མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཀྱིས་དམར་འདེད་བྱེད་ངེས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

འཛམ་གླིང་རིལ་མོ་འདིའི་སྒང་དམག་དོན་དང་དཔལ་འབྱོར་གང་ཐད་ནས། མིང་དོན་གཉིས་ལྡན་སྟོབས་ཆེན་ཞིག་ཡོད་པ་ནི་ཨ་རི་ཡིན། དེར་བརྟེན།  འཛམ་གླིང་གི་མི་མང་པོ་ཞིག་གིས་ཨ་རིར་རྣ་ཅོག་ཀྲོང་ངེར་ཉན་ཡོད།  ང་ཚོ་བཙན་བྱོལ་བོད་པ་ཚོའི་ཁ་ནང་མིག་ནང་ལྷུང་ཞིང་། སྐྱ་སེར་རྒན་གཞོན་བྱིས་པ་ཡོངས་ཀྱིས་རྐང་པ་རྐྱོང་ས་དང་སྨོན་ལམ་རྒྱག་སའང་ཨ་རི་ཆགས་ཡོད། ཡིན་ནའང་།  ཨ་རིའི་མི་མང་གི་སྙིང་སྟོབས་དང་མིག་རྒྱང་ལ་དཔེ་ལྟ་དང་སློབ་སྦྱོང་བྱེད་མཁན་འུ་ཅག་བཙན་བྱོལ་བོད་པའི་ཁྲོད་ག་ཚོད་ཅིག་ཡོད་དམ།

        ཉེ་ཆར་ཨ་རིའི་རྒྱལ་ཁབ་གསང་བའི་སྡེ་ཁག་གིས་འབྱུང་འགྱུར་གྱི་ལོ་ ༡༨ ལ་རིག་འདེད་ཚོད་དཔག་བྱས་ཏེ། ད་ལྟའི་ཚན་རྩལ་གསར་པ་དང་ཉམས་ཆག་ཏུ་འགྲོ་བཞིན་པའི་རྒྱུ་ཆའི་ཐོན་ཁུངས་དང་། འཕེལ་ཤུགས་མྱུར་བའི་འཛམ་གླིང་གི་མི་འབོར་བཅས་ཀྱིས། མ་འོངས་པར་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་སྙོམས་སྒྲིག་ལ་གཞི་རྩའི་འགྱུར་ལྡོག་འབྱུང་རྒྱུ་ཡིན་པ་མ་ཟད། སའི་གོ་ལའི་སྟེང་གི་ད་ལྟའི་མི་རབས་འདི་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགག་རྩའི་དཀྱོགས་མཚམས་ཤིག་ལ་བསླེབས་ཡོད་ལ། མ་འོངས་པར་བགྲོད་སྲིད་པའི་ལམ་ཕྱོགས་ཀྱང་གདམ་ག་རང་བཞིན་ཅན་གྱི་འཛམ་གླིང་གཞན་ཞིག་ཡིན་སྲིད་པའི་ངོས་འཛིན་བྱས་ཡོད།

        དེ་དག་ལ་བརྟེན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཀྱང་མགྲིན་པ་བསྲིངས་ཏེ་བྱང་གི་ཨ་རི་ཤར་གྱི་ཨེ་ཤ་ཡར་ལོག་རྒྱུ་ཡིན་སྐོར་སྐད་གསང་མཐོན་པོས་བསྒྲགས་ཡོད་ལ། ཤར་གྱི་རྒྱ་དམར་པོས་ཀྱང་རང་གི་ཁ་སྒོ་སྲུང་ཐབས་སུ་དམག་འཐབ་གྲུ་གཟིངས་མཚོ་ལ་ཞུགས་པ་མ་ཟད། རང་གི་མཐུན་གྲོགས་བྱང་ཀོ་རི་ཡའི་བྲང་གཞུང་གཡར་ཏེ།  སོ་སོའི་ན་ཟུག་གི་འཕག་འཚག་མཐུན་གྲོགས་རྒྱལ་ཁབ་ཀྱི་མེ་ཤུགས་འཕུར་མདའ་རུ་བསྒྱུར་ཏེ་འཛམ་གླིང་གི་མཁའ་དབྱིངས་སུ་སྤུར་བ་དེས།  འཛམ་གླིང་གི་རྒྱལ་ཁབ་ཆེ་མ་ཆུང་གསུམ་གྱི་སྡོམ་ཐག་ལྟ་བུའི་རྒྱལ་ཚོགས་ཀྱི་སྒྲིག་གཞི་དེ་ཁད་ཀྱིས་གཏོར་བར་བརྟེན། ཉི་ཧོང་གིས་ཀྱང་གནའ་བོའི་དཔའ་ཉམས་སླར་གསོ་དགོས་པའི་མདུན་ལྗོངས་མཐོང་སྟེ། འབྱུང་འགྱུར་རྡུལ་མཚོན་ཞིབ་འཇུག་ལ་གོམ་ཁ་བསྒྱུར་དགོས་པའི་སྐད་ཤུགས་འབྱིན་མགོ་བརྩམས་པ་འདིས།  ཨེ་ཤ་ཡ་ནི་དངོས་གནས་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཡོམ་ཡོམ་འདར་གྱིན་པའི་སྣང་བ་ཞིག་འགོག་མེད་དུ་སྤྲོད་ཀྱིན་ཡོད།

        དེ་བཞིན། གཞིས་བཞུགས་བོད་མི་ཚོས་ཀྱང་དཔུང་མེད་ཀྱང་ལག་པས་ར་ར་ཟེར་བའི་དཔེ་ལྟར།  བོད་ཁམས་མེ་རུ་སྦར་ཏེ་གནའ་བོའི་བཙན་པོའི་དཔའ་སྙིང་གི་གཟི་ཉམས་དེ་འཛམ་གླིང་སྣེ་གསུམ་པར་གྲགས་པའི་ས་སྒང་འདིར་ཤུགས་ཀྱིས་གྱེར་བཞིན་ཡོད། མི་རིགས་དང་རྒྱལ་ཁབ་གང་གི་འདས་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ལ་བལྟས་ཀྱང་རུང་། མི་མང་གི་ངོས་ནས་བླ་ན་མེད་པའི་དཔའ་སྙིང་འདི་ཙམ་ཞིག་ལས་གཞན་གང་ཡང་བསྒྲུབ་རྒྱུ་ལྷག་མེད། ཡིན་ནའང་། བོད་མི་རིགས་ཀྱི་མགྲིན་པ་དང་མིག་ཟུང་ལ་ཁས་མཆེ་བའི་བཙན་བྱོལ་བ་རྣམས་ཀྱི་སྙིང་གི་འཕར་ལྡིང་དང་དབུགས་ཀྱི་རྒྱུ་བ་ཇེ་ལྷོད་དུ་འགྱུར་བཞིན་ཡོད།

        སྤྱིར་འཐབ་རྩོད་ལ་ཞུགས་པའི་མི་རིགས་གང་དེའི་མིག་རྒྱང་རིང་པོའི་ཐབས་ཤེས་དང་། བརྟན་ཞིང་བརླིང་པའི་སྣེ་ཁྲིད་ཀྱི་ལས་དག་ནི། མི་རབས་རིམ་བརྒྱུད་ལ་མི་རིགས་གང་དེའི་སྒལ་གཞུང་དུ། བཞུགས་ཁྲི་ཐོག་དང་ཕོ་གཞུང་ཐོག་ཡིན་པའི་ལས་འབྲས་ཟ་མཁན་གྱི་ཆབ་སྲིད་པ་དག་གི་ཕྲག་སྟེང་ན་ཡོད་སྟབས། དེའི་ཕྱོགས་ཀྱི་འཐུས་ཤོར་དང་ནག་ཉེས་མཐའ་དག་ཀྱང་ནམ་ཞིག་གི་ཚེ་ན་ལོ་རྒྱུས་ཀྱིས་དམར་འདེད་བྱེད་ངེས་ཡིན་ལ།  དེ་དུས།  ལས་འབྲས་དཀར་ནག་གི་རྡེའུ་མང་ཉུང་ཡང་ལྷང་ལ་འབུད་ངེས་ཡིན།   

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༩ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese