མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཧ་ལས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་༸གོང་ས་མཆོག་འཛམ་གླིང་ཞི་བདེ་སྐྲུན་མཁན་གྱི་མཚན་སྙན་རྒྱས་བཞིན་པར་ཁ་གཏོད་གཅོག་ཕྱིར་དང་། ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་བྱ་ཕྱིར། བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུན་མི་ཆད་པར་མཚན་སྨད་བྱེད་བཞིན་ཡོད། སྐྱོན་བརྗོད་འདི་དག་ལ་བདེན་པའི་ཆ་ཅུང་ཟད་ཀྱང་མེད་ལ་འཛམ་གླིང་གི་སྐྱེ་བོ་རྣམས་ལའང་མགོ་སྐོར་བཏང་ཐུབ་མེད་མོད། ཡིན་ཡང་འཛམ་གླིང་ས་ཁུལ་གང་སར་གནས་པའི་བོད་མི་རྣམས་ཁོང་ཚོའི་འཐབ་རྩོད་ཀྱི་ཆེས་དཀའ་ཚེགས་ཅན་གྱི་དུས་སྐབས་ལ་ཁོ་ཚོ་བྱམས་ཀྱིས་སྐྱོང་བར་མཛད་པའི་བླ་ན་མེད་པའི་དབུ་ཁྲིད་ཁོང་ལ་གཞི་མེད་བསྙོན་འཛུགས་ཀྱིས་སྐྱོན་བརྗོད་བྱས་པར་ཁོང་ཁྲོ་དང་བློ་ཕམ་ཚད་མེད་ཡོང་གིན་ཡོད།

ཉེ་བའི་དུས་ནས་བཟུང་འཇམ་དབྱངས་ནོར་བུའི་ཕྱོགས་ནས་ཀྱང་སྐྱོན་བརྗོད་དང་མཚན་སྨད་མང་དུ་བྱུང་བ་དེས་བོད་མི་རྣམས་ལ་སེམས་ཁྲལ་གྱི་མཐོ་རླབས་གཞན་ཞིག་འཕྱུར་དུ་བཅུག་ཡོད། ཁོང་གིས་ཉེ་དུས་བྲིས་པའི་རྩོམ་ཡིག་༼བོད་ཀྱི་ཡང་སྲིད་རྗེས་མ་ཨེ་༽ཞེས་པའི་ནང་དུ་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་དྲང་བདེན་མིན་པའི་གཏམ་མང་དུ་སྨྲས་འདུག་པ་དེ་དག་གིས་ང་ཧ་ལས་ཤིང་ཧོན་འཐོར་བར་བྱས་བྱུང་།

རྩོམ་ཡིག་དེའི་ནང་དུ་ཁོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་དབུ་མའི་ལམ་གྱི་གྲུབ་འབྲས་དང་སྲིད་བྱུས་དེའི་དགོས་པ་བཅས་ཀྱི་ཐོག་གནང་བའི་བཀའ་སློབ་དེ་དག་ནི་ “སྲིད་བྱུས་དེ་ལ་འགྱུར་བ་གཏོང་མི་ཆོག་ཚུལ”ཡིན་ལུགས་དང་༸གོང་ས་མཆོག་གིས་“ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་ཀྱི་དབང་ཆ་མཐོ་ཤོས་དེ་འཛིན་བཞིན་ཡོད་པའི་”བསམ་ཚུལ་བཏོན་འདུག འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་དམངས་གཙོ་ཚད་ལྡན་ཡོད་མིན་ལ་དོགས་པ་བྱེད་བཞིན་བཤད་དོན“གལ་སྲིད་དེ་ལྟར་ཡིན་པ་དང་ཏཱ་ལའི་བླ་མ་རྒན་ཡོལ་གནང་རྗེས་ཀྱི་ལོ་གཉིས་ཀྱི་ནང་དུ་ཁོང་གི་སྲིད་བྱུས་དེ་ལམ་ལྷོང་བྱུང་ཡོད་མེད་ཀྱི་ཐོག་བགྲོ་གླེང་ལྷུག་པོ་ཞིག་བྱེད་མ་ཐུབ་ན་”བོད་མི་བཙན་བྱོལ་བ་རྣམས་ལ་དམངས་གཙོ་ཡོད་པའི་གཏམ་དེ་ནི་གད་མོ་སློང་བྱེད་ཅིག་ཏུ་

གྱུར་བ་རེད་ཟེར། འདི་རྒྱ་ནག་གཞུང་གིས་རྟག་ཏུ་༸གོང་ས་མཆོག་ལ་ཁུངས་བཙུན་མིན་པ་དང་གཞུང་དྲང་མིན་པའི་སྐྱོན་བརྗོད་བྱེད་པ་དེ་ངོ་མ་ཡིན་པའི་བདེན་དཔང་ལྟ་བུར་གྱུར་འདུག གང་ལགས་ཤེ་ན་ཝོལ་སི་ཁྲི་རི་ཁྲི་དུས་དེབ་ཐོག་ཏུ་འདི་ལྟར་བཀོད་འདུག “རྒྱག་ནག་གཞུང་གིས་ཏཱ་ལའི་བླ་མ་རྒན་གཡོལ་ཞུས་པ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡིད་དབང་འཕྲོག་ཕྱིར་འཁྲབ་པའི་གཡོ་སྒྱུ་ཞིག་ལ་བརྩི་གིན་ཡོད།”འཇམ་དབྱངས་ནོར་བུས་མི་འདོད་པའི་ངང་ད་དུང་བཤད་དོན “དེ་བས་༸གོང་ས་མཆོག་གིས་བསམ་ཚུལ་གནང་བར་ཨུ་ཚུགས་བྱས་ན་དམངས་གཙོའི་རང་བཞིན་ལྡན་པའི་བགྲོ་གླེང་ཞིག་ཡོང་ཐབས་བྲལ་བ་རེད།”༸གོང་ས་མཆོག་གིས་བོད་དོན་ཐོག་དགོངས་ཚུལ་འདོན་མི་ཆོག་པའི་བསམ་ཚུལ་དེ་ནི་བོད་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་འགལ་བ་རེད། ཅིའི་ཕྱིར་ཞེ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་སྤྱིའི་ལམ་སྟོན་ཞེས་པར་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པར་མ་ཟད་རང་དབང་གི་མགྲིན་ཚབ་དང་། སློབ་སྟོན་པ། བོད་ཀྱི་ཆིག་སྒྲིལ་གྱི་མཚོན་རྟགས་བཅས་ཡིན། ཁོང་གིས་དུས་ནས་དུས་སུ་བོད་ཀྱི་འཐབ་རྩོད་དང་། རིག་གཞུང་། ཆོས་ལུགས། བོད་ཀྱི་ཁེ་ཕན་བཅས་ཀྱི་ཐོག་ལ་དགོངས་ཚུལ་ངེས་པར་དུ་གསུང་དགོས་ཞེས་འཁོད་ཡོད།

ད་དུང་དྲན་གསོ་གཏང་དགོས་པ་ཞིག་ལ་བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་བོད་རྒྱལ་ཁབ་དང་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་དགོས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་དང་འདེབས་བཞིན་ཡོད། འཇམ་དབྱངས་ནོར་བུས་རྩོམ་མཇུག་བསྡུ་སྐབས་བཤད་དོན། “དེ་བས་༸གོང་ས་མཆོག་ལ་ཁོང་གི་དམངས་གཙོའི་མཚན་མཐོང་མི་ཆག་པ་བྱེད་དགོས་པ་དང་ཁོང་གི་རྟག་བརྟན་འགྱུར་མེད་ཀྱི་ལྟ་བ་དབུ་མའི་ལམ་དེ་ཉིད་དེ་ལམ་ལྷོང་མི་ཡོང་བའི་རྐྱེན་རྩར་མི་འགྱུར་བ་བྱེད་དགོས་པའི་སྐུལ་མ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དབང་ཆ་ལས་བབས་པ་དེ་༸གོང་ས་མཆོག་སྐུ་སྒེར་གྱི་ཐུགས་འདོད་ཡིན་པ་བཤད་མི་དགོས་པ་རེད། ཡིན་ཡང་སྐུ་ཚེ་གང་བོར་བདག་ཉར་གནང་བའི་གཞུང་གི་གོ་གནས་མཐོ་ཤོས་ལས་རྒན་གཡོལ་ཞུ་བའི་སྐབས་ཐོག་དང་པོར་ཁོང་ལ་མི་བདེ་བ་ཞིག་དང་། སེམས་ཁྲལ་གྱི་གཞི་ཞིག བསམ་བློ་གཉིས་པ་ཞིག་གཏང་དགོས་པ་བཅས་གྱུར་ཡོད་ཀྱང་སྲིད།” ངའི་ལོ་ཚོད་ཀྱི་གཞོན་སྐྱེས་མང་པོ་ཞིག་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་ཉམས་ཞིབ་དང་སྲིད་དོན་གྱི་རྩོམ་ཡིག་ལ་བརྟེན་ནས་འཚར་བ་རེད་ལ། རྩོམ་ཡིག་དེ་དག་ནི་རྒྱ་ནག་གི་རྫུན་བཤད་ལ་ནུས་པ་ལྡན་པའི་ལན་ཞིག་ཡིན་པར་མ་ཟད། དེ་དག་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་གང་མཐོར་སྤེལ་བ་དང་རྒྱལ་ཁབ་ཀྱི་དོན་དུ་འཐབ་རྩོད་བྱེད་པའི་སྤོབས་དང་གདེང་ཚོད་སྦྱིན་པར་བྱེད་ཀྱིན་རེད། 

ཡིན་ཡང་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་བཞིན་པ་འདི་དག་ནི་༸གོང་ས་མཆོག་གི་རང་ཉིད་ཡལ་བར་དོར་བའི་བློས་གཏོང་དང་དབུ་ཁྲིད་ལ་དྲང་པོ་མིན་པར་མ་ཟད། བོད་མི་རྣམས་ཀྱི་ཆིག་སྒྲིལ་དང་འཐབ་རྩོད་ལ་གནོད་པའི་ལས་ཤིག་རེད། འདི་དག་ནི་༸གོང་ས་མཆོག་གིས་བོད་མི་རྣམས་དང་བོད་དོན་འཐབ་རྩོད་ལ་བཅངས་པའི་བཀའ་དྲིན་རྗེས་སུ་དྲན་སྟངས་མ་རེད། དེ་བས་ངས་ནི་ཁོས་ད་ཐེངས་དང་དེ་སྔར་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་པ་དེ་དག་དང་ལེན་ཞུ་ཐུབ་པ་མི་འདུག དེ་ལས་ལྡོག་སྟེ་གཞི་མེད་ཀྱི་མཚན་སྨད་དང་སྐྱོན་བརྗོད་འདི་དག་གིས་ང་ངོ་ཚ་བར་བྱས་བྱུང་ལ། བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ཀྱང་བློ་ཕམ་དང་ཡིད་ཆད་ཀྱི་གནས་སུ་བསྐྱལ་ཡོད་པར་གདོན་མི་ཟ། དོན་དུ་༸གོང་ས་མཆོག་ལྟ་བུའི་རང་དབང་དང་དམངས་གཙོ་ལ་དགའ་བའི་དབུ་ཁྲིད་ཅིག་ང་ཚོར་ཐོབ་པ་དེ་གཟི་བརྗིད་དང་སྤོབས་པ་རུ་སྒོམ་འོས།

 བོད་མི་ཡོངས་དང་འཛམ་གླིང་གི་མི་མང་རྣམས་དོན་དངོས་འདིའི་བདེན་དཔང་རེད། ད་ནས་བཟུང་ང་ཚོ་དྲང་བདེན་ལ་གཞོལ་ཞིང་ཉེན་ཁ་ཆེ་བའི་འཐབ་རྩོད་ཀྱི་རྒྱང་བསྐྱོད་འདིར་སླར་ཡང་རྙོག་ཟིང་མི་སློང་། ང་ཚོ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ཆིག་སྒྲིལ་ངང་གནས། བོད་རྒྱལ་ལོ།།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 13

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 12 སྔོན།

    ཉེ་ཆར་ལྷོ་ཕྱོགས་ཀྱི་ས་གནས་གཞོན་ནུ་ཁག་གིས་ཞབས་འདྲེན་ཞིག་ཞུས་འདུག
    ངས་ས་གནས་ཤིག་གི་གཞོན་ནུ་ཚོགས་གཙོ་ལ་དྲི་བ་འདི་དྲིས་པ་ཡིན། གལ་སྲིད་གཞོན་ནུའི་རང་བཙན་དོར་ན་དབུ་མའི་ལམ་འགྲུབ་པར་ཕན་ཐོགས་ཡོད་པར་མཐོང་ངམ། ཞེས་དྲིས་པས་ལན་གང་ཡང་མི་འདུག ག་ལ་ཡོད།
    དེ་ནས་ངས། གཞོན་ནུས་རང་བཙན་དོར་ན་དབུ་མའི་ལམ་འགྲུབ་གནོད་པ་ལས་ཕན་པ་ཡེ་ནས་ཡོང་མི་ཤེས། ཞེས་བཤད་སྐབས་དེ་ཁྱེད་རང་གི་བསམ་ཚུལ་རེད་ཟེར། ལོས་བདེན།
    ངས། ཁྱེད་ཅག་གིས་དེ་འདྲའི་ཚོགས་འདུ་ཞིག་འཚོགས་དགོས་དོན་གང་རེད་དམ། ཞེས་དྲིས་སྐབས ཉེ་ཆར་༧གོང་ས་མཆོག་གིས་ས་ལུ་སྒར་སོགས་སུ་བསྩལ་བའི་བཀའ་སློབ་ཡོད་རབས་གསུང་བྱུང་། བདེན་པ་རེད།
    དེ་ནས་ངས། འོ་ན་ཆབ་སྲིད་ཀྱི་འཐབ་རྩོད་ཟེར་བ་གང་ལྟར་རྩོད་དགོས་པ་ལ་ཐུགས་གཞིགས་གནང་མྱོང་ངམ་དྲིས་སྐབས། མྱོང་མདོག་སྟོན། འོན་ཀྱང་༧ཁོང་གི་གསུང་ལ་བཅོལ་ནས་ཆབ་སྲིད་ཅིག་འཁྲབ་རྒྱུ་ཡོད་པར་མཐོང་གི་མི་འདུག ༧གོང་ས་མཆོག་གི་གསུང་ལ་ངེས་དོན་གྱིས་ཁྱབ་པར་འདོད་པའི་ས་གནས་ཀྱི་གཞོན་ནུ་འདི་ཚོ་ཆབ་སྲིད་འཐབ་རྩོད་བྱེད་མཁན་གཞོན་ནུ་ཚོགས་པར་ཞུགས་པའི་ཆ་རྐྱེན་ལྡན་མི་འདུག
    མཐར་ངས། ཁྱེད་ཅག་གིས་བྱེད་སྟངས་འདིས་ད་ལྟ་བཙན་བྱོལ་སྤྱི་ཚོགས་ན་མཚན་སྙན་ཆེན་པོ་ཡོད་པའི་ཚོགས་པ་ཆེ་ཤོས་དེ་དུམ་བུར་གཏོང་སྲིད་པའི་ལས་ཀ་ཞིག་ཡིན་པས་བྱེད་སྟངས་འདི་འགན་མ་ཁུར་བའི་བྱེད་སྟངས་ཤིག་མ་རེད་དམ། ཞེས་པས་སླར་ཡང་ལན་མི་འདུག ཅི་ལ་ཡོད།

    Reply
  2. བཙན་ནག་པས། says:
    ལོ་ 12 སྔོན།

    ཤར་ཁུག་ལགས་ཉིད་ལ་ཞུ་རྒྱུར་ཉིད་དར་དམར་འོག་ཞུས་འདོད་ཡོད་ན་ཉིད་ཀྱི་ཐུགས་འདོད་རེད། འོན་ཀྱང་ཁྱེད་རང་ལ་འདྲི་བ་ཞིག་ཡོད་ལན་དྲང་པོ་སྐྱོན་རོགས། ཉིད་དར་དམར་འོག་སྡོད་འདོད་ཡོད་པ་ཡིན་ན་བཙན་བྱོལ་ཕེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། བཙན་བྱོལ་བའི་སྤྱི་ཚོགས་ནང་བརྡ་དཀྲུགས་ཕུགས་དཀྲུགས་ཀྱི་ལས་གཞི་མ་རྩམ་རོགས། ཁྱོད་ཀྱིས་བྲིས་པའི་ཡི་གེ་དེ་འཚོར་ཕྱི་མིག་ཞིག་བལྟོས་ལ་ཐུས་བསམ་ཡག་པོ་བཞེས་རོགས། སྤྱི་བཙན་བྱོལ་ནང་མདུང་རྩེ་ནང་དུ་གཏད་པའི་གནད་དོན་མང་པོ་ཞིག་ལྷག་མྱོང་ཡོད་དེ་དག་ལ་དགོངས་པ་བཞེས་རོགས།།
    གུང་ཐང་ཚུལ་ཁྲིམས་དགྲ་བཞིན་དམར་གསོད་བཏང་།།
    ཨ་ལོ་མཆོད་མཛད་མགོ་བཏགས་ཁང་ལ་ཕུད།།
    ལི་ཐང་ཨ་ཐར་འགྱོད་ཞིང་འཆི་ལམ་འཛངས།།
    མདུང་རྩེ་ནང་ལ་བལྟད་པས་འབྱུང་འབྲས་ལགས།།

    Reply
  3. ཤར་ཕྱོགས་ཁུག་རྟ། ༼ ཆོས་འབྱོར། ༽ says:
    ལོ་ 12 སྔོན།

    ཚོགས་གཙོ་ཟུར་པ་སྒོ་དྲུག་ལགས་ནས་ཀྱང་འཇམ་ནོར་གྱི་རྩོམ་འདི་དག་ལ་བློ་བཟང་ཡེ་ཤེས་ལགས་ནང་བཞིན་འགྲིག་གི་མི་འདུག་ཅེས་གསུང་གི་ཡོད་ཚུལ་ཐོས་སོང། གནད་འགག་ཅན་གྱི་སྐབས་འདིར་རྣམ་འགྱུར་གསལ་བོ་འདི་འདྲ་སྟོན་དགོས་པ་ནི་གལ་ཆེན་རེད། ངས་བསམས་ན་བློ་བཟང་ཡེ་ཤེས་ལགས་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས། འཇམ་དབྱངས་ནོར་བུ་ལགས་ཁོང་ཚོའི་གྲས་ནས་དོན་དམ་པའི་རང་བཙན་ཆེད་རང་ཉིད་བློས་གཏོང་སུས་བྱས་ཡོད་མེད་གསལ་བོ་རེད་ལ། གཞི་མེད་མཚན་སྨོད་འདི་དག་རང་བཙན་རྩོད་སྟངས་ཤིག་དང་འབྲེལ་བ་ཏིལ་འབྲུ་ཙམ་མེད་པའང་བསམ་ཚུལ་འདི་དག་གིས་གསལ་བཤད་བྱེད་ཐུབ་ཀྱི་རེད། རྒྱུ་མཚན་དེས་བློ་བཟང་ཡེ་ཤེས་ཀྱིས་གཞོན་སྐྱེས་མང་པོ་ཞིག་བློ་ཕམ་བྱུང་ཡོད་པ་རེད་ཅེས་གསུངས་བ་དེ་ནི་དེ་བས་ཀྱང་གལ་ཆེན་ཞིག་རེད།

    ད་བར་༧རྒྱལ་བ་རིན་པོ་ཆེ་དང་བདེན་པ་ཞེས་ལྷ་གསོལ་ལྷ་གསོལ་དང་ཐལ་མོ་བྲང་ཁར་སྦྱོར་གྱི་ཡོད་པ་ལས་རྣམ་འགྱུར་ཚད་ལྡན་འདི་འདྲ་མཐོ་རིམ་གང་དུའང་སྤྱི་ཚོགས་སྟེང་མངོན་གྱི་ཡོད་པ་ཉུང་ཉུང་རེད། དངོས་གནས་༧རྒྱལ་བ་རིན་པོ་ཆེར་དད་པ་བྱེད་སྟངས་དང་ཡིད་ཆེས་བྱེད་སྟངས། རྒྱབ་སྐྱོར་བྱེད་སྟངས་ཁོང་གི་དགོངས་གཞི་ལ་ཤེས་པ་དང། ཤེས་ནས་དེ་ལས་ལྷག་ཅིག་མེད་པའང་ར་འཕྲོད་དེ་སྤྱི་སེམས་འཁུར་འཁྱེར་གྱིས་འཇུག་དགོས་པ་དེ་གཙོ་བོའི་ནང་གི་ཡང་སྙིང་རེད། སྙིང་དོན་དེ་མངོན་གྱུར་གཟུགས་སུ་བྱེད་པའི་རྣམ་པ་སྟོན་མཁན་གྱི་གྲས་སུ་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང། སྤྱི་འཐུས་དང་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས། སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་བཅས་སྔ་གྲས་སུ་ཚུད་ཡོད་པ་རེད། ད་དུང་ང་ཚོའི་སྤྱི་འཐུས་ནང་ཁོང་རྣམ་པ་གསུམ་ལྟ་བུའི་ནམ་རྒྱུན་རྩོམ་ཡིག་འབྲི་མཁན་དང་ཞིབ་འཇུག་བྱེད་ཐུབ་མཁན་མང་པོ་ཡོད་པ་རེད། ཁོང་རྣམ་པས་ཀྱང་གནད་དོན་འདི་འདྲའི་སྐབས་རང་འགན་རང་འཁུར་ཞུ་བཞིན་པ་གསལ་བོ་ཞིག་སྟོན་དགོས་པ་རེད་འདོད།

    དེ་དང་ཕྱོགས་མཚུངས་སྲིད་བྱུས་ཉམས་ཞིབ་ཁང་ཡོད་པ་རེད། ཉམས་ཞིབ་ཁང་ནས་ལན་འདེབས་ཚོགས་ཆུང་གི་ལས་ཀའང་གཅིག་ལྕོགས་གནང་བཞིན་པ་རེད། སོང་ཙང། ང་ཚོའི་རྩ་དོན་གྱི་ལས་འབྲས་ཀྱི་སྤྱི་ཁྲིམས་དང་དངོས་ཡོད་གནས་ཚུལ་གཉིས་ཀར་བརྩི་བཀུར་བྱེད་ཀྱི་ཡིན་ན། བདེན་པ་མིན་པ་འདི་རིགས་ལ་དྲང་བདེན་གང་ཡིན་པ་དེས་གསལ་བཤད་གནང་རྒྱུ་དང་མི་མང་གི་ཐེ་ཚོམ་སེལ་རྒྱུ་ནི་གླ་ཆ་ཡོད་པའི་སྒྲིག་འཛུགས་ཤིག་གི་ལས་བྱེད་ཀྱི་གནང་སྟངས་ཀྱང་རེད་བསམས།།

    Reply
  4. ཨ་མའི་བུ། says:
    ལོ་ 12 སྔོན།

    འཇམ་ནོར་ག་ཚོད་སྡུག་རུང་བློ་བཟང་ཡི་ཤེས་ལས་ཤེས་སྤྱོུད་གང་སྤྱིར་ལེགས། འཇམ་ནོར་གྱིས་ད་ལྟ་བར་དུ་ལངས་ཕྱོགས་གཅིག་ལ་བསྡད་དེ་བློ་བཟང་ཡི་ཤེས་ལྟར་རྩ་ཆེའི་གཞོན་ནུ་ཚོགས་པ་ཁ་གཏོར་ལ་གཏང་ཡོད་མ་རེད་ལ། བློ་ཤེས་ལྟར་རང་དོན་དང་རྐུབ་སྟེགས་ཀྱི་ཆེད་དུ་ཁྱི་བྱས་ཡོད་མ་རེད། དངོས་གནས་ང་འཇམ་དབྱངས་ནོར་བུ་ལ་སེམས་པ་ཤོར་ཐལ། རང་དོན་དང་རྐུབ་སྟེགས་ཆེད་དུ་སྐབས་རེ་རང་བཙན་དང་། སྐབས་རེ་དབུ་མ་ཡིན་ཁུལ་གྱི་སྐབས་འཚོལ་བ་བློ་ཤེས་ལྟར་མ་བྱས་ཙང་རེད། ངོ་མ་སེམས་པ་སྐྱོ་ཐལ། སྐབས་བཅུ་དྲུག་པའི་སྐུབ་སྟེགས་ལ་ད་ལྟ་ནས་བསམ་བློ་གཏང་ཏེ་ལོ་མང་བྱས་རྗེས་ཡོད་པའི་མི་ཞིག་ལ་ཧ་ལས་སྐོར་སྨྲས། ཁྱོད་ཧ་ལས་ན་རྒྱལ་བའི་བཀའ་དང་འགལ་ཏེ་མང་གཙོ་ཚོགས་པའི་ཚོགས་ཟུར་འཆི་མེད་གཡུ་དྲུང་མཉམ་དུ་ཚོགས་དངུལ་ཟ་དུས་ག་རེ་བྱས་ནས་ཧ་མ་ལས་སམ། མ་ཟད་གོ་དྲུག་སྐལ་ཕུན་དང་མ་འཆམ་པར་གཞོན་ནུ་ཁ་གཏོར་གཏོང་ཉེན་སྐབས་ཁྱོད་ག་རེ་བྱས་ནས་ཧ་མ་ལས་སམ།པའ

    Reply
  5. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 12 སྔོན།

    གོང་གི་རྩོམ་ཡིག་འདིའི་མ་རྩོམ་ཀློག་འདོད་ཚེ་འོག་གི་དྲ་མཐུད་འདི་ལས་ཀློག་ཐུབ། བློ་བཟང་ཡེ་ཤེས་ལགས་ནི་བོད་དོན་ཉམས་ཞིབ་པ་ཞིག་ཡིན་པའི་ཉམས་ཞིབ་ཀྱི་རྩོམ་ཡིག་མང་དུ་སྤེལ་ཡོད་ལ།ཕ་ཡུལ་དྲ་རྒྱ་སོགས་བརྒྱུད་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་རྩོམ་མང་པོ་ཕུལ་ཟིན།རང་གིས་མཐོང་མེད་པ་རྒྱུ་མཚན་དུ་བྱས་ནས་མི་ལ་ངན་སྨྲས་བྱེད་མཁན་རྣམས་ཀྱིས་དེ་ལུགས་དགོངས་འཇགས་ཞུ།http://www.facebook.com/LobsangYeshibodpa/posts/10151656501608474

    Reply
  6. བཙན་ནག་པས། says:
    ལོ་ 12 སྔོན།

    སྔར་ནས་ད་བར་བོད་ཀྱི་སྐུ་ངོ་རྣམ་པ་ཚོ་བོད་མི་སྟེང་ངར་བ་ལ་སྟག་དང་མཚུངས་སྐུ་ངོ་རྣམ་པ་རྒྱ་ཡི་སྟེང་ཞི་བུ་ལྟར་རེད། འོན་ཀྱང་གསལ་པོ་བཟོ་དགོས་པ་ཞིག་སྐུ་ངོ་ཀླུ་ཁང་ཚེ་བརྟན་རྡོ་རྗེ་ནི་དེ་འདྲ་ཡིན་ས་མ་རེད། ཡ་ད་གཟིགས་དང་སྐུ་ངོ་ཐུབ་ལུང་དང་། སྐུ་ངོ་བློ་ཤེས་གཉིས་ཀྱི་རྒྱ་དམར་ལ་དགག་ལན་རྒྱབ་པའི་རྩོམ་ཡིག་ཁྱེད་རྣམ་པས་གཟིགས་མྱོང་ཡོད། ཕལ་ཆེས་ཡོད་ཀྱི་མ་རེད་དགག་རྩོམ་མ་བྲིས་པ་མ་རེད་བྲིས་ཡོད། སྤྱི་ཚོགས་ཐོག་ཡོངས་གྲགས་ཀྱིས་འདོན་ཐུབ་ཀྱི་མེད། འོ་ན་ག་དུས་འདོན་གྱིས་རེད་དམ་ཞེ་ན་ཁོང་རང་རྣམ་པ་འཇིག་རྟེན་གཞན་དུ་གཤེགས་པ་དང་
    ༼བཙན་བྱོལ་ནང་མི་ལོ་དུ་མའི་རིང་ལྷག་བསམ་རྣམ་དག་གི་རང་གཞུང་ལ་ཞབས་འདེབས་དང་དགྲ་བོ་རྒྱ་དམར་ལ་ཐ་གཅིག་ངོ་རྒོལ་བྱས་པའི་རང་རྣམ་༽ཞིག་གིས་ནང་དུ་བཞག་ནས་ཕེབས་ཀྱིས་རེད། དེ་སྔ་ཡང་ལམ་དེར་ཕྱིན་པ་ཇི་ཡོད་རྩིས་མི་ཐེབས་པ་ཅི་ཡོད།

    Reply
  7. བློ་བཟང་ཕུན་ཚོགས། says:
    ལོ་ 12 སྔོན།

    དྲ་གྲོགས་རྣམ་པ་ནོར་མི་སྙམ་ཡ་ནོར་མི་སྙམ།རང་བཙན་རྩོད་ལེན་པ་དང་།༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེ་ལ་མ་ཉེས་ཁ་གཡོགས་བྱེད་མཁན་དག་ལ་ནོར་མི་སྙམ།སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱི་དྲང་བདེན་གྱི་རྩོམ་ཡིག་འདི་འདྲ།འཇམ་ནོར་སྨྲ་བརྗོད་བྱས་པའི་ཉིན་ནས་ཡོང་ཡོད་ས་རེད།ཁྱོད་ཚོ་ལ་དུས་རབས་ཀྱིས་བརྗེད་མི་སྲིད་ལ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད།བོད་གངས་ཅམ་གྱི་བུ་རབས་ཚ་རྒྱུད་ཀྱིས་བརྗེད་མི་སྲིད།རྒྱུ་མཚན་ནི་༧་དུས་ཀྱི་སྟོན་པ་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་ནི།བོད་གངས་ཅན་གྱི་འདས་མ་ལྟ་གསུམ་གྱི་ཡོད་ཚད་ཡིན་པས་སོ།

    Reply
  8. མི་རྒོད། says:
    ལོ་ 12 སྔོན།

    རེད་རེད་་ད་དཀྲུྲགས་ཤིག་ཨང་གོང་ས་མཆོག་ཁ་ལ་འཁྱེར་ནས །

    Reply
  9. མི་རྒོད། says:
    ལོ་ 12 སྔོན།

    གོང་དུ་འཇམས་དབྱངས་ནོར་བུ་ལགས་ཀྱི་མཚན་སྨད་ཞུས་པ་ཞེས་འགོད་ཤག་དེ་འདྲའི་གསལ་པོ་ཡོད་ཚེ་ལོ་ཟླ་ཚེས་རྣམས་མཉམ་འགོད་ཀྱི་གང་གང་བྱུང་བ་རྣམས་གསལ་སྟོན་གནང་རོགས་ངོས་རྣམས་ཧ་གོ་འདོད་འདུག། དེ་ལྟར་མེད་པ་ཡིན་ཚེ་བོད་པ་ནང་དཀྲགས་བོད་པས་བྱས། དགྲ་དགའ་བ་དེ་ནས་བྱུང་ཞེས་པ་དེ་ཆགས་ཤག།།

    Reply
  10. མི་རྒོད། says:
    ལོ་ 12 སྔོན།

    ད་ག་ནས་བཤད་ཀྱང་རྒྱ་དམར་གྱི་དྲག་རྩུབ་རླུང་ལྟར་གཡོ་བ་རེད། ང་ཚོའི་འཐབ་རྩོད་ང་ཚོ་མི་རེ་ངོ་རེ་་ནས་འགན་བཞེས་ བྱས་རྩོད་དགོས་པ་རེད། དེ་མ་གཏོགས་དབུ་མའི་ལམ་ཞེས་བློ་བདེ་པོ་གཉིད་ལོག་བསྡད་ན་མཐའ་མ་གང་ཡང་མེད་པ་ཆགས་ལ་ངེས་པ་རེད། ལམ་དབུ་རྩོད་ནས་ཡོང་རྒྱུ་རེད། མ་རྩོད་པ་བསྡད་ན་གནམ་ནས་དབུ་མའི་ཆར་པ་རྒྱག་མི་སྲིད་པ་རེད། མདོ་དོན་འདི་རེད་ད།།།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 12 སྔོན།

    དེ་རིང་ཁ་སང་གི་བོད་མིའི་ཆབ་སྲིད་ཀྱི་འགྱུར་བ་དེ་ཚོ་མཐོང་ཡོང་དུས། རྒྱ་ནག་གོང་མའི་སྐོར་གྱི་གློག་བརྙན་ནང་གི་མི་སྣ་དག་གི་སྲིད་དབང་འཐབ་རྩོད་ཀྱི་ཟློས་གར་དེ་ཚོ་མཐོང་ཡོང་གི་འདུག བདེན་བདེན་ཁ་མང་པོ་ཞིག་ལ་བདེན་དཔང་མེད་ལ། མི་བདེན་ཁ་མང་པོ་ཞིག་ལ་ཡིན་ལུགས་མང་། གོ་སྐབས་དམ་འཛིན་མཁན་ལ་ལམ་ཁ་ཡངས། ད་བར་བོད་མིར་འཇིག་རྟེན་སྲིད་ལུགས་ཀྱི་འཁྲབ་རྩལ་དེ་འདྲ་ཡོད་པར་མ་མཐོང་བ་དེ་སོ་སོས་མ་མཐོང་བ་རང་ཡིན་པ་མ་གཏོགས། གོང་མའི་ཕོ་བྲང་ནང་གི་བྱེད་སྟངས་ཚང་མ་ང་ཚོར་ཡོད་པ་མ་ཟད། དེ་ལས་ལྷག་ཙམ་མེད་དམ་བསམ་པ་བྱུང་། གང་ལྟར་ཚང་མས་བོད་སྤྱི་དོན་གླེང་གི་འདུག་ལ། སྤྱི་དོན་གྱི་ཡོལ་བ་དེའི་ཕག་ན་རང་རང་གི་བསམ་བློ་རེ་ཁུར་ཡོད་པ་མཐོང་གི་འདུག གང་ལྟར་སྤྱི་དོན་གླེང་བའི་འཁྲབ་ཚན་དེའི་རྒྱབ་ན་དོན་ངོ་མར་སྤྱི་དོན་འཐུས་ཤོར་གཏོང་གི་ཡོད་པ་ཞིག་ཏུ་མཐོང་།
    འཇམ་དབྱངས་ནོར་བུས་འུ་ཐུག་མདོག་བྱས་འདུག་ལ། ཐུབ་བསྟན་ལུང་རིགས་དང་། བློ་བཟང་ཡེ་ཤེས་ཧ་ལས་མདོག་བྱས་འདུག ད་དུང་ཁ་སང་ཉིན་འགའི་གོང་དུ་ཁྲི་ཟུར་ཟམ་གདོང་ཚང་གིས་ཡོངས་གླིང་སློབ་གྲྭར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་གྱི་མཚན་ཐོག་ནས་གསུང་གི་ཡོད་པའི་ཚོར་སྣང་སྟེར་བའི་གསུང་བཤད་གནང་གི་འདུག ཧུན་སུར་དུ་མི་མང་པོ་ཞིག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྩ་འཛིན་སྒྲིག་གཞི་རྩ་ནས་མ་ཀློག་པར་འུར་འུར་ཟིང་ཟིང་བྱས་སོང་། རང་བཙན་རྩོད་མཁན་ཚོ་༧གོང་ས་མཆོག་གི་ཁ་གཏད་རེད་ཟེར་གྱི་འདུག དབུ་མའི་ལམ་ལ་འགྲོ་དགོས་རེད་ཟེར་གྱི་འདུག དཱ་དབུ་མའི་ལམ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་མི་མང་ནང་དྲིས་དུས་ཕལ་ཆེ་བས་ཕྱོགས་ཙམ་ཡང་ཤེས་ཀྱི་མི་འདུག དོན་ངོ་མར་སྲིད་དོན་པ་ཚོས་མི་མང་ལ་ག་རེ་འགྲེལ་བཤད་གནང་གི་ཡོད་རེད། མི་མང་གང་ལ་ཁྲིད་ཐབས་བྱེད་ཀྱི་ཡོད་རེད།

    Reply
  12. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    ང་ཡང་ཧ་ལས་སོང་། ༧་གོང་ས་མཆོག ༧་གོང་ས་མཆོག ༧་གོང་ས་མཆོག

    Reply
  13. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    ང་ཡང་ཧ་ལས་སོང་། མི་ཞིག་གིས་དམངས་གཙོ་དང་རང་བཙན་སྐོར་བཤད་ན་དེའི་བར་དུ་༧་གོང་ས་མཆོག་གི་མཚན་བད་སྤྱོད་བྱས་ནས་མི་དེ་ལ་གནོན་ཤུག་སྤྲད་ཐབས་ལས་བོད་ཀྱི་རྩ་དོན་ལ་བསམ་བློ་གཏོང་མཁན་ནི་ཉིན་མོའི་སྐར་མ་ནང་བཞིན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese