ཁ་སང་སྔ་དྲོ་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས། བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་ནང་གདན་ཞུ་གནང་འདུག
ཁ་སང་ཕྱི་ཚེས་ ༡༧ ཉིན་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་འཐུས་མི་རྣམ་པས། བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུལ་དེའི་གྲོས་ཚོཊ་གོང་མའི་ཚོཊ་ཁང་ (Senate) ནང་གདན་ཞུ་གནང་ཡོད་ཅིང་། སྐབས་དེར་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་གཙོ་སྐུ་ཞབས་ཇིན་ཧྥ་རན་ཀོ་ཨིས་ཧམ་བྷར་ཊི་ ( Jean-François Humbert) ལཊ་ཀྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕེབས་བསུའི་གཏམ་བཤད་དང་འབྲེལ། ཐེངས་འདིར་སྲིད་སྐྱོང་མཆོག་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་ནང་མགྲོན་འབོད་ཞུ་ཐུབ་པ་དེར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་ནི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་མགོ་ཁྲིད་ཅིག་ཡིན་སྟབས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་ཐུབ་པ། ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོཊ་པ་ངོས་ནས། གྲོས་ཚོཊ་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པ་ཁོ་ན་ཙམ་མིན་པར། ཧྥ་རན་སིའི་གྲོས་ཚོཊ་ཀྱི་ཡུ་རོབ་ལས་དོན་ཚན་པའི་ནང་དུའང་བོད་དོན་རྒྱབ་སྐྱོར་གྲོས་ཆོད་འཇོག་ཐུབ་ཡོད་སྐོར་གསལ་བཤད་གནང་འདུག
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧྥ་རན་སིའི་གྲོས་ཚོཊ་གོང་མའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་མི་རྣམ་པས། ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ་དང་འཆམ་མཐུན། མང་གཙོའི་རིན་ཐང་རྣམས་གཙིཊ་སུ་འཛིན་པའི་སྲོལ་རྒྱུན་ལག་བསྟར་ཐོག་དཀའ་ངལ་ནང་ལྷུང་བའི་བོད་མི་ཚོར་རྒྱབ་སྐྱོར་གནང་བར་བསྔཊ་བརྗོད་དང་། འདས་པའི་མི་ལོ་བཅུ་ཕྲག་དུ་མའི་རིང་བོད་མིའི་སྒྲིག་འཛུཊ་ཀྱིས་འཚེ་མེད་ཞི་བ་དང་མང་གཙོའི་ལྟ་གྲུབ་གཞིར་བཅོལ་ཏེ་བོད་དོན་འཐབ་རྩོད་གནང་བ་དང་། ལྷག་པར་དུ་འདས་པའི་ལོ་ཤས་གོང་ནས་བོད་ནང་རྒྱ་གཞུང་གི་དྲག་གནོན་བྱུས་འོག་རང་སྲེག་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུཊ་ཀྱི་ངོས་ནས་བོད་ནང་བོད་མི་ཚོར་རང་སྲེག་གཙོས་ཚབས་ཆེའི་ལས་འགུལ་རིཊ་མི་སྤེལ་བའི་ནན་སྐུལ་ཞུས་པའི་ཐོག རང་སྲེག་གཏོང་མཁན་ཚོའི་འབོད་སྒྲ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་། བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་ཐབས་ཀྱི་ལམ་དབུ་མའི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་གསུངས་འདུག
དེ་རིང་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་ལའང་མཇལ་འཕྲད་ཐོག་བོད་དོན་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པར་མ་ཟད། སྐབས་དེ་དང་བསྟུན་ཏེ་ཧྥ་རན་སིར་གནས་སྡོད་བོད་རིཊ་མང་ཚོགས་ལ་བོད་ནང་གི་གནས་སྟངས་དང་། བཀའ་ཤག་གི་སྲིད་བྱུས་སྐོར་གཏམ་བཤད་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
མིག་ཤེལ་ནག་པོ་གྱོན་ན་མི་མཛའ་གི།
མིག་ལ་སྐྱོན་ལྡན་འདྲ་ཞིག་མཐོང་གི་འདུག།
མིག་སྔའི་བོད་ཀྱི་ལས་སྐལ་འདི་བསམ་ན།།
མིག་ལ་མཛེས་ཆས་སྤྲད་པའི་དུས་མ་ཡིན།།
ཅི་ཏེ་རང་དབང་དང་དམངས་གཙོ་ཚད་ལྡན་ཞིག་ཡོད་ན་ངས་བརྩོད་འདོད་པ་ནི་རང་བཙན་ཡིན་པ་ལས་དབུ་མིའི་ལམ་གདམ་ཁ་བྱེད་མི་འདོད་ཁི། དགྲ་བོའི་ངོ་གདོང་ལ་བསྟུན་མཁས་བྱེད་པའི་གྲོས་ཚོགས་དང་རྒྱལ་བློན་ཚང་མས་གནོད་ཤུགས་ཡོད་ཚོད་དམངས་གཙོའི་འདོད་བབ་འགོག་པའི་རང་ལུགས་རྩ་འཛིན་གྱི་ས་གཞི་ཆེ་པོ་ཞིག་བསྐྲུན་བཞིན་པ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་རེད་དྲན། ནམ་ཕྱི་གསལ་ནང་གསལ་ཡིན་ཅེས་བླ་མ་ཟམ་དགོང་ཚང་གི་འབོད་སྒྲ་དེ་ཉིན་རེ་བཞིན་འཇུ་ས་གཏན་ནས་མེད་པའི་མཁས་པའི་དཔུང་ཤུགས་ཞིག་ཡིན་པ་སུའི་གོ་ནུས་།
ཕྱི་དྲིལ་བཀའ་བློན་ལ་དགོང་མོར་ཡག་ཐག་ཆོད་སྤྲད་བཞག་ན་འགྲིག་གི་ཡོད་རྒྱུ་རེད། དངོས་གནས་བློ་སེང་གི་བཟོ་ལྟར་བལྟས་ན་ད་ཅིག་བྱེད་ས་རེད་བསམས་བསམས་ཞིག་མི་འདུག་གཱ དཀོན་མཆོག་མཁྱེན།།
ཕྱི་དྲིལ་བཀའ་བློན་དངོས་གནས་དེ་སྲིད་སྐྱོང་བློ་སེང་རེད་འདུག ད་ལྟའི་ཆར་ཤེས་རིག་བཀའ་བློན་མེད་པ་འདྲ། ཕྱི་དྲིལ་བཀའ་བློན་མིང་བཏགས་ཅན་མ་ལ་གོ་སྐབས་སྤྲོད་ཀྱི་མེད་པ་ལྟར་སྣང་། ཕྱི་ཕྱོགས་ལ་ཕྱོགས་སྐྱོད་མང་ཆེ་བ་བྱེད་མཁན་ནི་སྲིད་སྐྱོང་རེད།
བོད་ནང་གི་བོད་མི་ཚོས་སྲིད་སྐྱོང་ལ་རེ་སྟོང་ཆེན་པོ་ཞིག་རྒྱག་གིན་འདུག་པ་ལ་ཡང་ཁག་མི་འདུག སྲིད་སྐྱོང་ལ་ཅིག་ནས་གྲོས་ཆོད་འཇོག་ཐུབ་ཡོད་དང་། གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ལ་སོགས་པའི་ཤོམ་བཤད་ཕྱོགས་འདྲ་བ་ཧ་ཅང་མང་། དོན་ངོ་མར་ཕྱི་རོལ་ན་བདེན་དོན་གཞིར་བཞག་གིས་མདུན་དུ་ཐོན་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཙམ་བྱེད་མཁན་ནི་ག་ཚོད་ཡོད་དམ། དཔེར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་བཞི་བརྒྱ་ལྷག་གི་ནང་ན་་་་་་་
གྲོས་ཚོགས་སྐབས་བཅོ་ལྔའི་ཚོགས་ཆེན་ཐོགས་སྤྱི་འཐུས་རྣམས་པས་དགོངས་ཚུལ་གསུངས་པ་བལྟར་ད་ལྟ་བཀའ་བློན་ཚང་མ་ཕྱི་སྲིད་བཀའ་བློན་རེད། རྡ་རམ་ས་ལ་ཞུགས་མཁན་བཀའ་བློན་མིན་འདུག
མིང་ངན་གྲྭ་ལོག་མིང་དུ་ཆགས།།
བསམ་ངན་དུག་གི་སྡོང་པོ་འདྲ།།
ངན་པ་དགུ་འཛོམས་མི་ངན་འདི།།
ཉི་ཤུ་དགུ་ཡི་གླུད་ལ་རྫོངས།
བོད་གངས་ཅན་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ན་འགྱིང་ངེར་བཞེང་པའི་རྡོ་རིང་། བོད་མི་ས་ཡ་དྲུག་གི་དབུ་ཁྲིད། འགྲན་ཟླ་མེད་པའི་སེངྒེ་ཁྱེད་རྒྱལ་ལོ། བོད་གངས་ཅན་པའི་རྒྱལ་ཁ་འདི་རྒྱ་དམར་ཕྱོགས་གཏོགས་དང་བཅས་པའི་སྙིང་ལ་རྒྱོབ།
ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཚོ། ཡུལ་ལུང་གང་ཞིག་ཡིན་ཀྱང་མི་མང་དང་རྒྱལ་ཁབ་ལ་སྟོབས་ཤུགས་མེད་ཚེ་དབུ་ཁྲིད་ཚོས་སྐད་ཆར་ལྗིད་ཁོག་ཡོད་མ་རེད། བྱས་ཙང་སྐུ་མཁྱེན་བརྟག་དཔྱད་མེད་པའི་གཏམ་བཤད་མི་བྱེད་རོགས། སྐུ་ཞབས་བློ་སེང་ལགས་ནི་ང་ཚོའི་དབུ་ཁྲིད་རེད། ཁོང་ལ་འཇོན་ནུས་ཡོད་ན་ང་ཚོའི་གཟི་བརྗིད་རེད། གལ་སྲིད་མེད་ཀྱང་ང་ཚོས་ཨ་ཡོད་ནང་གི་དེ་ཡོད་དང་སྒོང་ངའི་ནང་གི་སེར་ཐིག་དེ་དབུ་ཁྲིད་ལ་གདམས་པ་རེད། རང་གི་གདོང་ལ་རང་ཉིད་ནས་མཆིལ་མ་མ་འཕེན་རོགས།
མ་གཞི་སྲིད་སྐྱོང་སེངྒེ་ཚང་གིས་ཆེད་ཐོག་པའི་གསར་གཏོད་ཀྱི་ངར་སྐད་དེ་སྲིད་འཛིན་ཨོ་བྷ་མའི་འགྱུར་བ་ཞེས་པའི་ངར་སྐད་དང་གནས་དུས་གང་གི་ཆ་ནས་ཀྱང་འདྲ་མཚུངས་འདྲ་ཞིག་རེད།
བྱས་ཙང་ཁོང་གི་འདོད་པའི་གསར་གཏོད་དེའི་ལམ་ཁ་མེད་པར་ཅི་ཞིག་གསར་གཏོད་བྱེད་དགོས་མིན་མི་ཤེས་པའི་གནས་སུ་བགྱར་ཡོད་པ་རེད།
ད་བྱས་ན་ཟམ་གདོང་བཀའ་ཤག་ཚང་ལྟ་བུ་གཏམ་བཤད་ཚང་མ་ཆོས་འདྲ་བཤད། བོད་ཀྱི་ལོ་རྒྱུས་གཙང་མ་ཞིག་མིན་པ་མག་མོག་ཡིན་ཚུལ་འདྲ་བཤད་ནས་སྔར་ནས་རྒྱ་ཁོངས་ཡིན་ཚུལ་འདྲ་བསྒྲུབས། གཞུང་དངུལ་ལྷ་འདྲེ་གདོན་བགེགས་རྩ་མེད་བཟོ་ཆེད་བཏང་། ཡུལ་བགྱར་ནས་ཏང་ལ་མགོ་འབུལ་ལུས་འབུལ་ཞུ་གང་ཐུབ་བྱས་ཏེས་རང་སྐྱོང་ཞིག་རག་ཨེ་ཐུབ་འདྲ་བལྟས་ནས་བསྡོད་དགོས་པ་ཨེ་རེད། བྱས་ཙང་ཟམ་གདོང་བཀའ་ཤག་གིས་མི་ལོ་བཅུའི་རིང་བྱས་རྗེས་འདི་ཡིན་ཟེར་བ་བསྟོན་རྒྱུ་མེད་པར་བློ་སེང་ལོ་གཉིས་ཡང་མ་ཕྱིན་པར་བྱས་རྗེས་གནམ་ས་སྒང་བ་འདོད་པ་ནི་ཅི་འདྲའི་ཡ་མ་མཚན་མ་རེད་པས།
མ་གཞི་ཤར་ཁུག་གྲྭ་ལོག་གཙོས་པའི་གྲྭ་ལོག་འདི་ཚོ་ཟམ་གདོང་ཚང་གིས་གཟིགས་སྐྱོང་འོག་ལྟོ་གོས་གཏམ་གསུམ་གཞུང་རྒྱུ་ལ་བརྟེན་བསྡད་པ་དེ་སེངྒེ་བཀའ་ཤག་གིས་གཞུང་རྒྱུ་ཟ་སྐལ་བཅད་པ་དེས། ནད་མི་ཐེག་པར་ག་དུས་ཡིན་ཡང་གནས་ལུགས་རྒྱུ་མཚན་ཡོད་མིན་ལ་མི་ལྟོས་པར་འབྲེལ་མེད་དོན་གཞན་གྱིས་བློ་སེང་གི་མི་གཞི་ཐང་ལ་འབུད་གང་ཐུབ་བྱེད་པ་ནི་འཁོན་འཛིན་མིན་ན་ཅི་རེད།
ཁོག་ལ་ཕྱོགས་རིས་དང་ཞེན་ཁོག་ཀྱི་ཚང་བཅའ། ཨ་ཁ་ཁ་ཀླད་མེད་ཚོ་། སྲིད་སྐྱོང་བློ་སེང་འདི་ལས་ཡག་པའི་བརྩན་བྱོལ་ནང་སྲིད་སྐྱོང་འདེབས་རྒྱུ་ཡོད་ན་འདེམས་དང་ལྟ་ནས་བསྡད་ཡོད་ལ་དགའ་བསུ་ཡང་ཞུ་ཆོག
གྲྭ་ལོག་ཁ་ངན་འདིས་ང་ནི་གད་མོ་ཤོར་བཅུགས་ནས་མིག་ཆུའང་ཤོར་སོང། ངའི་རང་གི་སྐྱེ་སྨན་ལ་སྐད་བཏང་ནས་ཚིག་བཅད་འདི་འགྲེལ་བཤད་བརྒྱབས་པ་ཡིན། སྐྱེ་སྨན་གད་མོ་བགད་ནས། བློ་བཟང་སེང་གེ་ད་འདྲ་བོ་ཅིག་འདུག་གཱ་ཟེར།
ཧཧཧཧཧ ད་གང་ལྟར་ཁོང་ང་ཚོའི་སྲིད་སྐྱོང་རེད། ཁོང་གི་ཡོན་ཏན་ཐད་ངེད་ཀྱང་རྩ་བ་ནས་ཧང་སངས་ཀྱི་མེད། ད་བར་ཧང་སངས་དགོས་པ་དེ་འདྲ་གང་ཡང་གནང་མ་སོང། བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ཁག་མེད། ཡིན་ནའང། ད་དུང་ཁོང་གི་བོད་སྐད་རྒྱག་སྟངས་དེ་ཅིག་ཉན་ན། དངོས་གནས་རང་ངོ་ཚ་བོ། སྐད་ཆག་རྒྱོ། བོད་ཡིག་ཐོག་རྩ་བ་ནས་འབྲི་ས་མི་འགྲོ་བ་དེ་འདྲ་རེད། འདི་ང་ཚོའི་བསླབ་བྱ་རེད་བསམས།
༡ ཁོང་ལ་དང་པོར་ཆོལ་ཁའི་ཕྱོགས་རིས་ཤུགས་ཆེན་པོ་ནས་འོས་ཤོག་ཐོབ་ཡོད་པ།
༢ དངོས་གནས་དྲང་གནས་ཨ་ཝ་ཌི་ཐོན་པའི་འབུམ་རམས་པ་ཚད་ལྡན་ཞིག་ཨེ་ཡིན་བསམས་ནས་ཤེས་ལྡན་པ་ཚོས་རེ་བ་བརྒྱབས་པ།
༣ ཁོང་གིས་ཁོ་རང་སྐུ་དྲག་གི་བརྒྱུད་མིན་པས་མི་མང་གི་བཀའ་ཤག་ཅིག་བྱེད་ཀྱི་ཡིན་ཚུལ་གསུངས་པ།
༤ གཞིས་ཆགས་ཤིག་དང་བོད་རིགས་ཚོགས་པ་གཅིག་མགོ་སྦྲེལ་བྱ་རྩིས་ཡིན་སོགས།
གནད་དོན་ཆེན་པོ་བཞི་ལབ་ན་འདྲ། སྐྱག་རྫུན་ཆེན་པོ་བཞི་ལབ་ནའང་འདྲ། གང་ལྟར་གོང་གི་གནད་དོན་བཞི་བོ་འདི་ལས་འོས་ཤོག་ལྡུགས་མཁན་མང་ཆེ་བས་བློ་སེང་ལ་རེ་བ་བྱས་པ་རེད། ཡིན་ནའང། ད་ལྟ་ད་ང་ཚོ་གཞི་ནས་གཉིད་སད་པ་རེད། ཁོང་ལ་ལྟ་སོ་མེད་པ་དེ་ཕལ་ཆེར་བདེན་པ་རེད་འདོད། གང་ཡིན་ཞེ་ན་བསྟན་ཡ་གཅིག་ཀྱང་མི་འདུག དངོས་གནས་ང་སེམས་སྐྱོ་སོང།
སེང་གེའི་ཁོག་པ་རྩ་ཡི་གཟུངས་བཞུགས་ཅན།།
སེང་གེའི་ཁ་ལ་མར་གྱི་མཆེ་བ་ཅན།།
སེང་གེའི་མགོ་ལ་འཇགས་མའིོ་གཡུ་རལ་ཅན།།
སེང་གེ་རྫུན་མའི་རང་བཞིན་ཇེ་གསལ་རེད།།
༄༅། གྲྭ་ལོག་ནི་གྲྭ་ལོག་རང་རེད། མིང་དོན་ནོར་མི་འདུག དམ་ཉམ་གྲྭ་ལོག་འདིའི་ཁ་ནས་བཤད་རྒྱུ་འདི་ལས་ལྷག་གང་ཡོང་། ད་དུང་༧གོང་ས་མཆོག་ལ་མཚན་སྨད་མ་ཞུས་པ་ཨོ་ཙ་རེད་མ་གཏོགས་མི་འདི་ཚོའི་ཁོག་པའི་ནང་སུ་འཛུལ་ཡོད་མེད་ཐེ་འཚོམ་རེད། ཁྱི་རྒན་ཨབ་ཞིང་ཨབ་ཞིང་རྗེས་སུ་ལུས། །སེངྒེ་གཡུ་རལ་ངོམ་ཞིང་མདུན་དུ་བསྐྱོད། །
མི་རྒོད་ཀྱིས་རྩ་ནས་ཐུགས་ཁྲལ་མ་གནང།
བློ་སེང་ཤོག་སེང་ཕྱི་རྫིག་ནང་སྟོང་འདི་ལ། ཡོན་ཏན་ཡག་ཐག་ཆོད་ཅིག་མེད་པ་དེ་གསལ་ནས་གསལ་དུ་འགྲོ་བཞིན་འདུག སོང་ཙང། ང་ལྟ་བུ་མི་དཀྱུས་མ་ཞིག་ཡིན་ནའང། ཁོང་གི་གཏམ་བཤད་དང་རྩོམ་ཡིག་གང་གིས་ཀྱང་ཡིད་སེམས་བཀུགས་མ་མྱོང། སོང་ཙང། འབུམ་རམས་པ་འདི་འདྲ་བོད་ལ་བྱུང་བ་དེ་ཅུང་སེམས་མ་བདེ་བར་གྱུར། ཁྱེད་ལ་ཁོང་གི་མཁྱེན་དཔྱོད་ཡག་པོ་ཡོད་པའི་སྒྲུབ་བྱེད་ཡོད་ན། གསུངས་རྐྱང་བྱོས། ང་ཚོས་བགྲོ་གླེང་བྱས་ཆོག་གི་རེད། ངས་བསམས་ན་ད་བར་བློ་སེང་གིས་མིག་ཤེལ་ནག་པོ་གྱོན། སྐུ་སྲུང་འཁྲིད་དེ་རྫིག་མདོག་སྟོན་རྒྱུ་ལས། གཏམ་བཤད་ཚད་ལྡན་གཅིག་ཀྱང་གནང་ཐུབ་མེད་པ་ལོ་རྒྱུས་ནང་ཤར་མི་འདུག་གམ། དེས་ན་ཚོར་བ་ལ་མ་ཕོག་རོགས། དུངས་ཞེན་ལ་མ་ཕོག་རོགས།
བློ་བཟང་སེང་གེ་འདི་ཡོན་ཏན་ཅན་ཞིག་མིན་པ་ད་ངས་ནི་མགོ་དཔང་དུ་བཞག་ནས་རྒྱུ་མཚན་བསྟར་ཆགས་དུ་འདྲེན་ཐུབ་རྒྱུ་འདུག་ལགས།
སྲིད་སྐྱོང་ལགས་ཀྱི་མཛད་འཕྲིན་ནི་འོར་ཟེར་གྱིས་ཐགས་སུ་དཀྲིས་བའི་རླབས་ཆེན་ནོར་བུ་ཞིག་ཏུ་མངོན། འདི་ནི་བོད་མི་རིགས་ཀྱི་བསོད་ནམས་མ་རྫོགས་པའི་དན་རྟགས་སུ་མངོན། བཀྲིས་བདེ་ལེགས།
ངས་བོད་མིའི་དབུ་ཁྲིད་སྲིད་སྐྱོང་མཆོག་ཕ་རན་སི་གྲོས་ཚོགས་ནང་གདན་ཞུ་གནང་བ་ཧ་ཅང་གི་དགའ་འོས་རེད་བཀྲིས་བདེ་ལེགས་ཞུ། ། ཞུ་འདོད་པ་གཅིག་ནི་ ། དང་པོ་དུས་བབས་ཚང་གི་བོད་མིའི་དབུ་ཁྲིད་ལ་སྨད་པའི་མཆན་འདི་ལྟར་སྟོན་པ་ལ་བསམ་བློ་གཏིང་ཟབ་གཏོང་དགོས་པ་རེད་ང་ཚོ་བོད་པ་ཚང་། འདིས་དུས་བབས་ཀྱིས་བསྒྲིགས་སྲོལ་རྫིག་པོ་དང་འགལ་བ་ཡོད་དམ་མེད་། ཡོད་ཚེ་རྒྱུ་གང་ཡིན་ནམ།།།
གཉིས་པ་འདི་ལྟ་བུའི་མཆན་ཞིབ་བཤེར་བྱས་ནས་སྟོན་རྒྱུ་་ཡིན་ཞེས་པ་དང་དོན་སྙིང་གང་ལྡན་འདུག་གམ།།།།
མོས་མཐུན་ཡོད་མེད་མཆན་ངེས་པར་དུ་དགོས།།།།།།
སྲིད་སྐྱོང་ཤོག་སེང་གདན་འདྲེན་ཞུས་དང་མ་ཞུས་ཁྱད་པར་གང་ཡང་ཡོད་པ་མ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་དྲངས་པའི་གཏམ་བཤད་གནང་རྒྱུ་མི་དེ་ལ་མེད། རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་གི་འགྱུར་བར་གཞིགས་པའི་ཆབ་སྲིད་པ་དང་ཁྲིམས་དོན་པ་མཁས་ཅན་གྱི་གཏམ་བཤད་ཡང་མི་དེའི་ཁ་ན་རི་བོང་རྭ་ཡིན། ད་སོང་ནས་ལོ་གཉིས་ལྷིང་འཇགས་པོ་བྱུང་སོང་སྐུ་དབང་རྩིས་སྤྲོད་ཡག་པོ་བྱུང་སོང། དབུ་མའི་ལམ་ལ་འགྱུར་བ་མེད། རང་སྲེག་གཏོང་མཁན་༡༡༤ བྱུང་སོང་ཟེར་རྒྱུ་ལས་གཞན་མེད་པ་ཐག་ཆོད། མི་འདིའི་སྐད་ཆར་ཉན་གྱིན་ཉན་གྱིན་སྔོན་མར་༼ ཆབ་སྲིད་དཔྱད་གླེང་༽ཚགས་པར་གྱི་རྩོམ་སྒྲིག་པ་ཤར་ཕྱོགས་ཁུག་རྟས་ཁོང་གི་འབུམ་རམས་པའི་ཤེས་ཚད་ལ་དོགས་པ་བྱུང་ཞེས་བཤད་པ་དང། དེ་བཞིན་༼ ཆབ་སྲིད་བསྐྱར་ཞིབ་༽རྩོམ་སྒྲིག་པས་བློ་སེང་གི་ཆེད་རྩོམ་གྱིས་སྤྱིར་བཏང་གནས་ཚད་གང་ཡང་ཟིན་མི་འདུག་ཅེས་ཞིབ་འཇུག་བྱས་ཏེ་བཤད་པ་རྣམས་ཡིད་ལ་ཤར་གྱི་འདུག དངོས་གནས། མི་འདི་འབུམ་རམས་པ་རྫུན་མ་ཞིག་ཡིན་ས་རེད་གདའ། བོད་གཞིས་བྱེས་གཉིས་ཀྱི་ལས་ངན་པ་ལ། མི་འདི་འདྲ་ཞིག་ལ་ཁ་ཐུག་རྒྱབ་མེད་པ་ཅི་མ་རུང།།