མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོག་སྒར་གྱི་སློབ་ཟུར་ཞིག་འཇུས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་རྒྱ་གཞུང་གི་གསར་ལམ་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་རང་སྲེག་བྱེད་གྲབས་ཡོད་པའི་རེབ་གོང་མདོ་བ་དགོན་པའི་སྒྲོལ་མ་ཟེར་བ་ཞིག་དང་། རང་སྲེག་ལ་ངན་སྐུལ་བྱས་པའི་དོགས་ཡོད་ཉེས་ཅན་རེབ་གོང་མདོ་བ་ཞང་གི་འཕགས་པ་ཟེར་བ་གཉིས་མཚོ་སྔོན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྐོར་དང་། ཁོང་གཉིས་སོ་སོར་སྤྱི་པའི་བདེ་འཇགས་ལ་གནོད་སྐྱེལ་བ་དང་། བསམ་བཞིན་དུ་མི་བསད་པའི་ནག་ཉེས་ཡོད་སྐོར་སོགས་བཀོད་འདུག

ད་དུང་གནས་ཚུལ་དེའི་ནང་། འཕགས་པ་ཞུ་བ་ཁོང་ ༢༠༠༥ ལོ་ཟླ་ ༦ པའི་ནང་རྒྱ་གར་དུ་སོང་སྟེ་བོད་རང་བཙན་གྱི་རྐང་འཛིན་པ་སྐྱེད་སྲིང་བྱེད་སའི་གསོག་སྒར་སློབ་གྲྭའི་ནང་ཞུགས་ཡོད་པ་དང་། ༢༠༡༡ ཟླ་ ༩ པའི་ནང་ཕྱིར་ལོག་སྟེ་མཚོ་སྔོན་གཅན་ཚ་རུ་དྭ་ཕྲུག་སློབ་གྲྭ་ཞིག་གི་དགེ་རྒན་བྱས་ཏེ། སློབ་ཕྲུག་ཚོར་བོད་རང་བཙན་གྱི་བསམ་བློ་བསྒྲགས་ཤིང་། སྐབས་དེར་ཁོས་བརྡ་འཕྲིན་བརྒྱུད་གནས་ཚུལ་ཕྱི་བསྒྲགས་བྱས་སྐོར་སོགས་བཀོད་འདུག

གནས་ཚུལ་ནང་བསྟན་དོན། “ མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རང་སྲེག་བྱེད་མ་ཐུབ་པའི་གྱོད་དོན་ཞིག་རྩད་ཆོད་དེ། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དང་རང་སྲེག་ལ་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་གཉིས་འཛིན་བཟུང་བྱས། ༢༠༡༢ ལོའི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་མཚོ་སྔོན་ཐུན་རིན་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་གི་ཁང་མིག་ཅིག་ཏུ་རླངས་སྣུམ་བླུག་ཡོད་པའི་འགྱིག་ཟོ་དང་སྲིང་བལ་སོགས་དངོས་རྫས་ཉར་ཡོད་པ་མཐོང་ནས། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་བྱེད་ཐབས་སྤྱད་པ་དང་། རང་སྲེག་བྱེད་གྲབས་ཡོད་པའི་སྒྲོལ་མ་སྐྱབས་དུས་ཐོག་ཏུ་ཚོད་འཛིན་བྱས་པ་དང་། སྒྲོལ་མ་སྐྱབས་རང་སྲེག་གཏོང་བར་ངན་སྐུལ་བྱེད་པའི་དོགས་ཡོད་ཉེས་ཅན་འཕགས་པ་འཛིན་བཟུང་བྱས།

རྩད་ཆོད་པ་ལྟར་ན། སྒྲོལ་མ་སྐྱབས་ལོ་ ༢༥ ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་དགོན་པའི་གྲྭ་བ་ཡིན། འཕགས་པ་ལོ་ ༢༧ ཡིན་ལ། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མདོ་བ་ཞང་གི་མི་ཡིན། ༢༠༠༥ ལོའི་ཟླ་ ༦  པར་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་ཏེ་རྒྱ་གར་དུ་སོང་ནས། བོད་རང་བཙན་གྱི་རྐང་འཛིན་པ་སྐྱེད་སྲིང་བྱེད་སའི་གསོག་སྒེར་སློབ་གྲྭ་ནས་གསོ་སྦྱོང་བྱས་མྱོང་། ༢༠༡༡ ལོའི་ཟླ་ ༩ པའི་བར། འཕགས་པ་ཕྱིར་རྒྱལ་ནང་དུ་ལོག་རྗེས། གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཞང་དྭ་ཕྲུག་ཁང་གི་དགེ་རྒན་བྱས་ཏེ་དབྱིན་ཡིག་དང་གློག་ཀླད་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པར་ཁ་གཡར་ནས། སློབ་མ་ཚོར་བོད་རང་བཙན་གྱི་བསམ་བློ་བསྒྲགས། དེའི་སྐབས་སུ། འཕགས་པས་མཉམ་འབྲེལ་དྲ་བ་བརྒྱུད་དེ་རྒྱ་གར་བོད་ན་གཞོན་ཚོགས་པའི་རྐང་འཛིན་གངས་བཙན་པོ་སོགས་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ། བཀས་སྐུལ་དང་ལེན་དང་ཆ་འཕྲིན་བརྒྱུད་སྒྲོག་བྱས།

སྒྲོལ་མ་སྐྱབས་ཀྱིས་ངེས་ལེན་བྱས་པ་ལྟར་ན། ༢༠༡༢ ལོའི་ཟླ་ ༦ དང་ ༧ པའི་སྐབས་སུ། འཕགས་པས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཁོ་རང་རང་སྲེག་བྱེད་པར་ངན་སྐུལ་བྱས་མྱོང་ཟེར། འཕགས་པས་རང་ཉིད་རྒྱ་གར་ལ་སོང་མྱོང་བ་དང་། རྒྱུན་པར་གནས་དེར་ཡོད་པའི་བོད་ན་གཞོན་ཚོགས་པ་དང་ལྷན་དུ་བོད་རང་བཙན་སྐོར་གྱི་གནད་དོན་གླེང་མོལ་བྱས་པ་ཡིན་ལ། སི་ཁྲོན་གྱི་རང་སྲེག་པས་བོད་རང་དབང་རང་བཙན་ཐོབ་པའི་ཆེད་དུ་རང་ཉིད་ཀྱི་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་བ་ཡིན་པས། རང་རེའི་བོད་མི་རིགས་ཀྱི་དཔའ་བོ་ཡིན་ལ། རང་སྲེག་བཏང་བ་དེས་བོད་རང་བཙན་ཐོབ་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་ངན་སྐུལ་བྱས།

འཕགས་པས་སྒྲོལ་མ་སྐྱབས་ལ། གལ་ཏེ་ཁྱོད་རང་རང་སྲེག་བཏང་ན། བོད་མི་རིགས་ལ་དོན་བཟང་ཞིག་སྒྲུབ་པ་ཡིན་ལ། རང་སྲེག་གཏོང་མཁན་ཇེ་མང་དུ་སོང་ཚེ། རྒྱལ་སྤྱིའི་སྟེང་དུ་དོན་དེར་དོ་སྣང་བྱེད་སྲིད་ཟེར། འཕགས་པས་ངན་སྐུལ་འོག་ཏུ། སྒྲོལ་མ་སྐྱབས་ལ་རང་སྲོག་གཏོང་བའི་བསམ་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ༢༠༡༢ ལོའི་ ཟླ་ ༡༡ པའི་ཚེས་ ༡༩ ཉིན་སྒྲོལ་མ་སྐྱབས་ཀྱིས་རླངས་སྣུམ་དང་སྲིང་བལ་སོགས་ཁྱེར་ཏེ། ཐུན་རིན་རྫོང་ཡོན་ཆིན་ཧི་མགྲོན་ཁང་ནས་རང་སྲེག་བྱེད་གྲབས་ཡོད་པའི་སྐབས་དེར་དུས་ཐོག་ཏུ་བཀག་འགོག་བྱས།

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་ཏེ་རྩད་ཆོད་པ་ལྟར་ན། འཕགས་པ་ཐུན་རིན་རྫོང་མདོ་བ་ཞང་གི་གངས་སྲོལ་རྒྱུན་རིག་གནས་ཞབས་ཕྱི་ཚོགས་པ་ཞེས་པའི་ཁྲིམས་འགལ་རྩ་འཛུགས་སུ་ཞུགས་པ་དང་། ཉེ་ལམ། ཐུན་རིན་རྫོང་མདོ་བ་ཞང་ནས་རང་སྲེག་གྱོད་དོན་ཐེངས་མང་བྱུང་རྗེས། འཕགས་པ་དང་ཁྲིམས་འགལ་རྩ་འཛུགས་དེའི་མི་སྣ་སྔ་གཞུག་ཏུ་ཐེངས་ ༦ ལ་རང་སྲེག་མཁན་གྱི་འདས་འཇུག་ལ་ཞུགས་པར་མ་ཟད། ཡུལ་དངོས་ནས་རང་སྲེག་ནི་རང་རེའི་བོད་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པས། ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན་ཞེས་པའི་ངན་སྐུལ་རང་བཞིན་གྱི་འཆལ་གཏམ་བསྒྲགས་པ་དང་། རང་སྲེག་མཁན་གྱི་གཉེན་མིར་སྒོར་མོའི་ཞལ་འདབས་ཕུལ།

༢༠༡༢ ལོའི་ཟླ་ ༡༡ པའི་ཚེས་ ༨ ཉིན། འཕགས་པས་ཁོ་རང་དགེ་རྒན་ཡིན་པའི་ཐོབ་ཐང་བེད་སྤྱད་དེ། ཐུན་རིན་རྫོང་མདོ་བ་ཞང་གི་སློབ་ཆུང་སློབ་མ་དང་ཡུལ་དེའི་འབྲོག་དམངས་ ༥༠ ལྷག་རྩ་འཛུགས་ཀྱིས་མདོ་བ་ཞང་སྲིད་གཞུང་མདུན་དུ་འཛོམས་ཏེ། བོད་རང་བཙན་གྱི་འབོད་སྒྲ་བསྒྲགས། ད་ལྟ། འཕགས་པ་དང་སྒྲོལ་མ་སྐྱབས་གཉིས་སོ་སོར་བསམ་བཞིན་དུ་མི་བསད་པའི་ནག་ཉེས་དང་། སྤྱི་པའི་བདེ་འཇགས་ལ་གནོད་སྐྱེལ་བའི་ཁྲིམས་དང་འགལ་ཏེ་ཁྲིམས་ལྟར་འཛིན་བཟུང་བྱས” ཞེས་སོགས་བཀོད་འདུག

གསར་འགོད་པའི་ངྷ་རམ་ས་ལར་གནས་བཞུགས་རེབ་གོང་ཕྱོགས་ཀྱི་མི་འགར་སྐད་ཆ་དྲིས་པར། ཁོང་ཚོས་ཕ་ཡུལ་མདོ་བ་ནས་ཡིན་པའི་འཕགས་པ་ཟེར་བ་ཞིག་གཏན་ནས་ངོ་ཤེས་ཀྱི་མེད་པ་མ་ཟད། གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་ལས་དོན་དེ་འདྲའི་རིགས་བྱེད་མི་སྲིད་སྐོར་བརྗོད་བྱུང་ལ། མ་གཞི་རྒྱ་གཞུང་གི་རྫུན་གཏམ་དེ་དག་ལ་བདག་སྤྲོད་བྱེད་རིན་མེད་ཚུལ་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༢ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese