མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོ་རར་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ སྟེང་། བོད་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་༼ཡུལ་སྐད་དུ་རྒྱ་ར༽སྡེ་བའི་དཀོན་མཆོག་སྐྱབས་སམ༼གཅེས་མིང་ལ་དཀོན་བྷེ་༽ཞུ་བ་ཁོང་གིས་འབོ་ར་དགོན་པའི་སྟོན་ཆོས་ར་བའི་ནང་དུ། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

དཀོན་མཆོག་སྐྱབས་ལགས་ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་གི་ཕ་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་ཞིང་ཚེ་འདས་ཡིན་པ་དང་། མ་མིང་ལ་རིན་ཆེན་འཚོ། ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་དང་སྲིང་མོའི་མིང་ལ་སྙིང་མོ་སྐྱིད་ཟེར་བཞིན་ཡོད་འདུག ཁོང་ད་ལྟ་གྲོང་སྡེའི་དེའི་རྣམ་རྒྱལ་ཚེ་རིང་ཟེར་བ་ཚང་ལ་མག་པར་བསྡད་ཡོད་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་མཁར་མོ་ཐར་ཟེར་ཞིང་། བཟའ་ཟླའི་ཕ་མིང་ལ་རྣམ་རྒྱལ་ཚེ་རིང་དང་མ་མིང་ལ་ལྕགས་མོ་ཕྱུག གཅུང་མོའི་མིང་ལ་རྡོ་རྗེ་འཚོ་བཅས་ཡིན་འདུག ཁོང་ལ་ཕྲུ་གུ་ལོ་གཅིག་ཅན་གྱི་བུ་ཞིག་བཅས་ཡོད་འདུག

རིམ་པ་གཉིས་པ། གོང་གི་གནས་ཚུལ་སྐོར་ད་ལྟ་རང་བོད་ནས་ཐད་ཀར་འབྱོར་བའི་ནང་། “ འབོ་ར་དགོན་པའི་སྟོན་ཆོས་ནང་ནས་མེར་བསྲེགས་བཏང་ཞིང་ཕལ་ཆེར་དུས་ཐོག་ཏུ་གྲོངས་ཡོད་འདུག  དགོན་དེའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་ལྷག་མ་རྣམས་ཚོགས་མ་གྲོལ་བའི་བར་ལ་གཞུང་གིས་འཁྱེར་འདུག  ད་ལྟ་འབོ་ར་ས་ཁུལ་དུ་དམག་མི་དང་ལྷག་པར་དུ་བསང་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་དམིགས་བསལ་ཉེན་རྟོག་རུ་ཁག་མི་སྣ(特警)མང་བོ་འབྱོར་འདུག  བོད་ནང་དགོང་མོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་ཆེན་(ཕྱོགས་དེར་སྡེ་བ་ཆེ་བར་འབོད།)བཅས་མཉམ་འཛོམས་བྱས་ཏེ་ས་གནས་སུ་ལེན་གི་འགྲོ་གྲབས་བྱེད་ཀྱི་འདུག  ད་ལྟ་ཁ་ཤས་ཀྱིས་གཙོད་རོ་བསྲེགས་ཁང་དང་། ཡང་ཁ་ཤས་ཀྱིས་ས་གནས་ཡུལ་ཚོའི་གཞུང་གི་ལྟེ་བ་ག་གེ་མོ་ཞིག་ཏུ་ཡོད་ཤག་གི་ཚོད་དཔག་བྱེད་རྒྱུ་ལས། གང་དུ་ཡོད་པ་དང་ནམ་ཞིག་ལ་ཞུགས་འབུལ་བྱེད་རྒྱུ་སོགས་ནང་མི་ལ་ཡང་ཤེས་རྟོགས་ཀྱི་དབང་ཆ་སྤྲད་མི་འདུག” ཅེས་བཀོད་འདུག

རིམ་པ་གསུམ་པ། ད་ལྟ་སླར་ཡང་བོད་ནས་གནས་ཚུལ་འབྱོར་བའི་ནང་། “ད་ལྟ་རང་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་བ་ཆེ་བོ་བཅས་རུ་སྡེ་གསུམ་པོ་ས་གནས་ཡུལ་ཚོའི་སྲིད་གཞུང་(博拉乡政府)གི་སྒོ་ཁར་སོང་སྟེ་གནས་ཚུལ་འདྲི་བརྩད་བྱས་པ་ལྟར་ན། དཀར་རྩི་བླ་བྲང་དུ་འཁྱེར་སོང་བས་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་ཨ་མཆོད་གཅིག་ཀྱང་སོང་མི་ཆོག་པའི་བཙན་བཀའ་བཏང་འདུག ད་ལྟ་རུ་སྡེ་གསུམ་གྱི་རྒན་གཞོན་ཚང་མས་གལ་ཏེ་སང་ཉིན་ཨ་མཆོད་གཅིག་ཀྱང་གདན་འདྲེན་བྱེད་མ་བཅུག་ཚེ། ཕོ་མོ་རྒན་དར་གཞོན་གསུམ་སྲིད་གཞུང་གི་སྒོ་ཁར་སོང་སྟེ་མ་ཎི་འཁོར་ལོ་སྐོར་ཞིང་མགུར་དབྱངས་འཐེན་བཞིན་འདས་མཆོད་བསྒྲུབ་རྒྱུར་གཅིག་མཐུན་གྱི་གྲོས་འཆམ་བྱུང་ཡོད་པ་དང་། དོན་དག་དེ་ཐེ་བོ་དང་ལྕགས་ལམ་སོགས་བག་ཚའི་ཁོག་གི་རུ་སྡེ་གཞན་ལ་བསྒྲགས་ཡོད་འདུག” ཅེས་སོགས་བཀོད་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་སྐྱེས་ཡུལ་འབོ་ར་རྒྱང་རིང་གྲོང་ཚོ།

ཁོང་གིས་རང་ལུས་མེར་བསྲེགས་གནང་ཡུལ་འབོ་ར་སྔོན་པོ་ཐང་བཤད་སྒྲུབ་དར་རྒྱས་གླིང་དགོན་པ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

མཆན། 1

  1. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    དཀོན་མཆོག་མཁྱེན། ངོ་མ་ངའི་སྙིང་ལ་ན་ཚ་གཏོང་གི་འདུག ད་ང་ཚོས་ཅི་ཞིག་བྱེད་དགོས་སམ། གོ་མེད་ཚོར་མེད་ཀྱིས་བལྟས་ནས་བསྡད་ན་ཨེ་འགྲིག བདེན་པ་ལ་སྟོབས་ཤུགས་ཡོད་དམ། གནམ་འོག་འདིར་ལྷ་བླ་མ་ཆོས་སྐྱོང་སྲུང་མ་ཡོད་དམ། ད་ང་ཚོས་ཅི་ཞིག་བྱེད་དགོས་སམ། ཆོས་རྒྱལ་སྲོང་བཙན་སྒམ་པོ་མཁྱེན། ཁྱེད་ཀྱི་རྣམ་ཤེས་ཀྱིས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བའི་བོད་འབངས་ཡོངས་རྫོགས་ཀྱི་བདེ་སྡུག་གཟིགས་ལགས་སམ། ཨ་མ་མ་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese