ཉེ་ལམ་བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་དང་། གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སློབ་དེབ་གཏན་འབེབས་ཀྱི་ཚོཊ་འདུ་ཐེངས་གཉིས་པ་ཚོཊ་ཡོད།
ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུཊ་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་དང་། གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སློབ་དེབ་གཏན་འབེབས་ཚོཊ་འདུ་ཐེངས་གཉིས་པ་དེ་ཚོཊ་སོང་ལ། དེར་ཤེས་རིག་དྲུང་འཕར་དང་ཤེས་ཡོན་ལྷན་ཚོཊ་སྤྱི་ཁྱབ་འགན་འཛིན། དེ་བཞིན་དབུས་བོད་སློབ་འཛིན་ཚོཊ་དང་སམ་བྷོ་ཊ། བོད་ཁྱིམ་གཉིས། དགའ་ལྡན་བྱང་རྩེ་གྲང་ཚང་དང་བཙུན་དགོན་སྒྲོལ་མ་གླིང་བཅས་ཀྱི་སློབ་དེབ་བསྐྱར་ཞིབ་ཚོཊ་ཆུང་གི་ཚོཊ་མི་བཅས་མཉམ་ཞུགས་གནང་འདུག
ཉིན་གསུམ་རིང་གི་ཚོཊ་འདུའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར། སྔོན་འགྲོ་གཉིས་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་ཁག་གི་རགས་ཟིན་ཐོག་བགྲོ་གླེང་སྦྱངས་བཤད་བརྒྱུད་དངོས་གཞིའི་སློབ་དེབ་གཏན་འབེབས་བྱས་ཡོད་པ་དང་། དེའི་ཐད་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལཊ་ཀྱིས་བརྗོད་པ་ལྟར་ན། དེ་སྔོན་བཙན་བྱོལ་བོད་མའི་སློབ་གྲྭ་ཁག་ཏུ་འཕྲལ་སེལ་སློབ་དེབ་གཏན་འབེབས་དང་། སློབ་དེབ་དབུས་བཞག་གི་སློབ་ཁྲིད་བྱེད་ཐབས་ཁྲོད་སློབ་ཕྲུག་ཚོས་ཡིག་རྩལ་གྱི་གྲུབ་འབྲས་ཡག་པོ་བླངས་ཡོད་ཀྱང་། སྤྱི་ཚོཊ་ནང་དངོས་སུ་ཐོན་སྐབས་སྤུས་ཀའི་ཐོག་དེ་ཙམ་གྲུབ་འབྲས་ཐོན་མེད་སྟབས། ཕྱིས་སུ་བཀའ་ཤག་གི་ལམ་སྟོན་ལྟར་འཛིན་རིམ་ལྔ་བའི་བར་སློབ་དེབ་ཆ་ཚང་ལ་འགྱུར་བ་གཏོང་དགོས་ཆགས་ཏེ། ༢༠༡༢ ལོར་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སློབ་དེབ་ཆ་ཚང་གཏན་འབེབས་གྲུབ་སྟེ་ལག་ལེན་བསྟར་གྱི་ཡོད་སྐོར་བརྗོད་བྱུང་།
ཐེངས་འདིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་བའི་བར་གྱི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱིས་ཟིན་བྲིས་ཁག་དགེ་རྒན་ཚོར་བཀྲམས་ཏེ། ཟླ་ ༦ རིང་སློབ་གྲྭ་ཁག་ཏུ་ཚོད་ལྟའི་སློབ་ཁྲིད་བྱས་རྗེས་དངོས་སུ་གཏན་འབེབས་བྱ་འཆར་ཡོད་འདུག་ལ། དེ་སྔོན་གྱི་བསླབ་གཞི་རྩ་འཛིན་དེ་ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར། བསླབ་གཞིའི་ནང་དོན་དང་ཁ་ཕྱོཊ། ཐབས་ལམ་བཅས་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་སྟངས་ཀྱི་ལམ་སྟོན་ཆཊ་ཡོད་སྟབས། དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་བསླབ་དེབ་དབུས་ལ་བཞག་པའི་སློབ་འཁྲིད་ཐབས་ལམ་སྤྱད་ཡོད་ཀྱང་། སློབ་དེབ་བཟོས་རྗེས་བསླབ་གཞི་རྩ་འཛིན་བྱེད་དགོས་པ་ལས། སློབ་དེབ་བེད་སྤྱོད་བྱ་མིན་སློབ་གྲྭ་དང་འཛིན་སྐྱོང་། དགེ་རྒན་བཅས་ལ་རག་ལུས་ཡོད་སྐོར་དང་། ལག་ལེན་གྱི་ཕྱོཊ་ནས་སྔོན་མ་དགེ་རྒན་ཚད་མཇལ་བར་སློབ་དེབ་ཚར་མིན་ལ་ལྟ་བཞིན་ཡོད་ཀྱང་། ད་ཆར་བསླབ་གཞི་རྩ་འཛིན་སློབ་ཁྲིད་ཚར་ཡོད་མེད་བལྟས་ཏེ་ཚད་རྒྱག་གི་ཡོད་སྐོར་བརྗོད་བྱུང་།
ཁོང་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ལྟ་སྟངས་གང་འདྲ་ཡོད་མེད་དང་། མ་འོངས་པའི་ཐད་ལ་རེ་བ་གང་འདྲ་རྒྱག་གི་ཡོད་མེད་དྲིས་པར་ཁོང་གིས། “ བཙན་བྱོལ་ནང་ཤེས་ཡོན་སྤྱི་དང་ལྷག་པར་དུ་དེང་དུས་ཀྱི་ཤེས་ཡོན་ཐོག ང་ཚོས་མི་འདུག་ག་ཚོད་ལབ་ཀྱང་རྨང་གཞིའི་ཤེས་ཡོན་ཞིག་བསྐྲུན་ཐུབ་ཡོད་པ་རེད། ཡིན་ནའང་། འདོད་པ་ཁེངས་པ་ཞིག་བྱུང་ཡོད་པ་མ་རེད། གཙོ་བོ། དེ་སྔོན་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྐབས་ནས་ད་ལྟའི་བར་ལག་བསྟར་གྱི་ཕྱོཊ་ནས་ཉམས་མྱོང་བསྡུ་ལེན་དང་ཞན་ཆར་བསྐྱར་ཞིབ་བྱེད་མ་ཐུབ་སྟབས། སྤུས་ཚད་ཀྱི་ཐད་ནས་འཐུས་ཤོར་ཕྱིན་ཡོད་པ་རེད། ལྷག་པར་དུ་དེང་དུས་སྤྱི་ཚོཊ་ཀྱི་འགྲོ་འོང་དང་འབྲེལ་ལམ། བརྡ་འཕྲིན། ཕྱིའི་རིག་གཞུང་གི་ཤན་ཤུཊ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་བོད་པའི་སྐད་དང་བསམ་བློ་གཏོང་ཕྱོགས་བཅས་ཀྱི་ཐད། མི་རབས་བརྗེ་བསྒྱུར་དང་བསྟུན་ཏེ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་སློབ་དེབ་བཟོས་པ་དང་། དགེ་རྒན་འོས་སྦྱོང་གི་མཐུན་རྐྱེན་ཡང་ཡག་པོ་ཡོད་སྟབས། འཛིན་སྐྱོང་གི་གོ་སྒྲིག་ཡག་པོ་བྱ་ཐུབ་ན་མ་འོངས་པར་ང་ཚོར་མཐུན་རྐྱེན་གྱི་ཕྱོཊ་ནས་དཀའ་ངལ་མེད་པ་ཆགས་ཡོད ” ཅེས་བརྗོད་བྱུང་།
གསར་འགོད་པས་ཚོཊ་ཞུགས་དགེ་རྒན་ཁག་ཅིག་ལ་སློབ་དེབ་གཏན་འབེབས་ཐོག་བསམ་ཚུལ་དྲིས་པར། རྡོར་གླིང་སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་དགེ་རྒན་རྡོ་རྗེ་རིན་ཆེན་ལཊ་ཀྱིས། “ སྔོན་མ་སློབ་དེབ་གཏན་འབེབས་བྱེད་མཁན་མང་ཆེ་བ་རྒན་རབས་པ་རེད། སྐབས་དེར་ང་ཚོ་བོད་ནང་སློབ་གྲྭ་མང་པོ་མེད་པ་དང་བཙན་བྱོལ་ནང་འབྱོར་རྗེས་གཞི་ནས་སློབ་གྲྭ་གསར་རྒྱག་དང་སློབ་དེབ་སྒྲིག་ཡོད་སྟབས། སློབ་དེབ་བསྒྲིཊ་ཕྱོཊ་ཐད་ནས་ཕྲུ་གུའི་གནས་ཚད་དང་ལོའི་གནས་བབ། རིག་སྟོབས། དགའ་ཕྱོགས་བཅས་དང་འཚམ་མིན་མང་པོ་འདུག ད་ཆར་གཙོ་བོ་ཤེས་ཡོན་སྲིད་བྱུས་རྨང་གཞིར་བཞག་སྟེ་རྩོམ་སྒྲིག་བྱེད་ཀྱི་ཡོད་སྟབས། སློབ་དེབ་སྒྲིག་ཕྱོཊ་དང་ཇུས་འགོད་སོཊ་ཕྱོཊ་ཡོངས་ནས་བྱིས་པའི་གནས་ཚད་དང་སྤྱི་ཚོཊ་ཀྱི་འགྱུར་འགྲོས་སོཊ་ཕྱོཊ་མང་པོར་བསྟུན་ཡོད་སྟབས། སྔོན་དང་བསྡུར་ན་ཡག་པོ་འདུག་བསམ་གྱི་ཡོད། གལ་སྲིད། མ་འོངས་པར་མུ་མཐུད་ལག་ལེན་བསྟར་ཐུབ་པ་ཡིན་ན་ང་རང་གི་ངོས་ནས་ཕན་ཐོཊ་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བཙན་བྱོལ་ནང་མང་ཆེ་བ་ཁ་འཐོར་དུ་བསྡད་ཡོད་པ་དང་། ཡུལ་སྐད་ཀྱི་བཙན་འཛུལ་ཐེབས་པ། སྐད་ཡིག་ཉམས་པ་དང་མཉམ་དུ་མིའི་རང་གཤིེས་ཀྱང་ཉམས་འགྲོ་བཞིན་ཡོད་སྟབས། མ་འོངས་པར་དགེ་རྒན་ཚོའི་ཕྲག་ཏུ་ལས་འགལ་ཧ་ཅང་ལྕི་མོ་ཞིག་ཡོད་པ་རེད་དྲན་གྱི་འདུག” ཅེས་བརྗོ་བྱུང་།
མཱ་སི་རི་གཏན་སློབ་ཀྱི་དགེ་རྒན་ཚེ་རིང་ལྷ་མོ་ལཊ་ཀྱིས། “ སློབ་དེབ་གཏན་འབེབས་ཐོག་སྤྱི་ཚོཊ་ནང་ཁག་ཅིག་གིས་སློབ་དེབ་ཀྱི་ཚད་གཞི་མཐོ་དྲགས་པ་དང་། ཁག་ཅིག་གིས་སློབ་དེབ་འཚམ་པོ་མི་འདུག་ཅེས་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད། ཡིན་ནའང་། དེ་སྔོན་དང་བསྡུར་ན་ད་རེབ་ཕྲུ་གུའི་ཤེས་ཚད་དང་སེམས་ཁམས་ལ་འཚམ་པ་ཞིག་གི་ཐོག་ལ་འབད་བརྩོན་གནང་ཡོད་པ་རེད” ཅེས་བརྗོད་བྱུང་། ཡང་ཁོང་ལ་བཙན་བྱོལ་ནང་བོད་པའི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་གང་འདྲ་ཡོད་མེད་དྲིས་པར། “ བཀའ་ཤག་སྐབས་སྔོན་མས་བོད་རང་གི་སྐད་ཡིག་ཡར་རྒྱས་ཡོང་ཐབས་ཐོག་ཤུགས་ཞེ་དྲག་བརྒྱབ་ཡོད་པ་རེད། གཞུང་གི་ཡིག་ཆ་ཁག་ཚང་མ་བོད་ཡིག་ཐོག་བཟོས་ཡོད། དེའི་རིཊ་མུ་མཐུད་རྒྱུན་འཁྱོང་བྱས་ཏེ་ཕྱི་རྒྱལ་ཁག་ལ་འབྲེལ་བ་གནང་དགོས་པའི་རིཊ་དབྱིན་ཡིག་གི་ལམ་ནས་བཟོ་དགོས་ཀྱང་། ང་ཚོའི་སྤྱི་ཚོཊ་ཀྱི་ལས་ཁུངས་ཁག་དང་གཞིས་ཆགས་ཁག་གི་ཡིག་འབྲེལ་སོགས་བོད་ཡིག་གི་ལམ་ནས་འགྲོ་རྒྱུ་དང་། སློབ་གྲྭ་ཁག་གི་དགོངས་ཤོག་སོཊ་བོད་ཡིག་གི་ལམ་ནས་འགྲོ་ཐུབ་པ་བཟོས་ཏེ། མགོ་ལས་བྱེད་ནས་བཟུང་ལག་བསྟར་གནང་ཐུབ་པ་ཡིན་ན་ཤུཊ་རྐྱེན་ཆེན་པོ་ཐེབས་ཀྱི་རེད ” ཅེས་བརྗོད་བྱུང་།
གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་བློ་བཟང་ལུང་རིཊ་ལཊ་ཀྱིས། “ ང་རང་ལ་མཚོན་ན་ད་ལྟའི་བར་སྔོན་མ་སློབ་དེབ་གཏན་འབེབས་སྐབས་བསྐྱར་ཞིབ་མ་བྱས་པའི་རིཊ་འཁྲིད་ཀྱི་མེད་པར། རང་ངོས་ནས་བོད་ནང་སློབ་དེབ་ཁག་གི་སློབ་ཚན་སོཊ་འཁྲིད་བསྡད་ཀྱི་ཡོད། ཕྱིས་སུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསླབ་གཞི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ་བྱས་ཡོད་སྟབས། དེས་རྒྱུན་རིང་པོར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ད་རེབ་ང་རང་ཉིད་ཀྱང་སློབ་དེབ་བསྐྱར་ཞིབ་གཏན་འབེབས་ཚོཊ་ཆུང་ནང་ཡོད་སྟབས། མཚམས་རེར་ཞེ་སྣང་འདུག ལས་གཞི་འདི་མ་འོངས་པར་མི་རིགས་ཤིག་གི་ཤེས་ཡོན་གྱི་གཞི་འཛིན་ས་ཞིག་དང་དཔེ་ལྟ་ས་ཞིག་ཆགས་ཡོད་སྟབས། ཚད་ལྡན་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
སྐད་ཆ་དེ་བདེན་པ་མ་རེད།
གནའ་མི་བོད་ཀྱི་གཏམ་ལ། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག། རང་མགོ་རང་གིས་གཡོགས་ན་དོབ་ཀྱི་ལི་ལི།། ཞེས་པའི་ལམ་དུ་མི་འགྲོ་བ་བྱེད་རྒྱུ་གལ་ཏུ་ཆེ།
ནམ་མ་ལངས་གོང་ནས་ཉི་མར་ལྡེ་རྒྱུའི་འདོད་པ་གླེང་ནས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། སྤྱིར་བོད་ཡིག་གི་སློབ་དེབ་དང་བསླབ་གཞི་རྩ་འཛིན་ག་འདྲ་ཞིག་སྒྲིག་པ་ཡིན་ན་འདྲ། རྩོམ་སྒྲིག་གནང་མཁན་རྣམས་ནི་གཅིག་ནས་བོད་རང་གི་སྐད་ཡིག་རིག་གནས་ལ་བྱང་ཆ་ཡོད་དགོས་པ་མ་ཟད། གཉིས་ནས་རྒྱལ་སྤྱིའི་རང་བཞིན་གྱི་བྱིས་སྐྱོང་སློབ་གསོ་རིག་པར་རྒྱུས་མངའ་མི་དམན་པ་ཞིག་ཡོད་དགོས་པ་རེད། སྒང་མ་དེ་མ་འཛོམས་པ་ཡིན་ན་ལོང་པའི་ལམ་ཁྲིད་པ་ལྟར་སྐྱོང་བྱའི་བོད་ཀྱི་སྐད་ཡིག་རིག་གནས་ཇི་ལྟར་སྐྱོང་དགོས་མིན་ཤེས་ཐབས་ཡོད་པ་མ་རེད། འོག་མ་དེ་མ་འཛོམས་པ་ཡིན་ན་ལྐུག་པའི་ཨུ་ཚུགས་ཀྱི་དཔེ་རུ་གྱུར་ཏེ་སྐྱོང་ཡུལ་བྱིས་པའི་སེམས་ལ་འབྱོར་ཐབས་བྲལ་བ་རེད། དེའི་ཁར་ད་དུང་སྐད་བརྡ་རིག་པའི་གཞུང་ལུགས་ལའང་གང་ལ་གང་འཚམས་གྱི་ཉན་ཐོས་གོ་ཐོས་ཏོག་ཙམ་དགོས་པ་རེད། འུ་ཚང་གི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ནང་འདི་གསུམ་འཛོམས་ཡོད་མེད་བཤད་ཁག་པོ་རེད། མ་མཐའ་ཡང་བསྐྱར་ཞིབ་ཚོགས་ཆུང་ནང་ངེས་པར་དུ་འདི་གསུམ་འཛོམས་དགོས་གལ་ཆེ་ཡང་དེའང་འཛོམས་ཡོད་མེད་ཅི་ཆ། འདི་ནི་སྐད་ཡིག་རྐྱང་པའི་སློབ་དེབ་རྩོམ་སྒྲིག་ཙམ་གྱི་ངོས་ནས་བཤད་ཀྱིན་ཡོད།
གཞན་སྤྱི་ཚོགས་དང་རྒྱལ་ཁབ་ཚད་ལྡན་ཞིག་གི་རིག་གནས་སློབ་གསོའི་སློབ་དེབ་རྩོམ་སྒྲིག་གི་ཆ་ནས་བཤད་ན། དེ་ནི་ཆེ་བ་འཛམ་གླིང་གི་འདས་མ་ད་གསུམ་གྱི་འགྱུར་འགྲོས་ཀྱི་འཁོར་རྒྱུགས་དང་། ཆུང་བ་མི་སྒེར་རང་ཉིད་ཀྱི་འཚོ་གོས་གཏམ་གསུམ་ཚུན་ཆད་ཀྱི་སྐྱིད་སྡུག་དཀའ་ངལ་མཐའ་དག་ལ་བསམ་གཞིགས་དང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་འདྲ་ནི་འུ་ཚང་ལ་མཚོན་ན་མཛུབ་མོ་གཅིར་ནས་མར་མི་ལོན་པའི་དཔེ་ལྟར་ཨ་ཅང་ཅང་།
ད་མང་པོ་བཤད་ན་ཆོ་མི་འདུག ཡིན་ནའང་། འུ་ཚང་གི་ངོས་ནས་སྒྲུབ་ནུས་པ་དང་འགྲུབ་རུང་བའི་དོན་དག་ཆུང་ཆུང་ཞིག་བཤད་ན། བྱིས་པའི་རིག་སྒོ་ཐོག་མ་འབྱེད་དུས་ཀྱི་ཉེ་འཁོར་ཆུང་ཆུང་དེ་ནས་མགོ་བརྩམས་ཏེ། བྱིས་པའི་མཐོང་ཐོས་རེག་གསུམ་དུ་བསྐྱར་སྐོར་ཡང་སྐོར་གྱིས་འཕྲད་ཡོང་བའི་ཕྱི་དངོས་པོའི་རིགས་དང་ནང་སེམས་བྱུང་གི་རིགས་རྣམས། བོད་རང་གི་བརྡ་དང་ཐ་སྙད་ལ་བརྟེན་ནས་འདུ་ཤེས་ཁྲོད་འཇགས་ཐབས་བྱ་དགོས་པ་དེ་གནད་ཀྱི་དམ་པ་རེད། བྱིས་པའི་མནར་སོན་གྱི་བརྒྱུད་རིམ་རིང་པོ་དེ་སྣང་མེད་དུ་བཞག་ནས་མཐར་ཐུག་གི་འབྲས་བུ་ཆེན་པོ་ཞིག་ལ་ཧབ་ཐོབ་བརྒྱབ་སྟེ། བྱིས་པའི་བསམ་བློའི་ནུས་ཚད་དང་ཧ་ཅང་རྒྱང་ཐང་རིང་པའི་ཆོས་ཚིག་དང་རྣམ་ཐར། སྙན་ངག་སོགས་གང་འདོད་དུ་སྤུངས་བཞག་ཚེ། དེའི་མཇུག་འབྲས་ནི་རྒྱུ་མ་གཞན་ལ་མེད་པ་དང་རྒྱུ་ཁུ་རང་ལ་མེད་པ་ཞིག་ཏུ་འགྱུར་ངེས་རེད། འདས་པའི་ལོ་ངོ་བཞི་བཅུའི་རིང་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་གིས་མཚོན་པའི་བོད་ཀྱི་རིག་གནས་ཀྱི་གྲུབ་འབྲས་ནི་རི་བོང་གི་རྭ་དང་ནམ་མཁའི་པདྨ་རུ་འགྱུར་དོན་ཡང་། གཙོ་བོ་འདི་དག་གི་ཕྱོགས་ནས་ལད་པ་རེད།
སེམས་ཞིབ་མོས་དཔྱོད་དང་། བཙན་བྱོལ་གྱི་རྒན་གཞོན་བྱིས་གསུམ་གྱིས་ཐ་ན་རང་ཁྱིམ་གྱི་ཅ་དངོས་རྣམས་ཀྱི་མིང་ཡང་བོད་རང་གི་སྐད་དང་བརྡ་ཡིས་གོ་བརྡ་སྤྲོད་མི་ཐུབ་པ་དེ་གང་ལ་ཐུག་སོང་བ་རེད། བཙན་བྱོལ་སློབ་གྲྭ་ཁག་གི་བོད་པའི་བྱིས་པ་ཚོས་སློབ་དེབ་ཁག་ཤོས་བོད་ཡིག་རེད་ཅེས་མགོ་གཡུགས་ཀྱིན་པ་དེ་ག་རེ་བྱུང་བ་རེད། ཡ་མཚར་ལྟོས་ངན་འདི་དག་འབྱུང་དོན་ནི་འུ་ཚོས་གཞན་ལ་ཟུར་ལྟ་ཙམ་ཡང་མ་ཤེས་པར་ད་བར་དུ་ལྐུག་པ་ཨུ་ཚུགས་བྱས་པའི་འབྲས་བུ་རེད་ལ། བྱིས་སྐྱོང་སློབ་གསོ་ནི་ཞིང་པའི་ལོ་འབྲུ་ལེན་པ་ལས་ཀྱང་སླ་བར་སྒོམ་གྱིན་པའི་རང་སྣང་རྨོངས་འཐོམ་དུས་ལད་པ་རེད། འདི་མུར་སོང་ཚེ་རང་དབང་རང་བཙན་ཡང་རང་མགོ་རུམ་ལ་བཅུགས་ནས་ཤོར་སོང་བ་ནང་བཞིན། སྐད་དང་རིག་གནས་ཀྱང་རང་འཐོམ་མགོ་འཁོར་གྱི་ལམ་ནས་མར་མེ་སྣུམ་ཟད་ཀྱི་ལམ་དུ་འགྲོ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།
ངོ་དེབ་ནང་ན་འདི་ལྟར་སྐད་རྒྱག་གི་འདུག
འུ་ཚང་བཙན་བྱོལ་དུ་འབྱོར་ནས་ལོ་རྒན་ལྔ་བཅུ་དྲག་ཅུ་ཙམ་གྱིས་གཉའ་ནས་མནན་ཚར་བ་རེད། ལོ་ངོ་དེ་ཙམ་གྱི་ནང་ལ་རྩོམ་རིག་གི་ཐོག་ལ་ལག་རྗེས་ཕུལ་དུ་ཕྱིན་པ་བཞག་མཁན་གྱི་རྩོམ་པ་པོ་ཚད་ལྡན་ཞིག་མ་བྱུང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་སྨྱུག་ཐོགས་པ་རྣམས་ཀྱིས་བསམ་གཞིགས་བྱེད་དགོས་པ་ཞིག་ལོས་ཡིན། དེང་སང་རྒན་དར་གཞོན་ཡོད་ཚད་གཞན་གྱི་སྐད་ཡིག་ལ་དོ་སྣང་ཆེ་ཞིང་། དེ་དག་མ་ཤེས་ན་ཁ་ལ་ཟ་རྒྱུ་མི་རྙེད་ཅིང་རྒྱབ་ལ་གྱོན་རྒྱུ་མི་རྙེད་པའི་རེ་དོགས་ཀྱི་རྙི་ལ་ཚུད་ནས་འདུག གནས་ལུགས་འདིའི་ཐུ་འོག་ནས་སྣེ་གཅིག་ལའང་འཇུ་ས་འཆང་ས་མེད་པ་ཆགས་ཀྱིན་མེད་དམ་སྙམ། ད་དུང་རིག་གཞུང་གཞན་ལའང་རིག་བསྒྲེ་འཚལ།
རང་གཞུང་ཤེས་རིག་ལས་ཁུངས་ནས་རིགས་གཅིག་རྐང་འཛིན་པའི་སྡེ་ཚན་ནང་ལ་འཛུལ་ཞུགས་བྱེད་དགོས་ན། གཞན་གྱི་སྐད་ཡིག་མ་ཤེས་ན་མི་ཚུད་པའི་སྒྲིག་གཞི་བཞག་ཡོད་པ་ནི། དེའི་ཕུགས་ཀྱི་ལས་བྱེད་རྣམས་ཀྱིས་བོད་ཀྱི་སྐད་ཡིག་མཐིལ་ཕྱིན་པ་ཞིག་ཤེས་ཀྱི་མེད་པ་དང་། བོད་ཀྱི་སྐད་ཡིག་ལ་སེམས་གཏིང་ནས་ཤ་ཚ་དང་སྙིང་རྗེ་མེད་པའི་རང་རྟགས་ཟངས་མར་བསྟན་པ་རེད། རིགས་གཅིག་རྐང་འཛིན་ནི་བོད་ཀྱི་སྐད་ཡིག་ལམ་ནས་བྱེད་རྒྱུ་ཡིན་བཞིན་དུ་ཆ་རྐྱེན་གཞན་གྱི་སྐད་ཡིག་ཤེས་དགོས་པ་ནི་གསར་འབྱོར་ཚོ་ཏག་ཏག་བཟོ་བཞིན་ཡོད་པ་ལས་གཞན་གང་ཡང་མ་རེད་འདོད།
ན་ནིང་རྒྱ་རི་སྒྲོལ་མ་མོ་བཀའ་ཁྲི་ཐོབ་ན་ཐོག་མར་གསར་འབྱོར་རྣམས་རྣམ་ཤེས་གཞའ་ས་ཞིག་ཨེ་ཐོན་ལྟ་ཞེས་བཤད་སོང་མོད། དེང་སང་ནང་སྲིད་བཀའ་བློན་ཡིན་སྐད་འདུག་ཀྱང་གསར་འབྱོར་ཚོ་ལ་ལྟ་རྟོག་གང་ཡང་མེད་པ་འདི་ནི། སྒྲ་རི་སྒྲོལ་མ་གཅིག་པུ་མིན་པར་མགོ་དཔོན་ཚོ་གཞིས་ཕྲུག་སོང་བ་དེས་གསར་འབྱོར་ཚོ་ཨར་ལ་གཏད་སོང་བ་ལོས་ཡིན། བོད་ནས་སླེབས་སྔ་འཕྱི་ཙམ་ལས་གཞན་ཁྱད་ཅིག་ཕྱེ་མི་ཤེས་ཀྱང་། བོད་ནས་གསར་དུ་སླེབས་མཁན་བོད་ཡིག་ཕུལ་དུ་ཕྱིན་པ་ཤེས་མཁན་དེ་ཚོ་རྡ་ས་ནས་ཕོར་པ་བཀྲུས་ནས་སྡོད་རྒྱུ་ལས་གཞན་ཐབས་ཤིག་མེད་པ་འདི་ཚོ་སྲིད་སྐྱོང་མཆོག་ཀྱང་ཐུགས་གཡེལ་མི་རུང་བའི་གཡར་དམ་ཞིག་ཡིན་པར་འདོད།
གསར་འབྱོར་ཚོ་ལ་ཤེས་ཡོན་ཡོད་ཀྱང་ཁོར་ཡུག་མེད་པ། འཇོན་ཐང་ཡོད་ཀྱང་བེད་སྤྱོད་ས་མེད་པ། ལྷག་བསམ་ཡོད་ཀྱང་ཡིད་ཆེས་མཁན་མེད་པ། སྙིང་སྟོབས་ཡོད་ཀྱང་རྒྱབ་སྐྱོར་མཁན་མེད་པ། འཛིན་གྲྭ་བཅུ་གཉིས་ཡིན་ནམ་ག་ཤེད་ནས་གཅིག་ཐོང་ཡོང་བ་རེད་ཟེར་ནས་རང་ཉིད་ཀྱི་ལོ་རྒྱུས་ཙམ་ཡང་འབྲི་མི་ཤེས་མཁན་དེ་ཚོ་མཐོ་འབྲིང་གི་སློབ་གྲྭའི་དགེ་རྒན་ལ་བཏང་བ་སོགས་ནི་ཡི་ཐང་ཆད་དགོས་པའི་གནས་ཚུལ་རྐྱང་རྐྱང་རེད།
ད་ལྟ་ལམ་དབུ་མ་དང་རང་བཙན་བར་གྱི་རྩོད་གཞི་འདི་ཉིད། མ་འོངས་པར་གསར་འབྱོར་དང་གཞིས་ཆགས་བར་གྱི་ལྟ་བའམ་རྩོད་གཞི་ཞིག་མི་ཆགས་པའི་ངེས་པ་མི་འདུག དེས་ན་འདི་ཕྱོགས་ལ་བསམ་གཞིགས་ཡང་ཡང་གནང་གལ་ཤིན་ཏུ་ཆེ། ལོ་གཅིག་གཉིས་རྗེས་ནས་གསར་འབྱོར་རྣམས་ལ་ཐོབ་ཐང་མི་འདུག་ཟེར་ནས་དབུས་བོད་མའི་སྒྲིག་འཛུགས་ཀྱི་མདུན་ཐང་ནས་ངོ་རྒོལ་མི་བྱེད་པའི་ངེས་པ་མེད་ལ། དེ་འདྲའི་ངོ་རྒོལ་བྱུང་བ་ཡིན་ན་གསར་འབྱོར་ཚོའི་ནང་གི་ནད་གདོན་བཀྲུ་གཤལ་དེའང་འདག་རྒྱུ་ལས་སླ་བོ་ཨེ་ཡིན་མི་ཤེས་སོ།
ཤེས་རིག་ལས་ཁུངས་ཀྱིས་ད་བར་དུ་བོད་ཀྱི་སྐད་ཡིག་ཐོག་ལ་ཕན་ནུས་ལྡན་པའི་དེབ་ཅིག་དཔར་སྐྲུན་བྱས་མྱོང་མེད་ཅེས་བརྗོད་ཆོག
བདག་གི་བསམ་པར། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ནོར་འཁྲུལ་ཁག་ནི།
དང་བོ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་གི་སློབ་དེབ་རྣམས་ནི་རྒྱལ་སྤྱིའི་སློབ་གྲྭའི་འགྲོ་ལུགས་ལྟར་དུ་བྱིས་པ་རྣམས་ལ་སློབ་གསོ་སྤྲོད་སྟངས་ཀྱི་གོ་རིམ་དང་མི་འཚམས་པ།
གཉིས་པ། བོད་ཀྱི་བཙན་བྱོལ་བའི་དབུས་སྒྲིག་འཛུགས་ཀྱིས་ད་ལྟའི་བར་དུ་བཙན་བྱོལ་བའི་སློབ་གྲྭ་ཁག་གི་སྟངས་འཛིན་དང་། འགྲོ་ལུགས སློབ་དེབ་བཅས་གཅིག་གྱུར་དུ་དབང་སྒྱུར་བྱུང་མེད་པ།
གསུམ་པ། བཙན་བྱོལ་དུ་སློབ་གྲྭ་ཁག་གི་སློབ་དེབ་གསར་བཟོ་བྱེད་པའི་ཤེས་ཡོན་ལྡན་པའི་མི་སྣ་འདང་གི་མེད་པ་དང་བོད་ནང་གི་སློབ་གྲྭའི་སློབ་དེབ་ཀྱི་ལེགས་ཆ་འཚོལ་སྡུད་བྱེད་ཀྱི་མེད་པ།
བཞི་བ། བཙན་བྱོལ་བའི་སློབ་གྲྭ་ཁག་དུ་རྒྱལ་སྤྱིའི་འགྲོ་ལུགས་ལྟར་དུ་ཤེས་ཡོན་སློབ་སྦྱོང་བྱེད་པ་དང་མཉམ་དུ་སྐད་ཡིག་གཉིས་པ་སྟེ་བོད་ཡིག་སློབ་ཁྲིད་བྱེད་པའི་སྒྲིག་གཞི་ཚད་ལྡན་མེད་པ།
ལྔ་བ། བཙན་བྱོལ་བའི་སློབ་གྲྭ་ཁག་ཏུ་རྒྱལ་སྤྱིའི་འགྲོ་ལུགས་ལྟར་དུ་ཨིན་ཡིག་དང་བོད་ཡིག་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་ཆུ་ཚད་འདང་ངེས་མེད་པ།
དྲུག་པ། བོད་ཀྱི་བཙན་བྱོལ་བའི་དབུས་སྒྲིག་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་རང་གི་ལས་ཁུངས་ཁག་ཏུ་བེད་སྤྱོད་བྱེད་པའི་སྒྲིག་གཞི་གཏན་འབེབས་བྱུང་མེད་པ།
བདུན་པ། གཞུང་གི་དཔོན་རིགས་དང་། སློབ་གྲྭའི་ལས་བྱེད། དགེ་རྒན་བཅས་ལ་བོད་ཡིག་སློབ་ཁྲིད་བྱེད་པའི་སེམས་ཤུགས་དང་ཧུར་བརྩོན་མེད་པ།
གོང་གི་དེ་དག་ནི་རང་རེའི་བྱིས་པ་རྣམས་ལ་སློབ་གསོ་སྤྲོད་སྟངས་ཀྱི་ཆ་རྐྱེན་འདང་གི་མེད་པའི་ཞན་ཆ་གཙོ་བོ་ཁག་ཡིན།
བཀྲ་ཤིས་དོན་གྲུབ་ཀྱིས་སྐད་ཆ་སྙན་པོ་མང་པོ་ཞིག་ཤོད་འདུག་ཀྱང་། ཁོ་རང་གིས་བཟོས་པའི་བསླབ་དེབ་མང་པོ་ཞིག་རྩ་བ་ཉིད་ནས་ཡག་པོ་མི་འདུག ད་དུང་ལྡི་ལེ་ཤེས་རིག་དཔར་ཁང་དུ་འཕྲོ་བརླག་ཏུ་སོང་ཡོད་པའང་ཁ་མེད་སྣ་མེད་ཅིག་ཡོད་རབ་འདུག རིགས་གཅིག་རྐང་འཛིན་ཟེར་བ་དེ་བཙན་བྱོལ་ནང་གི་གྲུབ་འབྲས་སྟོན་ཡ་མེད་ཤོས་དེ་རེད།
བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པར་བསྔགས་བརྗོད་ཡོད། འོན་ཀྱང་རྡ་སྟེང་བོད་ཁྱིམ་གྱིས་མཚོན་པའི་སློབ་གྲྭ་ཁག་ཅིག་གིས་ལག་བསྟར་བྱེད་ཀྱི་མེད་པ་དེར་བློ་ཕམ་ཆེན་པོ་ཡོད་ལ། ལྷག་པར་དུ་བཀའ་ཤག་སྐབས་བཅུ་བཞི་བའི་ཤེས་རིག་བཀའ་བློན་ལ་བོད་ཡིག་མི་ཤེས་མཁན་ཞིག་ཨུ་ཚུགས་ཀྱིས་བསྡད་དེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་གི་གོ་བབ་ཇེ་ཞན་དུ་བཏང་བ་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱི་ཡིག་འབྲེལ་དག་ལའང་དབྱིན་ཡིག་གི་སིམ་འཛུལ་ཐེབས་སུ་བཅུག་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།
ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་དོན་གྲུབ་ཟེར་བ་འདི་ལ་སྐུ་སྒེར་ཡིག་ཚང་གིས་འགྲོ་གྲོན་ཕུལ་ཏེ་ཤེས་རིག་གིས་སྟངས་འཛིན་བྱེད་བཞིན་པའི་རིགས་གཅིག་རྐང་འཛིན་སྐོར་ལ་དྲི་བ་གཏོང་དགོས་པར་རེད་་་་་་ཧ་་་ཧ་ཧ་ཧ་་་་་་་་་