མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཐང་ཏང་ཧུང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

(Tibet question)རྒྱ་འགྱུར་ལ “བོད་ཀྱི་གནད་དོན “ རེད།   འདི་ནི་ཐོན་གྲངས་ཧ་ཅང་མང་བའི་ཐ་སྙད་ཅིག་རེད།  ཐོག་མའི་བདག་དབང་གནད་དོན་ནས་བོད་ཀྱི་འགྲོ་མིའི་ཐོབ་ཐང་དང༌།   ཆོས་ལུགས་དད་མོས་རང་དབང༌། མི་རིགས་གཉའ་གནོན། གཏེར་དངོས་བཙན་འཕྲོག  འཁོར་ཡུག་རྩ་གཏོར་སོགས་གནད་དོན་མང་པོ་ཚུད་པའི་བར་རྒྱ་སྐྱེད་སོང་སྟེ་རྒྱལ་སྤྱིའི་གླེང་གཞི་ཞིག་ཏུ་གྱུར་ཡོད། མ་གཞི་ད་ཆ་རྙོག་འཛིང་ཅན་དང་སྣེ་མང་ཅན་ཞིག་ཏུ་འགྱུར་བ་སོང་མོད།  དོན་གྱི་མདོ་རྩར་གཏུགས་ན།  བོད་ཀྱི་གནད་དོན་ནི་བོད་( ཐུ་བྷོད་དེ།  བོད་ཀྱི་མདོ་དབུས་ཁམས་གསུམ )  དང་རྒྱ་ནག་བར་གྱི་གནད་དོན་རེད།  ཆུ་མགོ་དེད་ན།  ཡོད་ཚད་བདག་དབང་གནད་དོན་ནས་བྱུང་བ་ཁོ་ན་རེད།   འདི་ནི་བོད་ཀྱི་གནད་དོན་གྱི་གནད་འགག་ཐུག་ས་དེ་རེད། གནད་འགག་ཐུག་ས་འདི་ལ་རྩ་བའི་ལྟ་སྟངས་གཉིས་ཡོད་དེ། དེ་ནི་བོད་མི་དང་རྒྱ་མིའི་ངོས་ཀྱི་ལྟ་སྟངས་གཉིས་རེད། 

དང་པོ།  བོད་དོན་གནད་འགག་ཐུག་ས།

༡༩༦༠ ལོར་རྒྱལ་ཚོགས་གྲོས་འདྲིའི་ལས་ཁུངས “ རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཨུ་ཡོན་ལྷན་ཚོགས “ ནས << བོད(Tibet)དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ >> ཀྱི་སྙན་ཐོའི་ནང༌།  བོད་ཀྱི་རྒྱལ་སྤྱིའི་གོ་བབ་གཤམ་གསལ་ལྟར་གཏན་ལ་ཕབ་པ་སྟེ། “ བོད་འདི་ཉིད་  ༡༩༥༡ ལོའི << ཞི་བའི་བཅིངས་འགྲོལ་གྲོས་ཆོད >> དམ་ཡང་ན << དོན་ཚན་བཅུ་བདུན >>འཇོག་པའི་སྐབས་སུ།  བརྒྱ་བཤད་སྟོང་བཤད་ཀྱང་དོན་ངོ་མའི་སྒང་རང་བཙན་རྒྱལ་ཁབ་ཅིག་རེད།  ༡༩༥༩ ལོར་བོད་བཀའ་ཤག་སྲིད་གཞུང་གིས་ཆིངས་ཡིག་རྩིས་མེད་ལ་བཏང་བ་དེས་ཀྱང་ཡོངས་སུ་ཁྲིམས་དང་ཁུངས་གཏུགས་ཡོད་པའི་བདེན་དཔང་བྱས་པ་རེད།  ……བོད་འདི་ ༡༩༣༡ ནས  ༡༩༥༠ བར་རྒྱལ་ཁབ་ཀྱི་རྣམ་འགྱུར་མངོན་པ་འདིར།  སྤྱིའི་ཆ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ཁས་ལེན་ཡོད་པ་ཞིག་རེད”【1】

དང་པོ།   བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་རེད།  ༡༩༤༩ ལོར་རྒྱ་ནག་དྲག་སྤྲས་པས་བཙན་འཛུལ་བྱས་རྗེས་རྒྱ་ནག་གི་མི་སེར་སྤེལ་ཏེ་དབང་སྒྱུར་བྱས་པ་དང༌།  རྒྱ་ནག་གི་མི་སེར་སྤེལ་བའི་དབང་སྒྱུར་དེས་བོད་མིར་དམར་གསོད་དང༌།  མི་རིགས་གཉའ་གནོན།   རིག་གནས་རྩ་གཏོར་སོགས་བྱས།  དེའི་ཕྱིར།  བོད་རྒྱལ་ཁབ་སླར་གསོའི་ཆེད་འཐབ་རྩོད་བྱེད་བཞིན་པ་འདི་རྦད་དེ་ལུགས་མཐུན་རེད།  ལྟ་བ་འདི་འཁྱེར་མཁན་བོད་མི་ཙམ་མ་ཟད།  རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཙོ་རྒྱུག་ལྟ་བ་ཞིག་ཀྱང་རེད།  སྐབས་འདིའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཙོ་རྒྱུག་ལྟ་བ་ཟེར་དུས་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་གྱི་ལྟ་ཕྱོགས་འཛིན་སྟངས་ལ་གོ་མི་དགོས།  འདི་ནི་རྒྱལ་སྤྱིའི་ཁྲིམས་ལུགས་པ་དང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཚོའི་དཔྱད་འབྲས་ལས་གྲུབ་པའི་དམངས་ཁྲོད་ཀྱི་ཐུན་མོང་ལྟ་བ་དེར་གཞི་བཅོལ་པ་ཡིན།     གཉིས་པ།   རྒྱ་ནག་རྒྱལ་ཁོངས་ཀྱི་རྒྱ་མི་ཕལ་མོ་ཆེའི་ལྟ་ཕྱོགས་འདི་འདྲ་ཡིན་པ་སྟེ།  བོད་རིགས་ཀྱིས་རང་བཙན་སྤེལ་བ་དང༌། ཁ་བྲལ་བརྩད་པས་བོད་ཀྱི་གནད་དོན་བཟོས་པ་རེད་ཟེར།  ལྟ་ཕྱོགས་འདིས་གཅིག་ནི་བོད་འདི་ཉིད་དེ་སྔོན་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཡིན་པ་གཏན་ནས་ཁས་ལེན་གྱི་མེད།   གཉིས་སུ།  གྲངས་ཉུང་མི་རིགས་ཡིན་པའི་”——“བོད་རིགས་འདིས་ནི།  རྒྱ་ནག་གཅིག་གྱུར་ལས་ཁ་བྲལ་རང་བཙན་བྱེད་འདོད་པ་རེད།  འདི་ནི་གཏན་ནས་ཁས་ལེན་མི་རུང་བ་རེད་ཟེར།  གོང་གི་འགལ་ཟླར་སོང་བའི་རྩ་བའི་ལྟ་ཕྱོགས་འདི་གཉིས་ལ་ང་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་ནི།  རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བོད་བདག་བཟུང་བྱས་པ་རེད་དམ་ཟེར་བ་འདི་ནི།  བོད་ཀྱི་གནད་དོན་འབྱུང་ཁུངས་དང་གཞི་རྩ་རེད། 

དོན་ངོ་མས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་མི་རིགས་རང་ཐག་རང་གཅོད་རྩ་དོན་ལྟར་ན།  འཛམ་གླིང་སྒང་གི་མི་རིགས་ཆེ་ཆུང་ག་འདྲ་ཞིག་ཡིན་རུང༌།   རང་ཉིད་སྲིད་གཞུང་གང་དང༌།  དེ་བཞིན་སྲིད་འཛིན་ཆབ་སྲིད་སྒྲིག་འཛུགས།  ཆབ་སྲིད་ཚོགས་པ་དང་མི་རིགས་ལས་དབང་བཅས་པར་རང་འདེམས་བྱ་རྒྱུའི་དབང་ཆ་ཡོད་པ་ལས།  རྒྱལ་ཁབ་དང་སྲིད་དབང་གཞན་པའི་ཤུགས་རྐྱེན་ཡོད་མི་ཆོག  ཡང་གཅིག་བཤད་ན།   ཅི་སྟེ་བོད་འདི་ཉིད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་དང༌།  བོད་ཀྱི་ས་གནས་སྲིད་གཞུང་དབུས་སྲིད་གཞུང་གི་མངའ་འོག་ལ་ཡོད་པའི་དབང་དུ་བཏང་ནའང༌།  བོད་མི་རིགས་ལ་མི་རིགས་རང་ཐག་རང་གཅོད་དང༌།  བོད་རང་བཙན་བྱེད་དགོས་དང་མི་དགོས་ཐག་གཅོད་བྱེད་པའི་དབང་ཆའང་ཡོད་པ་རེད།  རྩ་དོན་འདི་གཅིག་པུའི་སྒང་ནས་བཤད་པ་ཡིན་ན།  བོད་འདི་རྒྱ་ནག་གིས་བཙན་འཛུལ་དང་བདག་བཟུང་བྱས་མིན་དེ་ཙམ་གྱིས་གནད་འགག་ཆེན་པོ་མིན་ནའང་ཆོག  

དེ་ལྟ་ནའང༌།  འགྲོ་བ་མིའི་ཐོབ་ཐང་ལས་བདག་དབང་གལ་ཆེ་བ་དང༌།   མངའ་ཁོངས་ངེས་པར་ཆ་ཚང་དགོས་པར་ཡིད་ཆེས་བརྟན་པོ་ཡོད་པའི་འཛམ་གླིང་འདིའི་མི་འབོར་ཆེས་མང་ཤོས་ལ་གདོང་གཏད་ནས་ཐག་གཅོད་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། དེའང་བཤད་ན།  གལ་ཏེ་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལས་བདག་དབང་གལ་ཆེ་བ་དང་ས་ཁོངས་ངེས་པར་ཆ་ཚང་དགོས་པར་ཡིད་ཆེས་བརྟན་པོ་ཡོད་པའི་ཤོག་ཁག་དེའི་ཤེས་རབ་ལ་ཡིད་ཆེས་ལྡན་ཚེ།  སྐད་ཆ་འདི་ནི་གསལ་འདེབས་ཙམ་དུ་འགྱུར་རྒྱུ་དང༌།  ཁོང་ཚོས་མ་འོངས་པར་སེམས་པས་སེམས་པར་བསྡུར་རྒྱུའི་དྲན་སྐུལ་བྱས་ནས།  བོད་འདི “ བཅིངས་འགྲོལ “ སྔོན་དུ་རང་བཙན་རྒྱལ་ཁབ་ཅིག་ཡིན་ཚེ།  བོད་མིའི་ངོས་ནས་བཤད་ན།  བོད་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ཁ་ཚང་སོར་ཆུད་རྒྱུ་སོགས་གལ་ཆེ་དོན་ཆེའི་རང་བཞིན་ལ་བསམ་གཞིགས་བྱ་དགོས་པ་རེད། 

རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བོད་བཟུང་བ་རེད་དམ།  འདི་ནི་དྲི་གཞི་ཞིག་རེད།  གལ་ཏེ་དྲི་བ་འདི་བོད་མི་ཞིག་ལ་དྲིས་ཚེ།  ཕྱི་ལོ  ༡༩༤༩ ལོར་རྒྱ་ནག་དམག་དཔུང་གིས་བོད་སར་བཙན་འཛུལ་བྱེད་སྐབས།  རྒྱལ་སྤྱིའི་ཁྲིམས་ལུགས་ངོས་ནས་ཡིན་ན་འདྲ།  དོན་དངོས་གནས་སྟངས་གང་གི་ཆ་ནས་བཤད་ཀྱང༌། སྐབས་དེའི་བོད་ནི་རྦད་དེ་རང་བཙན་དང༌།  རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་སྨོས་མེད་རེད་ཅེས་ལན་འདེབས་ངེས་རེད།  【2】གལ་ཏེ་དྲི་བ་འདི་རྒྱ་མི་ཞིག་དྲིས་ཚེ་ལན་ཅི་འདྲ་ཞིག་འདེབས་སྲིད་དམ། 

གཉིས།    འགག་རྩའི་ཚིག་ནི་རྒྱ་ནག་གི་རེད། 

དྲ་ལམ་ནས “ བོད་ཀྱི་གནད་དོན “ བཙལ་འཚོལ་བྱེད་དུས།  བོད་ཀྱི་གནད་དོན་འབྱུང་ཁུངས་དང་ངོ་བོའི་ཐད་རྒྱ་ནག་སྲིད་གཞུང་གི་ཚབ་མཚོན་རང་བཞིན་ལྡན་པའི་སྐད་ཆ་གཙོ་བོ་ནི།  བོད་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་གཅིག་གྱུར་གནད་དོན་དང༌།  ཚད་མཐོའི་རྒྱལ་ཁབ་གཅིག་གྱུར་གྱི་རྩ་དོན་ལ་ཐུག་ཡོད་ཟེར།  བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང༌།  བོད་ཀྱི་ས་ཁུལ་དུ་རང་བཙན་རྒྱལ་ཁབ་ཅིག་གཏན་ནས་བྱུང་མྱོང་ཡོད་པ་མ་རེད།  བོད་ནི་རྒྱ་ནག་གི་ཁ་བྲལ་དུ་མེད་པའི་ཆ་ཤས་ཡིན་པ་དང༌།  བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གནད་དོན་རེད་ཟེར་བ་སོགས་རེད།

དབུས་སྲིད་གཞུང་དང༌།  ས་གནས་སྲིད་གཞུང༌།  རྒྱ་ནག་གི་བདག་དབང༌།  རྒྱ་ནག་གི་ས་ཁོངས།  རྒྱ་ནག་གི་ནང་སྲིད་སོགས་ཀྱི་དམིགས་ཡུལ་ནི།   རྒྱ་ནག་གིས་བོད་ཀྱི་བདག་དབང་ནན་བརྗོད་བྱེད་ཀྱིན་ཡོད་པ་རེད།  ཚིག་བརྗོད་འདི་དག་བསམ་གཞིགས་ཞིབ་ཚགས་ངང་ནན་བརྗོད་བྱེད་སྟངས་འདིས།   ཏག་ཏག་རྒྱ་ནག་གིས་བོད་ཀྱི་བདག་དབང་རེ་རེའི་སྟེང་ན་གནད་དོན་ཡོད་པ་བསྟན་པ་རེད།  གང་ཞེ་ན།  རྒྱ་ནག་ལོ་རྒྱུས་ནང་འདི་འདྲའི་མི་རྒྱུ་ཕོན་ཆེན་བཏང་སྟེ། ཡང་ནས་བསྐྱར་དུ་ཧུའུ་པེ་དང་ཧྲང་ཤིས་རྒྱ་ནག་གི་ཆ་ཤས་ཡིན་པ་བརྗོད་མྱོང་ཡོད་པ་མ་རེད།  ཉེ་བའི་ནང༌།  རྒྱ་ནག་བོད་རིག་པ་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་འགན་འཛིན་གཞོན་པ།  དེ་སྔོན་རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཏང་ཤོག་འགན་འཛིན།  ཞིབ་འཇུག་པ་ཀྲུའུ་ཞའོ་མེང་གིས《 དར་དམར་རྩོམ་སྟེགས  》ཐོག་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་སྐོར་ཞིབ་འཇུག་བྱས་པའི་རྩོམ་ཡིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བོད་སྐོར་ཡོངས་སུ་བདག་དབང་ཡོད་པ་བསྒྲགས་པའི་ནང་གཏམ་ལ་ངོ་གནོང་སྐྱེས་པ་མ་ཟད།  གཞུང་ལུགས་རང་གི་སྒང་ནས་ཚབས་ཆེའི་བར་སྟོང་མཆིས་པ་དག་ལ་སེམས་ཁྲལ་ལངས་ཏེ།  བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་སྐད་ཆ་འདིར་འཐུས་ཚང་བཟོ་རྒྱུ་ལྷག་ཡོད་ཟེར།  【3】

རྒྱ་ནག་སྲིད་གཞུང་དང་ཏཱ་ལའི་བླ་མའི་སྐུ་སྒེར་སྐུ་ཚབ་ཚོགས་པ་ཐེངས་མང་གྲོས་མོལ་བྱས་པའི་ནང༌།   ཏཱ་ལའི་བླ་མར་རེ་བ་བཏོན་ནས་བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་ལེན་བྱ་དགོས་པར་བརྗོད་པ་འདིས་ཀྱང༌། རྒྱ་ནག་སྲིད་གཞུང་གི་བསྐྱར་བརྗོད་ནན་བརྗོད་བྱེད་སྟངས་འདིའི་གལ་ཆེའི་རང་བཞིན་མངོན་ཡོད།  རེ་བ་འདིའི་ལན་དུ་རང་བཙན་སྐྱུར་འཇོག་བྱེད་པའི་གསལ་བསྒྲགས་བྱུང་མེད་ཁར།  དེ་ལས་ལྡོག་ཏེ་ཚད་མཐོའི་རང་སྐྱོང་རྩོད་བཞིན་པའི་བཙན་བྱོལ་བོད་གཞུང་ལ་གོ་སྐབས་སྦྱིན་པ་རེད།  གལ་ཏེ་ཁོ་པ་ཚོའི་རེ་བ་འདི་ཁས་བླངས་པ་ཡིན་ན།  བོད་ཀྱི་ལོ་རྒྱུས་དང་རྒྱབ་འགལ་སོང་བ་རེད་ལ།  གོང་ས་མཆོག་གི་བླ་མེད་གཤིས་བཟང་དང་འགལ་གྱི་ཡོད་པ་རེད།  【4】

ཕྱི་ལོ་ ༡༩༥༩ དང་  ༡༩༦༠ ། ༡༩༦༡ ། ༡༩༦༥ བཅས་སུ་རྒྱལ་ཚོགས་ཚོགས་ཆེན་ནང་བོད་ཀྱི་གནད་དོན་གླེང་སྐབས། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གིས་ཁྲིམས་འགལ་ངང་ཡོངས་སུ་རང་བཙན་ཡིན་པའི་རྒྱལ་ཁབ་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱས་པ་རེད།  དེ་རིང་ཁ་སང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་སྲིད་གཞུང་གི་ཚོང་ཟོག་འབྲེལ་བར་མགོ་བཏགས་པ་ལྟ་བུ་བྱས་ནས་རིམ་བཞིན་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གྱི་ཡོད་པ་རེད།   བྱེད་ཐབས་འདིའི་ངོ་གདོང་ལས “ཁས་ལེན”ཞེས་པའི་ཚིག་འདི་རྒྱ་ནག་ལ་མཚོན་ན།   ཅི་འདྲའི་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ།  གང་ཞེ་ན།  རྒྱ་ནག་ལ་གཞན་སུས་ཀྱང་ཧྲང་ཏུང་དང་ཧུའུ་ནན་རྒྱ་ནག་གི་ཆ་ཤས་ཡིན་པ་གཏན་ནས་ཁས་ལེན་བྱ་དགོས་ཀྱི་མེད།   གལ་ཏེ་ང་ཚོས་རྒྱལ་སྤྱིའི་ཆབ་སྲིད་ཉོ་ཚོང་ཁྲོད་དུ་སུ་ཞིག་ལ་ཁས་ལེན་ཞེས་པའི་ཚིག་འདིའི་འོག་ནས་ཁེ་བཟང་རག་གི་ཡོད་མེད་བརྟག་ཚེ།  དེ་ནི་རྒྱ་ནག་ལ་ཚིག་འདི་དགོས་ཀྱི་ཡོད་པ་དཀའ་ཚེགས་མེད་པར་མཐོང་ཐུབ།  རྒྱུ་མཚན་ནི་ཐ་སྙད་འདིས་བོད་རྒྱ་ནག་གི་ཆ་ཤས་ཞེས་པར་རོགས་ཕན་ཡོད་པའི་ཕྱིར།  ཡང་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་མེད་པ་ནས་ཡོད་པའི་རྒྱལ་ཁབ་ལ་མཚོན་ན།  ཁོང་ཚོའི་འདས་པའི་ཐག་གཅོད་ལ་ནོར་འཁྲུལ་ཡོད་པ་མཚོན་མི་ཐུབ།   འདིས་གསལ་པོར་བསྟན་པ་ནི་ཁས་ལེན་བྱས་རྗེས་ཚོང་ཟོག་ཉོ་ཚོང་ཡོད་པ་ཁོ་ན་ཙམ་ཡིན།  སྤྱིར་བཏང་ནས་གཞན་ཞིག་བསླུ་འཚོང་བྱ་རྒྱུར་དེ་འདྲའི་ཧ་ལས་དགོས་པ་ཅི་ཡང་མ་རེད།  སུ་ཞིག་ལ་གྱོང་གུན་ཕོག་དགོས་པ་དེ་ཡང་བསླུ་འཚོང་བྱེད་མཁན་གྱིས་བྱས་མིན་ནི་བཤད་མ་དགོས་པ་ཞིག་རེད། 

འགག་རྩིའི་ཚིག་བརྗོད་ནི་བོད་རྒྱ་ནག་གི་ཆ་ཤས་ཟེར་བ་འདི་ཡིན་པ་དང༌།  རྒྱ་ནག་གི་བོད  ……  ཟེར་དུས་སྤྱིར་བཏང་གི་ས་བབ་གནས་ཡུལ་ཞིག་ལ་ཟེར་གྱི་ཡོད་པ་མ་རེད།  དེ་ནི་བདག་དབང་ཆ་ཚང་གཏོགས་པའི་ཆབ་སྲིད་ཚིག་བརྗོད་ཅིག་ཡིན་པ་རེད།  ཚིག་བརྗོད་འདི་རྒྱ་ནག་གུང་ཁྲན་སྲིད་གཞུང་གཅིག་པུས་གལ་ཆེན་དུ་བརྩི་བ་ཞིག་མ་རེད་དམ། 

གསུམ་པ།  གླེང་མེད་ཀྱི་ས་ཁོངས་བསམས་པ།

ཚང་མས་ཤེས་གསལ་ལྟར།   མ་གཞི་རྒྱ་ནག་སྤྱི་འབངས་ཀྱིས་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལ་ཡིད་ལོག་ཅི་རིགས་བྱ་མོད།  ཡིན་ནའང༌།  བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་དྲིལ་སྒྲོག་སྐོར་ལ་རྒྱ་ནག་མི་དམངས་དུང་ཕྱུར་མང་པོས(རྒྱ་མི་ཕལ་མོ་ཆེ )ཁ་གཅིག་གྲག་གིས་དང་ལེན་བྱེད་ཀྱི་ཡོད།  དོན་གནད་འདིའི་ཐད་ལ་ཁོང་ཚོ་དང་གུང་ཁྲན་ཏང་ཚད་མཐོའི་གཅིག་གྱུར་རྣམ་པ་ལྡན་ཡོད་པས། བོད་རང་བཙན་འབོད་དུས་གནམ་སར་མི་ཤོང་བའི་ནག་ཉེས་བརྩིས་ཏེ་དང་ལེན་བྱེད་ཐབས་མེད་ཟེར།  དེས་མ་ཚད།  བོད་རྒྱ་ནག་གི་ཆ་ཤས་སུ་བལྟ་མཁན་གུང་ཁྲན་ཏང་ཡོན་དང་རྒྱ་ནག་ནང་ཁུལ་མི་དམངས་ཁོ་ན་ཙམ་མིན་པར། འཛམ་གླིང་གི་རྒྱ་མི་མང་ཆེ་བ་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཐའེ་ཝན་བ་ཚོའི་ལྟ་སྟངས་ཀྱང་ཚུད་ཡོད། 

མ་གཞི་ཆིང་སྲིད་གཞུང་དུས་མཇུག་ནས་བོད་རྒྱ་ནག་གི་ཆ་ཤས་སུ་སྒྲོག་ལ།  ཀྲུང་ཧྭ་མི་སེར་རྒྱལ་ཁབ་གིས་ཀྱང་དེ་ལྟར་དྲིལ་སྒྲོག སྤྱིར་རྒྱ་གུང་ཁྲན་སྲིད་གཞུང་འདི་པ་ཚང་ལ་སྐྱག་རྫུན་མཐའ་མེད་མོད།  བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་གནད་དོན་འདིར་རྒྱ་ནག་གུང་ཁྲན་ཏང་གཅིག་པུས་ཧམ་བཤད་བྱས་ནས།  དངོས་ཡོད་གནས་ཚུལ་མ་ཤེས་པའི་མང་ཚོགས་ཀྱི་ཀླད་ཆེན་བཀྲུས་པ་རེད་ལབ་དགོས་ན་ཤོད་ཐུབ་དཀའ་མོ་རེད།  གུང་ཁྲན་སྲིད་གཞུང་འདི་བོད་རྒྱ་ནག་གི་ཆ་ཤས་རེད་ལབ་མཁན་གྱི་རྒྱ་ནག་སྲིད་གཞུང་དང་པོ་དེ་མིན་ནའང༌།  བོད་ལ་བཙན་འཛུལ་དང་བདག་བཟུང་བྱས་ཚར་རྗེས་གོང་གི་དྲིལ་སྒྲོག་དེར་ལུགས་མཐུན་རང་བཞིན་ཡོང་ཆེད་གཞུང་ལུགས་མགོ་མཇུག་ཚང་བ་བཟོ་མཁན་ཐོག་མ་དེ་ཡིན།   དེ་ལྟར་རེད་དེ།  གུང་ཁྲན་ཏང་རང་ཉིད་ཀྱི་ཞིབ་འཇུག་པ་ཀྲུའུ་ཞའོ་མེང་གིས་བཤད་པ་ལྟར་ན།  ད་དུང་ཡང་ཚབས་ཆེའི་བར་སྟོང་འདུག་པས་སྒྲུབ་བྱེད་འཐུས་ཚང་བཟོ་རྒྱུ་ལྷག་ཡོད་ཟེར།  མ་ཟད།  མིག་སྔའི་གནས་སྟངས་ལ་བལྟས་ཚེ།   རྒྱུ་མཚན་མཐོང་བའི་ཐོག་ནས་ཁ་མཚོན་གཅོད་ཕོད་པ་ཞིག་ནི་གུང་ཁྲན་ཏང་འདི་ཚང་ཡང༌། བོད་རྒྱ་ནག་གི་ཆ་ཤས་རེད་ལབ་མཁན་གྱི་ཐ་མའི་ཆབ་སྲིད་ཚོགས་པ་མིན་པར་མཐོང༌།  ཁར་ཐུག་བཤད་ན། ཅི་སྟེ་གུང་ཁྲན་སྲིད་གཞུང་འདི་འཐོར་བའི་དབང་དུ་བཏང་ནའང༌། ད་དུང་ཡང་རྒྱ་མི་དང་རྒྱ་མིའི་ཆབ་སྲིད་ཚོགས་པ་ནས་མུ་མཐུད་འདི་ལྟར་དྲིལ་སྒྲོག་བྱེད་ངེས་སུ་མཐོང༌།

རེད་དེ།  རྒྱ་མི་ཁ་ཤས ( ཕྲན་ནས་ངེས་པར་དུ་ནན་བརྗོད་བྱེད་དགོས་པ་ཞིག་ནི།  ཁ་ཤས་ལ་བོས་པ་ལས་ཡོངས་རྫོགས་ལ་མིན།  ཁོ་པ་ཚོ་སོ་སོ་རང་གིས་ཨང་གྲངས་ལ་བལྟས་ནས་རྐུབ་བཀྱག་གདམ་ན་ཡག་གི་རེད།   དེ་མིན་ཁོང་ཅག་ལ་ངའི་སྨྱུག་རྩེ་ཟུག་འགྲོ་དུས་ག་དུས་ཡིན་ནའང་རྒྱ་མི་ཡོངས་ཀྱི་ཚབ་བྱས་ནས་སྨྱུག་རྩེ་འདི་ཆ་ཚང་གཏད་པ་རེད་ལབ་གི་རེད།  )  ལོ་འདི་འགའི་ནང་འཛམ་གླིང་གང་སར་འཐོར་བའི་རྒྱ་མི་ཚོའི་སེམས་ཁམས་ན།    བོད་ཀྱི་བདག་དབང་འདི་ལོས་ཡིན་སྙམ་པའི་སེམས་ཁམས་ཤིག་གདོད་ནས་བདག་གིར་བཞེས་ཡོད།  རེད་དེ།  ཁོ་པ་ཚོའི་སྐད་ཆའི་འཇུ་ས་ནི་རྒྱ་མིའི་ལོ་རྒྱུས་དེབ་ཐེར་རེད།  དེ་ནི་རང་བྲིས་རང་གླེང་རེད།  ཆེ་བརྗོད་དང་རང་མོས་ལྟར་བཀོད་པའི་དེབ་ཐེར་དེ་དག་ནི་དོན་ངོ་མས “བདག་དབང ” དང་བར་ཐག་ཧ་ཅང་རིང་བ་མ་ཟད།  ཕྱོགས་གཉིས་ཀྱི་འབྲེལ་ཡོད་ཡིག་ཆར་དཔྱད་བསྡུར་མེད་ནའང༌།  བོད་རྒྱ་ནག་གི་ཆ་ཤས་སུ་བསྒྲུབ་རྒྱུར་ཁོང་ཅག་ལ་འགོག་རྐྱེན་ཅི་གང་མེད།  “མན་ཙི ” དང “ ཐུ་ཧྥང  ” “ ཧྲིང་ཧྥང  ” སོགས་ཀྱི་ཐ་སྙད་འདི་དག་གུང་ཁྲན་ཏང་ལས་ཧ་ཅང་གིས་རྒན་པ་རེད།  ཐ་སྙད་འདི་ཚོའི་གོ་དོན་ནི “ས་མཚམས  “ སུ་འཚོ་སྡོད་བྱེད་མཁན་གང་ཞིག་ལ།  བློ་རིག་རྟུལ་བ།  དུད་འགྲོ་སྲོག་ཆགས་དང་ཐག་ཉེ་བའི་རིགས་ལ་ཟེར། དཔེར་ན།  རང་བྱུང་ཁམས་ཆེན་པོའི་ནང་གི་འདབ་ཆགས་རི་དྭགས་ལྟར།  མ་གཞི་སྐྱེས་ས་འཚར་ས་གཞི་གཅིག་ལ་བརྟེན་མོད་གོ་ལ་འདིའི་བདག་དབང་ལྡན་པའི་མི་འདི་དག་དང་བསྡུར་ས་གང་དུ་ཡོད་པ་རེད་ཟེར་བ་ལྟར་རེད། 

དེས་ན། ཆིང་སྲིད་གཞུང་གིས་དབང་བསྒྱུར་བྱས་ཡོད་པ་དྲིལ་སྒྲོག་པའྀ་སླད་དུ་བོད་ཤར་ཕྱོགས་ས་མཚམས་སུ་བོད་མི་ཤིང་གཅོད་པ་ལྟར་བྱས།  ཡིན་ནའང༌། མགྱོགས་པོ་བོད་མི་ཚོས་ཕྱོགས་ཐམས་ཅད་ནས་ཕྱིོར་བསྐྲད་པ་རེད།  མ་གཞི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཡང་ནས་བསྐྱར་དུ་ཡོན་རྒྱལ་རབས་ནས་བཟུང་བོད་རྒྱ་མཆོད་ཡོན་འབྲེལ་བ (  བླ་མ་དང་སྦྱིན་བདག ) ཡིན་དུས་འདྲ་མཉམ་འབྲེལ་བ་ཡིན་པ་ལས་མཐོ་དམན་འབྲེལ་བ་མེད་པར་བརྗོད།  དེ་བཞིན་དུ་བོད་གཞུང་ཕྱོགས་ནས “ སྤྱིར་ང་ཚོ་གཞི་རྒྱ་ཆུང་ནའང༌།  ལྷག་བསམ་རྣམ་དག་གིས་ཆོས་ལ་དད་འདུན་ཡོད་པ་དང༌།  རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་རེད ” ཅེས་གསལ་བསྒྲགས་སྤེལ་མོད།  ཀྲུང་ཧྭ་མི་སེར་རྒྱལ་ཁབ་ངོས་ནས་བོད་འདི “ མི་རིགས་ལྔ་སྒྲིལ ” གྱི་གྲས་ཡིན།    མ་གཞི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་གཏན་འཁེལ་བའི་ལོ་རྒྱུས་ཡིག་ཚགས་དང་དེབ་ཐེར་གང་གི་ངོས་ནས།  བོད་ཀྱི་བདག་དབང་ཐད་ནམ་མཁའ་ལ་རྟ་རྒྱུག་པ་བཞིན་ཐོགས་རེག་མེད་པ་བདེན་དཔང་དང་འགྲེལ་བཤད་ཐུབ་པ་ཞིག་མེད་ནའང༌།  ཁོང་ཚོས་དབང་ཆ་སྤྱད་ནས་དབང་སྒྱུར་བས་བོད་མི་རང་སྐྱོང་བྱ་བཅུག་དགོས་པ་བྱས་མེད།  ཆིང་གི་མཇུག་ནས་མི་སེར་རྒྱལ་ཁབ་དང༌།  དེ་ནས་དམར་ཤོག་གི  “ བཅིངས་འགྲོལ  ” སོགས་ཀྱི་སྐབས་སོ་སོ་ན་བོད་མིའི་ནུས་ལྡན་གྱི་འགོག་རྒོལ་ཕོག།  ཡིན་ནའང་འདིར་མི་རྣམས་དོགས་པ་བཟའ་དགོས་པའི་གཞི་དེ་འདྲ་གང་ཡང་མེད་པར།  དེ་ནི་བོད་ས་མཐའ་པ་ཚོས་སྤྱི་ཁྱབ་མངའ་ཁོངས་ལ་ཁས་ལེན་མེད་པ་ཁོ་ན་ཙམ་མ་རེད་དམ།

“ བོད་རྒྱ་ནག་གི་ཆ་ཤས ” སུ་ཁས་ལེན་མཁན་གྱི་རྒྱ་མི་འདི་ཚོ་ལ་ཐུན་མོང་གི་ལྟ་བ་ཞིག་ཡོད།  དེ་ནི་ཁོང་ཚོས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ན་ཅི་ལྟར་འཁོད་ཡོད་པ་དང༌།  བོད་མིས་ཕྱོགས་གཉིས་ཀྱི་འབྲེལ་བར་ག་འདྲ་བྱས་ནས་གོ་བ་ལེན་མིན་བཅས་ལ་དོ་སྣང་བྱེད་འདོད་ཡོད་པ་མ་རེད།  དེ་ཅི་རེད་དམ།   བདེན་མིན་ང་ཚོས་ཅིག་བལྟ་དགོས། “ བོད་རྒྱ་ནག་གི་ས་ཁོངས་རེད  ”  ཅེས་པའི་དྲིལ་བསྒྲགས་འདིས་སུ་ལ་ཁེ་ཕན་ཡོད་པ་རེད།   དེ་ནི་རྒྱ་མི་ལ་ཁེ་ཕན་ཡོད་པ་གསལ་པོ་མ་རེད་དམ།  ཆིང་རྒྱལ་རབས་ནས་དམག་མི་བོད་དུ་འཛུལ་ནས་ཁྲག་དྲི་བྲོ་བའི་ལས་འགུལ་མགོ་བརྩམས་པ་རེད།  མི་སེར་རྒྱལ་ཁབ་ནས་དམག་ཤེད་བརྩམས་ཏེ་ཁྲག་དྲིའི་ལས་འགུལ་རྒྱུན་མཐུད་པ་མ་ཟད།  བོད་མིར་བཙན་ཤེད་སྒོ་ནས << ཁམས་བོད་སྐམ་ཐོག་དམག་མཚམས་འཇོག་པའི་གན་རྒྱ >>འཇོག་ཏུ་བཅུག་ནས་བོད་ཤར་ཕྱོགས་ཀྱི་ས་ཆ་ཁ་ཤས་དུམ་བར་བཏང་བ་རེད།  ཆིང་དུས་མཇུག་དང་མི་སེར་རྒྱལ་ཁབ་སྐབས་སུ་ཁོང་ཚོའི་ནུས་པ་ཚད་ཅན་ཡིན་དུས།  རྒྱ་མི་ཚོས་བོད་ལོངས་སུ་སྤྱོད་ཐུབ་མེད།  རྒྱ་ནག་གུང་ཁྲན་ཏང་འདིས་དམག་དོན་དང་ཆབ་སྲིད་སོགས་ཁྱོན་ཡོངས་ནས་བོད་བཏང་འཛིན་བྱས་པ་དཔེར་ན།   བོད་ཀྱི་ས་འོག་གི་གཏེར་དངོས་དང་ས་ངོས་ཀྱི་རྩི་ཤིང་ནགས་ཚལ། 

རྒྱུག་ཆུ་གཙང་པོ།  ས་བབ་ཡུལ་སྲོལ།  སྤྱི་ཚོགས་རིག་གནས།  ལས་གཉེར་གོ་སྐབས།  སྡོད་གནས་ཁང་ཁྱིམ་བཅས་སྒོ་ཐམས་ཅད་ནས་ས་ཡུལ་ཐ་དད་པ་དང༌།  རྒྱབ་ལྗོངས་མི་གཅིག་པ་སོགས་ཀྱི་རྒྱ་མི་སྣ་ཚོགས་ནས་གང་དགོས་དེ་ལེན་བྱེད་ཀྱི་ཡོད་པ་མ་རེད་དམ།  ད་དུང་དེ་ལས་ཀྱང་རྒྱུག་ཆེ་བའི་ཤོད་སྲོལ་ཞིག་ནི།  བོད་འདི་དོན་དངོས་ཐོག “ རྒྱལ་སྲུང་ས་ཆ ” རེད།  གལ་ཏེ་རང་བཙན་ལ་སོང་ན། རྒྱ་མི་ཚོའི་བློས་བླངས་དགྲ་བོས “ ཐད་ཀར་དབུས་ས ” ལ་རྒྱག་གི་མ་རེད་དམ།  འདི་སྐབས་ཀྱི་དབུས་ས་ནི་གཞི་ཁྱོན་ཆེ་བའི་རྒྱ་ས་རེད།  གང་ལྟར་ཀྱང་རྒྱ་མིའི་ཆེད་དུ།  བོད་མི་ཚོ་ཏག་ཏག “ བོད་ནི་རྒྱ་ནག་མངའ་ཁོངས་རེད  ”  ཅེས་པའི་སྡུག་མྱོང་མཁན་དུ་གྱུར་པ་རེད། 

ཏག་ཏག “ བོད་རྒྱ་ནག་གི་མངའ་ཁོངས ” ཡིན་ལོས་འོས་བསམ་པས།  རྒྱ་མི་སྤྱི་ཡོངས་ལ་ཁེ་ཕན་ཡོད་པ་རེད།  དེའི་རྒྱུ་མཚན་གྱིས་ད་གཟོད་རྒྱ་མི་ཚོས་རྒྱ་ནག་གུང་ཁྲན་ཚང་གིས་ཡོན་རྒྱལ་རབས་དང༌།  ཆིང་རྒྱལ་རབས།  མི་སེར་རྒྱལ་ཁབ་བཅས་ཀྱི་མིང་སྤྱད་ནས་བོད  “ མུ་མཐུད་བདག་བཟུང ”  བྱེད་པར་མི་དམངས་ནས་དང་ལེན་ཡོད་པ་རེད། དེ་འདྲ་ཡིན་དུས   “ བོད་རང་བཙན་ལ  ” ལ་ངོ་རྒོལ་དང༌།   “ ཁ་བྲལ ”ལ་ངོ་རྒོལ་སོགས་ཀྱི་ཐོག་ནས་གུང་ཁྲན་ཏང་དང་མི་དམངས་དབར་ཚད་མཐོའི་གཅིག་གྱུར་ལངས་ཕྱོགས་བཟུང་ཡོད།  གལ་ཏེ་བོད་རང་བཙན་ལ་ཤོར་ན་རྒྱ་མིའི་ཁེ་ཕན་ཤོར་བ་བརྩི། ——  ཡིན་ནའང་ཁོང་ཚོའི་ཁ་ནས  “ རྒྱལ་ཁབ་ཁེ་ཕན ” དང   “ མི་དམངས་ཁེ་ཕན ”ཞེས་ཤོད་པ་གཏན་འཁེལ་རེད།  རེད་དེ།  ས་ཆ་དེའི་ས་བདག་ངོ་མ་ཚོའམ།  ཡང་མིན་ན་རྒྱ་མིའི་འཇིག་རྟེན་ལས་ཡན་གར་དུ་གྱུར་པའི་“ གྲངས་ཉུང་མི་རིགས  ” སམ་ནག་བཙོག་བཙོག་གི “ མན་ཙི ” ཚོའི་རང་དབང་དང་ཁེ་དབང་སོགས་ལ་རྒྱ་མིའི་ངོས་ནས་ཅི་གང་གལ་ཆེན་མིན།  གལ་འགངས་ཆེ་ཤོས་ནི “ རྒྱ་ནག་གི་ས་ཁོངས ” རེད།   “ ས་ཁོངས ” འདི་ནི་དོན་ངོ་མས་རྒྱ་མི་ཚོའི་ཡིན།   སྟེས་དབང་ཞིག་གིས་ས་སྒང་དེར་དམུ་རྒོད་ཁྱུ་ཅིག་འཚོ་སྡོད་བྱས་པ་ཙམ་རེད་བསམས་ཡོད།  ལྟ་ཚུལ་འདི་ནི་ཕལ་ཆེར་རྒྱ་མི་སྤྱིའི་སེམས་ནང་རང་ཆས་སུ་ཡོད། 

འདི་ལྟ་བུའི་རང་ཆས་སུ་གྲུབ་པའྀ་ཐུན་མོང་ལྟ་བའི་སྒང་ལ།  མི་ལོ་ལྔ་བཅུའི་རིང་གུང་ཁྲན་ཏང་གི་ལུགས་མཐུན་མཛེས་ཚོན་བྱུགས་ཅི་ཐུབ་བྱས་པ་མ་ཟད། “ ནུབ་ཕྱོགས་གསར་སྤེལ་ཆེན་མོའི ” མི་སེར་སྤེལ་བའི་སྲིད་ཇུས་དེ་རྒྱ་མི་ལ་ཁེ་བཟང་ཡོད་པའི་འཆར་གཞི་ཡིན་དུས།  རྒྱ་མི་འབོར་ཆེན་ཞིག་བོད “ གསར་སྤེལ ”  ལས་འགུལ་ནང་ཞུགས་ཡོད།  མ་གཞི་ཁོང་ཚོས་བོད “ བཅིངས་འགྲོལ ”མ་བཏང་སྔོན་གྱི་བདག་དབང་ཐོབ་ཁུངས་ཇི་ཡིན་མི་ཤེས་ནའང༌།  བོད་ནི་བོད་མིའི་ཕ་མེས་ཡང་མེས་ཚོའི་འཚོ་སྡོད་བྱེད་ས་ཡིན་པ་དང༌། བོད་མི་ཚོར་སོ་སོ་རང་ཉིད་ཀྱི་གོམས་སྲོལ་དང་ཆོས་ལུགས་ཡོད་པའང་གསལ་པོ་ཤེས་ཡོད།  འོན་ཏེ་ཁོང་ཚོའི་བསམ་པར “ རང་གི་རྒྱལ་ཁབ་ནང་རང་དབང་ངང་གནས་སྤོ ” བྱ་ཆོག་པའི་རྨང་གཞིའི་ཁེ་དབང་འོག  བོད་དུ་གནས་སྤོ་བྱ་རྒྱུ་ནི་འོས་འཚམ་ལོས་ཡིན་བསམ་པ་དང༌།  བོད “ གསར་སྤེལ ” བྱེད་རྒྱུ་ལོས་ཡིན་བསམས་ཡོད།  རྒྱ་མི་ཚོ་ལ་རྒྱལ་ཁབ་ཀྱིས་དབང་ཆ་སྤྲད་ཡོད་པས་བོད་མི་ཚོས་ཁས་ལེན་ཡོད་མེད་ཅི་གང་བལྟ་དགོས་ཀྱི་མེད།  ཁོང་ཚོ་བོད་དུ་གནས་སྤོ་བྱེད་པར་སེམས་ཁྲལ་ཆེ་ཤོས་ནི་ས་ཆ་ཁ་ཐག་རིང་བ་དང༌།  རང་བྱུང་འཁོར་ཡུག་ཞན་པ།  ས་ཆུ་འཕྲོད་དཀའ་བ་བཅས་ལས་ས་གནས་ཡུལ་མིའི་ཁེ་དབང་དང་འབྲེལ་བ་མེད།  སྤྱིར་བཏང་ནས་ཁོང་ཚོའི་ཆེས་དཔལ་ཡོན་ལྡན་པ་དང༌།  ཆེས་ཁྱད་དུ་འཕགས་པའི་སེམས་ཁམས་གཞི་གདན་བྱས་པ་དང༌།   དེའི་ཁར་གུང་ཁྲན་ཏང་གི་ཚུལ་མིན་དྲིལ་བསྒྲགས་བསྣན་པས་ས་གནས་ཀྱི་ཡུལ་གོམས་གཤིས་ལུགས་དང༌།  སྡེ་མིའི་ཆོས་ལུགས་དད་མོས་གང་ལའང་ཅི་མི་སྙམ་པར་ཁ་གསལ་གཏིང་གསལ་ངང་ཁྱད་གསོད་བྱེད།  དོན་དམ་དུ་ཁོང་ཚོའི་ཁྲོད་ཀྱི་མི་གང་མང་མང་ཞིག་ཀྱང་གུང་ཁྲན་ཏང་འོག་ནས་གྱོང་ཕོག་མཁན་ཡིན་དུས།  མི་སྒེར་པ་ཚོའི་ངོས་ནས་བསམས་ན་ཧུར་བརྩོན་གཤིས་བཟང་ཅན་ནམ་མ་རབས་ཐ་ཤལ་ཅན་ཅི་ཞིག་ཡིན་རུང་ཤ་ཚ་དགོས་པའི་ཉམ་ཐག་རིགས་རེད།

༢༠༠༨ ལོའི་ཟླ་བ ༣ པའི་བོད་ཀྱི་དོན་རྐྱེན་རྗེས།  རྒྱལ་ཕྱི་ནང་གི་རྒྱ་རིགས་ཚོས་མགོ་གནོན་རང་བཞིན་གྱི་རྣམ་པས་དཔུང་བསྒྲིགས་ནས་སྐར་ལྔའི་དར་དམར་གཡུག་པ་དང༌།  བོད་རང་དབང་འཐབ་རྩོད་པ་དང༌།  བོད་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོར་དམའ་འབེབས་དང་ངོ་རྒོལ་བྱེད་སྟངས་དེས་འཛམ་བུ་གླིང་པ་ཧང་སངས་སུ་བཅུག  རྒྱ་མི་འབོར་ཆེན་འདི་ཚོ་རེ་རེ་ནས་གུང་ཁྲན་ཏང་ཡོན་མིན་ལ།  ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གུང་ཁྲན་ཏང་ལ་ཞེན་པ་ལོག་ཡོད།  དེ་ལྟ་ན་ཡང༌།  ཁོང་ཚོ “གཅིག་གྱུར ” ཞེས་པའི་ཚིག་འདིར་དགའ་ཞེན་ཆེ།  “ བོད་རང་དབང ” དང “ བོད་རང་བཙན ” བ་ཚོར།     སྐད་ཅིག་མར་དྲག་ཟིང་པ་བརྩི་གི་ཡོད། བོད་ཀྱི་གནས་སྟངས་ངོ་མ “ ཧ་གོ་མེད་པའི ” མི་ཚོགས་འདི་ཚོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས།  རང་སོ་སོའི་རྒྱབ་ལྗོངས་དང་ཁེ་དབང་སོགས་ལ་གཞིགས་ཏེ་གདམ་ཁའི་ལུགས་སུ་བྱས་ནས་མངའ་ཁོངས་ཞེས་པའི་ཐ་སྙད་འདིའི་གོ་དོན་ཐག་གཅོད་བྱེད་ཀྱི་ཡོད།   རྒྱ་ནག་གཞུང་ཕྱོགས་འགྲེལ་བརྗོད་ལྟར་ན “ ཀྲུང་གོའི་ཤིས་ཙང ” ཐད་ཁོང་ཚོས་ནུས་པ་ཐོན་པ་དང༌།   ཁོང་ཚོས་ “ ནུས་ཤུགས ” སྤྲད་བྱུང༌།  ཁོང་ཚོ་ལ་བརྟེན་ནས་དྲིལ་སྒྲོག་དང་རྒྱུན་འཛིན་བྱ་དགོས་ཟེར།  འདི་ལྟ་བུའི་རྒྱ་མི་འབོར་ཆེན་འདི་འདྲ་རྒྱ་ནག་ཕྱི་ནག་གཉིས་ཀ་ན་གྲངས་མང་སྟོབས་ཆེ་ལ།  བོད་མི་སྤྱིའི་མི་འབོར་ལས་ལྡབ་གྲངས་མང་པོས་རིང་དུ་བརྒལ།   མི་རིགས་ཁྱུ་བསྒྲིལ་ལྟ་བུ་ཆགས་ནས་མི་རིགས་གཞན་ཞིག་ལ་གཉའ་གནོན་བྱེད་པའི་རྣམ་པ་ལྡན་ཡོད།

བཞི་པ།  བཙན་རྒྱལ་སེམས་ཁམས་ཀྱི་ལེགས་བཅོས་པར་གཞི། 

༢༠༠༨ ལོ་ནས་བཟུང༌།  བཙན་བྱོལ་བོད་མིའི་ངོས་ནས་ཧུར་བརྩོན་ངང་རྒྱ་མི་དང་འབྲེལ་གླེང་བྱེད་མགོ་བརྩམས།  དྲ་རྒྱའི་ལག་རྩལ་འཕེལ་རྒྱས་སོང་ཡོད་པས་བོད་ཀྱི་གནད་དོན་དོ་སྣང་ཡོད་པའི་མི་རྣམས་ཀྱི་ངོས་ནས་བཤད་ན།  བོད་དོན་གནས་ཚུལ་བསྡུ་ལེན་བྱ་རྒྱུར་དཀའ་ཚེགས་མེད་པ་ཆགས་པ་མ་ཟད།  ཕྱི་སྡོད་མི་སྣ་དག་ལ་དེ་ལས་ཀྱང་དཀའ་ངལ་ཅི་གང་མེད། དེའི་ཕྱིར། ང་ནི་ཆབ་སྲིད་ལྟ་སྟངས་འདྲ་མིན་འཛིན་བཞིན་པའི་ཕྱི་སྡོད་རྒྱ་མི་ཚོས་བོད་ཀྱི་གནད་དོན་ལ་ཅི་ལྟར་ལྟ་མིན་སྐོར་དོ་སྣང་ཆེ་ཙམ་ཡོད།  ཚང་མས་ཤེས་གསལ་ལྟར།  བོད་རྒྱ་གླེང་མོལ་གྱིས་དོན་ཕན་ལྡན་པའི་འགྱུར་བ་ཁྱེར་འོངས་བ་རེད།   ཡིན་ནའང༌།  ངའི “ཡང་མ་དག་པའི་ཆབ་སྲིད ” ཆེད་རྩོམ་འདིས་གསེར་འཕྲུ་ལ་རག་རྩི་བྱུག་གི་མིན།  གལ་ཏེ་ཁྱོད་ལ་མུ་མཐུད་ཀློག་རྒྱུའི་འདོད་པ་ཡོད་ན།   བཟོད་སྒོམ་གནང་རྒྱུའི་སྟ་གོན་ལ་རེམས་ཤིག

ཐེངས་མང་རྒྱ་བོད་གླེང་མོལ་དུ་མཉམ་ཞུགས་བྱས་ཤིང༌།  བོད་ཀྱི་དཀའ་ངལ་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཡོད་པའི་ཕྱི་སྡོད་རྒྱ་མིའི་ནང་དུ།  ལིས་ཅང་ལིང་ནི་ཆེད་དུ་བོད་ཀྱི་གནད་དོན་སྐོར་གཏིང་ཟབ་པོས་ཞིབ་འཇུག་བྱེད་མཁན་ཞིག་རེད།  ༢༠༡༠ ལོ་དང་ཉེ་བའི་ཆར་བཅས་ཁག་སོ་སོར << ༡༩༥༠  ལྷ་ས—— ཏཱ་ལའི་བླ་མ་ཕྱིར་ཐོན་པའི་སྔ་རྗེས >> ཟེར་བ་དང << ལྕགས་བྱ་ནམ་མཁར་ལྡིང་སྐབས —— ༡༩༥༦–༡༩༦༢ མཚོ་བོད་ས་མཐོའི་སྒང་གི་གསང་བའི་དམག་འཐབ >> བཅས་པར་སྐྲུན་འགྲེམ་སྤེལ་བྱས།  དཔེ་དེབ་འདི་གཉིས་ནང་དོན་གཙོ་བོ་ཏཱ་ལའི་བླ་མ་ཕྱིར་ཐོན་པའི་སྔ་རྗེས་སྐོར་དང༌།  དེ་མིན་རྒྱ་ནག་གཞུང་ཕྱོགས་ནས་འབོད་པའི “ ཞོད་འཇགས ” དང༌།  བོད་མིས “ དུས་ལོག ” ( མི་ཡུལ་ནས་དམྱལ་ཁམས ) ཟེར་བའི་ལོ་རྒྱུས་རེད།  དཔེ་དེབ་འདི་གཉིས་ཀྱི་དུས་ཚོད་འཁོར་རྒྱ་ནི་ ༡༩༥༢ ནས ༡༩༦༢བར་དང༌།  མདོ་བསྒྲིལ་ས་གཙོ་བོ་  ༡༩༥༦ ནས་ ༡༩༦༢ བར་རེད།  རྒྱ་གཞུང་གིས་འདིར “ དམངས་གཙོ་བཅོས་སྒྱུར ” དང “ ཞོད་འཇགས ” འབོད་པའི་སྐབས་ཡིན་ལ།  དེ་ནི་བོད ( ཐུ་བྷོད ) ལ་དྲག་སྤྲས་པས་བཙན་འཛུལ་བྱས་ཏེ་དྲག་པོས་ལེབ་རྡུང་བྱས་པའི་དུས་སྐབས་ཡིན་པ་དང༌།  “ བཅིངས་འགྲོལ ” ནས “ ཞོད་འཇགས ” མཇུག་མ་རྫོགས་པའི་བར་ཏེ་ ༡༩༤༩ ནས་ ༡༩༦༢ བར་རེད། 

ངེས་པར་ནན་བརྗོད་དགོས་པ་ཞིག་ལ།  ༡༩༥༠ ལོའི་ཟླ་བ་ ༡༠ པར།  རྒྱ་ནག་དམག་དཔུང་གིས་ཆབ་མདོ་གཏོར་རྒོལ་བྱེད་བཞིན་པའི་ཚེ་ན།  བོད་ཀྱི་བཀའ་ཤག་སྲིད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་ལ་བོད་སྐྱོབ་སྙན་སེང་ཞུས་པ་རེད།  དེ་ནས་བོད་ཀྱི་གནད་དོན་དངོས་སུ་རྒྱལ་སྤྱིའི་མཐོང་ལམ་དུ་གྱུར།  ༡༩༥༡ ལོའི་ཟླ་བ་  ༤ པར།  དྲག་པོའི་འཇིགས་སྐུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤེས་མེད་སྣང་མེད་གནས་སྟངས་འོག  ཏཱ་ལའི་བླ་མས་ཁོང་གི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་བཏང་ནས་རྒྱ་ནག་སྲིད་གཞུང་དང་ཞི་བའི་གྲོས་བསྡུར་བྱ་རྒྱུ་བྱས།  ཡིན་ནའང་ཁོང་ཚོར “ སྐུ་དབང་ཡོངས་རྫོགས་ཚབ་མཚོན ” ཐུབ་པའི་དབང་ཆ་གནང་མེད།  རྒྱ་ཕྱོགས་ནས་བཏོན་པའི་གྲོས་ཆོད་འཆར་ཟིན་ལ་བོད་ཀྱི་སྐུ་ཚབ་ནས་དང་ལེན་མ་བྱས་སྟབས།  རྒྱ་ཕྱོགས་ནས་བོད་ཀྱི་སྐུ་ཚབ་ཚོའི་འགྲོ་འདུག་རང་དབང་ལ་ཚད་བཀག་བཟོས་པས་མ་ཚད།   ཚེ་སྲོག་ལ་འཇིགས་སྐུལ་བྱས་པ་དང༌།  བོད་ཀྱི་སྐུ་ཚབ་ཚོགས་པས་མིང་རྟགས་འགོད་རྒྱུ་དང  “ མགྱོགས་མྱུར་ལྷ་སར་དཔུང་དམག་བཤམ་རྒྱུ ” གཉིས་ལས་ཅིག་ཤོས་འདེམས་དགོས་པའི་བཙན་གཏམ་བཤད།  ༡༩༥༡ ལོའི་ཟླ་བ་ ༥ པའི་ཚེས  ༢༣ ཉིན།  བོད་བཀའ་ཤག་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱེད་མ་ཐུབ་པའི་གནས་སྟངས་འོག  བོད་ཀྱི་སྐུ་ཚབ་རྣམས་དང་རྒྱ་ནག << ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་ནས་བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་ཆིངས་ཡིག >>( དེ་ནི << ཆིངས་ཡིག་དོན་ཚན་བཅུ་བདུན >>) རེད།   ཆིངས་ཡིག་འདིའི་ཐོག་བརྒྱབས་པའི་བོད་ཀྱི་སྐུ་ཚབ་ཚོགས་པའི་ཐེལ་ཙེ་དེ་ནི་པེ་ཅིང་གི་རྒྱ་ནག་མགོ་ཁྲིད་མི་སྣས་རྫུན་བཟོ་བྱས་ནས་བརྒྱབས་པ་ཞིག་རེད། 

【5】

<<  ཆིངས་ཡིག་དོན་ཚན་བཅུ་བདུན >> ཁ་བྱང་རང་གི་སྒང་ནས་དམིགས་གཏད་ངེས་ཅན་ཡོད་པ་སྟེ།  “ དབུས་སྲིད་གཞུང ” དང “ ས་གནས་སྲིད་གཞུང ” ཟེར་བ་སོགས་དང༌།  ད་དུང་ཡིག་ཆའི་མགོ་མ་རང་ནས “ བོད་མི་རིགས་ནི་རྒྱ་ནག་མངའ་ཁོངས་ནང་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་གྲས་ཤིག་ཡིན་ལ།  དེ་ནི་མི་རིགས་གཞན་རྣམས་དང་གཅིག་མཚུངས  ……  ”  འདིས་ཁ་གསལ་པོས་ནན་བརྗོད་བྱས་པ་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང༌།  བོད་མི་རྒྱ་ནག་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཡིན་པ་བསྟན། ཡང་བོད་མིས་བཤད་དོན།  “ རྒྱ་ནག་གུང་ཁྲན་གྱིས་བོད་སྲིད་གཞུང་བཙན་ཤེད་བྱས་ནས་རྒྱ་ནག་གིས “ བཅིངས་འགྲོལ ”བཏང་བའི་ཞིང་ཆེན་ནམ་མི་རིགས་རང་སྐྱོང་ས་ཁུལ་གཞན་ལ་བཞག་མེད་པའི << ཆིངས་ཡིག་དོན་ཚན་བཅུ་བདུན >>……  << ཆིངས་ཡིག་དོན་ཚན་བཅུ་བདུན >>བཞག་པ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་སྐྱོ་གར་ཞིག་རེད།   དེ་ནས་བཟུང་སྟེ་བོད་ས་ཧྲིོལ་པོ་རྒྱ་ནག་པོས་གང་བསམ་དེ་དྲན་བྱེད་སའི་མི་སེར་སྤེལ་ཡུལ་དུ་གྱུར་པ་རེད་ཟེར།  ” 【6】

དེ་ཡང་བསྐྱར་བཤད་ན།  ༡༩༥༠ནས  ༡༩༥༡ བར་བོད་ཀྱི་ལོ་རྒྱུས་ནང་ཟེར་ནའང་འདྲ།   རྒྱ་བོད་འབྲེལ་བའི་བྱུང་རིམ་ནང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེ་ཤོས་དེ་ཡིན།  བོད་མི་ཚོས་ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> ནི་དེ་རིང་གི་བོད་ཀྱི་གནད་དོན་འབྱུང་རྩ་ཡིན་པར་བལྟ་བ་དང༌།  འདིའི་ངོ་བོ་རྒྱ་ནག་གི་བཙན་འཛུལ་ལ་ཐུག་པ་རེད།  ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> ཡང་རྒྱ་ཡིག་ཀློག་པ་པོས “ བོད་བཅིངས་འགྲོལ ” དང “ རྒྱ་ནག་བཅིངས་འགྲོལ ” གཅིག་མིན་ལྟ་བྱེད་ཀྱི་ཀེ་ཏ་ཀ་མ་ཡིན་ནམ།  དེའང་ཤད་ན།  རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བོད་མགོ་བླངས་མིན་ལ་སོགས་རེད། 

དགོད་བྲོ་བ་ཞིག་ལ།  ལོ་རྒྱུས་ཉམས་ཞིབ་པ་ལྕམ་ལིས་དཔེ་དེབ་ཏུ་ ༡༩༥༠ ནས་ ༡༩༥༡ བར་གྱི་འགག་རྩའི་ལོ་དུས་འདི་ཏག་ཏག  གཡོལ་ཕྱིན་པ་རེད།  འདི་ནི་བོད་ཀྱི་གནད་དོན་གྱི་འགག་རྩ་ཞིག་ཀྱང་རེད།  ལྕམ་ལིས་དཔེ་དེབ་གཉིས་ལས “ དམངས་གཙོ་བཅོས་སྒྱུར ” དང “ ཞོད་འཇགས ” གླེང་བ་དེ་ནི་ཏག་ཏག་འགག་རྩའི་ལོ་དུས་དེའི་རྗེས་ནས་བྱུང་བའི་གནད་དོན་ཞིག་རེད།  དོན་ངོ་མས། ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> གྱི་ངོ་བོས་རྒྱ་ཡིག་ཀློག་པ་པོ་ཚོས་ཀྱང་རྒྱ་གཞུང་གིས་འབོད་པའི ” ཞོད་འཇགས ” ཟེར་བའི་བོད་མིའི་ངོ་རྒོལ་ཆེན་མོ་དང་ཏཱ་ལའི་བླ་མ་སྐྱབས་བཅོལ་ལ་ཕེབས་པ་སོགས་ནི་ཆད་ལུས་བྱ་མི་རུང་བ་ཞིག་ལ་ངོས་འཛིན་བྱས་ཡོད།  བོད ” ཐུ་བྷོད ” ཀྱི་བདག་དབང་བརླགས་པ་དེ་ནི་དུས་ཐུང་ཞིག་ལས་བྱུང་བའམ།  ཡང་ན་སྔ་ཕྱི་རིམ་པ་བྱས་ནས་དུས་ཡུན་ལོ་དགུ་འགོར་བའི་བརྒྱུད་རིམ་ཞིག་རེད།  གང་ལྟར་ཀྱང་ ༡༩༥༠ ནས་ ༡༩༥༡ བར་གྱི་ཧ་ཅང་གལ་འགངས་ཆེ་བའི་རྒྱབ་ལྗོངས་དེ་དག་ལྕམ་ལིས་དཔེ་དེབ་ནང་བརླགས་སྟོར་ཐེབས་པ་རེད། 

ལོ་རྒྱུས་ཞིབ་འཇུག་བྱེད་དུས་ཕྱོགས་ངོས་གཅིག་དང་ཐ་ན་གཞི་གཅིག་རང་ལ་དམིགས་ནས་འབྲི་གླེང་བྱ་ཆོག་དང་ཆོག  ལྕམ་ལིས་དཔེ་དེབ་དུ་ལོ་དུས་ཁྱབ་ཁོངས ༡༩༥༡ མཇུག་ཏུ་གཏན་འཁེལ་ཟིན་དུས།  བོད་མིའི་ངོ་རྒོལ་འོས་ལངས་དང་ཏཱ་ལའི་བླ་མ་སྐྱབས་བཅོལ་དུ་ཕེབས་པའི་ཐད་ཀའི་རྒྱུ་རྐྱེན་ཡང “ དམངས་གཙོ་བཅོས་སྒྱུར ” ལ་ཐུག་པ་རེད་ཟེར་ན་འགྲིག་གི་མེད།  དེའི་རྐྱེན་གྱིས་གལ་ཏེ་བོད་ཀྱི་གནད་དོན (Tibet question)གྱི་འགག་རྩའི་འབྱུང་རྩ་གླེང་དགོས་ན།   དོན་དམ་གྱི་བོད་མི་ལོ་རྒྱུས་སྨྲ་བ་སུ་འདྲ་ཞིག་དང༌།  ཡང་ན་བར་གནས་ཀྱི་རྒྱལ་སྤྱིའི་བོད་རིག་པའི་བོད་དོན་ཉམས་ཞིབ་པ་སུ་ཞིག་ཡིན་ཀྱང་རུང༌།  དེ་དག་ཐམས་ཅད་ཀྱིས  ༡༩༥༠  ལོའི་ཆབ་མདོའི་དམག་འཐབ་དང  ༡༩༥༡  ལོའི   << ཆིངས་ཡིག་དོན་ཚན་བཅུ་བདུན >>  གཡོལ་ནས་འབྲི་གླེང་བྱ་མི་སྲིད།   ཡིན་ནའང༌།  ལྕམ་ལིས་ནས་ཆོད་གཏམ་སྤེལ་ཏེ་བོད་ཀྱི་གནད་དོན་འབྱུང་རྩ་དང་གནད་འགག་ཐུག་ས་ཡིན་པའི་ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> གྱི་འགག་རྩའི་ལོ་རྒྱུས་རྒྱབ་ལྗོངས་སྐྱུར་འཇོག་བྱས་སྟེ། 

གཤམ་གསལ་ལྟར་ཚིག་ཐག་བཅད་ནས་བཤད་དོན།    “ བོད་ཁུལ་གྱི ‘ དམངས་གཙོ་བཅོས་སྒྱུར ’ ནི་བོད་ཀྱི་གནད་དོན་འབྱུང་རྩ་ཡིན་པ་དང༌། ……  ༡༩༥༥–༡༩༥༦   ལོའི་དུས་ཚོད་དེ་ནི་བོད་ཀྱི་གནད་དོན་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་རག་ལས་ས་ཡིན་ལ། ……  དེ་ནི་བོད་ཀྱི་གནད་དོན་ངོ་མའི་འབྱུང་རྩ་རེད།  ” ཟེར།【7】

ལྕམ་ལིས་མཁས་པའི་གོ་ས་ཞིག་གི་ཐོག་ནས་སྐད་སངས་མཐོན་པོས་རྒྱ་ནག་མགོ་ཁྲིད་ལྷན་བོད་ཀྱི་གནད་དོན་རྩོད་གླེང་བྱས་པ་རེད།  རྒྱ་ནག་མགོ་ཁྲིད་ཀྱི་ལྟ་སྟངས་དེ་ནི་དྲིལ་བསྒྲགས་འཕྲུལ་ཆས་ཀྱི་རྒྱུན་སྤྱོད་སྐད་ཆ་ཁོ་ན་ལས་མ་འདས་སྟེ།  བོད་ཀྱི་གནད་དོན་ནི་བཙན་རྒྱལ་རིང་ལུགས་ལྐོག་གཡོ་དང༌།   ཨ་རིའི  CIA ཡིས་རྒྱབ་ལོགས་ནས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་སོགས་སྡོམ་བརྒྱབས་པ་རེད།  ལྕམ་ལིས་ཀྱི <<  གཙང་མ་བཀྲུ་མི་ཐུབ་པའི་ཁྲག་ལག བོད་ཁུལ་དུ་ལྷག་པའི་རྒྱལ་ཁབ་ནག་ཉེས >>  ཟེར་བའི་དགག་བཞག་རྩོམ་ཡིག་སྤེལ་བའི་ནང༌།    ཡིག་ཚོགས་མང་པོ་དང་ལོ་རྒྱུས་ཡིག་ཆ་སྤྱད་ནས་རྒྱ་ནག་གཞུང་ཕྱོགས་ནས “ ཨ་རིས་བྱས་པ་རེད ” ཟེར་བ་ལ་དགག་རྒྱག་བྱས།  མ་ཟད་མོ་རང་གིས་རྙེད་པའི་ཕུན་སུམ་ཚོགས་པའི་རྒྱུ་ཆ་དང་གྲངས་ཚིག་བསྟར་བ་དང༌།   གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བཅས་ལྷན་དུ་ཕྱུང་ནས “ དམངས་གཙོ་བཅོས་སྒྱུར ” དང “ ཞོད་འཇགས ” ཁྲོད་བོད་མི་དམངས་ལ་ཕོག་པའི་དཀའ་སྡུག་གླེང་བ་དང༌།  ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་མང་གཙོ་ཡི་ལག་རྗེས་ལ་བསྟོད་པ་བྱས་ཡོད།  གུང་ཁྲན་ཏང་གི་སྐྱག་རྫུན་དང་དྲག་སྤྱོད་ལ་གཤེ་གཤེ་གཏོང་ཞོར་དུ་མོ་རང་གི་ཞིབ་འཇུག་ལྟ་སྟངས་གསལ་འགྲེལ་བྱས་དོན།  “༡༩༥༥–༡༩༥༦ གི་ལོ་དུས་དེ་ནི།  བོད་ཀྱི་གནད་དོན་རྒྱུས་ལོན་དང་ཤེས་རྟོགས་བྱེད་སའི་གནད་འགག་ཅིག་ཡིན་ཟེར་བ་དང༌།  མ་ཟད་ད་དུང་རྒྱ་ནག་གི་མགོ་ཁྲིད་དེར་གཟས་ནས “ ཏག་ཏག་ལོ་ཚིགས་འདིའི་ཐད་ཟ་རི་ཟི་རི་བྱས་པ་རེད་ལ།  བསམ་བཞིན་དུ་བོད་ཀྱི་གནད་དོན་འབྱུང་རྩ་འགེབས་སྲུང་བྱས་པ་རེད། ” ལྕམ་ལིས་ནས་ཤོད་བཞིན་པའི་བོད་ཀྱི་གནད་དོན་འབྱུང་རྩ་ངོ་མ་དེ་ནི “ དམངས་གཙོ་བཅོས་སྒྱུར ” རེད།  དེས་མི་ཚད་ལྕམ་ལིས་ནས་བརྒྱུད་ལམ་ཁག་ལ་བཅར་འདྲི་དང་ལེན་སོགས་སྔིང་ཆ་འདྲ་མིན་ནས་མོ་རང་གི་ཞིབ་འཇུག་ལྟ་སྟངས་གསེད་འགྲེལ་བྱས་པ་དཔེར་ན།  “ ད་ལྟའི ‘ བོད་ཀྱི་གནད་དོན ’ འདི་ནི་ ༡༩༥༡ ལོར་བྱུང་བ་མ་རེད།  དེ་ནི་ ༡༩༥༦ ལོར་མགོ་བརྩམས་པ་རེད།  བོད་ཀྱི་མཐའ་འཁོར་བོད་ཁུལ་ན་དྲག་པོའི་སྒོ་ནས་ས་ཞིང་བཅོས་སྒྱུར་བྱས་རྗེས་གནས་ཚུལ་འདི་ཐོན་པ་རེད། ” ཟེར།【8】

ལྕམ་ལིས་དཔེ་དེབ་དང་རྩོམ་ཡིག་སོགས་ནས་མོ་རང་གི་དྲང་བདེན་བསམ་བློ་དང༌།  གདུང་སེམས་མཉམ་སྐྱེད་བསམ་པ།  ཆེད་ལས་བྱང་ཚད་བཅས་ག་འདྲ་ཡོད་མིན་དཀའ་ཚེགས་མེད་པར་མཐོང་ཐུབ།  ལྷག་ཏུ་འདི་འདྲའི་ཆེད་རྩོམ་སྤེལ་ནས “ དམངས་གཙོ་བཅོས་སྒྱུར་ནི་བོད་ཀྱི་གནད་དོན་གྱི་འབྱུང་རྩ་རེད  ”  ལབ་པ་འདིས་ང་མགོ་བོ་འཐོམས་སུ་བཅུག  ངས་དེ་སྔོན་ཋུས་ཝེས་ཋེར་བརྒྱུད་ལྕམ་ལིས་ལགས་སུ་འདི་དོན་ཆེད་དུ་བཀའ་འདྲི་ཞུས་དོན།  ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> སོགས་ཀྱིས་བོད་དོན་ཐད་གོ་ས་ཅི་འདྲ་བཟུང་ཡོད་དམ་ཟེར་དུས་ལྕམ་ལིས་ནས་ལན་འདེབས་བྱས་མ་སོང༌།  ངས་ནི་མོ་རང་ལོ་འདི་འགའི་རིང་བོད་ཀྱི་གནད་དོན་ཐོག་ལ་རྒྱུན་ཤེས་ཡོད་པའི་མི་སྣ་ཞིག་རེད་བསམས་ཡོད།  འོན་ཏེ་ལྕམ་ལིས་ཀྱི “དམངས་གཙོ་བཅོས་སྒྱུར་བོད་དོན་འབྱུང་རྩར་སྨྲ་བའི་རིག་པ “ དེས་ངའི་ཤེས་རྟོགས་ལ་འགྲན་རྒོལ་བྱས་བྱུང༌།  ལིས་ཀྱིས་བཏོན་པའི་རྒྱུ་ཆ་དང་ལོ་ཚིགས་དེ་དག་གིས་མོའི་ཐག་གཅོད་ལ་ཐད་ཀར་རྒྱབ་སྐྱོར་འགྲོ་དཀའ་བ་ཙམ་དུ་མ་ཟད།  ལྡོག་ཏེ་གུང་ཁྲན་ཏང་གི་གདུག་རྩུབ་དང༌།  ཁོས་བོད་ཀྱི་ས་ཆ་དང་དེ་བཞིན་རྒྱ་ནག་གི་ས་ཆ་སོ་སོར་རིགས་མཚུངས་ཀྱི་དབང་སྒྱུར་བྱས་པར་བདེན་དཔང་བྱས་ཡོད་པ་རེད།  དེས་ན་བོད་ཀྱི་གནད་དོན་འདི་བཙན་འཛུལ་དང་འབྲེལ་བ་ཡོད་པ་མ་རེད་ཟེར་ནས་གཡུག་ཐབས་ཡོད་པ་མ་རེད།  དེ་འདྲ་ཡིན་དུས་ལིས་ཀྱི་དཔེ་དེབ་ནས ༡༩༥༠–༡༩༥༡ ལོའི་གནད་འགག་ཅན་གྱི་དུས་ཚོད་འདི་དག་བསྐྱུར་ནས།   ལོ་རྒྱུས་རྒྱུ་ཆ་དང་ལོ་ཚིགས་དེ་དག་གི་ནུས་པ་ཨེ་ཐོན་བལྟས་པ་རེད།  མགོ་བཅད་མཇུག་བཏུབ་ཀྱི་ཆོད་གཏམ་དེ་ནི་ནར་མ་སོན་པའི་ཆེད་ལས་མི་སྣའི་ལས་ཀ་བྱེད་སྟངས་མ་རེད་དམ། འོ་ན།  ལྕམ་ལིས་ནས་ཅིའི་ཕྱིར  ༡༩༥༠–༡༩༥༡ ལོའི་ལོ་དུས་འདི་དག་ལ་མིག་འཕྲུལ་སོང་བ་རེད་དམ། 

འདི་དོན་ངས་སླར་ཡང་ཚུན་མིན་གྱི་བསམ་བློ་འཁོར་དོན།  ཐག་གཅོད་འདིས་སུ་ལ་ཁེ་ཕན་ཡོད་པ་རེད་དམ།  གཅིག་བྱས་ན།  ཆབ་མདོའི་དམག་འཐབ་དང << ཆིངས་ཡིག་དོན་ཚན་བཅུ་བདུན >> ཕྲེང་བསྟར་གཅིག་ནས་བཅད་བཏུབ་བྱས་པས།  ད་གཟོད་བོད་ཀྱི་གནད་དོན་འདི “ ནང་སྲིད་གནད་དོན  ” འགྱུར་འགྲོ་བ་རེད་དམ།  ཡང་གཅིག་བཤད་ན།  མ་གཞི་བོད་ཀྱི་གནད་དོན་རྒྱ་ནག་གིས་བཟོས་པར་རྩོད་པ་མེད་མོད།  ཡིན་ནའང་རྒྱ་ནག་གི་བཙན་འཛུལ་དང་ས་ཁོངས།  བདག་དབང་བཅས་ལ་འབྲེལ་བ་ཡོད་པ་མ་རེད།  དེ་ནི་རྒྱ་ནག་གུང་ཁྲན་པས་གདུག་རྩུབ་དང་ལྐུགས་རྟགས་བསྟན་ནས་འཛིན་སྐྱོང་ནོར་འཕྱུག་བྱུང་བ་རེད་ཟེར་ལ།ད་དུང་བརྗོད་དོན།   གལ་ཏེ << ཆིངས་ཡིག་དོན་ཚན་བཅུ་བདུན >> ལྟར་དུ་སོང་ན།  བོད་མིར་ཚད་མཐོའི་རང་སྐྱོང་བྱ་བཅུག་དགོས་པ་ལས།  “དམར་པོ་ལེབ་འདེད ” བྱས་ནས་དམངས་གཙོ་བཅོས་སྒྱུར་བྱེད་དགོས་པ་དང༌།  མགོ་པས་བཙན་པོ་དབང་ཡོད་བྱས་ནས་གནད་དོན་རྙོག་དྲ་ཆེ་རུ་བཏང་བ་སོགས་བྱས་མེད་ན།  རྒྱ་ནག་གུང་ཁྲན་པའི་ཆུང་བཟོད་ཆེ་གཉེར་བྱས་པའི་ཏཱ་ལའི་བླ་མའང་ཕྱིར་ཐོན་མི་སྲིད། སྟོབས་ཤུགས་ཧེ་བག་ཤོར་བ་ཤེས་རྟོགས་ཟབ་མོ་ཡོད་པ་དང་ཏཱ་ལའི་བླ་མ་ལ་ཡང་དད་གུས་ལྡན་པའི་བོད་མི་རྣམས་ཀྱིས་བདག་བཟུང་ལ་ངོ་རྒོལ་བྱེད་ཀྱི་མ་རེད།  གང་ལྟར་བརྒྱབས་ཚར་བའི་མདའ་མོ་དང་བཤད་ཚར་བའི་གཏམ་ལྟར “ བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་པ་རེད།  ” “ ཀྲུང་གོའི་བོད ” ཀྱང་མིང་དོན་ལུགས་མཐུན་ཆགས་པ་རེད་ཟེར།

ཕྱི་ཚུལ་ནས་བལྟས་ན།   ཐ་ན་བོད་མི་ཉུང་མིན་ཞིག་གིས་གལ་ཏེ་རྒྱ་གུང་ཁྲན་གྱིས << དོན་ཚན་བཅུ་བདུན >> ཡིན་ལུགས་ཚུལ་མཐུན་གྱིས་བརྩི་བཀུར་བྱས་ནས་བོད་མིར་ཚོར་ཚད་མཐོའི་རང་སྐྱོང་ལག་ལེན་བསྟར་བཅུག་པ་ཡིན་ན།  རྗེས་མའི་རྙོག་དྲ་འདི་ཚོ་ཡོང་གི་མེད་པ་ངོས་ལེན་བྱེད།  བཙན་བྱོལ་བོད་གཞུང་ལའང་ལྟ་སྟངས་འདི་ཡོད་པ་རེད།  དབུ་མའི་ལམ་གྱི་འགྲོ་ཕྱོགས་ཀྱང་འདི་དང་འབྲེལ་བ་ཆགས་ཡོད།  རེད་དེ་བཙན་བྱོལ་བོད་གཞུང་དང་ཏཱ་ལའི་བླ་མས ༡༩༥༠–༡༩༥༡ ལོའི་བོད་ཀྱི་ལས་དབང་ཇེ་སྡུག་སོང་བའི་ལོ་དུས་འདི་དག་གཡོལ་གྱི་མ་རེད།  བོད་མི་ཚོ་རྒྱ་ནག་གི་མཚོན་ཆའི་འཇིགས་སྐུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣང་ཆུང་འོག   སྐྱབས་མེད་མགོན་མེད་དང་བཙན་དབང་ངང  “ བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད  ” ཅེས་པའི་ནང་དོན་ཚང་བའི << དོན་ཚན་བཅུ་བདུན >>  ལ་མིང་རྟགས་འགོད་བཅུག  དེ་འདྲ་རེད་དེ ” དོན་ཚན་བཅུ་བདུན  ” གྱི་སྟོང་བསམ་དང་སྦྲིད་སྨན་བར་ནས་བོད་མི་

ཧ་ཅང་མང་པོ་ཞིག་གིས “ བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ  ” ངོས་ལེན་བྱེད་ཀྱི་མེད།  ༡༩༥༩ ལོའི་ཟླ་བ་  ༦ ཚེས་  ༢༠ ཉིན་ཏཱ་ལའི་བླ་མར་ཐེངས་དང་པོར་རང་དབང་གི་སྐད་ཆ་གསུངས་རྒྱུའི་གོ་སྐབས་ཐོབ་མ་ཐག   གཞུང་འབྲེལ་རྣམ་པའི་སྒོ་ནས << ཆིངས་ཡིག་དོན་ཚན་བཅུ་བདུན >> ཁས་ལེན་མེད་པར་ཁྱབ་བསྒྲགས་གནང་བ་མ་ཟད།  << ཆིངས་ཡིག་དོན་ཚན་བཅུ་བདུན >> ནི་བོད་སྲིད་གཞུང་དང་བོད་མི་དམངས་རྣམས་མཚོན་ཆའི་བཙན་གནོན་འོག་བཞག་པར་གསལ་བསྒྲགས་སྤེལ་བ་རེད།  【9】མི་རྣམས་སེམས་པ་སྐྱོ་དགོས་པ་ཞིག་ལ།  སྤྱིར་བཏང་དྲང་བདེན་གྱི་བློ་སེམས་དང༌།  གདུང་སེམས་མཉམ་སྐྱེད།  བླ་ན་མེད་པའི་རང་དབང༌།  མང་གཙོ་འཚོལ་སྙེག་བཅས་རྩོམ་གྱིན་པའི་རྒྱ་མི་རྣམས་དང༌།  ལྷག་ཏུ་ཕྱི་ལོགས་སུ་སྐྱེས་འཚར་བྱས་ཤིང་བོད་དོན་སྐོར་གྱི་རྒྱུ་ཆ་ཅི་དགོས་ཀློག་རྒྱུར་ཆ་རྐྱེན་ལྡན་པའི་མི་ཚོས་ཀྱང༌།  འདུ་ཤེས་ཅི་གང་མེད་པའི་བསམ་པའི་འཁྱེར་སོ་ཞིག་གི་སྒོ་ནས་བོད་མིའི་འུ་ཐུག་ཆིངས་ཡིག་སྐབས་ཀྱི་སྐྱབས་མེད་མགོན་མེད་དང་བཙན་དབང་ལ་དོ་ཁུར་གཏན་ནས་མེད།  མ་གཞི་ཁོང་ཚོས་རྒྱ་གུང་ཁྲན་ལ་རྒོལ་བ་དང༌།  བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད།  རྒྱ་གུང་ཁྲན་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་སོགས་ཡོད་མོད།  མང་ཆེ་བ་གསང་བའི་ཁ་དན་བྱས་པ་ལྟར་མ་ཐིག་ཅིག་དམ་སྲུང་བྱས་ཡོད།   འགའ་ཞིག་གིས་མཉམ་གཉེར་ལམ་ལུགས་དང་མཉམ་སྦྲེལ་ལམ་ལུགས་སོགས་ཀྱིས་བོད་དོན་སེལ་དགོས་ཟེར།  ཕལ་མོ་ཆེས་རྡ་རམ་ས་ལའི་གཞུང་འབྲེལ་སྲིད་ཇུས “དབུ་མའི་ལམ ” ལ་རྒྱབ་སྐྱཽར་ཤུགས་ཆེ་བྱེད་ཀྱི་ཡོད།  ལ་ཤས་ཀྱིས་སེམས་བཟང་ངང་བོད་མིས  “ རང་བཙན ” གཉེར་མི་རུང་ཟེར།  གང་ཞེ་ན། 

“ རྒྱ་མི་ཕལ་མོ་ཆེའི་རྒྱབ་སྐྱོར་རག་གི་མ་རེད་ཟེར།  ” འདི་ལྟར་ལྟ་དུས་བོད་མི་ཚོ་གུང་ཁྲན་ཏང་གི་འཆིང་རྒྱ་ལས་གྲོལ་ན་ཡང༌།  རྒྱ་མིའི་བཏང་འཛིན་ལས་ཐར་དཀའ་ཚོད་དུ་མཐོང༌།  རྒྱ་མི་དམངས་གཙོ་དོན་གཉེར་བ་ཚོས་གཉེར་བའི་རྒྱ་བོད་འབྲེལ་མོལ་ཚོགས་ཐེངས་དུ་མ་ལས་རྒྱ་མི་མང་ཆེ་བས “ ཚད་མཐོའི་རང་སྐྱོང ” ལ་རྒྱབ་སྐྱོར་ཡོད་པའི་སྐད་ཤུགས་ཆེ།  ཡིན་ནའང་  ༡༩༥༠  ལོའི་གོང་གི་བོད་ཀྱི་རྒྱལ་སྤྱིའི་གོ་བབ་གླེང་མཁན་སུ་གང་མེད་ལ།   “ རང་བཙན ” སྐོར་ལབ་གླེང་བྱེད་མཁན་དེ་བས་ཀྱང་མེད།  དེ་འདྲ་རེད་དེ་བོད་ཀྱི་གནད་དོན་གྱི  “ འབྱུང་རྩ་ངོ་མ  ” དམངས་གཙོ་བཅོས་སྒྱུར་ཐུག་པ་རེད་ལབ་མཁན་ལིས་ཅང་ལིང་ཨང་ཀི་དང་པོ་རེད། མིག་སྔར་བལྟས་པ་ཡིན་ནའང་མོ་རང་གཅིག་པུ་ལས་གཞན་གཅིག་ཀྱང་ཡོད་པ་མ་རེད། 

<< ༡༩༥༩ >> ལོའི་ལྷ་ས་ཞེས་པའི་དཔེ་དེབ་ནང་དུ་བཀོད་དོན།  “ རྒྱ་ནག་གི་རྒྱལ་རབས་རིམ་བྱུང་ཚང་མ་རྣམ་པ་གཅིག་ནས་ ‘ གཅིག་གྱུར་ཆེན་མོ ’ ན་གནས་ཡོད།  …… ཆིང་རྒྱལ་རབས་ཀྱིས་ཀང་མོའོ་ས་ཆ་དབང་སྒྱུར་བྱེད་ཐབས་དེ་ནི ‘ རྒྱུ་གཉིས་ལམ་ལུགས’ཅན་ཡིན་པ་སྟེ།  གཅིག་ནི་དབུས་གཞུང་ནས་དབང་སྡུད་བྱས་པའི་རྒྱ་སའི་རྒྱ་མི་ལ་གཙིགས་འཛིན་བྱེད་དགོས་པ་དང༌།  ཕྱོགས་གཞན་ཞིག་ནས་ས་མཚམས་ན་གནས་པའི་མན་སོག་བོད་བཅས་རེད།  ཁྱབ་ཁོངས་མ་ལག་རྗེས་མ་དེ་ནི་སྔར་གྱི་རྒྱ་མིའི་ཁྱབ་ཁོངས་དབུས་སྲིད་གཞུང་གི་ཐད་ཀའི་མངའ་ཁོངས་སུ་མི་གཏོགས་ལ།  ཆིང་སྲིད་གཞུང་ནས་ཀྱང་མི་རིགས་ཆོས་དད་རང་མོས་དང་འཚོ་བའི་གོམས་གཤིས་བཅས་ལ་ཐེ་ཇུས་བྱེད་ཀྱི་མེད།  ……༡༩༤༩ལོའི་སྔོན་དུ་རྒྱ་གུང་ཁྲན་སྲིད་དབང་ནི་དབང་ཆ་གཅིག་སྡུད་ཀྱི ‘དམར་མདོག་གཅིག་གྱུར་ཆེན་མོ ’ རེད། “【10】

དོན་དམ་པས་འདི་ནི་ལྕམ་ལིས་མི་སྒེར་གྱི་ལྟ་བ་མིན་པར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་པོ་དང༌།  རྒྱ་མིའི་ཚད་འཛིན་གྱི་ཐག་གཅོད་འདི་འདྲ་སྟེ།   འདས་པའི་བོད་ཀྱི་གནས་སྟངས་དེ་ནི “ ཚད་མཐོའི་རང་སྐྱོང “ ལ་གནས་ཡོད་པ་དང༌།  དེ་སྔོན་གྱི་དབུས་སྲིད་གཞུང་འཛིན་སྐྱོང་འོག་གནད་དོན་ཡོད་པ་མ་རེད།  གུང་ཁྲན་ཏང་གི ‘’ གཅིག་གྱུར་གྱི་དམར་མདོག་ཆེན་མོའི ‘’ དབང་སྒྱུར་འོག་གནད་དོན་ལྷག་པ་རེད།  དེ་ནི་འཛིན་སྐྱོང་ལམ་ལུགས་མ་འགྲིག་པའི་གནད་དོན་རེད།  འདི་ལྟར་ལྟ་དུས་གུང་ཁྲན་ཏང་དང་ཁྱད་པར་འབྱེད་ས་ནི་གུང་ཁྲན་ཏང་གིས་བོད་མིར་ཚད་མཐོའི་རང་སྐྱོང་སྟེར་མ་ཤེས་པ་དང༌།  མང་གཙོའི་རྒྱ་ནག་གིས་བོད་མིར་ཚད་མཐོའི་རང་སྐྱོང་བསྐྱར་གསོ་བྱེད་བཅུག་ངེས་རེད་ཟེར།

ཆིང་སྲིད་གཞུང་དེ་བོད ( ཐུ་བྷོད ) ཀྱི “ དབུས་སྲིད་གཞུང ” རེད་དམ།  ༡༩༤༩ ལོའི་སྔོན་དུ་བོད ( ཐུ་བྷོད ) “ མི་རིགས་ས་ཁུལ ”ཨེ་རེད།  གལ་ཏེ་བོད་མིར་སྐད་ཆ་དྲིས་ན་རྦད་དེ་མི་འདྲ་བའི་ལན་འདེབས་ཡོད་པ་རེད།  བོད་ཀྱི་མཁས་པ་ཞ་སྒབ་པ་བདེ་ལྡན་དབང་ཕྱུག་གི << བོད་ཀྱི་སྲིད་དོན་རྒྱལ་རབས >> ནང་བོད་ཀྱི་སྔ་རབས་ལོ་རྒྱུས་ཡིག་ཆ་དང་སྲིད་གཞུང་གི་ཡིག་ཆ་མི་འདྲ་བ་གྲངས་ལྔ་བཅུ་ང་བདུན་ལུང་དྲངས་ནས།  བོད་ཀྱི་ཆབ་སྲིད།  ཆོས་ལུགས།  ལོ་རྒྱུས་སོགས་ཀྱི་འགྱུར་འགྲོས་རང་བཞིན་དང༌།  ཕྱི་ཕྱོགས་ཀྱི་འབྲེལ་བ།  ལྷག་པར་དུ་ཆིང་རྒྱལ་རབས་ནས་བཟུང་བོད་རྒྱའི་དབར་ལ་ཞིབ་ཚགས་གསེད་འགྲེལ་བྱས་ཡོད།  མི་རྣམས་ཀྱིས་ ༡༩༥༠ལོའི་སྔོན་གྱི་བོད་ཀྱི་ཆབ་སྲིད་གནས་བབ་ག་འདྲ་ཡིན་མིན་དཔང་རྟགས་མཁོ་སྤྲོད་བྱས་པ་རེད།  དཔང་རྟགས་འདི་ཚོ་རྒྱལ་སྤྱིའི་བོད་རིག་པའི་ལས་རིགས་དང་རྒྱལ་སྤྱིའི་ཁྲིམས་སྦྱོང་བས་ངོས་ལེན་ཡོད་པ་རེད།  དོན་དུ་ ༡༩༥༠  ལོའི་སྔོན་གྱི་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་རེད།  << བོད་ཀྱི་སྲིད་དོན་རྒྱལ་རབས >> རྒྱ་ནག་སྲིད་གཞུང་གིས་བེད་སྤྱད་པའི་མཁས་པ་ཚོས་རེས་མོས་ཀྱིས་དགག་པ་རྒྱག་གི་ཡོད།  རྒྱ་ནག་ནང་ཁུལ་དགག་རྒྱག་བྱ་སའི་དེབ་འདི་མཐོང་རྒྱུ་མེད།  གལ་ཏེ་བོད་མིས་དེབ་འདི་སྦས་བསྐུངས་བྱས་པ་ཧ་གོ་ཚེ།  དེ་ནས་དེབ་འཕྲོག་རྒྱུ་ཡིན་པ་ལྟ་ཅི།  དོ་བདག་རང་ཉིད་ཀྱང་བཙོན་ཁང་དུ་ལྷུང་རྒྱུ་རེད།  བོད་མིའི་ལྟ་ཕྱོགས་ནས་བཙན་འཛུལ་དང་བཙན་བཟུང་སྐོར་བྲིས་པའི་ལོ་རྒྱུས་རྩོམ་པ་པོ་བཙོན་དོང་དུ་འཕངས་པ་རེད།  དཔེར་ན།  << ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི >> རྩོམ་པ་པོ་སྒྲོལ་མ་སྐྱབས་ད་དུང་ཡང་བཙོན་ཁང་ན་ལུས་ཡོད་པ་རེད། 

ལྔ་པ།  སུའི་བོད་དང༌།  སྐྱ་ཁྲ་བྱིའུ་ཐུབ།  བྱིའུ་འབུ་ཐུབ་ཀྱི་ཁྲིམས་སྲོལ་རེད། 

བོད་མིའི་ངོས་ནས་ལྟ་སྟངས་ཤིག་ཡོད་པ་མ་ཟད།  ལྟ་སྟངས་དེའང་རྒྱ་མིས་ངོས་འཛིན་བྱེད་སྟངས་དང་མི་འདྲ་བ་ཆེན་པོ་ཡོད།  བོད་ཀྱི་རྩོམ་པ་པོ་འོད་ཟེར་ནས  << གུང་བོད་གནད་དོན་ལ་གནད་དོན་འདུག  >>  ཅེས་པའི་རྩོམ་ཡིག་སྤེལ་ཏེ།  【11】ལྕམ་ལིས་ཀྱི་ཚིག་བརྗོད་དང་ལྟ་ཕྱོགས་ལ་དགག་པ་བརྒྱབས་པ་རེད།  ངས་དྲན་སྐུལ་བྱེད་འདོད་པ་ཞིག་ནི།  ཚིག་བརྗོད་དང་ལྟ་ཕྱོགས་དེ་དག་ལྕམ་ལིས་གཅིག་པུའི་མ་རེད་སྙམ།  རྒྱ་མི་མང་པོ་ཞིག་གི་སེམས་ནང་ཚིག་བརྗོད་དང་ལྟ་ཕྱོགས་དེ་དག་ལ་གནད་དོན་རྩ་བ་ནས་མེད་པ་དང༌།  ཡོངས་སུ་འགྲིག་ཡོད་བསམ་གྱི་ཡོད།  ཡིན་ནའང༌།  བོད་མིའི་ངོས་ནས་དང་ལེན་བྱ་ཐུབ་དཀའ། ལྕམ་ལིས་ནས་བོད་སྐོར་འགྲེལ་བརྗོད་བྱས་དོན།    ” རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ  ……  འདིའི་ས་ཆའི་ཁྱབ་ཁོངས་ནི་བོད་མི་མི་རབས་ནས་མི་རབས་གནས་སྡོད་བྱེད་སའི་བོད་ཆོལ་གསུམ་སྟེ།  དེང་གི  ‘ བོད་རང་སྐྱོང་ལྗོངས ’  དང  ’ མཐའ་འཁོར་ཞིང་ཆེན་བཞིའི་བོད་ཁུལ ’” ཅེས་བཤད།【12】

འོད་ཟེར་ནས་བོད་མིའི་ལྟ་སྟངས་ཤིག་གི་ངོས་ནས་བརྗོད་དོན།   ” རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་མ་རེད།  …… དེ་ནི་བོད་མིར་དབང་བའི་ཐུ་བྷོད་དེ་བོད་ཆོལ་ཁ་གསུམ་རེད།  དེ་ནི་ཨ་མདོ་དང༌།  དབུས་གཙང༌།  ཁམས་བཅས་རེད།  ”ཟེར།【13 སྐབས་འདིའི་ཚིག་བརྗོད་དཔོག་དཀའ་ལ་གོ་དོན་ཆེན་པོ་ལྡན་པའི་ཁྱད་ཆོས་ཡོད་པ་སྟེ།  མ་གཞི་ལྕམ་ལིས་ནས ”  བོད་མི་རབས་ནས་མི་རབས་གནས་སྡོད་བྱེད་ས ” ཡིན་པ་ངོས་ལེན་བྱས་ཡོད་ནའང༌།  རྒྱ་ནག་གི་ཆ་ཤས་ཡིན་པ་དང་ལེན་བྱེད་ཀྱི་ཡོད་པ་རེད།  འོད་ཟེར་ནས་ལྷག་པར་ནན་བརྗོད་བྱས་པ་ནི ” བོད་བོད་མིར་དབང་བར་བརྗོད། ”  པ་རེད། 

འོད་ཟེར་གྱིས་རྩོམ་ཡིག་སྤེལ་རྗེས་མིང་མེད་པ་ཞིག་གིས་ཡིག་འཇོག་བྱས་ལ། 【14】ཡིག་འཇོག་དེའི་ངོ་གདོང་ནས་རྒྱ་མི་ཞིག་ཡིན་པ་རྟོགས་ཐུབ་ལ།  དེའང་བོད་ཀྱི་དཀའ་ཁག་ལ་གདུང་སེམས་མཉམ་སྐྱེད་ཡོད་ལབ་མཁན་དེ་རིགས་ཡིན་པ་འདྲ།  བོད་ཀྱི་གནད་དོན་ལ་རྒྱུས་ལོན་གང་འཚམ་འདུག   མིང་མེད་པ་འོད་ཟེར་གྱིས ” རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་ལ་མ་རེད།  ” ཟེར་ནས ” བཟོ་བཅོས ” བྱས་པར ” ཡ་མཚན ” སྐྱེས།  ” ……  ངས་བོད་མི་མང་པོ་རྒྱུས་ལོན་ཡོད།  ཁོང་ཚོས་བོད་རྒྱ་ནག་གི་ཆ་ཤས་མིན་པའི་རེ་བ་བཅངས་ཡོད།  ཡིན་ནའང་དོན་ངོ་མས།  ༡༩༥༠ དུས་དཀྱིལ་ནས ༡༩༦༠ མགོ་སྟོད་བར་བོད་འདི་དོན་དམ་དུ་རྒྱ་ནག་གི་མངའ་ཁོངས་ཤིག་རེད་ཟེར།  ”  རྒྱ་ནག་གི་ས་ཁོངས་ཚུད་པ་དང་རྒྱ་ནག་ལ ” དབང་བ ” ཟེར་བའི་བར་ལའང་ཁྱད་པར་ཆེན་པོ་ཡོད།  དེ་མིན་ན་བོད་ཀྱི་གནད་དོན་ཡོད་པ་མ་རེད།  དཔེར་ན་ཇག་པ་ཞིག་གིས་གཡུ་བཅོམ་འཕྲོག་བྱས་ནས།  ད་དུང་གཡུ་འདི་ངའི་རེད་བཤད་པ་ལྟར་རེད།   མ་གཞི་གྱོན་ཕོག་མཁན་དེས་རང་གི་གཡུ་ཚུར་འཕྲོག་ཐུབ་ཀྱི་མེད་ནའང༌།  གཡུ་དེ་ངའི་རེད་ལབ་པར་དེར་ཡ་མཚན་སྐྱེ་རྒྱུ་ཅི་ཞིག་ཡོད་པ་རེད་དམ། 

མིང་མེད་པས་མུ་མཐུད་བརྗོད་དོན།  ” བདག་བཟུང་བྱས་པ་ནི་དོན་དངོས་རེད།   འདི་ལྟ་བུའི་བདག་བཟུང་ནི་ལུགས་མཐུན་ཡིན་མིན་གནད་དོན་གཞན་ཞིག་རེད།  ” གང་ཞེ་ན།  གལ་ཏེ་འདི་ལྟ་བུའི་བདག་བཟུང་ལུགས་མཐུན་ཡིན་པར་ཁས་མ་བླངས་པའི་རྒྱུ་ མཚན་དེ་སྔོན་འདི་ལྟའི་གནས་ཚུལ་ལྷག་མྱོང་ཡོད་པ་མ་རེད་ལབ་པ་ཡིན་ན།   དེ་ནི་ཅི་འདྲའི་གཏན་ཚིགས་ཡ་མ་ཟུང་ཞིག་རེད།  ”འདི་ལྟའི  ” ཞེས་པ་བདག་བཟུང་ལ་གོ་དགོས་པ་འདྲ།  འོད་ཟེར་ནས་དེ་སྔོན་འདི་ལྟའི་གནས་ཚུལ་ལྷག་མྱོང་ཟེར་བར་དགག་པ་བྱས་པ་མ་མཐོང༌།  ཡིན་ནའང ” རྒྱ་ནག་གི ” ཞེས་པ་དེར་ཁས་ལེན་མ་བྱས་པ་རེད།  དེར་ཡ་མཚན་རྒྱུ་ཅི་ཞིག་ཡོད་པ་རེད།  མིང་མེད་པའི་ངོས་ནས་བཙན་བཟུང་བྱས་པ་དེ་འདྲའི་ལུགས་མཐུན་མིན་ན་ཡང༌།  དངོས་ཡོད་ཆགས་ཟིན་དུས་འོད་ཟེར་གྱིས་ཁས་ལེན་མ་བྱས་རང་བྱས་རེད་ཟེར་བ་འདྲ།   བཙན་བཟུང་ནི་དོན་དངོས་རེད།  བཙན་བཟུང་བྱས་པས་བོད ” རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ ”ཡིན་པ་ཁས་ལེན་དགོས་པ་རེད་དམ།  ཁྲས་བྱིའུ་ཐུབ་དང་བྱིའུས་འབུ་ཐུབ་ལྟར་སུས་སུའི་ལག་པ་ནས་འཕྲོག་ཐུབ་པ་ཡིན་ན་དེ་ལ་དབང་དགོས་པའི་ཁྲིམས་སྲོལ་འདི་འདྲ་ཇག་པ་ཚོའི་རྩ་བའི་གཏན་ཚིགས་རེད།  དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ། ཆིང་རྒྱལ་རབས་ཀྱིས་འཕྲོག་མ་ཐུབ་པའི་བར་ནས།  རྒྱ་མི་ཚོས་བོད་ཆིང་རྒྱལ་རབས་ནས་རྒྱ་ནག་ལ་དབང་བར་ངོས་འཛིན་བྱེད་པ་རེད།

མིང་མེད་པས་ད་དུང་བརྗོད་དོན།  ” གལ་ཏེ་སྐབས་དེའི་བོད་རྒྱ་ནག་ས་ཆའི་ལྷོ་ནུབ་དང་ནུབ་བྱང་ལ་གཏོགས་ཀྱི་མེད་ན།  དེ་ནས་གང་དུ་བོད་ཀྱི་གནད་དོན་ཟེར་བ་ཡོད་པ་རེད་ཟེར།  ” སྐད་ཆ་འདིས་ལིས་ཅང་ལིང་གི་འགྲེལ་བརྗོད་ལ་གནད་དོན་ཡོད་པ་མ་རེད་ཟེར་བ་རེད།  དོན་དངོས་ཐོག  བོད་པ ( བོད་མི ) སུས་ཀྱང་བོད་ཆོལ་གསུམ་རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་ལ་གཏོགས་པ་ཁས་ལེན་གྱི་མེད།  བོད་སྐད་ནང་དུ་དེ་ལས་ཀྱང་དེ་ལྟར་ཤོད་ཀྱི་ཡོད་པ་མ་རེད།  ནུབ་སྡོད་བོད་རིག་པ་ཞིབ་འཇུག་པ་ཚོ་དང་སྤྱིར་བཏང་གི་ནུབ་ཕྱོགས་པ་སུ་ཞིག་གིས་ཀྱང་དེ་ལྟར་འགྲེལ་བརྗོད་བྱེད་མི་སྲིད།  རྒྱ་ནག་མ་ཡིན་པའི་འཛམ་གླིང་ས་ཆར “Tibet” ཟེར་བ་འདི་སྤྱི་ཁྱབ་ཏུ་བཀོལ་སྤྱོད་བྱེད།  དེ་ནི་འཛམ་བུ་གླིང་པས་དང་ལེན་ཐུབ་པའི་རིག་གནས་དང་ལོ་རྒྱུས་ཡོད་པའི་ས་ཁུལ་ཞིག་ཡིན་པ་ལས།  དེ་རིང་ཁ་སང་རྒྱ་ནག་གིས་ཤོད་པའི “Chinese Tibet ”( རྒྱ་ནག་གི་བོད )ཡང་ན།  “Tibetan areas of  Southwest and Northwest China”( རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་བོད་ཁུལ )མ་རེད།  ལྡོག་ཏེ།  ནུབ་ཕྱོགས་པ་ཞིག་གིས་འདི་ལྟར་འགྲེལ་བརྗོད་བྱས་པ་ཡིན་ན།   དེ་ནི་དངོས་གནས་ཡ་མཚན་དང་འཕྱ་དམོད་བྱེད་ས་ཞིག་ཏུ་ཆགས་ཀྱི་རེད་ལ། མ་མཐར་ཡང་རྦད་དེ་རྒྱ་ནག་ལ་ཕྱོགས་པའི་བྱེད་སྟངས་ཤིག་ལས་བར་གནས་ཞེས་པའི་སྐད་ཆ་བཤད་ས་ལྷག་ཡོད་པ་མ་རེད། “ རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ ” ཟེར་བའི་ཚིག་བརྗོད་འདི་འདྲ་རྒྱ་ནག་པ ( རྒྱ་མི ) རང་ལས་ཡོང་གི་ཡོད་པ་རེད།    འགྲེལ་བརྗོད་འདི་འདྲ་དག་ལ་བོད་མིའི་ངོས་ནས་བདེ་འཚམ་མེད་པ་མཐོང་ནས་གོང་སྨོས་ལྟ་བུའི་ལན་འདེབས་བྱས་པ་རེད་ལ།  ཤོད་སྟངས་དེ་རིགས་ལ་བོད་མི་ཡོངས་དང་ནུབ་སྡོད་པ་ཚོ།  ཐ་ན་རྒྱ་མི་གང་འཚམ་ཞིག་གིས་ཀྱང་ཤོད་སྟངས་དེ་བདེ་འཚམ་མིན་པ་མཐོང་གི་ཡོད།

བློ་ཕམ་པ་ཞིག་ལ།  ལྕམ་ལིས་ནས << དེང་དུས་བོད་ལོ་རྒྱུས་ཞིབ་འཇུག་བྱས་པའི་བློ་སྐྱེད་དང་བསམ་གཞིགས་ཐོར་བུ >>ཞེས་པར་བཀོད་པའི་གཏན་ཚིགས་དང་འདི་སྐབས་ཀྱི་མིང་མེད་པས་ཡིག་འཇོག་བྱས་པའི་གཏན་ཚིགས་གཉིས་ཆུ་ལ་ཆུ་བཞག་རེད།  “ ངས ’ སི་ཁྲོན་ས་ཁུལ་ཞིག ’ གམ་ཡང་ན ’ རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ ” ཤོད་པའི་སྐབས་ཆབ་སྲིད་ཀྱི་རིན་ཐང་ལྟ་སྟངས་ཅི་གང་བཟུང་མེད།  ཡང་གཅིག་བཤད་ན།  ངས་ས་ཁུལ་འདི་ཚོ “ ལོ་རྒྱུས་ནང་བོད་ཁུལ ” ཡིན་པ་ཁས་ལེན་མ་བྱས་པའང་མཚོན་གྱི་མེད།  དེ་ནི་ལོ་རྒྱུས་ནང་དུ་ཐུ་བྷོད་བཙན་རྒྱལ་བའི་ས་ཁོངས་རེད།  ངས་དེང་སྐབས་དངོས་ཡོད་གནས་སྟངས་ཀྱི་གྲུབ་ཚུལ་ལྟར་བཀོད་པ་ཁོ་ན་རེད་ཟེར། ”【15】

གལ་ཏེ།  “ རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ ” ཟེར་དུས་མངའ་དབང་དང་ཆབ་སྲིད་གོ་དོན་ཅི་གང་ལྡན་གྱི་མེད་ཚེ།  གུང་ཁྲན་ཏང་གིས “ བོད་རྒྱ་ནག་ཁྱབ་ཁོངས་ཀྱི་ཆ་ཤས་ཤིག་རེད ” ཟེར་ནས་ཤུགས་ཕུད་དེ་བསྒྲུབ་དགོས་དོན་ཡོད་པ་མ་རེད།  ཀློག་པ་པོ་སུ་འདྲ་ཞིག་ཡིན་ཀྱང “ རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་བོད་ཁུལ  ” ཟེར་བའི་གོ་བ་རྙེད་སྟངས་ནི “ རྒྱ་ནག་གི ”  ( རྒྱ་ནག་ལ་དབང་བའི )  བོད་ཁུལ་ཞེས་པར་གོ་བ་ལས།  “ རྒྱ་ནག་གི་ལྷོ་ནུབ་དང་ནུབ་བྱང་བོད་ཁུལ ” གོ་བ་ལེན་སྟངས ” བོད་རྒྱ་ནག་གི་ཆ་ཤས་ཟེར་བར་ཁས་ལེན་མེད་པ་དང༌།  ལོ་རྒྱུས་ནང་ཐུ་བྷོད་བཙན་རྒྱལ་བའི་ས་ཁོངས ” ཡིན་པར་བསྒྲུབས་པ་དེ་འདྲ་གོ་མི་སྲིད།  གལ་སྲིད་ཞིབ་འཇུག་པ་ཞིག་གིས་སྤྱད་པའི་ཚིག་བརྗོད་ལ་དེ་འདྲའི  “ གོ་ལོག ” ཐེབས་ཆོག་ཆོག་ཞིག་ཡོད་ན།  དེ་ནི་ཞིབ་འཇུག་པ་རང་གི་ནོར་འཁྲུལ་འབའ་ཞིག་ལས་འོས་མེད་དོ། 

ལྕམ་ལིས་ནས་འོད་ཟེར་ལ་ཐད་ཀར་ལན་འདེབས་མ་བྱས་པ་དེའི་ནང༌།  མི་ལོ་ལྔ་བཅུ་ལྷག་ཙམ་གྱི་ལོ་རྒྱུས་གསོན་པོ་འདིའི་ཁྲོད་ཀྱི་མི་སྣང་མང་པོ་ཞིག་ད་ལྟའང་ཡོད་ལ།  ཐ་ན་ལྕམ་ལིས་ཀྱི་དཔེ་དེབ་ནས་ཀྱང་ལོ་རྒྱུས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱས་འདུག་ལ། ལྷག་པར་དུ་ད་ལྟའི་བར་སྡུག་བསྔལ་དང་འོ་དོད་འབོད་བཞིན་པའི་བོད་མི་ཚོས་ངེས་པར་དུ་བོད་ཀྱི་བདག་དབང་གང་དུ་ཡོད་མེད་གསལ་གསལ་ཐིང་ཐིང་རྟོགས་དགོས་སོགས་ཀྱི་ཁེངས་དྲེགས་ཅན་གྱི་གསེད་བཀྲོལ་འགའ་ཞིག་བྱས་འདུག  “ ཞིབ་འཇུག་པས་དེང་དུས་ཀྱི་ལོ་རྒྱུས་ཞིབ་འཇུག་འདི་དེང་དུས་མ་ཡིན་པའི་འབྲེལ་མེད་དོན་གཞན་གྱི་སྐད་ཆ་སྟོང་པའི་ནང་འཁྲིད་མི་ཉན།  དེ་ནི་དེང་དུས་རྒྱ་ནག་གི་ལོ་རྒྱུས་ལ་ཞིབ་འཇུག་པས་ཆིང་སྐབས་ཀྱི་སྐད་ཆ་སྟོང་པ་སྤྱོད་མི་ཉན་པ་ལྟར་རེད།  ”【16】ཞིབ་འཇུག་པས་སྐད་ཆའི་རང་དབང་གང་ཙམ་རྟོགས་ཡོད་ནའང༌།  ཞིབ་འཇུག་པས་ཐ་སྙད་རྐུ་འཁྱེར་བྱེད་མི་རུང༌།  བོད་ས་ཤོར་བའི་དུས་ནི་ཐུ་བྷོད་བཙན་རྒྱལ་བའི་སྐབས་མིན་ལ།  ཆིང་སྐབས་སུའང་མ་རེད།  དེ་ནི་ཉེ་དུས་རང་རེད།  མི་ལོ་ལྔ་བཅུ་ཙམ་གྱི་དུས་ཚོད་ནང་དུ་རྒྱ་གུང་ཁྲན་པས་རྒྱ་ནག་ཏུ་སྲིད་དབང་བཙུགས་པ་དང༌།  འདི་དང་དུས་མཉམ་ལྟར་ཡོད་པའི་བཙན་བྱོལ་བོད་གཞུང་ད་ལྟའང་གནས་ཡོད་ལ།  ཏཱ་ལའི་བླ་མའང་བཞུགས་ཡོད།  དུས་སྐབས་དེར་རྒྱ་ནག་ལ་འགོག་རྒོལ་བྱེད་མཁན་གྱི་མི་སྣའང་འཚོ་བཞུགས་ཡོད་དུས།  “ བོད ” ནས  ” རྒྱ་ནག་གི་བོད ” ལ་ཅི་ལྟར་འགྱུར་བ་སོང་མིན་བདེན་དཔང་བྱེད་མི་ད་ལྟའང་འཚོ་བཞིན་ཡོད།

——   དེས་ན།  ནུབ་ཕྱོགས་ཤེས་ཡོན་པའི་སྡེ་ནས “ རྒྱ་ནག་གི་བོད ” ཅེས་པའི་སྐད་ཆ་སྟོང་པ་འདིར་འགྲེལ་བརྗོད་བྱེད་མི་སྲིད། 

ལྕམ་ལིས་ནས་ཧ་གོ་ངེས་ཤིག་ལ།  གལ་ཏེ་ནུབ་ཕྱོགས་པར “Tibetan areas of  Southwest and Northwest China” ཅི་ལྟར་བལྟ་སྲིད།  དེ་ནི་ལྕམ་ལིང་རང་གིས་བཤད་པ་ལྟར་རེད།  མོ་རང་གིས་གང་སྤྱད་པའི་ཐ་སྙད་དེ་དག་བསམ་གཞིགས་ཞིབ་ཚགས་བྱས་ཡོད་ངེས།  གང་ཞེ་ན།  “ ཅི་ཙམ་གྱིས་དབུས་ལ་གནས་པའི་ཚིག་བརྗོད་ཀྱིས་དེའི་ཚོད་ཀྱི་ནུས་པ་ཐོན་ཆེ་བས་རེད།

” ཡིན་ནའང༌། ལྕམ་ལིས་ཀྱིས་བསམས་ན།  བོད་སྐོར་འགྲེལ་བརྗོད་བྱེད་དུས།   དབུས་ལ་གནས་པའི་ཚིག་བརྗོད་བྱས་ན་ཁ་བྲལ་དུ་འགྲོ་བའི་རྣམ་པ་མཐོང་བས་རེད།  ལྕམ་ལིས་ནས་རྒྱ་མིའི་ཕྱོགས་དང༌།  རྒྱ་གུང་ཁྲན་པའི་ངོས་ནས་བོད་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

དྲུག་པ།  རྒྱ་བོད་གནད་དོན་ནི “ གུང་བོད་གནད་དོན ” རེད་དམ།

ཐང་རན་གསར་པའི་བརྙན་འཕྲིན་ནས་ལྕམ་ལིས་ལ་བཅར་འདྲི་ཞུ་དུས།  ལྕམ་ལིས་ལ “ གུང་བོད་གནད་དོན ” ཟེར་བའི་ལབ་སྟངས་ཤིག་ཡོད་པ་དེར།  འོད་ཟེར་གྱིས་དགག་རྒྱག་བྱས་པ་རེད།  ཡང་ལྕམ་ལིས་ནས་ཐང་རན་གསར་པའི་བརྙན་འཕྲིན་ནས་བཤད་དོན།  “  གུང་ཁྲན་ཏང་གིས་བོད་མི་དམངས་ལ་འཚེ་བའི་དྲག་གནོན་དང་ཆོས་དད་མེད་བརླག་ཏུ་བཏང་བ་བཅས་ནི།  ནང་སའི་རྒྱ་རིགས་མི་དམངས་ལ་བྱས་པའི་ལས་ཀ་དང་ངོ་བོའི་སྒང་ནས་ཁྱད་པར་ཡོད་མ་རེད་ཟེར།  ‘ རྒྱ་བོད་འགལ་ཟླ ’ ཟེར་བ་དེ་ཡང་དོན་དམ་དུ ’ གུང་བོད་འགལ་ཟླ ’ རེད་ཟེར།  ” ལིས་ཅང་ལིང་གི་སྐད་ཆ་ཨ་མ་ནི  “…… ངས་རྒྱ་བོད་གནད་དོན་ཟེར་བ་འདི་ཚིག་བརྗོད་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད།  ངས་བསམས་ན་གནད་དོན་འདི་ནི་གུང་བོད་གནད་དོན་རེད།  རྒྱ་བོད་གནད་དོན་མ་རེད།  ”【17】

གལ་ཏེ་ངས་གོ་དོན་འཛོལ་མེད་ན།  བཅར་འདྲི་སྤྱིའི་གནས་སྟངས་ལ་བལྟས་པ་ཡིན་ན།   “ རྒྱ་བོད་འགལ་ཟླ ” “ གུང་བོད་འགལ་ཟླ ” ལ་འགྱུར་བ་སོང་བ་དེ་ནི་ཧ་ཅང་གི་ཐོལ་བྱུང་བ་ཡིན་པ་དང༌།  རྒྱུ་མཚན་ནི་གཏན་ཚིགས་རང་གི་སྒང་ནས་བསམ་བློ་བཏང་བ་ཡིན་ན། དང་ཐོག “ གུང་ཁྲན་ཏང་གིས་བོད་དུ་སྤེལ་བའི་ཁྲམ་སྤྱོད་དེ་ནི་རྒྱ་བོད་འགལ་ཟླའི ” གླེང་གཞི་ཡིན་དགོས།  དེའི་རྒྱུ་མཚན་གྱིས་ལྕམ་ལིས་ནས་དགག་ལན་ཡོང་གི་ཡོད་པ་རེད།  ཡིན་ནའང་བཅར་འདྲི་རང་གི་བརྗོད་གཞི་མིན་པ་འདྲ་སྟེ།  ངས་དྲ་ཐོག་ཏུ་ཉུལ་བས་མི་སུས་ཀྱང་གུང་ཁྲན་ཏང་གིས་བོད་དུ་སྤེལ་བའི་ཁྲམ་སྤྱོད་དེ་ནི “ རྒྱ་བོད་འགལ་ཟླ ” འམ “ གུང་བོད་འགལ་ཟླ ” ཞེས་ལབ་མཁན་མཐོང་མ་སོང༌།  འདི་ལྟར་ལབ་མཁན་གྱི་བོད་མི་མེད་པ་མ་ཟད།  རྒྱ་མི་ཡང་མེད་པ་མཐོང༌།  ལྕམ་ལིས་ནས་དགག་ལན་བྱ་དགོས་པའི་གླེང་གཞིའང་མེད་དུས།  ཅིའི་ཕྱིར་དུ “ རྒྱ་བོད་འགལ་ཟླ ” དོན་དམ་དུ  “ གུང་བོད་འགལ་ཟླ ” ལ་སོང་བ་རེད་དམ། 

ཡིན་ནའང༌།  ཐང་རན་གསར་པའི་བརྙན་འཕྲིན་ནས་ལིས་ཅང་ལིང་གིས་བཤད་དོན།  “ རྒྱ་བོད་འགལ་ཟླ་ཟེར་བ་དེ་ནི་དོན་ངོ་མས་གུང་བོད་འགལ་ཟླ ” རེད་ཟེར་བའི་འགྲེལ་བརྗོད་འདི་ནི་ཅི་འདྲའི་སྒྲ་གསལ་ཞིང་དག་པ་ཞིག་རེད། ལྕམ་ལིས་ཀྱིས་གང་བཀོལ་བའི་སྐད་ཆས་བརྗོད་གཞིའི་རྩོད་སྒྲུབ་ཀྱི “ འོས་འཚམ་རང་བཞིན  ”  བསྟན་གྱི་ཡོད།  གཞན་ཡང་ལིས་ཀྱི་རྒྱུ་མཚན་གཙོ་བོ་ཞིག་ནི།  གུང་ཁྲན་ཏང་གིས་བོད་དུ་བྱས་པའི་ལས་ཀ་ཚང་མ་རྒྱ་ནག “ ནང་ས ” ལ་བྱས་པ་དང་གཅིག་མཚུངས་རེད།    རྒྱ་མི་ཡང་གྱོང་ཕོག་མཁན་རེད།  གཉིས་སུ་རྒྱ་མི་དམངས་ཀྱིས་གུང་ཁྲན་ཏང་གིས་བོད་ལ “ གསང་བའི “ ངང་བརྒྱབས་པའི “དམག་འཐབ“ ཤེས་རྟོགས་ཅི་གང་མེད།  དེས་ན་རྒྱ་མི་ལ་འགན་ཅི་གང་མེད་དུས།   ” གུང་བོད་གནད་དོན ” ཡིན་པ་རེད་ཟེར། 

” ཞོད་འཇགས ” སྐོར་རྒྱ་ནག་མི་དམངས་ངོས་ནས་བཤད་ན་རྕ་བ་ཉིད་ནས་གསང་དོན་མིན།  དེའི་སྐབས་ཀྱི་ཤིན་ཧྭ་ཚགས་པར་ཁང་དང༌།  ཤིན་ཧྭ་ཉིན་རེའི་ཚགས་པར།  ཀྲུང་དབྱང་མི་དམངས་གློག་འཕྲིན་ལས་ཁུངས་སོགས་ནས ”ཞོད་འཇགས ” དང༌།  དེའི་སྐོར་གྱི་གྲོས་ཆོད། ”ཞོད་འཇགས ” ཐད་ཀྱི་སྤྱི་ཚོགས་གླེང་ཕྱོགས།  ”ཞོད་འཇགས ” ཀྱི་གྲུབ་འབྲས་བཅས་འུད་སྒྲོག་བྱེད་པ་དང༌།  ( དམག་འཐབ་ཉིན་འདི་དག་ནང༌།  དམག་མི་ངོ་ལོག་འདི་ཙམ་གསོན་བཟུང་བྱས་པ།  གོ་ལག་འདི་ཙམ་གཞུང་བཞེས་བྱས་པ། ) སོགས་ཟེར་ནས ” ཞོད་འཇགས ” ཐུབ་པར་རྒྱལ་ཁའི་དགའ་སྟོན་བྱས་པ་མ་ཟད།  ཡིག་ཚོགས་མང་བའི་གནས་ཚུལ་དེ་དག་ལམ་འགྲོ་བ་ཚང་མས་ཤེས་ཡོད།  གལ་ཏེ་དེ་རིང་ཁ་སང་འདི་སྐོར་ཤེས་མཁན་ལོ་གཞོན་ཧ་ལམ་དཀོན་ཚོད་རེད་ལབ་ན། དེ་ནི་བརྡ་འཕྲིན་དང་ཤེས་ཡོན་གྲུབ་ཆ་ལ་འགྱུར་བ་སོང་བ་ཙམ་ཡིན་དུས།  “ གསང་བ ” ཞེས་པ་དང་འབྲེལ་བ་ཡོད་མ་རེད། 

དངོས་གནས་གསང་བ་ཞེས་ལབ་ཆོག་ས་དེ་ནི་བོད་ཆོལ་གསུམ་ས་ཁུལ་གྱི “ སྡེབ་གསོད ” རེད།  ཞིབ་ཙམ་བཤད་ན་རྒྱ་མི་མང་ཆེ་བས དོན་དམ་དུ “ ཞོད་འཇགས ” སྐབས “ ངོ་ལོག་པ ” ཅི་ཙམ་བསད་མིན་དང༌།  མཚོན་ཆ་ཙག་བུ་ཙམ་མེད་པའི་བུད་མེད་དང་ཕྲུ་གུ ཐ་ན།  གྲོང་སྡེ་ལ་ལ་སྡེབ་གསོད་བྱས་པ་རེད།  འདི་ནི་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ནང “ སྡེབ་གསོད ” ཅེས་ནན་བརྗོད་བྱས་པའི་དགོས་པ་དེ་རེད།

ལིས་ཅང་ལིང་གིས་བསམས་ན།  “  བོད་སྐོར་ལ།  ས་ཆ་དེར་ལྷག་པའི་དམག་འཐབ་དེ་ནི།  དོན་ངོ་མར་བརྗོད་ན་རྒྱ་ནག་གུང་ཁྲན་སྲིད་དབང་བཙུགས་པ་དང༌།  རྒྱལ་ཁབ་དབང་ཆ་སྒྲིག་བཀོད་བྱས་པའི་ཆ་ཤས་ཤིག་རེད།  དེ་ན་ལྷག་པའི་གནས་ཚུལ་ཡོངས་སུ་རྫོགས་པ།  ངོ་བོའི་ཆ་ནས་ནང་སའི་གནས་ཚུལ་དང་ཁྱད་པར་ཡོད་པ་མ་རེད།  ནང་ས་རུ་ཁོས་སྲིད་དབང་བཙན་འཕྲོག་བྱས་རྗེས་རྒྱལ་ཁབ་ཀྱི་དབང་ཆ་བཙུགས་པ་རེད།  ཁོས་བོད་ཁུལ་དུ་བྱས་པའི་ལས་ཀ་ཡོངས་སུ་རྫོགས་པ་འདི་ག་ནང་བཞིན་རེད་ཟེར།” 【18】

རྒྱ་ནག་ཏུ།  གུང་ཁྲན་རིང་ལུགས་ལྟ་བ་ཁུར་མཁན་རྒྱ་མིའི་ཤོག་ཁག་ནས་ནང་འཁྲུག་བརྒྱུད།  གོ་མིང་ཏང་རྒྱ་མིའི་སྲིད་དབང་རྩ་རྫོགས་བྱས་ཏེ།  གུང་ཁྲན་ཏང་གི་རྒྱ་མིའི་སྲིད་དབང་བཙུགས་པ་རེད།  རྒྱ་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་འདིེར ” རྒྱ་ནག་ལ་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་སོང  ”  ལབ་སྲིད་དམ།  ”  གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་ལ་གཏད་པའི་དྲག་པོའི་དབང་སྒྱུར་དེའང ‘ གུང་རྒྱའི་འགལ་ཟླ ’  ཞེས་ཤོད་སྲིད་དམ།  ” རྒྱ་མིའི་ངོས་ནས་བཤད་ན།  གུང་ཁྲན་ཏང་གིས་སྲིད་དབང་བཙུགས་པ་དེའང་སྲིད་དབང་འཕོ་འགྱུར་སོང་བ་ཙམ་རེད།  དེ་ནི་རྒྱ་མིའི་ཤོག་ཁག་ཡིན་པ་གང་ཞིག་ལ་སྲིད་དབང་ཡང་རང་སོར་གནས་ཡོད་པ་མ་ཟད།  རྒྱ་ནག་ཀྱང་སྔ་མའི་རྒྱ་ནག་དེ་ག་རང་རེད། 

བོད  ( ཐུ་བྷོད ) དུ།  གུང་ཁྲན་རིང་ལུགས་ལྟ་བ་འཛིན་མཁན་གྱི་རྒྱ་མིའི་སྲིད་དབང་དྲག་མཚོན་ཐོགས་ཏེ།  མི་ལོ་ཁྲི་སྟོང་མང་པོར་བོད་མི་ཚོ་འཚོ་སྡོད་བྱས་ཤིང༌།  བོད་མིས་སྲིད་དབང་བཟུང་བའི་ས་ཆར་འཛུལ་ནས།  ས་ཁོངས་མཉམ་སྦྲེལ་བྱས་པ་མ་ཟད།  བདག་དབང་བཙན་འཕྲོག  རིག་གནས་རྩ་གཏོར།  དཔལ་འབྱོར་བཏང་འཛིན་དང་བཙན་འཕྲོག་གི་བསམ་པ་བཅངས་ནས་བོད་མིས་དང་ལེན་ཡོད་པ་དང༌།  བོད་མའི་ཁྲིམས་མཐུན་གྱི་སྲིད་དབང་གུང་ཁྲན་ཏང་གི་རྒྱའི་སྲིད་དབང་ལ་བརྗེ་བསྒྱུར་བྱས།  དེ་ནས་བཟུང་བོད་མི་ཚོ་ས་ཆ་དེའི་སྒང་ནས་རང་དབང་ཡོད་ཚད་བརླགས་པ་རེད།  ” བོད ”( ཤིས་ཙང ) དེ་ཉིད ” རྒྱ ” ( ཀྲུང་གོའི )  ཞིང་ལྗོངས་ལྔའི་ནང་གི  (  དེ་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན།  སི་ཁྲོན་ཞིང་ཆེན།  ཀན་སུའུ་ཞིང་ཆེན།  ཡུན་ནན་ཞིང་ཆེན ) བཅས་ལ་བསྒྱུར་བ་རེད།  བོད་མིའི་ངོས་ནས་བཤད་ན།  འདི་ནི་རྒྱལ་ཁབ་ཤོར་བ་རེད།  རྒྱ་གུང་ཁྲན་པས་རྒྱ་ནག་ལ་སྲིད་དབང་བཙུགས་པ་དང་བོད་ལ་སྲིད་དབང་བཙུགས་པ་གཉིས་ངོ་བོའི་སྒང་ནས་གཏན་ནས་འདྲ་གི་མ་རེད། 

ལྕམ་ལིས་ནས་གུང་ཁྲན་ཏང་གིས་རྒྱ་ནག ” ནང་ས ” རུ་བརྩམས་པའི་ལས་ཀ་དང་བོད་དུ་བྱས་པའི་ལས་ཀ་གཉིས་བལྟས་ཚོད་ཀྱིས་འདྲ་གི་ཡོད་པ་རྒྱུ་མཚན་དུ་བཟུང་ནས།  ” ངོ་བོའི་སྒང་ནས་གཅིག་པ་རེད ” ཟེར་བའི་ཆོད་གཏམ་སྤེལ་བ་རེད།  དེས་ན།  བོད་དུ་སྐྱེས་འཚར་བྱས་ཤིང༌།  རྟག་ཏུ་ཉེན་རྟོག་རླངས་འཁོར་གྱིས་རྗེས་འདེད་པ་དང༌།  ”བཙན་མགྲོན ” ( སྒྱུར་བ་པོའི་མཆན།  གོང་དུ་སྤྱད་པའི་ཐ་སྙད་དེའི་གོ་དོན་ལ་སྐྱ་ཆས( དཀྱུས་ཆས )ཉེན་རྟོག་པས་བཙན་པོ་དབང་ཡོད་ངང་མི་ག་གེ་མོ་ཇ་འཐུང་སར་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་པའི་དོན་ཡིན།  ཕྲན་ནས་འདིར་བཙན་མགྲོན་དུ་བསྒྱུུར་མོད་སྐབས་དོན་ལ་འབྱོར་མིན་ཅི་ཆ།   རྒྱ་སྐད་དུ་འདིར་被喝茶ཞེས་པ་སྤྱོད་བཞིན་ཡོད )དུ་འབོད་འགྲོ་བའི་འོད་ཟེར་ལགས་ཀྱིས་ཉེན་ཁར་མ་འཛེམ་པར་བཤད་དོན།  “ འདི་གཉིས་ལ་ངོ་བོའི་སྒང་ནས་ཁྱད་པར་ཡོད་པ་བཤད་ག་ལ་དགོས།  ——’ ནང་ས ’ འབོད་པའི་ས་ཆ་དེར་ལྷག་པའི་གནད་དོན་དེ་ནི་ནང་འཁྲུག་རེད་མོད། བོད་དུ་བྱུང་བའི་གནད་དོན་ནི་རྒྱ་ནག་གི་བཙན་འཛུལ་རེད། ” ཅེས་བཤད་ཡོད།【19】

ལྕམ་ལིས་བསམས་དུས་གུང་ཁྲན་ཏང་གི་གྲལ་རིམ་འཐབ་རྩོད་ནང་རྒྱ་བོད་ཉེ་རིང་མེད་པར་ལས་འགུལ་སྤེལ་བ་རེད་ཟེར།  “ དོན་དམ་དུ་བོད་ཁུལ་གྱི་དགོན་པ་བཤིག་གཏོར་བྱས་པ་དེ་ནི་རྒྱ་ནག་ས་ཆེན་ནང་ཆེས་ཐ་མའི་བཤིག་གཏོར་དེ་རེད།  དེའི་སྔོན་དུ།  རྒྱ་ནག་ནང་སའི་ཞིང་ཆེན་སོ་སོ་དང་ཆོས་ལུགས་དགོན་པ་ཁག་ཚང་མ་རྩ་བའི་ཆ་ནས་གཏོར་བཤིག་བྱས་ཟིན་པ་རེད།” 【20】 འདིས་རྐྱེན་པས་མི་རྣམས་ཀྱིས་བོད་མི་དང་རྒྱ་མི་ཚང་མ་གུང་ཁྲན་ཏང་འོག་གི་གྱོང་རག་མཁན་རེད་ཟེར་བའི་སྡོམ་ཚིག་འདི་རྙེད་པ་རེད།  “ ང་ཚོ་ཚང་མ་གྱོང་རག་མཁན་རེད།  ”  ” བོད་རིགས་མི་དམངས་དཀའ་སྡུག་ཕོག་མཁན་རེད་ལ།  རྒྱ་རིགས་མི་དམངས་ཀྱང་དཀའ་སྡུག་ཕོག་པ་མ་ཟད།  ཐ་ན་སྔ་མ་ལས་ཀྱང་སྡུག་མྱངས་ཆེ།  ”  ཟེར་བའི་སྐད་ཆ་འདི་ཚོ་རྒྱ་མིའི་ནང་ཁྱབ་གདལ་ཆེ་ལ།  བོད་མིའི་ཁྲོད་དུའང “ཡང་དག་པའི་ཆབ་སྲིད་ལྟ་ཕྱོགས ” བརྩི།  ཡིན་ནའང་མི་རྣམས་གོ་འཛོལ་འགྲོ་སླ་བ་ཞིག་ལ།  བོད་ཅེས་པའི་ས་ཁོངས་དམིགས་བསལ་བ་འདིའི་སྟེང་དུ།  རྒྱ་མི་ཚོ་གཏན་ནས་ཉེས་མེད་མིན།  རྒྱ་མི་ཚོ་གུང་ཁྲན་ཏང་གི “ ཁེ་བཟང་རག་མི ” ཡིན།

བོད་རྒྱལ་སྤྱིའི་སྒང་གི་གནས་བབ་ལ་ཁས་ལེན་མེད་པ་དང༌།  རྒྱའི་རིག་གནས་ལ་ཁྱད་འཕགས་རང་བཞིན་ལྟ་ཚུལ་འཛིན་པ།  ཆོས་ལུགས་དང་མི་རིགས་མཐོང་ཆུང༌།  རྒྱ་རིགས་ཁེ་དབང་བོད་མི་ལས་མཐོ་བ་སོགས་ནི “ རྒྱ་བོད་གནད་དོན ” རེད།  དེ་དག་ལས།  བོད་རྒྱལ་སྤྱིའི་སྒང་གི་གནས་བབ་ལ་ཁས་ལེན་མེད་པ་དེ་ནི་རྒྱ་མི་སྤྱིའི་ལྟ་བ་ཁུར་སྟངས་རེད།  དེ་ནི་རྒྱ་བོད་གནད་དོན་གྱི་རྩ་བ་ཡིན་དགོས་པ་རེད།   རྩ་བ་འདི་ནི་རྒྱ་གུང་ཁྲན་ལས་རྒན་པ་རེད་ལ།  མང་ཆེ་བ་རྒྱ་གུང་ཁྲན་ལས་ཀྱང་སྐུ་ཚེ་རིང་བ་ཡོད།

རྒྱ་མི་དཀྱུས་མ་ཚོས་སྤྱིར་བོད་ཀྱི་གནད་དོན་རྒྱ་ནག་གི་མངའ་ཁོངས་སུ་གཅུད་དགོས་བསམས་མོད།  ཡིན་ནའང་དབང་ཆ་དང་ནུས་པས་བཙན་འཛུལ་བྱེད་ཐུབ་ཀྱི་མེད།  ཁུ་སིམ་སིམ་ངང་གྱུར་མིད་རྒྱག་དྲན་ཡོད།  དཔེར་ན་དེ་སྔོན་རྒྱ་བོད་ས་མཚམས་སུ་ས་རྒོད་ཕྲུ་སློག་བྱས་ནས་རོང་ས་བདག་བཟུང་བྱས་དུས་བོད་མི་ས་ཁད་མཐོ་སར་གནས་སྤོ་མ་བྱས་རང་བྱས་ལྟ་བུ་ཆགས་ཡོད།  དེའང་བཤད་ན།  རྒྱ་མིའི “ ཧམ་སེམས་སྔོན་དུ་སོང་བ ” སྨོས་མེད་རེད།  ཡིན་ནའང༌།  རྒྱལ་ཁབ་ཀྱི་དམག་མི་དྲག་མཚོན་ཐོགས་ཏེ་བོད་དུ་བཙན་འཛུལ་བྱས་པ་དང༌།  ཁྲག་དྲི་བྲོ་བའི་དྲག་གནོན་དང་སྡེབ་གསོད་ཆེན་མོ་བཅས་ལ་བརྟེན་ནས “ གཅིག་གྱུར་ལས་དོན་ཆེན་མོ ” རྩོམ་མཁན་གུང་ཁྲན་ཏང་རེད།  ངོ་མ་བཤད་ན།  “ ཁམས་བོད་འགལ་ཟླ ” ནས་བལྟས་པ་ཡིན་ན།  གལ་ཏེ་གོ་མིང་ཏང་ཕམ་ནས་ཐའེ་ཝན་དུ་བྲོས་མེད་རྒྱུ་ན།  རྒྱ་ནག་མི་སེར་རྒྱལ་ཁབ་ནས་བོད་ལ་བཙན་འཛུལ་བྱེད་ཀྱི་མ་རེད་ཅེས་ཤོད་དཀའ་མོ་རེད།  གུང་ཁྲན་ཏང་གིས་བོད་དུ་བཙན་འཛུལ་བྱས་པ་ཕུད།  ད་དུང་ནག་ཉེས་མང་པོ་བསགས་ཡོད་པ་རེད།  བོད་དུ་བཙན་འཛུལ་བྱ་ཆེད་ཇུས་འགོད་བྱེད་པ་དང༌། འཆར་གཞི་འདིང་བ།  ཞིབ་ཕྲའི་ལག་ལེན་བསྟར་མཁན་གྱི་གུང་ཁྲན་ཏང་མི་དེ་ཚོ་ཚང་མ་ཉེས་དོན་བྱས་ཉེས་བསགས་པའི་མི་རེད།  ནག་ཉེས་དེ་ཚོ་འབྱུང་འགྱུར་རེ་རེ་གཉིས་གཉིས་བྱས་ནས་རྩིས་བརྒྱག་དགོས།  རྒྱ་ནག་སྲིད་གཞུང་ནི་ནག་ཉེས་དེའི་མགོ་པ་རེད། ཨ་ཅང་རྒྱ་ནག་མི་དམངས་ཀྱི་འགན་འཁྲི་ག་ནས་ཡིན། 

གུང་ཁྲན་ཏང་གིས་བོད་ལ་གནམ་སར་མི་ཤོང་བའི་སྡིག་ཉེས་བསགས་རྗེས།  བོད་རོལ་མྱོང་བྱེད་མཁན་ནི་བོད་དུ་བཙན་འཛུལ་ཆེད་ཇུས་འགོད་བྱེད་པ་དང༌།  འཆར་གཞི་འདིང་བ།  ཞིབ་ཕྲའི་ལག་ལེན་བསྟར་མཁན་གྱི་གུང་ཁྲན་ཏང་མི་དེ་ཚོ་རྐྱང་པ་མིན་པར།  “ རང་རྒྱལ་ཁབ་ཀྱི་ས་ཁོངས་ཡིན་ཤག་བྱས་ནས་རང་དབང་ངང་གནས་སྤོ་བྱེད་ཀྱིན་པའི ” རྒྱ་མི་ཚོ་བོད་དུ་སླེབས་ནས།  བོད་དང་བོད་མི་ལ་ཅི་ཞིག་ཁྱེར་འོངས་བ་ངས་མང་པོ་བཤད་འདོད་མེད།  མི་བསད་ནག་ཉེས་བསགས་པའི་གུང་ཁྲན་ཏང་གིས་མི་རོ་ཁག་བགོས་བྱས་པ་དང༌། ཟས་སུ་མི་རོ་ལ་བརྟེན་པའི་མི་དམངས་རྣམས་ཀྱང༌།  ཐག་རྡང་གཅིག་གི་སྒང་ནས་ཁེ་བཟང་རག་མཁན་ཡིན་དུས། བོད་ཀྱི་གནད་དོན་སྐོར་ལ་ཅི་ལྟར་བལྟས་ཀྱང་གུང་ཁྲན་ཏང་དང་ཁེ་མྱོང་གོང་བུ་གཅིག་པ་མ་རེད་དམ།

བོད་ཀྱི་གནད་དོན་འདིར་ཐོག་མའི་བཙན་འཛུལ་ནས་ཕྱིས་ཀྱི་སྣ་མང་རྙོག་འཛིང་ཅན་བར།  རྒྱ་བོད་གནད་དོན་གྱི་གྲིབ་གཟུགས་ཡལ་མེད།  “ བོད་རྒྱ་ནག་གི་ས་ཁོངས ” ཟེར་བའི་ངོས་འཛིན་འོག  རྒྱ་མི་དང་གུང་ཁྲན་ཏང་ཁ་ཁར་དབྱེར་མེད་ལ།  ཁེ་བཟང་གི་ཐག་རྡང་གཅིག་འོག་ན་རྒྱ་མི་དང་གུང་ཁྲན་ཏང་གོང་བུ་གཅིག་འགྲིལ་རེད།  རྒྱ་མི་དཀྱུས་མ་ཚོ་ལ་དབང་ཆ་དང་ནུས་པས་བོད་སྐོར་ནག་ཉེས་བསགས་མེད་པ་ཆ་བཞག་ནའང༌།  བོད་མིའི་འཚོ་བའི་གོ་སྐབས་ཁོལ་གྱིས་བཙན་འཕྲོག་བྱས་པ་དང༌།  མི་རིགས་ཆོས་ལུགས་ལ་མཐོང་ཆུང༌།  བོད་མིའི་རང་དབང་དང་རང་ཐག་རང་གཅོད་སོགས་ཁས་ལེན་མེད་པ་བཅས་ཀྱིས་ཉེས་དོན་བྱས་ཉེས་བསགས་པའི་ཁོངས་སུ་འདུ་གི་མེད་ཀྱང༌།  ཡ་རབས་སྤྱོད་བཟང་གི་ནག་ཉེས་ལས་ཐར་ལེ་མ་རེད།  རྒྱ་བོད་གནད་དོན་དང་གུང་ཁྲན་ཏང་གི་བྱས་ཉེས་གཉིས་མ་གཞི་ནས་ཐ་སྙད་མི་འདྲ་བ་གཉིས་རེད།  བཅར་འདྲི་དེར་དམིགས་བཀར་གྱི་བརྗོད་གཞི་མེད་པའི་བར་གསེང་ནས་ཐ་སྙད་འདི་གཉིས་མཉམ་བསྲེས་བྱས་པ་རེད།  ཅིས་ཀྱང “ རྒྱ་བོད་འགལ་ཟླ་འདི་དོན་དངོས་ཐོག་གུང་བོད་གནད་དོན ” དུ་རྩོད་སྒྲུབ་བྱ་དགོས་ན།  དེའི་བྱེད་ནུས་ནི་ཕྱི་ཉུལ་རྒྱ་མི་ཚོའི་སྤྱོད་ལམ་ནག་པོ་བཟོ་ཐུབ་རྒྱུ་དེ་རེད།

“ གུང་བོད་གནད་དོན ” ཟེར་བའི་ཚིག་བརྗོད་འདིར།  འོད་ཟེར་ལགས་ཀྱིས  << གུང་བོད་གནད་དོན་ལ་གནད་དོན་འདུག >>ཅེས་པའི་རྩོམ་ཡིག་ནང་ལན་འདེབས་བྱས་དོན།  སྡེབ་གསོད་དང་འགོག་རྒོལ་ལ་ཡང “ གུང ” དང ” བོད ” དབར་གྱི་གནད་དོན་ནམ།  ཡང་ན།  ” འགལ་ཟླ་ཡོད་པ་རེད་ཟེར་བ་དེ་ནི་བཤད་པའི་རྩལ་ལག་ཆེ་དྲགས་ནས།  དོན་དངོས་ལ་སྒྲིབ་གཡོས་སོང་ཨེ་རེད།  【21】ཉོས་ལུན་པའི་རྒྱལ་སྤྱིའི་ཁྲིམས་རྭ་ན།  ཨ་རིའི་ཞིབ་དཔྱོད་དབུ་བློན་ལའོ་པོ་ཐེ .H. ཅེ་ཁེ་ཤུན་གྱིས་བཤད་དོན། “ བཙན་འཛུལ་དམག་འཐབ་བྱས་པ་དེ་ནི་རྒྱལ་སྤྱིའི་ནག་ཉེས་ཕོག་པ་མ་ཟད།  རྒྱལ་སྤྱིའི་ནང་ཚད་གཞི་ཆེས་མཐོ་ཤོས་ཀྱི་ནག་ཉེས་རེད།  འདི་དང་སྤྱིར་བཏང་དམག་འཐབ་ཀྱི་ཁྱད་པར་ནི།   བཙན་འཛུལ་དམག་འཐབ་ལ་སྡིག་ཉེས་ཀྱི་རིགས་མཐའ་དགཚུད་ཀྱི་ཡོད་པ་དེ་ཁོ་ནས་རེད། ” 【22】

འོད་ཟེར་དང་ལྕམ་ལིས་ཀྱི་འགལ་བའི་ལྟ་སྟངས་འདི།  ལིས་ཀྱི་ཡིག་འབྲུ་སྟོང་ཕྲག་ལྷག་ཡོད་པའི་རྩོམ་ཡིག་ནང་གསལ་བཤད་ཅི་གང་བྱས་མེད།  རྩོམ་ཡིག་སྤེལ་རྗེས་བོད་ཀྱི་གནད་དོན་ལ་དོ་ཁུར་ཡོད་པའི་རྒྱ་མིའི་ཁྲོད་རྩོད་པ་བསླངས།  རྒྱ་མི་གྲོགས་པོ་ཁ་ཤས་ཀྱིས་ལིས་ལ་མ་ཉེས་ཁ་གཡོགས་བསམས་ཡོད་ལ། འོད་ཟེར་གྱིས “  ཉེས་མེད་སྐྱོན་མདོག ” བྱས་པ་དེ ” ཐལ་དྲགས ” པས།  འོེད་ཟེར་ལ “ བོད་མི་རིགས་རིང་ལུགས་ཀྱི ” ཞྭ་མོའང་གཡོགས་པ་རེད།  ངས་དེ་རིང་རྩོམ་རིང་འདི་སྤེལ་དོན་ནི།  འོད་ཟེར་དང་ལིས་ཅང་ལིང་མི་སྒེར་པ་གཉིས་ཁོ་ནའི་ལྟ་ཕྱོགས་འགལ་ཟླ་སོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།  མ་གཞི་རྒྱ་མི་མང་པོ་ཞིག་ནས་གུང་ཁྲན་ཏང་དབང་འོག་ན་ཡོད་པའི་བོད་མིར་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ནའང༌།  ཁོང་ཚོ་ད་དུང་ཡང་བར་གནས་པ་མིན་ལ།  དཻ་ནི “ རྒྱ་མིའི ”  ངོས་ཕྱོགས་ནས་རེད།  ཨ་ཅང་ཅང་བོད་མིའི་ལྟ་ཕྱོགས་རིང་དུ་སོང་བ་ཞིག་རེད།

རྒྱ་ནག་སྲིད་གཞུང་དང་རྒྱ་མིས་འགྲེལ་བཤད་བྱས་པའི་བོད་དེ་བོད་ངོ་མ་མིན་པར།  བོད་དང་བོད་སྐོར་གྱི་གནད་དོན་ཡོད་ཚད། བོད་མི་ལ་བོད་མིའི་གོ་དོན་ཡོད་དོ།།

 

༢༠༡༢།༡༢།༨  དབྱི་སི་རལ་ནས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 9

  1. tashiloma says:
    ལོ་ 13 སྔོན།

    ཧ་ཅང་ཡག་པོ་འདུག་འདི་བུའི་རྩོམ་གང་མང་བཀོད་ཐུབ་ན་དགེ་མཚན་ཆེ།

    Reply
  2. ནགས་མེ། says:
    ལོ་ 13 སྔོན།

    མ་གཞི་ནས་འོད་ཟེར་ལགས་ཀྱིས་བོད་ནང་གི་རང་སྲེག་ལས་འགུལ་ལ་ངོ་རྒོལ་ཡོད་པ་གང་དུ་བཤད་འདུག མོ་རང་ནས་བོད་མི་རེ་རེའི་ཚེ་སྲོག་ཧ་ཅང་རྩ་ཆེ་བས་ཚང་མས་གསོན་པོར་བསྡད་ནས་འཐབ་རྩོད་བྱེད་རོགས། གནས་སྐབས་འདི་ནས་རང་སྲེག་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་བྱས་པ་ཁོ་ན་རེད།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    འོད་ཟེར་ལགས་ཨེ་རླུང་གི་ཕོགས་ཡོད་གདན་ཞུས་དཔྱད་བརྗོད་པ་ཞིག་ཡིན་པས། ལས་ཀ་དེ་རིགས་གཞོལ་དུ་མེད་པ་ཞིག་རེད། ཡིན་ནའི། རང་ཉིད་རྒྱ་མིར་ཆང་ས་བསྐྱོན་ཡོད་བཞིན་དུ་ད་དུང་བོད་དོན་གྱི་ངོ་བོ་ནི་རྒྱ་བོད་འགལ་ཟླ་ཡིན་ཚུལ་གླེང་བཞིན་པ་ནི་དོགས་པ་ཟ་ཡུལ་ཞིག་རེད། ཡང་ཅིག་བཤད་ན། དགའ་ལྡན་ཕོ་བྲང་གཞུང་ལས་ཁང་གིས་དོན་རྐྱེན་འདིའི་ཐད་གསལ་བསྒྲགས་སྤེལ་དགོས་ཐུག་མི་སྲིད་པའང་མིན་པས། ནགས་ཤོད་སད་མི་ལགས་སད་རན་མེད་དམ།

    Reply
  4. ནགས་མེ། says:
    ལོ་ 13 སྔོན།

    ཐོག་མར་འོད་ཟེར་ལགས་ནས་གཉེར་བཞིན་པའི་པོད་ཁུག་གནད་དོན་ཁག་ལ་ཉིན་རེ་བཞིན་རྒྱུས་ལོན་དགོས་པ་མ་ཟད། དེ་བཞིན་ཁོ་མོས་པར་སྐྲུན་བྱས་པའི་དེབ་ཕྲེང་དག་དང་། གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་བཤད་པའི་སྐད་ཆ་སོགས་ཆ་རྒྱུས་ཡོད་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད།

    Reply
  5. གནས་ཚང་། says:
    ལོ་ 13 སྔོན།

    ནགས་མེ་ལགས། པཎ་ཆེན་བཅུ་བས་བོད་རྒྱའི་མཐུན་སྒྲིལ་དམ་ཟབ་དང་བོད་ཀྱི་རང་སྐྱོང་ལག་བསྟར་གསུངས་ཡོད་པ་ཤེས་གསལ་རེད། འོད་ཟེར་དེ་ལས་ལྡོག་ནས་བོད་རྒྱར་འགལ་བ་མ་གཏོགས་མེད་ཚུལ་གླེང་གི་ཡོད་པས། ལྐུགས་པ་ལྐུགས་ནག་ཅིག་ཡིན་ན་མགཏོགས་ག་རེ་ཡིན་པ་ཧ་གོ་མི་ཡོང་ངམ།

    Reply
  6. ནགས་མེ། says:
    ལོ་ 13 སྔོན།

    དེ་ལྟ་ན། བོད་རྒྱལ་སྲོང་བཙན་སྒམ་པོ་དང་། པཎ་ཆེན་བཅུ་པ་མཆོག་བཅས་ལ་གཏི་ཐུག་གི་སྐད་ཆ་འདིས་གནོད་དགོས་པས་་་་་་་་་་་་་་་

    Reply
  7. གནས་ཚང་། says:
    ལོ་ 13 སྔོན།

    ནགས་མེ་ལགས། གལ་སྲིད་བོད་རྒྱའི་འགལ་ཟླ་ཡིན་པ་བདེན་ན། འདི་ལྟར་གསུངས་མཁན་འོད་ཟེར་ལགས་ཀྱི་ཁྱོ་ག་རྒྱ་མི་ཡིན་དོན་ཅི། དེ་ནི་འགལ་ཟླ་མ་ཡིན་པའི་མཛའ་བརྩེ་དང་གཅིག་ལ་གཅིག་བརྟེན་མཚོན་བཞིན་པ་མིན་ནམ། དེ་ལས་ལྡོག་ན། འོད་ཟེར་གྱིས་རྒྱ་ལ་མགོ་བསྒུར་ཟིན་པ་མཚོན་ནམ། ཡང་ན། རྒྱས་བོད་ལ་མགོ་བསྒུར་ཟིན་པ་མཚོན་གྱི་ཡོད་པ་རེད།

    Reply
  8. ནགས་མེ། says:
    ལོ་ 13 སྔོན།

    བོད་ཀྱི་གནད་དོན་ནི་གུང་བོད་གནད་དོན་ག་ན་ཡིན། དེ་ནི་མངོན་སུམ་འཛེམ་མེད་ཀྱི་རྒྱ་བོད་འགལ་ཟླ་སྟེ། རྒྱ་ནག་དང་བོད་ཀྱི་འགལ་བ་དེ་རེད།

    Reply
  9. གནས་ཚང་། says:
    ལོ་ 13 སྔོན།

    གལ་སྲིད་བོད་ཀྱི་གནད་དོན་སེལ་དགོས་ཀྱི་ན་གུང་བོད་འགལ་བ་རེད་མ་གཏོགས་རྒྱ་བོད་འགལ་བར་ཁ་བསྒྱུར་མི་རུང་། འོད་ཟེར་གྱིས་བོད་ནང་གི་མེར་མཆོད་ལས་འགུལ་ལ་ངོ་རྒོལ་ཡོད་ཅེས་པར་ལྟ་སྐབས། རྒྱ་བོད་འགལ་བ་རེད་ཅེས་པར་དམིགས་ཡུལ་གཞན་ཞིག་ཡོད་ངེས་རེད་ལ། འདི་ལྟར་བོད་དོན་སེལ་ཐབས་མེད་པར་གཏོང་ཐུབ་ཀྱི་ཡོད་པ་རེད། ཚང་མ་ལོས་བགྲོ་གླེང་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese