མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕེན་གྱི་རྒྱ་ནག་གི་རྨི་ལམ་དེ་ཇི་ལྟ་བུའི་རྨི་ལམ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

                                                                         ལིན་པོ་ཧ་ཡིས་བརྩམས།  ལོ་མ་རྒྱལ་གྱིས་བསྒྱུར།

པེ་ཅིན་གྱི་ “ཚོགས་འདུ་གཉིས་པོ”མཇུག་སྒྲིལ་སོང་།  ཞི་ཅིན་ཕེན་རྒྱ་ནག་གི་མགོ་ཁྲོད་མཐོ་ཤོས་དེ་ལ་བསྡད་སོང་།  ཏང་དང་དམག་གི་དབང་ཆ་མཉམ་པོར་བཟུང་སོང་།

དེར་བརྟེན། མཇུག་སྡོམ་མཛད་སྒོའི་སྐབས་སུ་ཁོས་རང་ཉིད་ཀྱི་ལས་འཆར་གང་ཡིན་པ་དེ་བསྒྲག་དགོས་ཀྱི་ཡོད།  ཁོས་གཏམ་བཤད་ཀྱི་ཁྲོད་ནས་ “རྒྱ་ནག་གི་རྨི་ལམ” ཞེས་ཐེངས་མང་ལ་བརྗོད་ཡོད། རྒྱུ་མཚན་ན་ནིང་ཚོགས་ཆེན་བཅོ་བརྒྱད་སྐབས་ཁོ་རང་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་རྣམ་པ་དང་མཉམ་དུ་རྒྱ་ནག་གི་དེང་རབས་ལོ་རྒྱུས་ཀྱི་ “བསྐྱར་དར་ལམ་བུ”ལ་གཟིགས་སྐོར་དུ་ཕྱིན་ཏེ། “རྒྱ་ནག་གི་རྨི་ལམ” ཞེས་ཐོག་མར་གླེང་མགོ་ཚུགས།  དེ་ནས་བཟུང་། “རྒྱ་ནག་གི་རྨི་ལམ” ནི་ཁོ་རང་གི་མཚོན་རྟགས་ཤིག་ཏུ་གྱུར། ཡང་ན། དེ་ནི “ཞི་ཅིན་ཕེན་གྱི་བསམ་བློའི” ཉིང་ཁུ་ཡང་རེད།

ཞི་ཅིན་ཕེན་གྱི་ “རྒྱ་ནག་གི་རྨི་ལམ་” ནི་ཅི་ཞིག་ཡིན་ནམ།  ཁོ་རང་གི་གཏམ་བཤད་ཀྱི་ཁྲོད་ན་ “མི་རིགས་བསྐྱར་དར” ཅེས་ཐེངས་མང་ལ་གླེང་བར་གཞིགས་ན།  ཁོ་རང་གི་ “རྒྱ་ནག་གི་རྨི་ལམ་”དེ་ནི་གཙོ་བོ་ “ མི་རིགས་བསྐྱར་དར་” གྱི་རྨི་ལམ་དེ་རེད།  ཐེངས་འདིའི་གཏམ་བཤད་ཁྲོད་ནས་ཁོས་བསྐྱར་ནན་གྱིས་འདི་ལྟར་བརྗོད་ཡོད་།  “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཏེ། རྒྱ་ནག་གི་རྨི་ལམ་མངོན་འགྱུར་ནི། རྒྱལ་ཁབ་སྟོབས་ཆེན། མི་རིགས་འཕེལ་རྒྱས། མི་མང་བདེ་སྐྱིད་བཅས་ཀྱི་མངོན་འགྱུར་དེ་ཡིན། ” དེ་ནས། དེ་གསུམ་ཆའི་ཁྲོད་ན་ “མི་མང་”ནི་མཐའ་མ་ལ་བཞག་སྟེ། “རྒྱལ་ཁབ”་དང་”མི་རིགས་”སྔོན་ལ་བཞག་ཡོད། དེ་བས། ཕྱི་ཕྱོགས་ཀྱི་བརྒྱུད་ལམ་གཞན་པས་བསམ་པར།  དོན་གྱི་ཞི་ཅིན་ཕེན་གྱི་བརྗོད་བཞིན་པ་ནི་ “དམག་སྟོབས་ཀྱི་རྨི་ལམ”ཡིན་པར་འདོད། འདི་ནི་ལོ་འདིའི་རིང་ལ་རྒྱ་ནག་གི་བརྒྱུད་ལམ་ཁག་ན་བསྐྱར་བསྒྲགས་ཡང་བསྒྲགས་བྱེད་བཞིན་པའི་དམག་འཐབ་སྟ་གོན་དང་ཡོངས་སུ་ཆ་མཚུངས་འོས་མཚུངས་སུ་ཆགས་ཡོད།

ཚོགས་འདུ་གཉིས་པོའི་རྗེས་ནས། ཞི་ཅིན་ཕེན་ཕྱིར་སྐྱོད་ཐོག་མ་བྱེད་ས་དེ་ཡང་ཨུ་རུ་སུ་རེད། དེ་ཡང་དམག་དོན་དང་འབྲེལ་ནས་ཡོད་པ་རེད།  དེ་བས། ཐེངས་འདིའི་ཚོགས་འདུ་གཉིས་པོ་ནི་རྒྱ་ནག་གིས་རྒྱལ་ཁབ་རང་ལུགས་ཀྱི་མགོ་བོ་གནོན་པ་ཞིག་རེད་ལ། ལྟོས་ཡོང་ན་དེ་ཡང་ལྐོག་གྱུར་གྱི་ཐབས་ཇུས་ཤིག་རེད།

ངས་ཞི་ཅིན་ཕེན་གྱི་མཇུག་གི་གཏམ་བཤད་ལ་དོ་སྣང་བྱས་པ་ཡིན། ཁོས་བརྗོད་དོན། “རྒྱ་ནག་གི་རྨི་ལམ་ནི་རྩ་བའི་མི་མང་གི་རྨི་ལམ་ཡིན། དེ་ཡང་མི་མང་རང་གིས་མངོན་འགྱུར་བྱེད་དགོས་པ་ཞིག་ཡིན། ད་དུང་། ངེས་པར་དུ་མི་མང་གི་ཆེད་དུ་བདེ་སྐྱིད་བསྐྲུན་དགོས། ” ཞེས་བརྗོད་དེ་གཞི་ནས་མི་མང་གི་ཁེ་ཕན་གླེང་ཡོང་གི་ཡོད། གནད་དོན་ནི་རྒྱལ་ཁབ་དམངས་གཙོ་མིན་དུས། མི་མང་གི་ཁེ་ཕན་ནི་དབང་བསྒྱུར་མཁན་གྱི་སྙིང་རྗེ་ལ་རེ་དགོས་པར་ཆགས་བཞིན་ཡོད་པས། དེ་ནི་རྟེན་གཞི་བརྟན་པོ་ཞིག་ག་ལ་ཡིན།  ལྐོག་ཟ་རུལ་སུངས་ཀྱི་མགོ་དཔོན་མང་པོ་འཕྱུར་ནས་ཡོང་སྲོལ་ལ་བལྟས་ན།  དེ་ལྟ་བུའི་ “སྙིང་རྗེ”ལ་རེ་བ་མ་བརྒྱབ་ན་ཡག་ཤོས་རེད།

ལ་ལས་བཤད་ན། ཞི་ཅིན་ཕེན་གྱིས་ “གཡོན་གློག་སྦར་ཏེ། གཡས་ལ་དཀྱོག”གིན་འདུག་ཟེར།  དེ་ནས་ང་ཚོ་མཐོང་ལམ་དུ་མངོན་པ་དེ་ནི།  ཁོས་གསལ་བོར་སྦར་ཡོད་པའི་གཡོན་གློག་དེ་དང་།  མི་རིགས་རིང་ལུགས་བརྒྱུད་སྒྲོག རྒྱ་ནག་མི་མང་གི་ལག་དམར་མོ་ཙེ་ཏུང་ལ་བསྟོད་གླུ་ལེན་པ་དེ་རེད། ཡིན་ན་ཡང་། ཁོས་”གཡས་དཀྱོག”བྱས་ཀྱང་ད་རུང་ཁུངས་སྣེ་ཞིག་ཅི་ཡང་མཐོང་ཐུབ་ཀྱི་མེད། དེ་བས།  གཡས་གཡོན་འབྲེལ་མི་ཆགས་པར་རུལ་སུངས་ལ་རྒོལ་བ་བྱེད་པ་འདི་ཡང་ཕལ་ཆེར་ཁག་པོ་རེད། ཁྱད་པར་དུ་མཐོ་རིམ་ཚོགས་པའི་ཁེ་ཕན་ལ་གཡོ་སྐྱོམ་ཐེབས་དུས་དེ་བས་ཀྱང་ཁག་པོ་རེད། 

ད་དུང་། ཆེ་ཆེས་བའི་གནད་དོན་ཞིག་ཡོད་པ་དེ་ནི།  མ་འོངས་པར་རྒྱ་ནག་ཇི་ལྟ་བུའི་ལམ་ཁ་ཞིག་ཏུ་འགྲོ་འམ་ཟེར་བ་དེ་རེད།  འདི་ནི་རྨི་ལམ་ཅི་ཞིག་མངོན་འགྱུར་ཡོང་མིན་དང་འབྲེལ་བ་ཡོད་པ་ཞིག་རེད། མིག་སྔར་རྒྱ་ནག་གི་བསྐྱར་ནན་གྱིས་བློ་རིག་སྒྲིམ་ས་དེ་ནི།  ཁ་རུབ་སྒོ་བརྒྱབ་ཀྱི་ “ལམ་རྙིང་པ”དེར་མི་འགྲོ་བ་དང་།  ཡང་ནུབ་ཕྱོགས་ཀྱི་ “ནོར་བའི་ལམ”དེར་སློབ་སྦྱོང་བྱེད་དུ་ཡང་མི་འགྲོ་བ།  ཏག་ཏག་བརྗོད་བཞིན་པ་དེ་ནི། “ཁྱད་ཆོས་ལྡན་པའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁའོ།།”

ལམ་རྙིང་པ་ཟེར་བ་ནི། མོ་ཙེ་ཏུང་གི་ལམ་ཁ་རེད།  ནོར་བའི་ལམ་ཟེར་བ་ནི།  ནུབ་ཕྱོགས་ཀྱི་ཡོངས་ཁྱབ་རིན་ཐང་གི་ལམ་ཁ་དེ་རེད།  དེ་ནས།  ཁྱད་ཆོས་ལྡན་པའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་ཟེར་བ་དེ་ནི་ཏིན་ཞོ་ཕེན་གྱི་ལམ་ཁ་རེད།  མོ་ཙེ་ཏུང་གི་ལམ་ཁ་ནི་ ༡༩༤༩ ནས་ ༡༩༧༩ བར་རེད། ཁྱོན་ལོ་ ༣༠ །  དེ་ནས། ཏིན་ཞོ་ཕེན་ ༡༩༧༩ ནས་ད་ལྟའི་བར་རེད། ཁྱོན་ལོ་ ༣༤ རེད། མོ་ཙེ་ཏུང་གི་ལམ་ཁ་ལས་ཅུང་རིང་བ་རེད།

ཡིན་ན་ཡང་། ལྐོག་ཟ་རུལ་སུངས་དང་དབུལ་ཕྱུག་ཁྱད་པར། ཟས་རིགས་སྐྱོན་ཅན། མི་མང་ཕན་ཚུན་གྱི་བར་ལ་ཡིད་ཆེས་མེད་པ། རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གྱི་ཛ་དྲག་གི་འབྲེལ་བ། ཕྱི་རྒྱལ་གྱི་རྒྱ་ནག་ལ་ལྟ་སྟངས་ཞན་པ། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་ཛ་དྲག་གི་གནས་སྟངས་ཆགས་པ་ལ་སོགས་ནི། “ཁྱད་ཆོས་ལྡན་པའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་” ཡིས་བཟོས་པ་ཤ་སྟག་མ་ཡིན་ནམ། ད་དུང་མུ་མཐུད་ནས་ལམ་ཁ་འདི་རྒྱུད་འཛིན་བྱས་ན།  ཀྲུང་གོའི་རྨི་ལམ་ནི་ཡིད་དུ་འོང་བ་ཞིག་དང་། ཡང་ན་འཇིགས་སུ་རུང་བ་ཞིག་ཡིན་པ། ནམ་ལངས་ན་ཉི་མ་ཤར་ཤར་ལྟར་མ་ཡིན་ནམ།

ཏིན་ཞོ་ཕེན་གྱི་སྐབས་སུ་འདི་འདྲའི་བཤད་སྲོལ་ཞིག་ཡོད་དེ། “ལག་ལེན་ནི་བདེན་པ་འཇལ་བྱེད་ཀྱི་ཚད་གཞི་ཁོ་ནའོ།།” ཡིན་ན་ཡང་།  རྒྱ་ནག་གིས་ད་ལྟའི་བར་དུ་ནུབ་ཕྱོགས་ཀྱི་ཡོངས་ཁྱབ་རིན་ཐང་གི་ལྟ་ཚུལ་དེ་ཅིའི་ཕྱིར་ནང་འདྲེན་དང་ལན་ལེག་ཅིག་བྱེད་ཀྱི་མེད་དམ།  མ་ཟད་དེ་ནི་སྲིན་པོ་མོ་ཙེ་ཏུང་ལས་ཀྱང་འཇིགས་སུ་རུང་བའི་ “ནོར་བའི་ལམ”་ཞིག་ཏུ་ངོས་འཛིན་བྱེད་དོན་ཅི་ཡིན་ནམ།

ཞི་ཅིན་ཕེན་གྱིས་མི་མང་གི་ཆེད་དུ་བདེ་སྐྱིད་བསྐྲུན་བཞིན་ཡོད་པ་མ་ཡིན་ནམ།  དེ་ན་རྒྱུ་ནོར་དང་སྟོབས་ཤུགས་བཀོད་དེ་ཉ་འཛིན་གླིང་ཕྲན་(钓鱼台)ཚུར་འཕྲོགས་དང་།  མགོ་དཔོན་ཚོས་ལྐོག་ཟ་རུལ་སུངས་བྱེད་པའི་གནད་དོན་དེ་ཐག་གཅོད་བྱོས་དང་།  མི་མང་གི་གཟུགས་པའི་འཕྲོད་བསྟེན་ལ་དོ་ཁུར་བྱོས་དང་། དེ་དག་གི་ནང་ནས་གང་ཞིག་མི་མང་ལ་ཁེ་ཕན་ཆེ་འམ། འོ་མ་སྐམ་པོ་ཞིག་ཀྱང་ཡག་པོ་བཟོ་མི་ཐུབ་ན། ཉ་འཛིན་གླིང་ཕྲན་ (钓鱼台)  འཕྲོག་རྩོད་བྱས་ནས་ཅི་ལ་ཕན། དེ་བས་རྒྱ་ནག་གིས་ཀྱང་ཕྱི་བཏུམ་ནང་བཏུམ་མི་བྱེད་པར་འོས་ཤོག་གི་ལམ་ནས་འབངས་མི་སེར་ཚོས་རྨི་ལམ་གང་ཞིག་ལ་རེ་བ་བྱེད་བཞིན་ཡོད་པར་ལྟོས་ན་རེད།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་བཞིན་པའི་སྐབས་སུ། <མི་མང་དྲ་ཚིགས>ཀྱི་ངོས་ན་དྲ་མང་གིས་ཆེས་དོ་སྣང་བྱེད་བཞིན་པའི་གནད་དོན་བཅུ་ཡི་ཁྲོད་ན། ཆབ་སྲིད་དམངས་གཙོ་ལ་འོས་ཤོག་ལྡུག་མཁན་བརྒྱ་ཆ་ཡི་ ༣༢.༤% ཡིན་པས་ཆེས་མཐོ་ཤོས་དེ་ཆགས། དེ་ནས་རིམ་བཞིན་ལྐོག་ཟ་རུལ་སུངས་ལ་རྒོལ་བ་དང་མི་མང་གི་འཚོ་བ། དཔལ་འབྱོར་ཡར་རྒྱས་བཅས་ཀྱི་སྐོར་ལ་དོ་སྣང་བྱས་འདུག  བརྒྱ་ཆ་ ༠.༣༡% ཙམ་གྱིས་འགྲན་གཉིས་གཅིག་གྱུར་གྱི་སྐོར་ལ་དོ་སྣང་བྱས་འདུག བརྒྱ་ཆ་ཅི་ཡང་སོན་མེད་པ་ནི་ཕྱི་འབྲེལ་གྱི་སྐོར་རེད། ན་ནིང་ཟླ་ ༣ པའི་ནང་ལ། <གོ་ལའི་དུས་བབ>ཀྱི་ལས་མི་ཞིག་གིས་ཉམས་ཞིབ་བྱས་པའི་མཐའ་འབྲས་ཤིག་ཁྱབ་བསྒྲགས་བྱས་པ་ལྟར་ན། བཅར་འདྲི་བྱེད་སའི་བརྒྱ་ཆ་ཡི་ ༦༣% གྱིས་རྒྱ་ནག་དམངས་གཙོ་ལ་འགྱུར་ན་བསམ་པའི་རེ་བ་བྱེད་བཞིན་ཡོད་པ་བརྗོད།

མང་ཚོགས་ཀྱིས་རེ་སྙེག་བྱེད་བཞིན་པའི་རྨི་ལམ་ནི། དབང་སྒྱུར་མཁན་ཚོ་དང་ཁྱོན་ནས་གཅིག་མཚུངས་ཆགས་ཀྱི་མེད་པ་གསལ་བོ་རེད།  རྒྱ་ནག་གི་དབང་བསྒྱུར་ཚོགས་པས་དམངས་གཙོ་ནི་ “ནོར་བའི་ལམ” ཞིག་ལ་ངོས་འཛིན་བྱེད་པ་དེ་ནི།  དོན་གྱི་རྒྱ་ནག་མི་མང་གི་བསམ་ཚུལ་ལ་བཙན་གནོན་བྱེད་བཞིན་ཡོད་པ་ཞིག་ཡིན།  དེ་བས་མང་ཚོགས་ཀྱི་རེ་འདུན་ལ་མཐོང་ཆུང་བྱས་ན། ཞི་ཅིན་ཕེན་གྱིས་བསྐྲུན་པའི་རྨི་ལམ་དེ་ནི་གུང་ཁྲན་ཏང་གི་ཡིད་དུ་འོང་བའི་རྨི་ལམ་ཙམ་ཡིན་པ་ལས། མི་མང་ལ་མཚོན་ན་དེ་ནི་འཇིགས་སུ་རུང་བའི་རྨི་ལམ་ཞིག་རེད།  གལ་ཏེ་དེ་ལྟར་མིན་ན། མང་ཚོགས་ཁྲོད་ན་ཅིའི་ཕྱིར་སྐད་གསེང་མཐོན་པོས་གསར་བརྗེ་ཡི་འབོད་སྒྲ་སྒྲོག་བཞིན་ཡོད་དམ།  འབོད་སྒྲ་དེ་ནི་རྒྱ་ནག་མི་མང་ལ་གཉའ་གནོན་དང་བཤུ་གཞོག་བྱེད་མཁན་གྱི་ “ཁྱད་ཆོས་ལྡན་པའི་ཀྲུང་གོའོ་སྤྱི་ཚོགས་རིང་ལུགས” ཟེར་བའི་ལམ་ཁ་དེ་རྩ་སློག་བྱེད་པའི་འབོད་སྒྲ་དེའོ།།

མ་རྩོམ་འབྲེལ་ཐག། http://2newcenturynet.blogspot.in/2013/03/blog-post_21.html

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese