ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་རྒྱུ་ཡིན་པ་དང་། ལས་འཆར་དེའི་ཁོངས་སུ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སློབ་གཉེར་བ་ ༡༠ རེ་དང་། ཇོ་ནང་ནས་ ༥ བཅས་ཁྱོན་ ༥༥ ཙམ་བསྡུ་རྒྱུ་ཡིན་སྐོར་བསྒྲཊ་འདུག
སློབ་ཡོན་སྤྲོད་ཕྱོགས་ཐད་དུ། ཆོས་བརྒྱུད་སོ་སོའི་རྩེ་ཕུད་ ༢ རེ་དང་། ཇོ་ནང་གི་ ༡ བཅས་ཁྱོན་ ༡༡ ལ་ཆོས་རིག་ལས་ཁུངས་ཀྱིས་སློབ་ཡོན་སྤྲོད་རྒྱུ་ཡིན་པ་དང་། དེའི་འཕྲོས་ ༤༤ ཡོད་པ་རྣམས་ཀྱི་སློབ་ཡོན་སོ་སོས་འཐབ་རྩོད་གནང་དགོས་ཀྱི་ཡོད་འདུག
རིགས་གཅིག་རྐང་འཛིན་ཁོངས་སུ་ཞུགས་པའི་ཤེས་ཚད། དགོན་སྡེ་སྒྲིག་འཛུགས་སོ་སོའི་ལམ་སྲོལ་ལྟར་དགེ་བཤེས་སམ་སློབ་དཔོན་དང་ཚད་མཉམ་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཡོད་པ་དང༌། དེའང་ཉུང་མཐར་བརྒྱ་ཆ་དྲུག་ཅུ་ལོན་པ་ཞིག་དགོས་ཀྱི་ཡོད་འདུག
རིགས་གཅིག་རྐང་འཛིན་གྱི་སློབ་ཚན་དག་ནི། ཕར་ཕྱིན་དང་དབུ་མ། མཛོད། རྣམ་འགྲེལ། འདུལ་བ། སྔགས་བཅས་ཡིན་འདུག ལས་འཆར་དེར་འཛུལ་ཞུགས་བྱེད་འདོད་ཡོད་རིགས་ཚོས་འབྱུང་འགྱུར་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔོན་ལ་ཚང་སྙན་འབུལ་དགོས་སྐོར་བསྒྲགས་འདུག