མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཕལ་ཆེ་བས་ཤེས་ཡོན་སྲིད་བྱུས་གསར་པར་རྒྱབ་སྐྱོར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ངྷ་ཤོད་བོད་ཁྱིམ་སློབ་གྲྭར་ཚོཊ་པའི་བོད་རིཊ་དགེ་རྒན་ཚོཊ་ཆེན་མཇུག་སྒྲིལ་དང་བསྟུན། གསར་འགོད་པས་ཚོཊ་ཆེན་ཐོག་གི་ཚོཊ་ཆུང་སོ་སོིའི་ཚོཊ་གཙོ་རྣམ་པར་བགྲོ་གླེང་ཤུཊ་ཆེ་ཤོས་ག་རེ་བྱུང་ཡོད་མེད་དང་། ད་རེབ་ཀྱི་ཚོགས་འདིར་འདོིད་པ་ཁེངས་ཡོད་མེད་བཅས་ཀྱི་སྐོར་ལ་དགོངས་ཚུལ་བཅར་འདྲི་ཞུས་ཡོད།

འདི་གའི་གསར་འགོད་པས་ཚོཊ་ཆུང་དང་པོའི་ཚོཊ་གཙོ་ཚེ་བརྟན་བཀྲ་ཤིས་ལཊ་སུ་ཚོཊ་ཆུང་དེར་བགྲོ་གླེང་ཤུཊ་ཆེ་ཤོས་ག་རེ་བྱུང་ཡོད་མེད་སྐོར་དྲིས་པར། སློབ་གྲྭ་ཁག་ཏུ་བཟང་སྤྱོད་ཉམས་རྒུད་དུ་འགྲོ་བ་དང་བོད་ཡིག་བརྒྱུད་ལམ་ཡར་རྒྱས་གཏོང་ཕྱོཊ། སློབ་ཕྲུག་ཚོར་དམིཊ་ཏེ་རི་མོའི་བྱིས་སྒྲུང་གང་མང་བསྡུ་སྒྲིག་གིས་པར་སྐྲུན་བྱ་རྒྱུ། རིཊ་ལམ་སློབ་ཚན་གཏན་འབེབས་ཐོག་ཆོས་དགེ་ཇེ་མང་དུ་གཏོང་རྒྱུ། སློབ་གྲྭ་ཁག་ཏུ་ཆེད་ལས་རང་བཞིན་གྱི་བརྡ་སྤྲོད་དང་རྒྱལ་རབས་དགེ་རྒན་བསྐོ་བཞག་བྱ་རྒྱུ། ཆུ་ཤིང་བསྟན་བཅོས་དང་སྲིད་དོན་རྒྱལ་རབས། དེབ་ཐེར་དཀར་པོ་སོཊ་བསླབ་ཁྲིད་གནང་དགོས་པའི་སྐོར་བགྲོ་གླེང་བྱུང་འདུག

ཁོང་ལ་ཚོཊ་འདུའི་སྙན་ཐོ་ལག་ལེན་ཡོང་བར་རེ་བ་ཅི་ཙམ་ཡོད་མེད་དང་དགེ་རྒན་ཚོཊ་འདུ་དེར་གལ་ཆེ་ཆུང་གང་འདྲ་གཟིཊ་ཀྱི་ཡོད་མེད་དྲིས་སྐབས། ཁོང་རང་ངོས་ནས་ཚོཊ་འདུ་དེར་འདོད་པ་ཁེངས་སོང་། ཐེངས་འདིའི་ཚོཊ་འདུའི་གྲོས་ཆོད་ཁག་ཤོག་ཐོག་ཏུ་བཞག་པ་ཙམ་གྱིས་ཕན་མིོ་ཐོགས་པར། གཙོ་ཆེ་ཤོས་ཤེས་རིག་ལས་ཁུངས་གཙོས་སློབ་གྲྭ་ཁག་དང་དགེ་རྒན། ཕ་མ། སྤྱི་ཚོགས་ཐོག་གང་ཐུབ་ལག་ལེན་བསྟར་ཐུབ་རྒྱུ་གལ་ཆེན་པོ་རེད་ལ། དགེ་རྒན་ཚོགས་འདུ་དེ་མ་འོངས་པར་ཡང་མུ་མཐུད་འཚོགས་ཐུབ་ན་ཧ་ཅང་ཡག་པོ་འདུག་ཟེར།   

ཚོགས་ཆུང་གཉིས་པའི་ཚོགས་དྲུང་བསྟན་འཛིན་དོན་གྲུབ་ལཊ་སུ་དྲིས་པར། ཁོང་གི་ཚོགས་ཆུང་ནང་གཙོ་བོ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུ་དང་། ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུར་འབྲེལ་ཡོད་དགེ་རྒན་ཙམ་མིན་པར་ཕ་མ་དང་གཞུང་གི་ལས་བྱེད། སྤྱི་ཚོགས་བཅས་ཀྱིས་འགན་ལེན་རྒྱུ། ཡི་གེ་འབྲི་ཀློག་ནི་ཤེས་ཡོན་གྱི་བརྒྱུད་ལམ་ལྟ་བུ་ཞིག་ཡིན་སྟབས། སློབ་ཕྲུག་གི་བསམ་བློའི་གོ་རྟོཊ་ཐད་དམིཊ་བསལ་ཤུཊ་སྣོན་རྒྱག་རྒྱུ། བོད་ཡིག་ཁྲིད་ཐབས་དེང་རབས་ཅན་དུ་བསྒྱུར་དགོས་པ། ཚན་རིག་སློབ་ཁྲིད་སྐབས་ཚན་རིག་སློབ་ཚན་དང་འབྲེལ་བའི་ཉེར་མཁོའི་ཅ་དངོས་མཁོ་སྤྲོད་ཐུབ་རྒྱུ། སློབ་གྲྭ་ཁག་ནས་ཕྱི་རྒྱལ་དུ་ཡིག་རྒྱུཊ་གཏོང་སྐབས་ངེས་པར་ཚུད་རྒྱུཊ་ནང་བོད་ཡིག་གལ་ཆེན་དུ་འཛིན་དགོས་པ། གུང་གསེང་ནི་སློབ་ཕྲུག་གི་སྤྱོད་ལམ་ཇེ་སྡུག་ཏུ་འགྲོ་བའི་སྐབས་ཡིན་སྟབས། གུང་གསེང་གི་དུས་ཡུན་རིང་ཕ་མས་སོ་སོའི་ཕྲུ་གུར་བརྔན་པ་གང་བྱུང་དང་སྒོར་མོ་གང་མང་སྤྲོད་མི་རུང་བ། དགེ་རྒན་ཚོས་སློབ་ཕྲུག་ལ་ཉེས་རྡུང་དང་ཚིག་རྩུབ་རིཊ་བེད་སྤྱོད་མི་གཏོང་བ། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཆེད་ཧི་མ་ལ་ཡའི་སློབ་ཕྲུག་རྣམས་འཛིན་རིམ་དང་པོའི་སྐབས་ནས་བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཞུཊ་གོ་སྐབས་སྤྲོད་དགོས་རྒྱུ། མ་འོངས་པར་འཛིན་གྲྭ་དང་པོ་ནས་དབུ་ཅན་དབུ་མེད་གཉིས་ཀ་ངེས་པར་བསླབ་དགོས་རྒྱུ། སློབ་ཕྲུག་ཚོར་བོད་ཡིག་གཙོས་པའི་དགོས་ངེས་ཀྱི་དྲ་རྒྱ་ཁག་ངོ་སྤྲོད་བྱ་རྒྱུ་ཡིན་སྐོར་སོཊ་གླེང་འདུག

ཐེངས་འདིའི་ཚོགས་འདུ་ལ་འདོད་པ་ཁེངས་ཡོད་མེད་དྲིས་པར། ཚོགས་འདུ་དེར་དེ་ཙམ་འདོད་པ་ཁེངས་མ་སོང་། རྒྱུ་མཚན་ངའི་ཚོགས་ཆུང་ནང་དགེ་རྒན་གྱི་ལས་ཀ་བྱེད་སྟངས་མ་གཏོཊ། སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་དང་བསམ་བློ་གཏོང་ཕྱོགས་ཐོག་གྲོས་བསྡུར་དེ་ཙམ་བྱས་མ་སོང་ཟེར། སྙན་ཐོ་ལག་ལེན་བསྟར་རྒྱུའི་ཐད་རེ་བ་ཅི་ཙམ་ཡོད་མེད་དྲིས་པར་གྲོས་བསྡུར་བྱས་པ་ཚང་མ་གལ་ཆེན་ཡིན་སྟབས། ཁོང་སྒེར་ངོས་ནས་བརྒྱ་ཆ་ ༨༠ ལག་ལེན་བསྟར་གྱི་རེད་བསམ་གྱི་ཡོད་ཅེས་བརྗོད་སོང་།

ཚོགས་ཆུང་གསུམ་པའི་ཚོགས་གཙོ་དགེ་རྒན་པ་སངས་ཚེ་རིང་ལཊ་ཀྱིས་བརྗོད་ན། ཚོགས་ཆུང་དེར་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཚན་ཁག་བོད་ཡིག་ཐོག་ཁྲིད་ཐབས་དང་། སློབ་ཕྲུག་ཚོའི་བོད་དབྱིན་འབྲི་ཀློག་ཡར་རྒྱས་གཏོང་ཆེད། ཤེས་རིག་གིས་སློབ་གྲྭ་ཁག་ཏུ་དཔེ་མཛོད་སྤུས་དག་རེ་གསར་འཛུགས་དང་། སློབ་ཕྲུག་གི་དགོས་མཁོ་དང་འཚམ་པའི་དཔེ་དེབ་སྣ་མང་མངཊ་ཉོ་དང་བསྡུ་སྒྲིག་དགོས་རྒྱུ།  སློབ་གྲྭ་ཁག་ཏུ་ལོ་ཙཱ་བའི་སློབ་ཚན་ཆེད་འཛུཊ་དགོས་རྒྱུ། གཞི་རིམ་སློབ་ཕྲུག་ཚོར་ཡི་གེ་འབྲི་ཀློག་ཙམ་མིན་པར་རི་མོ་དང་ཟློས་གར། ལུས་རྩལ་དང་སྒྱུ་རྩལ་སོགས་བསླབ་རྒྱུ། སློབ་གྲྭ་ཁག་ཏུ་འཆར་ཅན་ལྟར་སྔ་དགོང་གཉིས་སུ་ཞལ་འདོན་སྐྱོར་བཞིན་པའི་ཚབ་ཏུ། ཆོས་དགེས་དགོས་ངེས་ཀྱི་ནང་ཆོས་འགྲེལ་བཤད་དང་ངོ་སྤྲོད་གནང་རྒྱུ་བཅས་གླེང་འདུག  

ཚོགས་འདུའི་གྲུབ་འབྲས་ཐད་དྲིས་པར། གཞུང་གི་སྒྲིག་གཞིའི་ནང་ཡོད་མིན་ལ་མ་ལྟོས་པར་དགེ་རྒན་ཚོ་མཉམ་དུ་འཛོམས་ཏེ། སློབ་ཕྲུག་གི་སློབ་ཁྲིད་ཐབས་ལམ་དང་དགེ་རྒན་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་བྱ་རྒྱུ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་། སློབ་ཕྲུག་ནི་མ་འོངས་པའི་མི་རིགས་ཀྱི་སོན་རྩ་ཡིན་སྟབས། ཐེངས་འདིར་དགེ་རྒན་ཚོའི་བར་སློབ་ཕྲུག་གི་མདུན་ལམ་ཐོག་དམིགས་བསལ་གྲོས་བསྡུར་ལྷུག་པོ་གནང་ཐུབ་པ་དེར་བློ་སྐྱེད་ཆེན་པོ་བྱུང་སོང་ཟེར།

དགེ་རྒན་གྱི་ཚོགས་འདུ་དེར་གཟིགས་ཚུལ་ཅི་ཡོད་དྲིས་པར། ཚོགས་འདུ་དེར་བཤད་འདོད་པ་མང་པོ་ཞིག་བཤད་ཐུབ་སོིང་། མ་འོངས་པར་སྙན་ཐོ་ཁག་ལག་ལེན་ག་ཚོད་བསྟར་ཐུབ་མིན་ཏག་ཏག་བཤད་ཐུབ་ཀྱི་མི་འདུག་ཀྱང་། གྲོས་བསྡུར་ལྷུག་པོ་བྱས་པ་དེས་མ་འོངས་པར་ལས་ཀ་བྱེད་ཕྱོགས་ཐོག་ཏན་ཏན་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་བྱུང་།

ཚོགས་ཆུང་བཞི་པའི་ཚོགས་གཙོ་ཚེ་རིང་མགོན་པོ་ལཊ་ཀྱིས་བརྗོད་ན། ཚོགས་ཆུང་དེར་དགེ་རྒན་ཚོས་སློབ་ཚན་ཁྲིད་ཐབས་ཐོག་དམིཊ་བསལ་ཤུགས་སྣོན་རྒྱག་རྒྱུ་དང་སློབ་ཁྲིད་ཀྱི་ཞོར་དུ་སློབ་ཕྲུག་ཚོའི་ཀུན་སྤྱོད་ཡར་རྒྱས་གཏོང་ཐབས་ལ་ཤུཊ་རྒྱག་རྒྱུ། སློབ་ཕྲུག་གིེས་འཁྲབ་པའི་གཏམ་བརྗོད་དང་ཟློས་གར་སོཊ་འོད་སྡེར་དུ་བཟོས་ཏེ་སློབ་ཕྲུག་ཚོར་དོ་སྣང་ཡོང་ཐབས་དང་། སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཐ་སྙད་གཅིག་གྱུར་ཐོག་འབད་བརྩོན་བྱ་རྒྱུ། སློབ་ཕྲུག་གི་མདུན་ལམ་ཆེད་དགེ་རྒན་སྤུས་དག་ཡོང་ཆེད་སློབ་གྲྭ་ཁག་ཏུ་ལོ་ལྔ་རེའི་མཚམས་སུ་དགེ་རྒན་གྱི་ཤེས་ཚད་དང་ཀུན་སྤྱོད་ཐོག་བསྐྱར་ཞིབ་བྱ་རྒྱུ། བོད་ཡིག་དེ་ཧི་མ་ལ་ཡའི་བྷོ་ཊི་དང་གཅིག་གྱུར་ཡོང་ཐབས་ལ་འབད་རྒྱུ་བཅས་ཀྱི་ཐོག་བགྲོ་གླེང་གནང་འདུག

ཚོགས་འདུའི་དེའི་ཕན་ཐོགས་ག་རེ་བྱུང་མིན་དྲིས་པར། གཞུང་ངོས་ནས་ལག་ལེན་བསྟར་ཐུབ་མིན་ལ་མ་ལྟོས་པར་དགེ་རྒན་ཞིག་གིས་བཤད་འདོད་པ་པ་དང་བཤད་དགོས་པའི་སྐད་ཆ་ཚང་མ་བཤད་ཐུབ་སོང་། སློབ་ཕྲུག་མདུན་ལམ་དང་དགེ་རྒན་གྱི་སྤུས་ཚད་སོགས་ཕྱོགས་ཡོངས་ལ་བསམ་བློ་བཏང་ན། སྐབས་སྐབས་ལ་ཚོགས་འདུ་དེ་འདྲ་འཚོགས་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་བྱུང་།   

ཚོགས་ཆུང་ལྔ་བའི་ཚོགས་གཙོ་བསོད་ནམས་བག་བྲོ་ལཊ་ཀྱིས་བརྗོད་ན། ཚོགས་ཆུང་དེར་བོད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་རྒྱུ་རྐྱེན་དང་ཉམས་པ་སླར་གསོ་ཡོང་ཐབས། འཛིན་གྲྭའི་ནང་སློབ་ཕྲུག་མང་དྲཊ་པའི་དགེ་རྒན་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ། ཚན་རིག་དང་ཨང་རྩིས་གཉིས་ལ་དམིཊ་བསལ་ཤུགས་སྣོིན། སློབ་གྲྭའི་སྒྲིག་གཞི་ཚཊ་ཚུད་ཡོང་ཆེད་སློབ་གྲྭ་དང་དགེ་རྒན། ཕ་མ་གསུམ་མཉམ་འབྲེལ་བྱ་དགོས་པ། སློབ་ཕྲུག་གི་སྐྲ་འཇོག་མཁན་དང་ལྭ་བ་གྱོན་སྟངས། ཁ་པར་འཁྱེར་མཁན་བཅས་ལ་སྟངས་འཛིན་བྱེད་ཕྱོགས། སློབ་གྲྭ་ཁག་གི་ནང་ཆོས་སློབ་ཚན་དེ་སློབ་གྲྭ་སྤྱི་ཡོངས་ཀྱི་དངོས་གཞིའི་སློབ་ཚན་ཁོངས་སུ་འཇུག་དགོས་པ། བོད་སྐད་ཡིག་སྲུང་སྐྱོབ་ཆེད་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་གྱི་སློབ་ཚན་ཁག་བོད་ཡིག་ཁྲིད་ཐབས་དགོས་རྒྱུ། བཙན་བྱོལ་ནང་གི་ཕ་མ་ཚོར་གཞན་བརྟེན་གྱི་བསམ་བློ་ཤུཊ་ཆེན་ཡོད་སྟབས། མ་འོངས་པར་སོ་སོའི་ཕྲུ་གུའི་མདུན་ལམ་དང་རང་གི་འཚོ་གནས་ཐད་རང་འགན་རང་གིས་འཁུར་རྒྱུ། གཞི་རིམ་སློབ་གྲྭའི་ནང་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་བྱིས་སྒྲུང་མང་དུ་བསྡུ་སྒྲིག་བྱ་རྒྱུ། སློབ་གྲྭ་ཁག་ཏུ་ལག་ཐོགས་ཁ་པར་གཙོས་དགོས་མེད་ཀྱི་གློག་ཆས་རིཊ་བེད་སྤྱོད་བཏང་མི་ཆོག་པ། གཞིས་ཆགས་ཁག་ཏུ་བོད་པ་ཚོས་རྒྱ་གར་ཡུལ་མིར་ཆང་ས་བརྒྱབ་སྟེ་རིགས་རྒྱུད་གཙང་མ་སྤེལ་ཐུབ་ཀྱི་མེད་པ་དེར་ཕ་མས་ཡིད་གཟབ་བྱ་དགོས་སྐོར་སོཊ་གླེང་འདུག

ཚོགས་འདུར་འདོད་པ་ཁེངས་ཡོད་མེད་སྐོར་དྲིས་པར། དགེ་རྒན་ཚང་མར་འདོད་པ་ཁེངས་ཡོད་མེད་བཤད་མི་ཐུབ་ཀྱང་། ང་རང་སྒེར་ངོས་ནས་ཐེངས་འདིའི་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་སོང་ལ། ཚོགས་འདིའི་སྙན་ཐོ་ཁག་ལའང་ཤེས་རིག་གིས་དགོངས་པ་བཞེས་ཀྱི་རེད་བསམ་གྱི་ཡོད། མ་འོངས་པར་ད་དུང་ཚོགས་དེ་འདྲ་འཚོགས་ཐུབ་ན་ཡག་པོ་ཡོང་ས་རེད་ཟེར།

ཚོགས་ཆུང་དྲུག་པའི་ཚོགས་དྲུང་བསམ་གླིང་ལྷ་མོ་ལཊ་སུ་དྲིས་པར། སློབ་གྲྭ་ཁག་གི་སློབ་ཚན་བོད་ཡིག་ནང་བསླབ་དགོས་པ་དང་། བོད་ཀྱི་ཐ་སྙད་གཅིག་གྱུར་དང་སློབ་གྲྭ་ཁག་ཏུ་ཡིག་རྒྱུཊ་གཏོང་ཕྱོགས། སློབ་ཕྲུག་ཚོར་སློབ་ཚན་ཁྲིད་ཐབས་བཅས་ཀྱི་ཐད་ལ་སྐབས་བསྟུན་གྱིས་དགེ་རྒན་ཚོགས་ཆེན་རེ་བསྐང་རྒྱུ། སློབ་གྲྭ་ཁག་གི་སྙན་ཞུའི་མཚོན་པའི་གཞུང་འབྲེལ་ཡིག་ཆ་རྣམས་བོད་ཡིག་བེད་སྤྱོད་གཏོང་དགོས་པ། གཞི་རིམ་འཛིན་གྲྭ་ཐོན་རྗེས་ཚན་རིག་སྡེ་ཚན་དུ་སློབ་ཞུགས་བྱེད་མཁན་ཉུང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་གནང་རྒྱུ། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་གང་མང་ཐོན་ཐབས་སུ་སེ་ལཱ་ཀོ་ལྟ་བུའི་མིག་དཔེར་འོས་པའི་སློབ་གྲྭ་གསར་འཛུཊ་བྱ་རྒྱུ། བོད་པའི་སློབ་གྲྭ་ཁག་ཏུ་བོད་ཀྱི་ཉིན་མོ་ཞེས་པའི་དུས་དྲན་སྲུང་གཙི་དང་འབྲེལ། ཕོ་མོ་དབྱེར་མེད་ཐོག་བོད་ལྭ་གྱོན་པ་དང་བོད་ཆས་གྱོན་པ། བོད་སྐད་བཤད་པ། བོད་དོན་གླེང་རྒྱུ། ཡུལ་དུས་དང་བསྟུན་ཏེ་སློབ་གྲྭ་ཁག་ཏུ་དཀར་སྐྱོང་ཁོ་ན་བྱ་རྒྱུ། སློབ་གྲྭ་ཁག་ཏུ་ཆོལ་ཁ་དང་ཆོས་ལུཊ། ལུང་ཚན་ཕྱོཊ་རིས་ཀྱིས་ཤུཊ་རྐྱེན་མི་ཡོང་བ་བྱ་རྒྱུ་བཅས་གླེང་འདུག

ཚོགས་འདུ་འདོད་པ་ཁེངས་ཡོད་མེད་སྐོར་དྲིས་པར། ཐེངས་འདིར་དགེ་རྒན་རེ་ཟུང་གིས་དབྱིན་ཡིག་ཐོིག་སློབ་ཁྲིད་དགོས་པའི་བསམ་ཚུལ་བཤད་པ་མ་གཏོཊ། མང་ཆེ་ཤོས་ཀྱིས་ཤེས་ཡོན་སྲིད་བྱུས་ཐོག་རྒྱབ་སྐྱོར་བྱས་སོང་། གང་ལྟར། དགེ་རྒན་ཚང་མས་ཚོགས་འདུའིོ་ཐོག་བསམ་ཚུལ་ཤུགས་ཆེན་པོ་བཤད་པ་དེར་འདོད་པ་ཁེངས་སོང་ལ་བློ་སྐྱེད་ཀྱང་ཆེན་པོ་བྱུང་། བོད་རིཊ་དགེ་རྒན་ཚོགས་འདུ་འདི་བསམ་ཚུལ་བཤད་ས་དང་ཉམས་མྱོང་བརྗེ་རེས་བྱེད་ས། གྲོས་བསྡུར་བྱེད་ས་གལ་ཆེན་པོ་ཞིག་རེད། ཡིན་ནའང་། ངས་བསམ་ན་གྲོས་བསྡུར་བྱས་པའི་སྙན་ཐོ་ཚང་མ་གཞུང་གིས་ལག་ལེན་བསྟར་རྒྱུ་ཁག་པོ་ཡོང་གི་རེད་བསམ་གྱི་འདུག་ཟེར།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 4

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    ཚོགས་འདུ་འདི་ནི་དམིགས་བསལ་གྱི་གནད་འགག་ཆེན་པོ་རེད། ཤུགས་དང་ནུས་པ་བསྒྲིལ་ས་དང་། ཡང་བཅོས་བསྒྱུར་དང་གསར་གཏོད་ནུས་རྩལ་ཚང་མ་འདིར་འདོན་དགོས་པ་རེད།

    ཚོགས་ཞུགས་དགེ་རྒན་མང་དག་ཅིག་གིས་ཐུགས་བློ་ཁེངས་བར་དགའ་འོ།། བསྟོད་དོ།། བསྔགས་སོ།།

    དྲང་པོར་བཤད་ན་ནད་གཞིའི་རྩ་བ་བོད་ཁྱིམ་དང་ཤེས་རིག་གཉིས་ཀྱི་ཤེས་ཡོན་འགན་འཛིན་རྣམས་ཡང་ནས་ཡང་དུ་འཚོགས་ནས་ཕན་ཚུན་གྱི་འགལ་ཟླའི་གསང་མདུད་མ་བཀྲོལ་བར་དུ་འདི་མུར་ལུས་ངེས་སོ།།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    དགེ་རྒན་ཚོས་ཤེས་ཡོན་སྲིད་བྱུས་ལ་ཁྱད་ཆོས་ཤིག་མཐོང་བ་དེ་བསྟོད་བསྔགས་ཡོད། ཁྱེད་རྣམས་པ་མི་རིགས་འདིའི་ཁ་ལོ་བ་རེད། བཙན་བྱོལ་སྤྱི་ཚོགས་ནམ་ཞིག་བོད་དུ་ལོག་དུས་ར་མ་ལུག་གི་སྤྱི་ཚོགས་ཤིག་ཆགས་མི་འཇུག་པའང་ཁྱེད་ཚོར་རག་ལས། དེ་བཞིན། ཐེངས་འདིར་ཤེས་རིག་ལས་ཁུངས་ནས་ཁྱེད་ཚོར་སྨྲ་བརྗོད་རང་དབང་སྤྲད་པ་དགའ་ཡང། བཙན་བྱོལ་ནང་གི་ཁེ་ཕན་མགོ་འདོགས་གཤིས་ཀ་དེས་ཁྱེད་ཚོས་དམར་དམར་རྗེན་རྗེན་ཅིག་བཤད་ཐུབ་ཨེ་ཡོད་བསམས་ནས་སེམས་པ་སྐྱོ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ བོད་ཡིག་དེ་ཧི་མ་ལ་ཡའི་བྷོ་ཊི་དང་གཅིག་གྱུར་ཡོང་ཐབས་ལ་འབད་རྒྱུ་བཅས་ཀྱི་ཐོག་བགྲོ་གླེང་གནང་འདུག ་་་་་་་
    ་་་་་ བོད་སྐད་ཡིག་སྲུང་སྐྱོབ་ཆེད་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་གྱི་སློབ་ཚན་ཁག་བོད་ཡིག་ཁྲིད་ཐབས་དགོས་རྒྱུ། ་་་་་་་་
    ་་་་་་་་ ཐེངས་འདིར་དགེ་རྒན་རེ་ཟུང་གིས་དབྱིན་ཡིག་ཐོིག་སློབ་ཁྲིད་དགོས་པའི་བསམ་ཚུལ་བཤད་པ་མ་གཏོཊ། མང་ཆེ་ཤོས་ཀྱིས་ཤེས་ཡོན་སྲིད་བྱུས་ཐོག་རྒྱབ་སྐྱོར་བྱས་སོང་། ་་་་
    ་་་་་་་ གཞི་རིམ་སློབ་གྲྭའི་ནང་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་བྱིས་སྒྲུང་མང་དུ་བསྡུ་སྒྲིག་བྱ་རྒྱུ། སློབ་གྲྭ་ཁག་ཏུ་ལག་ཐོགས་ཁ་པར་གཙོས་དགོས་མེད་ཀྱི་གློག་ཆས་རིཊ་བེད་སྤྱོད་བཏང་མི་ཆོག་པ། གཞིས་ཆགས་ཁག་ཏུ་བོད་པ་ཚོས་རྒྱ་གར་ཡུལ་མིར་ཆང་ས་བརྒྱབ་སྟེ་རིགས་རྒྱུད་གཙང་མ་སྤེལ་ཐུབ་ཀྱི་མེད་པ་དེར་ཕ་མས་ཡིད་གཟབ་བྱ་དགོས་སྐོར་སོཊ་གླེང་འདུག ་་་་་་ཟེར།

    Reply
  4. བསྟན་འཛིན་བསོད་ནམས། says:
    ལོ་ 13 སྔོན།

    དགེ་རྒན་གྱི་ཚོགས་འདུ་ཚོགས་པ་ཧ་ཅང་བཟང་གི། གྲོས་ཆོད་དག་གིས་ཀྱང་ཏན་ཏན་ཐུགས་ཕན་སོས་གི་རེད།
    ཚོགས་འདུའི་ཐོག་བགྲོ་གླེང་གནང་སྐབས་སློབ་ཕྲུག་ཚོར་གློག་ཀླད་དང་ཁ་པར་རིགས་ཀྱི་ཐོག་དམ་དོན་བྱེད་དགོས་ལུགས་ཤིག་འཁོད་པ་དེས་སླར་ཡང་མུན་ནག་བཟོས་པ་རེད། རྐང་བཙུགས་ནས་ཕྱི་བཤོད་དང་རྗེས་ལུས་བཟོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese