མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭཊ་མི་མང་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp


ས་རཱ་མཐོ་སློབ་ཏུ་ཟླ་སྔོན་མའི་ཕྱི་ཚེས་ ༢༠ ནས་ཟླ་འདིའི་ཚེས་ ༣༠ བར། ལ་དྭགས་ཁུལ་གྱི་གཞུང་དང་སྒེར། དགོན་པ་བཅས་ཀྱི་སློབ་གྲྭ་ ༢༠ ཡི་བོད་དགེ་ ༢༣ ཙམ་ལ་བོད་ཡིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ཅིང་། གསར་འགོད་པས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དང་ཟབ་ཞུགས་པ་ཁག་ཅིག་ལ་གླེང་མོལ་བརྒྱུད། ཟབ་སྦྱོང་གི་དགོས་དམིགས་དང་ས་གནས་ཀྱི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་ཡོད།

            ཕྱི་ཚེས་ ༥ ཉིན་གསར་འགོད་པ་ཆེད་དུ་ས་རཱ་མཐོ་སློབ་ཏུ་བསྐྱོད་དེ། སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་སུ་ཟབ་སྦྱོང་དེའི་དགོས་པ་དམིགས་ཡུལ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། ཧི་མ་ལ་ཡའི་རི་རྒྱུད་ནི་ལོ་རྒྱུས་དང་གནས་སྟངས་གང་ཅིའི་ཆ་ནས་བོད་པ་དང་རིག་གཞུང་གཅིག་པ་ཡིན་ཞིང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཐོས་བསམ་བྱེད་མཁན་གཅིག་པ་ཡིན་སྟབས། བོད་ས་མ་ཤོར་གོང་ཁོང་ཚོ་བོད་དུ་སློབ་གཉེར་ལ་ཕེབས་ཀྱི་ཡོད་ཀྱང་། བོད་ས་ཤོར་ཏེ་བོད་པའི་རིག་གཞུང་ཉམས་ཆག་ཏུ་ཕྱིན་པ་དང་མཉམ་དུ་ཁོང་ཚོའི་རིག་གཞུང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས། རྒྱ་གར་ནང་བོད་པའི་ཆོས་རིག་རྒྱུན་འཛིན་དར་སྤེལ་གྱི་རྨང་གཞི་སྲ་བརྟན་ཆགས་རྗེས་༧གོང་ས་མཆོག་གི་བཀའ་དགོངས་ལྟར། ཧི་མ་ལ་ཡའི་རི་རྒྱུད་ལ་ཆོས་རིག་སློབ་སྦྱོང་གི་གོ་སྐབས་དང་མཐུན་འགྱུར་གནང་མགོ་བཙུགས་ཡོད་པ་དང་། ཁོང་ཚོ་བོད་པ་དང་རིག་གཞུང་གཅིག་པ་ཡིན་པའི་སྟེང་ལ། ས་གནས་མི་མང་ཚོར་ཡང་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོ་ཡོད་སྟབས། ཐེངས་འདིར་ལ་དྭགས་ཁུལ་གྱི་དགེ་རྒན་ཁག་ཅིག་ལ་ཟབ་སྦྱོང་གོ་སྒྲིག་གནང་གི་ཡོད་པ་དང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་ས་གནས་གཞན་དག་ལ་ལོ་མང་རིང་ནས་ལས་གཞི་དེའི་རིགས་སྤེལ་མུས་ཡིན་ཡང་། ལ་དྭགས་ཁུལ་དུ་ ༢༠༠༧ ཙམ་ནས་མགོ་བཙུགས་ཡོད་སྐོར་ངོ་སྤྲོད་གནང་བྱུང་།

གསར་འགོད་པས་ཟབ་སྦྱོང་དེར་ཞུགས་མཁན་ལ་དྭགས་ལྡུམ་ར་བདེ་སྐྱིད་ལམ་སྒྲོན་དཔེ་གསར་སློབ་གྲྭའི་བོད་དགེ་ཚེ་རིང་ཆོས་སྒྲོན་ལགས་དང་གླེང་མོལ་བྱས་སྐབས། མོ་རང་ལ་དྭགས་གཞུང་གི་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ས་རཱ་མཐོ་སློབ་ཏུ་ལོ་གསུམ་རིང་བོད་ཡིག་སྦྱངས་ཡོད་པ་དང་། དེའི་རྗེས་ཕྱིར་ལ་དྭགས་ལ་ཕྱིན་ཏེ་སྒེར་གཉེར་སློབ་གྲྭ་དེའི་དགེ་རྒན་གནང་བཞིན་ཡོད་འདུག སྔོན་ཆད་མོ་རང་གཞུང་གི་སློབ་གྲྭར་སྐྱོད་སྐབས་འཛིན་རིམ་བཅུ་བའི་བར་བོད་ཡིག་ཡོད་ཀྱང་། ས་རཱ་མཐོ་སློབ་ཏུ་ཞུགས་རྗེས་བསྐྱར་ཏུ་ཀ་ཁ་ནས་སྦྱངས་ཡོད་འདུག དེ་ནི། སྐབས་དེར་ལ་དྭགས་སྤྱི་ཡོངས་ནང་བོད་ཡིག་ལ་དོ་སྣང་མེད་པ་དང་། ལྷག་པར་དུ་གཞུང་གི་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་ཚགས་ཚུད་མེད་པས་ཡིན་འདུག དེང་སྐབས་ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་སྒེར་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་ཐོག་ཤུགས་སྣོན་རྒྱག་གི་ཡོད་འདུག

གྲྭ་བསྟན་འཛིན་ཆོས་གྲགས་ལགས་ལ་དྭགས་ནུབ་ར་ས་གནས་ཀྱི་དགའ་ལྡན་བཀྲ་ཤིས་ཆོས་གླིང་དགོན་སློབ་ཀྱི་དགེ་རྒན་ཡིན་པ་དང་། ཁོང་གིས་བརྗོད་པ་ལྟར་ན། དགོན་པ་དེར་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོད་པ་མ་ཟད། ས་གནས་དེ་ཁུལ་གྱི་མི་མང་ཚོ་ལའང་བོད་ཡིག་ཐོག་དོ་སྣང་གསར་པ་སླེབ་ཀྱི་ཡོད་འདུག དེ་ནི་བོད་ཡིག་བོད་སྐད་དེ་སོ་སོའི་རིག་གཞུང་ཡིན་པ་ངོ་ཤེས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་བོད་ཡིག་བོད་སྐད་མེད་ཐབས་མེད་པ་ཞིག་ཆགས་ཡོད་པས་ཡིན་སྐོར་བརྗོད་བྱུང་། ཁོས་བརྗོད་དོན། “ སྔོན་མ་ཡིན་ན་བོད་ཡིག་ནང་ཆོས་སྦྱོང་བྱེད་ཙམ་ལས། ཕྱི་རོལ་བ་ཚོས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་མེད་ཀྱང་། དེང་སྐབས་བོད་ཡིག་བོད་སྐད་དེ་ལ་དྭགས་པ་སོ་སོའི་སྐད་ཡིག་ཡིན་པ་ར་འཕྲོད་དེ། ནང་པ་དང་ཕྱི་རོལ་བ་ཚང་མས་དོ་སྣང་བྱེད་ཀྱི་འདུག ཁ་ཆེ་སློབ་གྲྭ་ཁག་ཏུའང་བོད་ཡིག་སློབ་ཁྲིད་བྱེད་ཀྱི་འདུག” ཅེས་བརྗོད་བྱུང་།

            ཡང་ཁོང་གིས། འདས་པའི་ལོ་འགའི་རིང་ནས་ལ་དྭགས་མི་མང་ཚོས་བོད་ཡིག་ནི་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། དེ་ནི་མང་ཚོགས་ཙམ་མ་ཡིན་པར་རྫོང་དཔོན་སོགས་མཐོ་རིམ་མི་སྣ་ཚོས་ཀྱང་རྒྱ་གར་དབུས་གཞུང་ལ་བོད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་དགོས་པའི་སྙན་ཞུ་རིམ་པར་ཕུལ་ཡོད་པ་མ་ཟད། སྲིད་བློན་སོགས་དབུས་གཞུང་གི་དཔོན་རིགས་ས་གནས་ལ་གཟིགས་སྐོར་དུ་ཕེབས་སྐབས་ཀྱང་། ས་གནས་མང་ཚོགས་ཀྱི་དགོས་འདུན་ཡིག་ཐོག་ཏུ་བཀོད་པ་དག་ལས་གཅིག་ནི་བོད་ཡིག་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་འཇོག་རྒྱུ་དེ་ཆགས་ཡོད་ཟེར།

ལ་དྭགས་མཱུ་ཌི་(Mudh) ས་གནས་མངའ་སྡེ་གཞུང་སློབ་གྲྭའི་དགེ་རྒན་གྲྭ་བློ་གྲོས་རབ་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། ད་ཆར་གཞུང་གི་སློབ་གྲྭ་ཁག་ཏུ་འཛིན་རིམ་བརྒྱད་པའི་བར་བོད་ཡིག་ངེས་པར་དུ་སྦྱོང་དགོས་པ་དང་། འཛིན་རིམ་བརྒྱད་པ་ཡན་ཆད་ནང་གདམ་ཀའི་སློབ་ཚན་དུ་བཞག་ཡོད་འདུག དཀའ་ངལ་ཆེ་ཤོས་ཤིག་ནི་གཞུང་གི་སློབ་གྲྭ་ ༡༠༠ ལྷག་ལ་བོད་ཡིག་དགེ་རྒན་ ༣༠ ཙམ་ལས་མེད་སྟབས། དགེ་རྒན་མ་འདང་པ་དང་སློབ་ཚན་རྣམས་ཚགས་ཚུད་ཡོང་གི་མེད་པ་དེ་ཡིན་འདུག ཁོང་གིས་ “ད་ཆར་ལ་དྭགས་ཙམ་མ་ཟད། ཇ་མོ་ཀ་ཤི་མིར་ནང་སོགས་སུ་བོད་ཡིག་ལ་དོ་སྣང་ཆེན་པོ་སླེབ་ཀྱི་ཡོད་པ་མ་ཟད། གཞུང་གི་སློབ་གྲྭ་ཚང་མའི་ནང་འཛིན་རིམ་ ༡༢ བར་བོད་ཡིག་སློབ་ཚན་གཏན་འབེབས་བྱ་རྒྱུར་ཤུཊ་རྒྱག་གི་ཡོད་པ་རེད”ཅེས་བརྗོད་བྱུང་།

            ད་རེབ་ཀྱི་ཟབ་སྦྱོང་འདིའི་ཕན་ཐོགས་གང་འདྲ་འབྱུང་མིན་དྲིས་པར་ཁོང་གིས“ ཕན་ཐོགས་ཆེན་པོ་ཡོང་གི་རེད་དྲན་ཡོད། སྔོན་མ་ང་ཚོས་ག་རེ་བསླབས་ཀྱང་ཁུངས་བཙན་པོ་ཡོད་མ་རེད། ད་རེབ་ཀྱི་ཟབ་སྦྱོང་བརྒྱུད་དེ་མ་འོངས་པར་སོ་སོས་གང་བསླབས་པ་དེ་ཁུངས་བཙན་པོ་ཡོད་པ་ཞིག་བཟོ་ཐུབ་སོང་བསམ་ཡོད”ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས། 

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. སྐར་མདའ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་ནི་ང་ཚོ་བོད་ལ་ཧ་ཅང་མཁོ་བའི་རྩ་བའི་རྩ་དོན་ཞིག་རེད། ཡིན་ནའང་། བོད་ཀྱི་རིག་གཞུང་ལ་གོ་རྟོགས་ཞན་པའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་རང་དབང་ལུང་པའི་ནང་དུ་ཡང་བོད་ཀྱི་མ་སྐད་དེ་སྐད་ཡིག་གཉིས་པར་འཇོག་གིན་ཡོད་པ་ནི་བློ་ཕམ་གྱི་གཞི་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    “ སྔོན་མ་ཡིན་ན་བོད་ཡིག་ནང་ཆོས་སྦྱོང་བྱེད་ཙམ་ལས། ཕྱི་རོལ་བ་ཚོས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་མེད་ཀྱང་། དེང་སྐབས་བོད་ཡིག་བོད་སྐད་དེ་ལ་དྭགས་པ་སོ་སོའི་སྐད་ཡིག་ཡིན་པ་ར་འཕྲོད་དེ། ནང་པ་དང་ཕྱི་རོལ་བ་ཚང་མས་དོ་སྣང་བྱེད་ཀྱི་འདུག ཁ་ཆེ་སློབ་གྲྭ་ཁག་ཏུའང་བོད་ཡིག་སློབ་ཁྲིད་བྱེད་ཀྱི་འདུག” ཅེས་བརྗོད་བྱུང་། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese