མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་གི་རུས་པ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་གྱིས་བརྩམས། ནགས་ཤོད་སད་མིས་བསྒྱུར། 

ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་གྲོང་དང་གྲོང་རྡལ།  ཤང་དང་གྲོང་གསེབ་ཡོངས་སུ་སྐུ་གཟུགས་མེ་ལྕེས་འཁྱུད་པ་དང་ལུས་སྲོག་མེ་རུ་བསྒྲོན་པའི་ལོ་རེད།  འདི་འདྲ་བ་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཁྲོད་དང་།  ལྷག་པར་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་གཏན་ནས་མཐོང་རྒྱུ་ཡོད་པ་མ་རེད།  ཏག་ཏག་ཕྱི་ཕྱོགས་གསར་འགྱུར་བརྒྱུད་ལམ་པས་བརྗོད་པ་ལྟར་( བོད་འབར་བཞིན་འདུག) ཟེར་བ་ལྟར་རེད།  ཟླ་བ་ ༡ པོ་ནས་ ༡༢ བར་བོད་མི་ ༨༥ ཙམ་གྱིས་གཅིག་རྗེས་གཉིས་མཐུད་དུ་རང་སྲེག་བྱས་པ་རེད།  དེ་དག་ལས་ ༨༤ བོད་ནང་གི་བོད་མི་རེད།  མི་ ༡ བོད་ནས་རྒྱ་གར་ནང་བཙན་བྱོལ་ལ་སོང་བའི་གྲས་རེད། 

དོན་དམ་དུ།  ལོ་དེའི་ནང་ཟླ་རེར་འཆར་ཅན་ལྟར་རང་སྲེག་གི་མེ་ལྕེ་མཆེད་པ་རེད།  ལྷག་པར་དུ་ཟླ་བ་ ༡༡ པའི་ནང་གྲངས་ཀ་ཆེས་མཐོ་ཤོས་རེད།  བོད་མི་གཅེན་གཅུང་ ༢༨ ལས་གྲྭ་བཙུན་ཁོ་ན་ཙམ་མ་རེད།  མང་ཆེ་བ་འབྲོག་པ་རེད། དེ་མིན་ཟླ་བ་ ༣ པའི་ནང་བོད་མི་ ༡༡ ཁྲོད་ ༦ དགེ་འདུན་པ་རེད།  ད་དུང་སློབ་འབྲིང་སློབ་མ་དང་ཕྲུ་གུའི་ཨ་མ་བཅས་ཡོད།  ཅིའི་ཕྱིར་དུ་ཟླ་བ་འདི་གཉིས་ནང་རང་སྲེག་ཁ་གྲངས་རྩེ་མོར་སོན་པ་རེད་དམ།  དེ་ནི་( ཚོར་རྣོན་ཟླ་བ ) འཁེལ་བས་རེད་ལ། ཚིག་བརྗོད་འདི་མིག་སྔའི་རྒྱ་ནག་ཏུ་དར་ཁྱབ་ཆེ་བའི་ཤོད་སྲོལ་ཞིག་རེད།

གསལ་པོ་བཤད་ན།  ཟླ་བ་ ༣ པ་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་ཚོར་བ་རྣོ་བའི་ཟླ་བ་རེད།  ཟླ་བ་ ༣ པའི་ཚེས་ ༥ ནི་ཕྱི་ལོ་ ༡༩༨༩ ལོར་ལྷ་སར་གྱེན་ལངས་ངོ་རྒོལ་བར་དྲག་གནོན་བྱས་པའི་དུས་དྲན་ཉིན་མོ་རེད།  ཟླ་བ་ ༣ པའི་ཚེས་ ༡༠ ནི་ཕྱི་ལོ་ ༡༩༥༩ ལོར་བོད༌ཀྱི་གྱེན་ལངས་ངོ་རྒོལ་དུས་དྲན་ཉིན་མོ་རེད།  ཟླ་བ་ ༣ པའི་ཚེས་ ༡༤ ནི་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ངོ་རྒོལ་ཉིན་མོ་དང་།  ཟླ་བ་ ༣ པའི་ཚེས་ ༡༦ ནི་རྔ་པ་རྫོང་ངོ་རྒོལ་མི་དམངས་ཚོར་མེ་མདའ་བརྒྱབ་པའི་དུས་དྲན་ཉིན་མོ་རེད།  ཟླ་བ་ ༣ པའི་ཚེས་ ༢༨ ནི་ཕྱི་ལོ་ ༢༠༠༩ ལོར་རྒྱ༌ནག་གུང་ཁྲན་གྱིས་གཏན་པ་ཕབ་པའི་ཡར་ལངས་ཞིང་བྲན་བཅིངས་འགྲོལ་ཐོབ་པའི་ཉིན་མོ་རེད་ཟེར། མི་ལོ་བཅུ་ཕྲག་མང་པོའི་རིང་གི་ལོ་རེའི་ཟླ་བ་ ༣ པའི་ནང་དབང་སྒྱུར་བ་ཚོས་ཚབས་ཆེའི་དགྲ་བོ་ཞིག་གདོང་གཏོད་དགོས་ཀྱི་ཡོད་ལ་ལྟར་བྱེད་ལ།  དབང་སྒྱུར་ཕོག་སའི་ངོས་ནས་ངོ་རྒོལ་བྱེད་པ་ཕུད།  ཚོར་བ་རྣོ་བའི་ཟླ་ངོ་དེ་ཡང་གདོང་ལེན་བྱ་དགོས་ཀྱི་ཡོད། 

དེ་མིན་ཡང་། ཟླ་བ་ ༡༡ ནི་རྒྱ་གུང་ཁྲན་པའི་ཚོགས་ཆེན་བཅོ་བརྒྱད་དང་འབྲེལ་བ་ཡོད་པ་རེད་ལ།  ཚོགས་ཆེན་བཅོ་བརྒྱད་པའི་སྔ་ཉིན་དང་།  ཉིན་བདུན་གྱི་ཚོགས་ཆེན་རིང་བོད་ས་རུ་ཉིན་ལྟར་རང་སྲེག་བྱེད་མཁན་བྱུང་ཡོད།  ཐ་ན།  མི་ ༩ ཡིས་རང་སྲེག་བྱས་ཏེ་མཐོ་ཚད་ཅན་གྱི་གྲངས་ཀ་འདི་ཟིན་པ་རེད།  འདིས་གསལ་པོར་མཚོན་པ་ནི་བོད་མིའི་རང་སྲེག་འདི་ཆབ་སྲིད་ངོ་རྒོལ་ཞིག་ཡིན་པ་བསྟན་པ་རེད།  རྒྱ་གུང་ཁྲན་ཚང་གི་བརྒྱུད་ལམ་ནས་ཚོགས་ཆེན་བཅོ་བརྒྱད་སྐོར་ལས་བོད་མིའི་རང་སྲེག་གནད་དོན་གཡོལ་བ་རེད།  དེ་ལས་ལྡོག་སྟེ་བཙན་བྱོལ་བོད་མི་ཚོས་ཟླ་བ་ ༩ པའི་ནང་ངྷ་སར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དང་འབྲེལ་བ་ཡོད་པ་བཤད་ལ།  ད་དུང་ངན་ཇུས་ཉེས་འགེལ་གྱིས་བར་མ་ཆད་པའི་བོད་མིའི་རང་སྲེག་འདི་ཏཱ་ལའི་རུ་ཚོགས་ཀྱིས་ཇུས་འགོད་ངན་སྐུལ་བྱས་སོང་ཡང་ཟེར།

མ་ཟད།  རྒྱ་གུང་ཁྲན་གྱི་མཐོ་རིམ་བོད་དཔོན་ནས་གསར་འགོད་གསལ་བསྒྲགས་སྐབས་ངོ་ཚ་མེད་པའི་སྒོ་ནས་སྐྱག་རྫུན་བཤད་རྒྱུར།  མི་རྣམས་ཀྱིས( ཤིས་ཙང )འབར་བཞིན་ཡོད་པ་རེད་ཟེར། ངས་ནི( ཤིས་ཙང )འབར་གྱི་ཡོད་པ་མ་རེད་ལབ་ཀྱི་ཡོད།   (ཤིས་ཙང)དུ་རང་སྲེག་ཐེངས་ཤིག་བྱུང་བ་དེའང་དཔེ་མཚོན་ཅན་གྱི་ཕྱི་མི་ནང་འཛུལ་རང་སྲེག་རེད་ཟེར།  འདི་ནི་དོན་དངོས་འཁྱོག་བརྗོད་དང་གཡོ་སྒྱུ་ཆེ་བའི་འབྲུ་རྩེད་རེད་དམ།   དོན་དམ་དུ་ཤིས་ཙང་ཟེར་བ་འདི་ནི་བོད་མདོ་དབུས་ཁམས་གསུམ་ས་ཁུལ་ཡོངས་རྫོགས་ཀྱི་ས་མིང་ཡིན་པ་འདིར།  རྒྱ་ཁྱོན་ཧ་ཅང་ཆུང་དུ་བཏང་ནས་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཁོ་ནར་བོས་པ་རེད།  ཁོའི་བརྗོད་དོན་ལྟར་ན།  བོད་ཀྱི་ས་ཁུལ་གཞན་དུ་ལྷག་པའི་རང་སྲེག་དོན་རྐྱེན་རྣམས་རྩིས་རྒྱག་མི་དགོས་ཟེར་བ་དང་།  སྤྱིར་རང་སྲེག་དོན་རྐྱེན་དེ་འདྲའི་མང་པོ་ལྷག་ཡོད་ནའང་ང་ཚོའི་བོད་རང་སྐྱོང་ལྗོངས་དང་འབྲེལ་བ་ཅི་ཡོད་ཟེར་བ་རེད།  རེད་དེ།  དོན་དམ་དུ་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་དུའང་རང་སྲེག་དོན་རྐྱེན་ཐེངས་ ༨ ལྷག་པ་རེད།  དེའི་ཁྲོད་ ༦ ནི་ཆབ་མདོ་རྫོང་དང་།  འདམ་གཞུང་རྫོང་།  འབྲི་རུ་རྫོང་བཅས་ཀྱི་ཞིང་འབྲོག་མི་སེར་ཆགས་ཡོད། 

རང་དབང་འཐབ་རྩོད་བྱེད་པའི་དབྱིན་ཡིག་གླུ་གཞས་ཤིག་ལོ་མང་དར་ཁྱབ་སོང་བ་སྟེ།  དེའང་བོད་འབར་གྱིན་ཡོད་ཅེས་པ་འདིའི་སྐོར་རེད། དེའི་ཚིག་དོན་ལས།  ཁྱོད་ཀྱིས་བཞུ་མར་གསོད་ཐུབ་མོད།  འོན་ཏེ་ཁྱོད་ཀྱིས་མེ་ལྕེ་གསོད་མི་ཐུབ།  མེ་ལྕེ་གྱེན་དུ་འབར་བའི་ཚེ།  རླུང་བུས་ཅི་ཙམ་དེད་ཀྱང་འབར་ཤུགས་ལྷག་པར་ཆེ་ཟེར་བ་ལྟར་རོ།།

ཡིན་ནའང་ང་རང་གི་ངོས་ནས་བཤད་ན།  ད་ལྟའི་བར་རང་སྲེག་དོན་རྐྱེན་ཐེངས་ ༩༧ ལྷག་བྱུང་ཡུལ་གྱི་རྔ་པ་རྫོང་དང་།  འབར་ཁམས་རྫོང་།  མཛོད་དགེ་རྫོང་།  འཛམ་ཐང་རྫོང་།  རྟའུ་རྫོང་། དཀར་མཛེས་རྫོང་། དར་མདོ་རྫོང་།  གསེར་རྟ་རྫོང་།  ལྷ་ས། ནག་ཆུ།  འདམ་གཞུང་རྫོང་།  ཆབ་མདོ་རྫོང་། འབྲི་རུ་རྫོང་།  དར་ལག་རྫོང་།  པད་མ་རྫོང་།  རེབ་གོང་རྫོང་།  གཅན་ཚ་རྫོང་།  རྩེ་ཁོག་རྫོང་།  ཡུལ་ཤུལ་རྫོང་།  ཁྲི་འདུ་རྫོང་།  ཐེམ་ཆེན་རྫོང་།  ཡ་རྫི་རྫོང་།  ཆིག་སྒྲིལ་རྫོང་།  བསང་ཆུ་རྫོང་།  རྨ་ཆུ་རྫོང་།  ཀླུ་ཆུ་རྫོང་བཅས་ལས་ས་ཁུལ་གསུམ་བཞི་ཞིག་འགྲོ་མྱོང་མེད།  འགྲོ་མྱོང་བའི་ས་ཆ་དེ་དག་ཏུ་འགྲོག་འདྲིས་ཀྱི་གྲོགས་པོ་ཡོད།  མ་གཞི་ང་དང་ངོ་ཤེས་མིན་པའི་དབང་དུ་བཏང་ནའང་འཕྲད་མ་ཐག་མཛའ་བཤེས་ལྟ་བུའི་ཚོར་སྣང་སྐྱེ་ཡོང་གི་ཡོད།  དེས་རྐྱེན་པས་སེམས་སྡུག་དཔེ་མེད་ཆེ།  ངས་བྱེད་ཐུབ་པ་གཅིག་རང་ཡོད་པ་ནི། རང་སྲེག་བྱ་མཁན་མི་རེ་ངོ་རེ་ཟིན་ཐོའི་ཡིག་ཐོག་ཏུ་འབེབས་རྒྱུ་དེ་རེད་ལ།  རྡོ་ལ་རི་མོ་བརྐོས་པ་ལྟར་མི་བརྗེད་པ་བྱ་དགོས།

ལོ་འདིའི་ནང་གནས་ཚུལ་ཧ་ཅང་མང་པོ་ལྷག་པ་རེད།  དཔེར་ན།  བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་དྲག་གནོན་བྱེད་མཁན་གྱི་གདོང་རིས་ཐེར་འདོན་བྱས་པས་འཛིན་བཟུང་ཐེབས་པ་དང་།  ཁྲིམས་གཅོད་བྱས་པ།  གར་སོང་ཆ་མེད་དུ་བཏང་བ་རེད།  དེ་དག་ནི་སྐལ་བཟང་ཚུལ་ཁྲིམས།  (རྨ་ཆུ་རྫོང་གི་མི) གངས་སྐྱེས་སྦྱིན་པ་སྐྱབས   (གསེར་རྟ་རྫོང་གི་མི ) ཟླ་བ་རྡོ་རྗེ (འབྲི་རུ་རྫོང་གི་མི) ཚེ་རིང་ནོར་བུ (དཔལ་ཡུལ་རྫོང་གི་མི) སོགས་དང་།  ད་དུང་དམངས་ཁྲོད་སྒྱུ་རྩལ་པ་མང་དག་ཅིག་གིས་བོད་མིའི་སེམས་ནང་གི་སྐད་ཆ་ཕྱིར་ཕྱུང་བའི་སྟབས་ཀྱིས་འཛིན་བཟུང་བྱས་པ་དང་ཁྲིམས་ཐག་བཅད་པ། ཡང་ན་བོར་བརླགས་སོང་བ་བཅས་རེད།  དེ་དག་ལས་ཆོས་མགོན།  (འཇོ་མདའ་རྫོང་གི་མི) ཨ་གྲགས (ལི་ཐང་རྫོང་གི་མི) ཨོ་རྒྱན་བསྟན་འཛིན། (ནང་ཆེན་རྫོང་གི་མི) བློ་བློ (ཡུལ་ཤུལ་རྫོང་གི་མི) ཕུལ་བྱུང་། (དམར་ཐང་གི་མི) མཆོག་གསལ། (འབྲི་རུ་རྫོང་གི་མི) སོག་ཕྲུག་ཤེས་རབ། (མཚོ་སྔོན་སོག་རྫོང་གི་མི) བཅས་རེད།

དེ་ལས་མང་བའི་བོད་ཀྱི་ས་ཁུལ་སོ་སོ་ན་ཤུགས་རྐྱེན་ཡོད་པའི་སྐྱེས་ཆེན་བླ་མ་དང་དགེ་འདུན་པ། བཙུན་མ་སོགས་འཛིན་བཟུང་བྱས་པ་དང་བོར་བརླགས་ཕྱིན་པ། དཔེར་ན།  བསང་ཆུ་རྫོང་བླ་བྲང་དགོན་པའི་གྲྭ་འཇིགས་མེད།  གྲྭ་མགོ་ལོག་འཇིགས་མེད།  ཆབ་མདོ་ཀརྨ་དགོན་པའི་མཁན་པོ་བློ་གྲོས་རབ་གསལ།  མཁན་པོ་རྣམ་སྲས་བསོད་ནམས།  དཀར་མཛེས་རྫོང་གི་བཙུན་མ་འཆི་མེད། དེ་བཞིན། ལྷ་ས་འབྲས་སྤུངས་དགོན་པའི་དགེ་འདུན་པ་མང་པོ་བཅས་ཡོད་པ་རེད།  ངོ་མ་བྲིས་ན་མིང་ཐོ་འདི་ཚོ་ཧ་ཅང་རིང་པོ་རིང་པོ་ཆགས་རྒྱུ་རེད།

བོད་ལ་སྐད་ཆ་འདི་འདྲ་ཞིག་ཡོད།  དེའི་མིང་ལ་སྙིང་གི་རུས་པ་ཟེར།  གོང་དུ་བརྗོད་མ་ཐག་པའི་བོད་ཀྱི་མི་འདི་དག་ཡོངས་སུ་རྫོགས་པ་གངས་ལྗོངས་ས་མཐོའི་སྙིང་གི་རུས་པ་རྐྱང་རྐྱང་རེད།  དེས་ན།  དཀའ་སྡུག་ཅན་གྱི་བོད་འདིའི་ལས་དབང་བརྗེད་ཐབས་ག་ལ་ཡོད། 

༢༠༡༣ ། ༡ ། ༡

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༥ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese