ་གཏོགས་ཅི་ཞིག་ཡོད། ཧཧཧཧ
གསར་འགྱུར་དང་དཔྱད་བརྗོད་གང་ཡིན་ཡང་ཁ་གསལ་མདོར་བསྡུས་རེ་བྲིས་ན་ཀློག་བྲོ་ལའང་། རྫོགས་རྒྱུ་མེད་པ་འདི་འདྲ་ལ་བལྟ་ཐུབ་་ཀྱི་མི་འདུག མགོ་ནས་ཅུང་ཙམ་བཀླགས་རྗེས་སྦེད་དེ་ཉོབ་སོང་། གཡུག་བཞག་པ་ཡིན།