མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་འགད་རྫས་དོན་རྐྱེན།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ནང་འཚོགས་བཞིན་པའི་རྒྱང་རྒྱུག་འགྲན་བསྡུར་སྐབས་འགད་རྫས་དོན་རྐྱེན་བྱུང་སྟེ། མི་ ༣ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་ ༡༤༠ ལྷག་ལ་རྨས་སྐྱོན་ཕོག་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཨ་རིའི་མངའ་སྡེ་མཱ་སེ་ཆུ་སེ་ཊི་ (Massachusetts) ཡི་གྲོང་ཁྱེར་བྷོ་སི་ཊོན་ (Boston) ནང་འཚོགས་བཞིན་པའི་ལོ་འཁོར་རྒྱང་རྒྱུག་འགྲན་བསྡུར་ཆེན་མོའི་སྐབས། རྒྱང་རྒྱུག་མཐའ་ཐུག་གི་ཉེ་འགྲམ་དུ་འགད་རྫས་གཉིས་གཏོར་ཏེ། མི་ ༣ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་ ༡༤༠ ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་ཁྲིད་ཡོད་པའི་ཁྲོད་ཀྱི་མི་ ༡༧ ཙམ་ཉེན་ཁའི་གནས་སུ་གྱར་ཡོད་འདུག  གཞན་རྨས་སྐྱོན་ཕོག་མཁན་ཁྲོད་རྐང་ལག་བཅད་པ་སོགས་དབང་བོ་སྐྱོན་ཅན་བཟོས་པའི་རིགས་མང་པོ་བྱུང་ཡོད་འདུག

དོན་རྐྱེན་དེ་བྱུང་འཕྲལ་སྲིད་འཛིན་ཨོ་བྷ་མས། དྲག་རྒོལ་འདིའི་རྒྱབ་ཀྱི་མི་སྣ་གཏེ་བོ་རྣམས་ཐར་བ་མི་གཏོང་པའི་དམ་བཅའ་དང་། གཏོར་རྒོལ་འདི་སུས་བསྒྲུབས་ཡོད་མེད་དང་རྒྱུ་མཚན་ཅིའི་ཕྱིར་བསྒྲུབས་མིན་རྩད་གཅོད་བྱས་ཐོག་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་སྐོར་བསྒྲགས་ཡོད། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐེངས་འདིའི་འགད་རྫས་གཏོར་རྒོལ་ཐད་ཨོ་བྷ་མས་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་མེད་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཕོ་བྲང་དཀར་པོའི་འབྲེལ་ཡོད་མི་སྣ་ཞིག་གིས་གཏོར་རྒོལ་འགད་རྫས་རིགས་གང་ཡིན་ཡང་དྲག་སྤྱོད་ཡིན་པས། ཐེངས་འདིའི་དོན་རྐྱེན་ཡང་དྲག་སྤྱོད་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་ཁྲིམས་ཆད་གཅོད་དགོས་ཚུལ་བརྗོད་འདུག

ད་སྔ་ཨ་རིའི་གསང་བའི་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་བཅས་ཀྱིས་འགད་རྫས་གཏོར་མཁན་སུ་ཡིན་མིན་ཞིབ་འཇུག་བྱེད་བཞིན་པ་ལས་ཁ་གསལ་ཤེས་རྟོགས་བྱུང་མེད་པ་དང་། འགད་རྫས་དོན་རྐྱེན་འོག་འདས་གྲོངས་ཕྱིན་པ་དང་རྨས་སྐྱོན་ཕོག་མཁན་ཚོའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཀྱང་། སྐོང་འཇོག་བྱས་པའི་འགད་རྫས་གཞན་གཉིས་འགད་རྫས་གཏོར་ཡུལ་གྱི་ཉེ་འཁྲིས་ནས་རྙེད་སོན་བྱུང་ཡོད་སྐོར་བརྗོད་འདུག

བྷོ་སི་ཊོན་རྒྱང་རྒྱུག་ཆེན་མོ་འདི་ནི། ༡༧༧༥ ལོའི་ཨ་རིའི་གསར་བརྗེ་དམག་འཁྲུག་གི་དྲན་གསོའི་རྩེད་འགྲན་ཞིག་དང་། ཨ་རིའི་རྒྱལ་ཁོངས་ཀྱི་ལོ་འཁོར་རྩེད་འགྲན་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་ནང་གི་ལོ་འཁོར་རྒྱང་རྒྱུག་རྩེད་འགྲན་རྙིང་ཤོས་དེ་ཡིན་འདུག  ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨ་རི་གཙོས་པའི་རྒྱལ་ཁབ་ ༩༠ ལྷག་གི་འཐུས་མི་ ༢༨༠༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས། 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    ཨ་རིར་འབར་གས་ཀྱི་དོན་རྐྱེན་བྱུང་འཕྲལ་འཛམ་གླིང་གསར་འགྱུར་ཡོངས་རྫོགས་ཀྱིས་ད་བར་བཤད་རྒྱུ་མང་ཤོས་དང་། སྟོན་རྒྱུ་མང་ཤོས་དེའི་སྐོར་རེད་འདུག གནས་ཚུལ་འདི་མཐོང་དུས་རྒྱ་ནག་རྒྱལ་ས་པེའེ་ཅིན་དྲན་ཡོང་གི་འདུག་ལ། རང་རིགས་བརྒྱ་ལྷག་གི་ཚེ་སྲོག་བློས་བཏང་བ་ཡང་དྲན་ཡོང་། གང་ལྟར་རང་བློས་བཏང་བའི་མཉམ་པོོར་འདི་འདྲ་བོ་་་་་་་་་་་་་་་རྒྱལ་སྤྱིར་ཁྱབ་བསྒྲགས་དང་མི་མང་གི་དོ་སྣང་་་་་མི་འདི་ཚོ་འདྲ་བོ་བོད་པའི་ནང་ལ་མེད་མི་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese