མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་དོན་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༣/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་གྷོ་ཝ་དང་བྷང་བྷེ། མ་ཧ་ར་ཤི་ཊར་མངའ་སྡེ་བཅས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ཚོགས་ཆུང་གི་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། འཇིགས་མེད་འབྱུང་གནས། བློ་བཟང་ཡེ་ཤེས། ཚེ་རིང་གཡུ་སྒྲོན་བཅས་ལྷོ་ཕྱོགས་མངའ་སྡེ་གྷོ་ཝ་དང་བྷང་བྷེ་བཅས་སུ་མངའ་སྡེ་བློན་ཆེན་དང་གྲོས་ཚོགས་འཐུས་མི། ཆབ་སྲིད་ཚོགས་པའི་མི་སྣ་བཅས་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག་ལ། ཕྱི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་དཔལ་འབྱོར་རིགས་པའི་མཁས་དབང་གི་གཟེངས་རྟགས་བཞེས་མཁན་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི། དབྱིན་ཇི་དང་རྒྱ་གར།འབྲུག་བཅས་ཀྱི་དཔལ་འབྱོར་སློབ་སྟོན་པ། རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤོན་(padma bhushan) བཞེས་མཁན་སྐུ་ཞབས་ལོཊ་མེག་ཎ་ཊི་ངྷེ་སཱ་ཡི་ (lord meghnad desai)མཆོག་དང་མཇལ་འཕྲད་གནང་སྟེ། བོད་དོན་སྐོར་གྱི་གནས་ཚུལ་སྤྱི་དང་བྱེ་བྲག་རང་ལུས་མེར་བསྲེཊ་ཀྱི་སྐོར་ཞུས་ཡོད་འདུག སྐབས་དེར་ཁོང་གིས་རྒྱལ་ཁབ་གྱི་ཆགས་འཇིག་ཟེར་བ་དེ་ཡོང་ངེས་ཅན་ཞིག་ཡིན་པ་དང་།བོད་ལ་ཡང་ཉིན་ཞིག་གོ་སྐབས་ཡོད་ངེས་རེད། གཙོ་བོ་དབུས་བྱང་གི་ཨ་རི་སོགས་དེ་སྔོན་དེ་ཙམ་འབྲེལ་བ་མེད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་དགོས་ཚུལ་དང་། ལྷག་པར་ཡུ་རོབ་ཕྱོགས་ལ་འབྲེལ་བ་འཇོག་རྒྱུ་གལ་ཆེན་ཡིན་པ་དང་། ཡུ་རོབ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་ཁ་ཡོད་ལག་ཡོད་དང་མངོན་གསལ་དོད་པོ་ཡོད་སྐོར་སོགས་གསུང་ཡོད་འདུག

ཡང་རྒྱ་ནག་གི་དཔལ་འབྱོར་གནས་བབ་ཐོག་ཁོང་གིས་རྒྱ་ནག་གི་དཔལ་འབྱོར་ཕུགས་འཕེལ་བ་ཞིག་མེད་པ་དང་། རྒྱ་ནག་གིས་དཔལ་འབྱོར་ཕྱི་ལ་གཏོང་གང་ཐུབ་བྱས་ཏེ། ནང་གི་དཔལ་འབྱོར་གྱི་དཀའ་ངལ་ཐག་བཅོད་ཐུབ་ཀྱི་མེད་པའི་དབང་གིས། བཟོ་རིགས་མི་སྣ་གཙོ་བོར་གྱུར་བའི་མང་ཚོགས་ཀྱི་དཔལ་འབྱོར་ཐོབ་ཐང་ཇི་བཞིན་མ་རག་པའི་དཀའ་ངལ་དང་སེམས་ཚོར་ཇེ་ཆེ་ཕྱིན་སྟེ། གདོང་ལེན་མི་བྱེད་ཐབས་མེད་ཆགས་པ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་སྐོར་དང་། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ཐོག་དཀའ་ལས་རྒྱག་མཁན་དང་ནུས་པ་ཡོད་མཁན་གྱི་མི་རབས་དེ་རྫོགས་ཏེ། མ་འོངས་པར་རྒྱུན་འཛིན་བྱེད་མཁན་གྱི་མི་རབས་ཁག་པོ་ཆགས་ཀྱི་ཡོད་པ་དང་། མི་རབས་རྗེས་མ་ཚོ་མཐོང་རྒྱ་ཆེ་ཞིང་གུ་ཡངས་ཀྱི་བསམ་བློ་ཅུང་བཟང་བ་ཡོད་སྟབས།  རྒྱ་ནག་ཤེལ་གྱི་དཀར་ཡོལ་ལྟར་མཁྲེགས་པོ་དང་ལྟ་སྣང་ལ་སྙིང་རྗེ་བོ་ཡོད་ཀྱང་།  ཆག་ཀྲུམ་ཤོར་རྒྱུ་ལས་སླ་བོ་ཡིན་པ་དང་། ཆག་ཚར་རྗེས་ཕྱིར་བཟོ་སྐྲུན་བྱེད་ཐབས་མེད་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཁག་གི་ནང་ཁུལ་མི་མཐུན་པའི་དབང་གིས་ཁག་གཉིས་སུ་གྱར་ཡོད་པ་དེ་ནི། དཀར་ཡོལ་ལ་སེར་ཁ་ཆེན་པོ་ཞིག་གས་བ་ལྟ་བུ་ཡིན་པ་དང་། མི་མང་གིས་དཔོན་རིགས་ཁག་ལ་རྒྱབ་སྐྱོར་མེད་སྟབས། མྱུར་དུ་གས་ཆག་འགྲོ་བའི་རྟགས་མཚན་མང་པོ་ཡོང་གི་ཡོད་སྐོར་སོགས་གསུངས་ཡོད་འདུག  

ཁ་སང་ཕྱི་ཚེས་ ༢༩ ཉིན་ནས་བཟུང་སྤྱི་འཐུས་རྣམ་པ་མ་ཧ་ར་ཤི་ཊར་མངའ་སྡེ་ནང་ཕེབས་ཏེ། མངའ་སྡེ་བློན་ཆེན་གཙོས་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། དེའི་རྗེས་གྷོ་ཇི་རཱ་ཐུ་དང་ར་ཇི་སི་ཐན་བཅས་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འཆར་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    གནའ་བོའི་ང་བཅུ་ང་དགུ་ནས་མགོ་བཟུང་སྟེ། ད་ལྟའི་ཉིས་སྟོང་བཅུ་གསུམ་ལ་མ་ཐུག་གི་བར་དུ། ཆབ་སྲིད་པ་ཡིན་མདོག་དང་། ཤེས་ཡོན་ལྡན་མདོག ལྷག་བསམ་ཅན་ཡིན་མདོག འགན་འཁུར་མདོག་བྱེད་རྣམས་ཀྱིས། རྒྱ་ནག་དེ་ཉིན་ཞིག་ཅི་འགྱུར་འགྲོ་རྒྱུ་དང་། ནམ་ཞིག་བརླག་འགྲོ་རྒྱུར། ཨ་རིས་བོད་ལ་རོགས་རམ་བྱེད་རྒྱུ་བཅས་བཤད་དེ་དུས་ཚོད་མང་པོ་རྫོགས་སོང་ངོ་།། ད་དུང་ཡང་མི་ཆོད་ཅིང་། ཅི་ཡང་མི་ཤེས་པ་དང་། མ་འོངས་པར་ཡང་ཚོད་དཔག་མི་འཐད་པར་ལུས་པའི་སྐད་ཆ་འདི་ལྟ་བུའི་རྒྱུན་སྐྱོང་བྱས་ཏེ་བསྡད་ན་ཕན་ཐོགས་ཅི་ཡོད། དེ་བས་སྐད་ཆ་འདི་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲོད་མི་ཐུབ་ལ། དེ་བས་ཕམ་ཉེས་སུ་གཏོང་མི་ཐུབ་པར་མ་ཟད། བཤད་མཁན་རང་ཉིད་དུས་ཚོད་རྫོགས་འགྲོ་བ་མ་གཏོགས། ཁ་ཐུག་ཕན་ཐོགས་ཡོད་པའི་གནད་དོན་ཞིག་མ་རེད། དེ་ལས་རྡ་སའི་ཉེ་འཁོར་དུ་ཁང་གླ་སྤྲད་རྒྱུ་མེད་མཁན་གྱི་རྒན་གཞོན་མང་པོ་ཞིག་ཡོད་པ་དང་། ལྷག་པར་དཀའ་ངལ་ཅན་གྱི་མི་རྣམས་སྣ། ཤེས་ཡོན་རྩ་ནས་མེད་པའི་མི་སྣ་དེ་ཚོ་ལ་གྲོགས་རམ་ཇི་ལྟར་དགོས་མིན་དང་། བཙན་བྱོལ་སྤྱི་ཚོགས་འདི་འབྱུང་འགྱུར་ཡར་རྒྱས་ཅི་འདྲ་བྱས་ཏེ་གཏོང་མིན། མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་གཞོན་སྐྱེས་དེ་དག་ལ། སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་ནས་རྒྱལ་སྤྱིའི་གདེངས་ཆའི་སྟེང་དུ་ཤེས་ཡོན་གྱི་གནས་བབ་དང་། ཤེས་ཚད་འདྲ་ཉམས་ཇི་ལྟར་བཟོ་དགོས་མེད་བཅས་བཤད་ན། ཕུགས་ཀྱི་རྩ་དོན་ལ་ཕན་ཐོགས་ཆེ་བ་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese