མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་ཚུད་རྒྱུཊ་སྦྱོང་བརྡར་སྐབས་གཉིས་པ་མགོ་འཛུཊ་གནང་།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་སྔ་དྲོར་ས་རཱ་མཐོ་སློབ་ཏུ་གཞུང་ཞབས་ཚུད་རྒྱུགས་ཟབ་སྦྱོང་སྐབས་གཉིས་པ་མགོ་འཛུགས་གནང་སྟེ། འདེམས་ལྷན་འགན་འཛིན་མཆོག་གིས་ཟབ་ཞུགས་པའི་ཁྲོད་མ་འོངས་པར་ས་གནས་མགོ་འཛིན་དང་ལྷན་ཁང་ཁག་གི་དྲུང་ཆེ། སྐུ་ཚབ་དོན་གཅོད་སོགས་ཡོང་སྲིད་སྟབས་ད་ལྟ་ནས་གྲ་སྒྲིག་ཡག་པོ་དགོས་སྐོར་ལམ་སྟོན་གནང་སོང་།

དེ་རིང་ས་རཱ་མཐོ་སློབ་ཏུ་བོད་མིའི་སྒྲིག་འཛུགས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག བཀའ་ཤག་གསར་པའི་ལས་གཞི་ཟླ་ལྔའི་རིང་གི་གཞུང་ཞབས་ཚུད་རྒྱུགས་ཟབ་སྦྱོང་སྐབས་གཉིས་པ་མགོ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། གཞན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་དང་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་འཇམ་དཔལ་ཆོས་བཟང་སོགས་ཕེབས་འདུག

ཐེངས་འདིའི་ཟབ་སྦྱོང་ཚུད་རྒྱུགས་ནང་འཛིན་རིམ་ ༡༢ ནས་མཐོ་སློབ་ཐོན་པའི་སློབ་མ་གྲངས་ ༧༧ ཙམ་བྱུང་ཡོད་པ་ལས་ ༦༤ ཙམ་གྱིས་རྒྱུགས་འཕྲོད་ཡོད་པ་དང་། དེ་དག་ལས་ཟབ་ཞུགས་པ་གྲངས་ ༤༠ རྩེ་བཏོགས་ཀྱིས་ཟབ་སྦྱོང་ནང་དངོས་སུ་ཞུགས་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་ཚུད་རྒྱུགས་ལ་སྔ་ལོ་དང་མ་འདྲ་བར་ངག་རྒྱུགས་མེད་པར་བོད་དབྱིན་ཐོག་འབྲི་རྒྱུགས་བཏང་སྟེ། ཟབ་ཞུགས་པར་ཚུད་རྒྱུགས་བཏང་ཡོད་འདུག

འདེམས་ལྷན་གྱི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། ཟབ་སྦྱོང་འདི་གོ་སྒྲིག་བྱེད་དགོས་དོན་ནི་གཞུང་ཞབས་ལས་བྱེད་ཀྱི་ཤེས་ཚད་ཡར་རྒྱས་གཏོང་ཆེད་ཡིན་པ་དང་། གཞུང་གི་ལས་བྱེད་ཀྱི་ཤེས་ཚད་ཡར་རྒྱུས་གཏོང་རྒྱུ་འདི་ནི་བཀའ་ཤག་སྐབས་སྔོན་མ་ནས་ཡོད་ཀྱང་། ད་ལྟའི་བཀའ་ཤག་གིས་ལས་བྱེད་ཚུད་རྒྱུགས་མ་བཏང་གོང་ཟབ་སྦྱོང་སྤྲོད་རྒྱུ་མགོ་འཛུགས་གནང་ཡོད་པ་དང་། ད་རེབ་ནང་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ཁོང་གིས་ཟབ་སྦྱོང་ནང་ཞུགས་མཁན་ཚོས་ཟླ་ ༥ རིང་སོ་སོའི་ཞན་ཆ་གང་ཡིན་པ་དེའི་ཐོག་དམིགས་བསལ་གྱིས་ཤུགས་རྒྱག་དགོས་པ་དང་། གལ་སྲིད་མཐའ་མའི་ཚུད་རྒྱུགས་སྐབས་བོད་ཡིག་དང་དབྱིན་ཡིག ཨང་རྩིས། ཆབ་སྲིད་བཅས་རྒྱུགས་གཞིའི་སློབ་ཚན་ ༤ ལས་གཅིག་མ་འཕྲོད་པ་ཡིན་ན་གཞུང་ཞབས་ནང་ཚུད་ཀྱི་མེད་སྐོར་དང་། འདིར་བསྡད་པའི་རིང་འཕྲལ་གྱི་ཚུད་རྒྱུགས་དང་ཕུགས་སུ་ལས་སྣེར་ཞུགས་སྐབས་ནུས་པ་འདོན་ཐུབ་པ་ཞིག་གནང་དགོས་པ། ཐེངས་འདིའི་ཟབ་ཞུགས་པའི་ཁྲོད་མ་འོངས་པར་ས་གནས་མགོ་འཛིན་དང་ལྷན་ཁང་ཁག་གི་དྲུང་ཆེ། སྐུ་ཚབ་དོན་གཅོད་བཅས་ཡོང་སྲིད་པ་དང་། དམིགས་ཚད་དེ་འདྲ་ཞིག་ལ་བཟུང་སྟེ་གྲ་སྒྲིག་དགོས་པ། དོན་གཅོད་རྩིས་པ་ཞིག་ལ་མཚོན་ན་རང་ཉིད་རྩིས་པ་ཡིན་ཞེས་བསྡད་ན་འགན་འགྲུབ་ཀྱི་མེད་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་། ལས་དོན་སྤྱི་ཡོངས་ལ་རྒྱུས་མངའ་དང་ཤེས་རྟོགས་མེད་པར་ཡོང་ཐབས་མེད་སྐོར་བརྗོད་བྱུང་།

ཁོང་གིས་ “ལོ་སྔོན་མའི་ཚུད་རྒྱུགས་སྐབས་རྩིས་རྒྱུགས་བཏང་པར་སྐད་ཆ་མང་པོ་ཞིག་བསླེབས་ཡོད་ཀྱང་། རྩིས་རྒྱུགས་མ་འཕྲོད་མཁན་ཉུང་ཤོས་རེད། མང་ཆེ་བ་བོད་ཡིག་དང་དབྱིན་ཡིག་མ་འཕྲོད་པ་རེད། ཆབ་སྲིད་ཐོག་ནས་མ་འཕྲོད་པ་བཅས་ནི་ཀླད་པ་སྟོང་པ་ཡིན་པའི་རྟགས་རེད། ང་ཚོའི་གཞོན་སྐྱེ་ཚོས་ངོ་དེབ་ཐོག་ཆུ་ཚོད་འཕྲོག་བརླག་གཏོང་རྒྱུ་དང་རྒྱ་གར་གྱི་གློག་བརྙན་ལ་ལྟ་རྒྱུ་ལས། གཞུང་གི་དྲ་རྒྱ་སོགས་ལ་བལྟས་པ་ཡིན་ན་བློན་ཆེན་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་སོགས་ཤེས་ཡོང་གི་རེད་”ཅེས་བརྗོད་སོང་།

དེའི་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་རྒྱ་ནག་གིས་ཐུབ་ཚོད་བཏང་སྟེ་བོད་མི་རྣམས་ཁ་འཐོར་དུ་བཏང་ཡོད་ཀྱང་། དེང་སྐབས་བོད་མི་རྣམས་ཁ་འཛམ་གླིང་ལ་ཕྱོགས་ཏེ་བློ་ཆིག་སྒྲིལ་གྱི་ཕྱོགས་སུ་འདུ་བཞིན་ཡོད་པ་དང་། དེ་ནི་དམག་དོན་དང་དཔལ་འབྱོར་གྱི་ཐད་ནས་བོད་མི་ཚོ་འཛམ་གླིང་གི་རྗེས་སུ་ལུས་ཡོད་ཀྱང་བོད་པའི་རིག་གཞུང་དེ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་གྱིས་བྱུང་ཡོད་པ། དེ་ལྟ་བུའི་རིག་གཞུང་རྩ་ཆེན་པོ་དེ་སྐད་ཡིག་བརྒྱུད་ནས་ཤེས་དགོས་དུས། རྒྱུད་ལ་རིག་གཞུང་གི་ཤེས་ཚད་ངེས་ཅན་ཞིག་མ་ཐོབ་བར་དུ་བསམ་བློའི་ཐོག་ནས་བོད་མི་ངོ་མ་ཞིག་ཡོང་ཁག་པོ་ཆགས་ཡོད་སྟབས། བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་གནང་སྟེ་བསམ་བློའི་ཐོག་ནས་བོད་པ་རྣལ་མ་ཞིག་ཡོང་དགོས་ཚུལ་བརྗོད་བྱུང་།

ཁོང་གིས་བརྗོད་དོན། “བོད་པའི་གཞོན་སྐྱེས་ཚོར་མཐུན་རྐྱེན་གང་འཚམ་ཡག་པོ་ཡོད་རེད་དེ། ཐ་མག་ཉལ་ཐ་དང་ཆང་རག་མཐོང་ནས་རྐྱེན་འདས་ཕྱིན་པ་མང་པོ་ཡོང་གི་འདུག ཚགས་པར་ནང་དུ་ལྐོག་ཟ་རུལ་སུངས་འབུམ་འབུམ་ཟེར་བ་མང་དུ་འགྲོ་བཞིན་འདུག བོད་པའི་ནང་ནས་གྲངས་ཀ་བརྒྱབ་ན་གཉིས་གསུམ་རེད་དེ། བཙན་བྱོལ་བོད་མི་འབུམ་གཅིག་དང་ཕྱེད་ཙམ་གྱི་ནང་མི་གཉིས་གསུམ་དེ་རྒྱ་གར་གྱི་མི་དུང་ཕྱུར་ ༡༡ ནང་ཕར་བརྒྱ་ཆ་རྩིས་ན་ཀ་རོ་(Crore) མང་པོ་ཆགས་ཀྱི་རེད། འབྱུང་འགྱུར་གཞུང་ཞབས་ཚོའི་ནང་ནས་དེ་འདྲ་ཡོང་མདོག་ཁ་པོ་མ་རེད། དེ་འདྲ་མ་ཡོང་པ་ཞིག་དང་ངས་མི་བྱ་བསམ་པའི་སེམས་པ་ཞིག་དེ་རིང་ནས་ཡོད་དགོས་པ་རེད་ ”ཅེས་བརྗོད་སོང་།

མཐར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས། “སོ་སོ་རང་ཉིད་ཀྱི་ཀུན་སློང་ཐོག་ནས་བོད་མིའི་སྒྲིག་འཛུགས་ནང་ཞུགས་ཏེ་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་དགོས་བསམ་པའི་འདུན་པ་ཞིག་འཁྱེར་ཡོང་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ཁྱེད་རང་ཚོར་འདུན་པ་ཡོད་པ་ནང་བཞིན་འདིར་ཟླ་ ༥ རིང་ཟབ་སྦྱོང་གི་ཆ་རྐྱེན་ཞིག་བསྐྲུན་ཡོད་རེད། ཁྱེད་རང་ཚོ་གལ་ཆེན་པོ་ཞེ་དྲག་རེད། རྒྱུ་མཚན་ནི་མ་འོངས་པར་བོད་ཀྱི་རྩ་དོན་དང་བོད་དོན་འཐབ་རྩོད། བོད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཆགས་མིན་དེ་ཁྱེད་རང་ཚོ་ལ་རགས་ལས་ཡོད་རེད་”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དེ། “སྤྱིར་བཏང་ཁྱེད་རང་ཚོར་ཁག་ཡོད་མ་རེད། མཐོ་སློབ་ཏུ་བོད་ཡིག་སྦྱོང་ས་ཞིག་ཡོད་རྒྱུ་མ་རེད། སོ་སོའི་སློབ་ཚན་ག་རེ་ཡིན་པ་དེའི་ཐོག་འགྲོ་དགོས་དུས་བོད་ཡིག་ཏན་ཏན་འཐུས་ཤོར་ཕྱིན་ཡོད་རྒྱུ་རེད། མ་འོངས་པར་ཡང་དཀའ་ངལ་འཕྲད་ངེས་རེད། བོད་ཡིག་ཟེར་པ་དེ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད། ཁྱེད་རང་ཚོ་ཚང་མ་བོད་པ་ཞིག་ཡིན་པའི་ཆ་ནས་ད་རེབ་ཟླ་ལྔའི་རིང་ཤུགས་རྒྱག་རྒྱུའི་གོ་སྐབས་ཡོད་པ་རེད། ས་རཱ་མཐོ་སློབ་འདི་བོད་ཡིག་གི་ཐད་ནས་ཧ་ཅང་ཚད་མཐོ་བོའི་སློབ་སྦྱོང་བྱེད་ས་ཞིག་རེད། ཆབ་སྲིད་ཀྱི་ཐོག་ནས་ཡིན་ན་བོད་འདི་གང་འདྲ་ཞིག་རེད། རྒྱ་ལག་ཏུ་ཇི་ལྟར་ཤོར་བ་རེད། ད་ལྟའི་གནས་སྟངས་གང་འདྲ་འདུག མ་འོངས་པར་ག་རེ་ཆགས་ས་རེད་བཅས་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད།”ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 4

  1. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    ཡང་གསར་འབྱོར་ཚོར་སྐལ་བ་ཡོད་མ་རེད།
    གང་ལ་ཟེར་ན། གསར་འབྱོར་མང་ཆེ་བས་དབྱིན་ཡིག་དེ་འདྲའི་ཡག་པོ་ཡོད་མ་རེད།

    བསྟན་འཛིན་གྱིས་བཤད་པ་དེར་བདེན་པ་འདུག།

    Reply
  2. བསྟན་པ་དོན་གྲུབ། says:
    ལོ་ 13 སྔོན།

    ལས་གཞི་འདི་རྩ་བའི་ཆ་ནས་ཡག་པོ་ཞིག་ལ་མཐོང་སོང་། གཞུང་ཞབས་ནང་ཚུད་དང་མ་ཚུད་ལོགས་ཀ་རེད། ཡིན་ནའང་བོད་པའི་མཐོ་རིམ་སློབ་ཕྲུག་ཚོར་གོ་སྐབས་ཤིག་དང་སྤོབས་པ་ཞིག་ཡོང་གི་ཡོད་པ་རེད། གལ་སྲིད་གཞུང་ཞབས་ནང་མ་ཚུད་མཁན་ཞིག་ཡིན་ནའང་གཞུང་གི་སྲིད་བྱུས་དང་བོད་དོན་འཐབ་རྩོད་ཀྱི་གནས་སྟངས། སྔོན་མ་གཞི་རིམ་འཛིན་གྲྭའི་སྐབས་སུ་བསྤྱངས་ཡོད་པའི་བོད་ཡིག་ལ་དྲན་གསོ་ཟེར་ན་འདྲ་ཆུ་ཚད་ཡར་རྒྱས་སུ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཏན་ཏན་ཡོད་པ་རེད། ཡིན་ནའང་སྔ་ལོའི་གཞུང་ཞབས་ཚུད་རྒྱུགས་སྐབས་དང་པོའི་སྐབས་སུ་གཞུང་ཞབས་ལ་དངོས་གཞིའི་ཡུག་རྒྱུགས་གཏོང་སྐབས་ལབ་རྒྱུ་གླེང་རྒྱུ་མང་པོ་ཞིག་འདུག དེ་སོའི་གྲས་དེ་ངོ་མ་བློ་ཕམ་གྱི་རང་བཞིན་རེད། མ་འོངས་པར་དེ་རིགས་མ་ཡོང་བར་འབད་བརྩོན་གནང་གལ་ཆེན་རེད།

    Reply
  3. བསྟན་འཛིན། says:
    ལོ་ 13 སྔོན།

    གཞུང་མེད་ན་གཞུང་ཞབས་ཚུད་རྒྱུགས་གང་ལ་སྤྲོད་དགོས་སམ།   མི་ཚེ་གང་པོར་ནང་འགལ་གྱི་ཀློང་དུ་ཉལ་རྒྱུ་རེད་དམ།

    Reply
  4. ཤག་སྒང་པ། says:
    ལོ་ 13 སྔོན།

    ཤིན་ཏུ་ལེགས། ལས་འཆར་འདི་ལ་ནུས་པ་ཡོད་ངེས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese